ཉིང་ཁྲི་ས་ཁུལ་གྱི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་3100ཡོད་པ་དང་བྱང་མཐོ་ལ་ལྷོ་དམའ་བས་མཐོ་དམའི་ཁྱད་པར་ཆེ། ཡར་ཀླུང་གཙང་པོ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་སྟེང་གི་ཆུ་བོ་ཡར་ཀླུང་གཙང་པོ་དེ་སྤྱི་ལེ་1000ལྷག་ཙམ་གྱི་སར་རྒྱུགས་རྗེས་

སྣང་རྫོང་ནས་ཉིང་ཁྲི། སྨན་གླིང༌། མེ་ཏོག་བཅས་བརྒྱུད་བཞུར་ནས་ཧིན་རྡུ་རྒྱ༌མཚོར་འབབ་ཀྱི་ཡོད། དེ་ལྟ་བུའི་བྱང་མཐོ་ལྷོ་དམའ་བའི་ཁྱད་ཆོས་ཤིག་ཤིག་ཉིང་ཁྲིར་ལྡན་ཡོད་པ་དང༌། ཤར་ལྷོའི་མཐོ་ཚད་དམའ་ཁུལ་དེ་དང་ཧིན་རྡུ་རྒྱ་མཚོའི་དབར་ཁ་ཤོ་ཞིག་ཡོད་པ་དེ་ལས་རླབས་རྒྱུན་དང་བསྟུན་ནས་ཧིན་རྡུ་རྒྱ་མཚོའི་ཚ་དྲོད་དང་བྱང་ཕྱོགས་ཀྱི་གྲང་རླུང་དེ་གཉན་ཆེན་ཐང་གོ་ལའི་ཤར་ཕྱོགས་སུ་ཐུག་པ་ལས་ཉིང་ཁྲི་ས་ཁུལ་གྱི་ཚ་བའི་ཁུལ་དང༌། དྲོ་ཁུལ་དེ་བཞིན་གྲང་བའི་ཁུལ་གྱི་མཁའ་རླུང་གནམ་གཤིས་བཅས་སྣེ་ཁ་མི་འདྲ་བའི་གནམ་གཤིས་མཉམ་དུ་གནས་པས་ཡ་མཚན་ཞིང་ངོ་མཚར་ཆེ་བའི་དམིགས་བསལ་ཅན་གྱི་གངས་རི་དང་ནགས་ཚལ་གྱི་འཇིག་རྟེན་འདི་གྲུབ་པ་ཡིན།

ཉིང་ཁྲི་ས་ཁུལ་གྱི་རི་བོ་མཐོ་ཤོས་ནི་གནམ་ལྕགས་འབར་བ་ཡིན་ཞིང་དེའི་མཐོ་ཚད་ལ་སྨི་7780ཡོད་པ་དེ་འཛམ་གླིང་གི་རི་མཐོ་ཨང་བཅོ་ལྔ་དེ་ཡིན། དེའི་རྩེ་མོ་ལོ་འཁོར་མོར་ཁ་བ་དང་སྨུག་ པས་བཏུམས་ནས་རི་རྩེ་ངོ་མ་མཐོང་བར་དཀའ། གནམ་ལྕགས་འབར་བའི་ནུབ་ངོས་ནི་གཡང་གཟར་ཡིན་པ་དང་ནུབ་བྱང་དུ་རི་རྒྱུད་རིང་པོ་ཞིག་བསྲིངས་བ་དེ་མཐོ་ཚད་སྨི་7000 ཡན་གྱི་རི་བོ་དང་འབྲེལ་ཞིང་དེའི་རྩེ་མོར་སོག་ཁ་དང་གྲིའི་དངོ་དང་འདྲ་བའི་འཁྱགས་པ་མཐུག་པོས་བརྒྱན་ཡོད། གནམ་ལྕགས་འབར་བའི་ལྷོ་ངོས་སུ་གནམ་ཕུག་རི་བོ་ཡིན་པ་དང་དེ་གཉིས་བར་ན་འཁྱགས་རོམ་ཆེན་པོ་ཁག་གསུམ་མཆིས་ཁར། སྨད་ཆ་མུ་མེད་ནགས་ཚལ་དང་འབྲེལ། གནམ་ལྕགས་འབར་བའི་བྱང་ངོས་ཆུ་ཡི་ཕར་ཁའི་མཐོ་ཚད་སྨི་7234ཡོད་པའི་རྒྱ་ལ་དཔལ་རྫོང་རི་བོ་ཡང་ལོ་འཁོར་མོར་སྨུག་པས་བཏུམས་ནས་སྡོད་ཀྱི་ཡོད། དེ་མིན་ད་དུང་གསེར་སྐྱེམས་ལ་སོགས་རི་བོ་མང་པོ་ཡོད་པ་དེ་དག་ཉིང་ཁྲིའི་མཛེས་ལྗོངས་ཤ་སྟག་ཡིན། 1/2 1 2 下一页 尾页 |