ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། དྲུག་པ། ཁ་གཏད་རོགས་སྐྱོར་གྱི་གཏམ་བཟང་རྒྱུན་པར་གྲགས།
སྤེལ་དུས།05-09  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

      བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གང་མགྱོགས་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་ཆེད།1994ལོའི་ཟླ་7པར། ཀྲུང་གུང་ཀྲུང་དབྱང་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་སྐྱོར་ལས་ཀའི་རྣམ་གྲངས་62གཏན་འཁེལ་བྱས་པ་དང༌། བོད་ལ་རིགས་མཐུན་རོགས་སྐྱོར་བྱ་དགོས་ལུགས་རྒྱལ་ཡོངས་འིང་ཆེན་ཁག་ལ་སྐུལ་མ་བཏང་བ་རེད།

37.jpg

བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་རྒྱལ་ཡོངས་ཀྱི་རོགས་སྐྱོར་ལས་གྲྭ་62ནང་ནས་ཉིང་ཁྲིར་ལས་གྲྭ་ཁག་བདུན་ཡོད་པ་རེད། ལས་གྲྭ་དེ་རྣམས་གཉེར་རྐྱེན་ཉིང་ཁྲིའི་དཔལ་འབྱོར་དང་རིག་གནས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ནུས་པའི་འབྱུང་ཁུངས་ནི་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་དཀའ་གནད་ཆེན་པོ་ཞིག་ཡིན་པས་ཉིང་ཁྲིའང་དེ་ལས་མ་འདས།ཉིང་ཁྲིའི་ཆུ་བེད་ཐོན་ཁུངས་ཕུན་
38.jpg
སུམ་ཚོགས་མོད་ཀྱང༌། མ་རྩ་དང་ལག་རྩལ་ནུས་ཤུགས་སོགས་ཀྱི་རྐྱེན་པས་གློག་གི་གནད་དོན་དེ་ནི་ས་གནས་དང་རྫོང་སྲིད་གཞུང་གི་ལས་འགན་ལྕི་མོ་ཞིག་ཏུ་གྱུར།1951ལོར་བོད་ཁི་བའི་བཅིངས་འགྲོལ་བཏང་རྗེས། ཉིང་ཁྲི་ས་གནས་ཀྱི་གློག་ཤུགས་འཛུགས་སྐྲུན་མེད་པ་ནས་ཡོད་པ་དང༌། ཆུང་བ་ནས་ཆེ་བར་སོང་སྟེ།ད་བར་ཆུ་གློག་ཆེ་ཆུང་120ལྷག་ཙམ་དང་གློག་བེད་སྤྱད་ཚད་སྟོང་ཝྰ་20000ལྷག་ཟིན། ཉིང་ཁྲི་ས་གནས་ཀྱི་དཀའ་ངལ་དངོས་ལ་གཞིགས་ཏེ།ཀོང་ཏུང་ཞིང་ཆེན་གྱིས་མ་རྩ་སྒོར་ཁྲི་3300བཏང་ནས་དུས་རབས་ཉི་ཤུའི་ལོ་རབས་དྲུག་བཅུ་པར་བསྐྲུན་པའི་“བརྒྱད་གཅིག་”གློག་ཁང་བཟོ་བཅོས་བྱ་རྒྱུར་རོགས་སྐྱོར་བྱས་པ་རེད། ལས་གྲྭ་འདིའི་འགན་ཁུར་མཁན་ནི་ཀོང་ཏུང་ཞིང་ཆེན་གློག་ལས་ཐིང་དང་ཀོང་ཏུང་ཧྲའོ་ཀོན་དམངས་གློག་སྒྲིག་ཆས་བཟོ་གྲྭ་གཉིས་ཡིན། གློག་ཁང་ཁྱོན་ཡོངས་ནས་ཁག་ལྔ་ལ་དབྱེ་ཡོད་དེ། རིག་བྱེད༌སྨན་མཚོའི་ཆུ་བཀག་གཏོང་གི་ལས་གྲྭ་དང༌། གློག་ཁང་རིམ་པ་དང་པོའི་གློག༌ཤུགས་སྟོང་ཝྰ་1600ཟིན་པའི་འཕྲུལ་འཁོར་སྒྲིག་སྦྱོར་གཉིས་བརྗེ་བ་དང་ཆུ་ཤུགས་གློག་ཁང་གི་གློག་ཤུགས་སྟོང་ཝྰ་320ཟིན་པའི་འཕྲུལ་འཁོར་སྒྲིག་སྦྱོར་བརྗེ་བ། མཐོ་གནོན་གློག་གི་སྒྲིག་བཀོད་དང་གློག་ཤུགས་སོགས་ཀྱི་སྒྲིག་ཆས་ཁྱོན་ཡོངས་ནས་བསྐྱར་བཟོ་བྱེད་པ།དཔྱད་ཆས་ཚོད་འཛིན་ལྟ་ཞིབ་དང་ཚད་ལེན་གློག་ཐག་ཚོད་འཛིན་སྲུང་སྐྱོབ་སོགས་ཁྱོན་ཡོངས་ནས་བསྒྱུར་བཅོས།བརྒྱད་གཅིག་གྲོང་རྡལ་གྱི་གློག་དྲ་བསྒྱུར་བཅོས་བྱེད་པ་བཅས་ཡིན། ལས་གྲྭའི་དཀའ་ངལ་ཁག་ཤོས་ནི་རི་མཐོ་དང་མཚེའུའི་ཁར་ཡིན་ཞིང༌། འདི་ནི་རིག་བྱེད་སྨན་མཚོའི་ཁར་ཆུ་རག་ཆེན་པོ་ཞིག་རྒྱག་དགོས་པ་དེ་ཡིན། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号