བརྒྱད་གཅིག་གྲོང་བརྡལ་ནི་བོད་ཤར་མཚམས་སུ་གསར་སྐྲུན་བྱས་པའི་གྲོང་བརྡལ་ཞིག་དང༌། ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ཞིག་ཀྱང་ཡིན། དེ་གའི་མཐོ་ཚད་ནི་རྒྱ་མ།ཚོའི་ངོས་ལས་སྨི་2900དང༌། ཉང་ཆུ་ནི་གྲོང་བརྡལ་ལྷོ་ནས་ཤང་ཤང་ངང་

རྒྱུགས་བཞིན་ཡོད་པ་རེད། བརྒྱད་གཅིག་གྲོང་བརྡལ་ལ་ཐོག་མར་“ལ་པ་ཁ་”ཟེར་ཞིངོ། དུས་རབས་ཉི་ཤུའི་ལོ༌རབས་དྲུག་བཅུའི་སྐབས་དེ་ཁུལ་ནི་རི་ཁུག་ཆུང་ངུ་ཞིག་ཡིན་ལ། དེ་གར་དགོན་སྡེ་ཆུང་ངུ་གཉིས་དང་དུད་ཁྱིམ་བཅུ་གྲངས་ལས་མེད། ཡུལ་མི༌ཚོས་ཞིང་འབྲོག་ལས་ཀྱི་སྟབས་བདེའི་ལས་ལ་ཞོལ་གྱི་ཡོད། མི་དམངས་བཅིངས་འགྲོལ་དམག་གིས་“ལ་པ་ཁ་”གྲོང་བརྡལ་འཛུགས་སྐྲུན་བྱེད་པར་ཕུལ་བའི་ལེགས་སྐྱེས་ལ་དྲན་གསོ་ཞུ་ཆེད་བརྒྱད་གཅིག་གྲོང་བརྡལ་ཞེས་མིང་བསྒྱུར་བ་རེད། དེ་རྗེས་རིམ་བཞིན་འདི་གར་གློག་ཁང་དང༌། ཤིང་ཆ་ལས་སྣོན་ཁང༌། ཤོག་བུ་བཟོ་གྲྭ་སོགས་བཟོ་གྲྭ་མི་གཅིག་པ་བཅུ་ཙམ་དང་དེ་མིན་སྨན་ཁང་དང༌། སློབ་གྲྭ། དངུལ་ཁང་སོགས་གཉེར་བས་གྲོང་བརྡལ་

གྱི་ཐོག་མའི་གཞི་ཁྱོན་གྲུབ་པ་རེད། ཉེ་བའི་ལོ་བཅུ་ནི་བརྒྱད་གཅིག་གྲོང་བརྡལ་གྱི་འཕེལ་རྒྱས་འགྲོ་མགྱོགས་པའི་དུས་སྐབས་ཤིག་ཡིན་པ་དང༌། ཐོག་མར་མི་གྲངས་ཉུང་བའི་གྲོང་བརྡལ་ཆུང་ངུ་དེ་མི༌འབོར་ཁྲི་1.4ཡོད་པ་དང་འདུ་འཛི་ཆེ༌བའི་ནགས་ཁུལ་གྱི་གྲོང་བརྡལ་ཞིག་ཏུ་གྱུར་པ་རེད།

བོད་མཐོ་སྒང་དུ་མཐོང་རྒྱུ་དཀོན་པའི་བཟོ་ལས་ཀྱི་གྲོང་བརྡལ་ཆུང་ངུ་བརྒྱད་གཅིག་གྲོང་བརྡལ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་འཁེལ་འཐག་དང་ཤིང་ཆ་ཐོན་སྐྱེད་བྱ་ཡུལ་ཞིག་ཏུ་གྱུར་པ་མ་ཟད།བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་མི་དམན་པ་བཏོན་ཡོད།གྲོང་བརྡལ་གྱི་དབུས་སུ་གནས་པའི་ཉིང་ཁྲི་བལ་འཐག་བཟོ་གྲྭ་དང་དེའི་ཐོན་རྫས་ཕྱི་ནང་ཀུན་ཏུ་གྲགས་པ་ཆོད་ཡོད། 1/3 1 2 3 下一页 尾页 |