ཉིང་ཁྲི་ས་གནས་ཀྱི་རིག་གནས་སློབ་གསོ་ནི་བོད་ཀྱི་དེང་རབས་སློབ་གསོའི་ལས་དོན་དང་གོམ་པ་མཉམ་དུ་སྤོས་ཤིང༌། 1951ལོར་བོད་ལ་འི་བའི་བཅིངས་འགྲོལ་བཏང་རྗེས་འདི་གར་གཞི་ནས་སློབ་གྲྭ་གཉེར་རྒྱུའི་འགོ་ཚུགས་པ་རེད། 1959ལོའི་སྔོན་དུ་སློབ་གྲྭ་བཅུ་ཡོད་པ་དང་སློབ་ཕྲུག་མི་གྲངས་348ཡོད། 1959ལོར་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་སློབ་གྲྭ་21ཡོད་པ་མ་ཟད། སློབ་འབྲིང་4
ཡང༌།གཉེར་རྐྱེན་དུས་རབས་20ལོ་རབས་80རྗེས་ཉིང་ཁྲི་ས་ཁུལ་གྱི་སློབ་གསོར་ཐོག་མའི་གཞི་ཁྱོན་ཞིག་གྲུབ་པ་རེད། ད་ཆ་ཉིང་ཁྲི་ས་ཁུལ་དུ་སློབ་ཆུང་315དང་སློབ་འབྲིང་12 བུ་བཅོལ་ཁང༌།5བཅས་ཡོད་པ་དང༌། སློབ་སྡོད་སློབ༌མ༌18886ན་ཚོད་ལོན་པའི་ཕྲུ་གུ་སློབ་གྲྭར་བཞུགས་ཚད་བརྒྱ་ཆ་86.5ཡིན་པ་དེ་ལོ་བཅུའི་གོང་དང་བསྡུར་ན་བརྒྱ་ཆ་18.6འཕར་ཡོད།
1989ལོར་ཉིང་ཁྲི་ས་ཁུལ་གྱི་ཆེད་མངགས་ཀློ་པ་རིགས་དང་མོན་པ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཞིག་གཉེར་བ་དང་དེའི་མིང་ལ་བོད་ལྗོངས་ཉིང་ཁྲིའི་མི་རིགས་སློབ་གྲྭ་ཞེས་བཏགས་པ་རེད། ཐེངས་དང་པོ་སློབ་མ་207བསྡུས་པའི་ནང་མོན་པ་རིགས་དང་ཀློ་པ་རིགས། ནུའུ་རིགས།བོད་རིགས་སོགས་མི་རིགས་དྲུག་གི་སློབ་མ་དང་ཤར་པ་བཅས་ཡོད་པ་དེ་རྣམས་ཕལ་ཆེ་བ་བོད་ལྗོངས་ཀྱི་མཐའ་མཚམས་རྫོང་ནས་ཡོང་བ་ཡིན། མིག་སྔར་སློབ་གྲྭ་དེར་ལས་བཟོ་མི་གྲངས་70ལྷག་ཙམ་དང་འཛིན་གྲྭ་14ཡོད། སློབ་མ་རྣམས་ལོ་ན་ཅུང་ཆེ་བ་དང་བསྟུན་ནས་སློབ་གྲྭས་ལས་བཟོའི་ལག་རྩལ་འཛིན་གྲྭ་གཉེར་བས་སློབ་འབྲིང་ཐོན་པའི་སློབ་མ་རྣམས་ཐད་ཀར་ཆེད་ལས་སྦྱོང་རྒྱུ་ཡོད་པ་དང་སློབ་གྲྭ་ཐོན་རྗེས་ལས་གནས་ཐོག་འགྲོ་རྒྱུ་ཡོད་པ་བྱུང་ཡོད།
|