ཉིང་ཁྲི་ས་ཁུལ་གྱི་ལོ་རྒྱུས་ཧ་ཅང་རིང་ཞིང༌། དུས་རབས་20པའི་ལོ་རབས་70པར་ཉང་ཆུའི་འགྲམ་ནས་རྡོ་ཆས་གསར་པའི་དུས་ཀྱི་མིའི་རིགས་ཀྱི་རུས་སྒྲོམ་དང་དུར་ས་ཁ་ཤས་རྙེད་པ་དེར་དཔྱད་ཞིབ་བྱས་པར་གཞིགས་ན་ལོ་ངོ་ཞེ་སྟོང་ལྔ་སྟོང་གི་སྔ་རོལ་དུ་ཉིང་ཁྲི་ས་ཁུལ་དུ་

མི་རྣམས་ཀྱིས་བཅད་བསྲེགས་བྱས་ནས་ཞིང་ལས་བྱེད་པ་དང་གཏན་འཇགས་འཚོ་བ་སྐྱེལ་བ་ཤེས་རྟོགས་ཐུབ།ས་འོག་ནས་ཐོན་པའི་གནའ་རྫས་ནང་ར་རྙིད་དང་མདའ་དངོ་ཐོན་པ་དེའི་ཐོག་ནས་ཉང་ཆུ་དང་ཡར་ཀླུང་གཙང་པོའི་བརྒྱུད་དུ་ཞིང་ལས་བྱེད་པ་ཙམ་མ་ཟད་ཉ་ལས་ཀྱང་བྱེད་པ་མཚོན། རིག་གཅིག་མཁས་པས་ཞིབ་འཇུག་བྱས་པར་གཞིགས་ན་ཁོང་ཚོ་མང་ཆེ་བ་ཚོ་པ་དང་ཚོ་པ་མཉམ་འབྲེལ་ལམ་རིགས་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་ཁོང་ཚོར་ཉིང་ཁྲི་བ་ཟེར། བོད་ཀྱི་ཤར་ལྷོའི་ཁུལ་གྱི་ཉིང་ཁྲི་བ་དང་ཉིང་ཁྲིའི་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།
ཉིང་ཁྲིའི་ཡིག་ཐོག་གི་ལོ་རྒྱུས་སྔ་ཤོས་ནི་ཀོང་པོ་དེ་མོའི་བྲག་བརྐོས་ཀྱི་ཡི་གེ་ཡིན། དེ་ནི་ཉིང་ཁྲི་རྫོང་སྨོན་རི་ཆུས་དཀོན་ཆོག་གཡུ་དྲུང་བཙན་གྱི་ཉེ་འདབས་སུ་ཡོད་པ་དང་ལོ་ངོ་1200ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང༌། ཡི་གེ་གསལ་པོ་ཡོད་པ་རེད། 1/2 1 2 下一页 尾页 |