ཉིང་ཁྲི་ཁུལ་གྱི་ས་གཤིས་ཆགས་ཚུལ་རྙོག་འཛིང་ཆེན་པོ་ཡིན་ཏེ། རི་མཐོ་ལ་ནགས་གསེབ་མཐུག་པ་དང༌རི་གྲོང་གི་བལྟོས་བཅས་ཀྱི་མཐོ་དམའི་ཁྱད་པར་ཆེ་ལ། དུས་མཚུངས་བརླན་བཤེར་དང་དྲོད་ཚད་ལྡན་པའི་ནུབ་ལྷོའི་དུས་རླུང་གི་ཤུགས་རྐྱེན་འོག དྲོད་ཚད་དང་ཆུ་འབབ་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་རྐྱེན། ཚ་ཁུལ་ནས་གྲང་ཁུལ་བར་ཆ་ཚང་བའི་སྐྱེ་དངོས་སྐྱེ་ཚུལ་མ་ལག་ཞིག་གྲུབ་ཁར། དེའི་ཐོག་མི་བཟོས་གནོད་རྐྱེན་ཆུང་བས་ད་ལྟ་རྒྱལ་ཡོངས་སུ་ཧ་ཅང་མཐོང་དཀོན་པའི་སྐྱེ་དངོས་མཛེས་ལྗོངས་ཞིག་ཏུ་གྱུར་ཡོད།
མིག་སྔར་ཉིང་ཁྲི་ས་ཁུལ་དུ་རྩ་ཆེན་སྐྱེ་དངོས་6000ཙམ་ཡོད་པ་དེའི་ནང་ཕྲ་ཕུང་ཆུན་གར་གྱི་སྐྱེ་དངོས་5000ཙམ་དང༌། སྔོ་དྲེག་རིགས་ཀྱི་རྩི་ཤིང་700ནང་འབྲས་བཟའ་རུང་བའི་རྩི་ཤིང་ཚན་པ་7.རིགས་15. སྣེ་ཁ་46བཅས་ཤེས་རྟོག་བྱུང་ཞིང༌། ནགས་ཚལ་གྱི་ཁྱབ་ཚད་བརྒྱ་ཆ་46.1དང༌། གསོན་ཤིང་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་8.82གསོག་ཉར་བྱས་ཡོད་པ་ལས་གཅོད་རུང་བའི་ཤིང་བརྒྱ་ཆ་97.5ཟིན་ཡོད། རྒྱུ་ཆའི་ཤིང་གཙོ་བོ་ནི་ཡུན་ཧྲན་གསོམ་ཤིང་དང༌། ལིང་ཧྲན་གསོམ་ཤིང་བཅས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཤིང་རིགས་ཡིན།
|