ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ཉིང་ཁྲི། བཞི་པ། ལོ་རྒྱུས།
སྤེལ་དུས།05-10  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
་དངུལ་ཟངས་ལྕགས་ལུགས་སུ་བླུགས་ནས་གོ་མཚོན་བཟོ་འགོ་བརྩམས། སྟག་རི་གཉན་གཟིགས་ཀྱི་སྲས་བོད་རྒྱལ་སུམ་ཅུ་པ་གནམ་རི་སློན་བཙན་གྱིས་ཉེ་འཁོར་དུ་གཡུལ་བཤམས་པས་བོད་དུ་ཡར་ཀླུང་ཚོ་པ་ཆེ་ཤོས་སུ་གྱུར། སྤྱི་ལོའི་དུས་རབས་7པའི་དུས་དཀྱིལ་དུ་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོས་སུམ་པའི་རྒྱལ་ཁམས་དང་འང་ཞུང་སོགས་དབང་དུ་བསྡུས་ནས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་མཛད་དེ་རྒྱལ་ས་ལྷ་སར་སྤོས།སྐབས་དེར་བོད་ཀྱི་དམག་སྲིད་ལྟེ་གནས་བྱང་དུ་སྤོས་ཟིན་རུང་བཙན་པོ་རིམ་པར་བྱོན་ཡུལ་ལྷོ་ཁས་སྔར་བཞིན་གོ་བབ་འགངས་ཆེན་ཟིན་ཡོད།
དེའི་དུས་ནས་ཡར་ཀླུང་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་ཕུ་ཆུ་ཡུར་དུ་དྲངས་ནས་ཞིང་རྨོས་པས་འབྲུ་རིགས་ཐོན་འབོར་ཇེ་ཆེར་སོང་སྟེ་ལྷོ་ཁ་ད་བར༌བོད་ཀྱི་འབྲུ་མཛོད་དུ་གྱུར། སྐབས་དེར་བཙན་པོའི་རྒྱལ་རྒྱུད་མང་པོ་ལྷོ་ཁར༌ཡོད་གཤིས་ལྷ་སར་སྡོད་པའི་བཙན་པོ་དང་ཝུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང༌ཇོ་རྣམ་གཉིས་ཀྱང་དེ་གར་ཕེབས་བཞིན༌ཡོད་སྐད། བོད་རྒྱལ་སོ་ལྔ་བ་བཙན་པོ༌ཁྲི་ལྡེ་གཙུག་བཙན་གྱིས་གྱིམ་ཤིང་ཀོང་ཇོར་སྣེ་གདོང་དུ་ཕོ་བྲང་འཕང་ཐང་བརྩིགས་པ་དེའི་མཁར་ཤུལ་ད་ལྟའང་མཇལ་རྒྱུ་ཡོད། བཙན་པོ་རིམ་བྱུང་གཤེགས་པའི་རྗེས་བང་སོ་ཚང་མ་མུ་ར༌རི་རྒྱུད་དུ་བརྩིགས།       
16.jpg 
སྤྱི་ལོའི་དུས་རབས་8པའི་དུས་འགོར་བཙན་པོའི་དབྱར་ཁའི་ཕོ་བྲང་བསམ་ཡས་སུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན༌སྐུ་འཁྲུངས་ཏེ་སྤྱི་ལོ་755ལོར་སྲིད་ཁྲིར༌མངའ་གསོལ། ལོ་ངོ་40ཙམ་སྲིད་སྐྱོང༌བའི་རིང་ཧ་ལམ་བསམ་ཡས་སུ་བཞུགས།ཁྲི་སྲོང་སྡེ་བཙན་སངས་རྒྱས་ཀྱི་ཆོས་ལ་ཐུགས་གཏད་པས་བསམ་ཡས་རྟེན་གཞིར་མཛད་དེ་ནང་བསྟན་དར་རྒྱས་མཛད། ཧས་པོ་རིའི་གཤམ་དུ་དཀོན་མཆོག་གསུམ་ཆ་ཚང་བའི་གཙུག་ལག་ཁང་བཞེངས་ཤིང༌། སད་མི་མི་བདུན་རབ་ཏུ་བྱུང༌། སློབ་དཔོན་པདྨ་གདན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ།རྒྱ་གར་དང་རྒྱ་ནག་ནས་པཎ་ཆེན་མང་པོ་གདན་དྲངས་ཏེ་ཆོས་དཔག་ཏུ་མེད་པ་བསྒྱུར་ནས་བསྟན་པ་དར་ཞིང་རྒྱས་པར་མཛད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号