ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། དྲུག་པ། ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ལྷོ་ཁ་ཁུལ་གྱིས་1960ལོར་སྔ་ཕྱིར་རྫོང་ཁག་ཏུ་གློག་བརྙན་སྟོན་མཁན་རུ་ཁག་བཙུགས་པ་ནས་བཟུང་སྟེ་ས་ཁུལ་དུ་གློག་བརྙན་ཀུང་སི་ཡོད་ལ་རྫོང་ཁག་ཏུའང་གློག་བརྙན་དོ་དམ་ས་ཚིགས་བཙུགས་ཡོད། གྲོང་གསེབ་ཏུ་གློག་བརྙན་སྟོན་མཁན་240ཡོད་པ་ཁོང་ཚོས་རེས་བསྐོམཐོག་ནས་ལོ་རེར་གློག་བརྙན༌བསྟན་ཐེངས་18000ཙམ་བྱེད་པར་བསྐྱོད་ཀྱི་ཡོད་པ་རེད།     
ལྷོ་ཁ་ས་ཁུལ་གནས་ཡུལ་སྣེ་གདོང༌རྫོང་གིས་རང་ས་ཁུལ་གྱི་དཔེ་ཚོང་ཁང་བཙུགས་པ་དང༌། རྫོང་ཁག་གཞན་དུའང་དཔེ་ཚོང་ཁང་བཙུགས་ཡོད།ས་ཁུལ་དཔེ་ཚོང་ཁང་གིས་1980ལོ་ནས་1990ལོའི་རིང་ལ་རྒྱ་བོད་དཔེ་དེབ་ཁྲི་520བྲིན་འཚོང་བྱས་ཡོད།
53.jpg
ལྷོ་ཁ་མི་དམངས་རླུང་འཕྲིན་ཁང་ནི་བོད་ལྗོངས་ཀྱི་ས་ཁུལ་རིམ་པའི་རླུང་འཕྲིན་ཁང་དང་པོ་ཡིན་པ་དང༌།1984ལོའི་ཟླ་5ཚེས་1ཉིན་ནས་གཏོང་འགོ་བཙུགས། ལོ་ངོ་བཅུ་གྲངས་ཀྱི་རིང་ལ་རྒྱ་བོད་སྐད་རིགས་གཉིས་ཀྱི་ཐོག་ནས་རླུང་འཕྲིན་རྒྱུན་མཐུད་བཏང་བའི་ཐོག་ཀྲུང་དབྱང་དང་བོད་ལྗོངས་ཀྱི་རླུང་འཕྲིན་ཡང་བརྒྱུད་གཏོང་བྱས་ཤིང༌།1985ལོའི་རྗེས་ལ་མཚོ་སྣ་དང༌། ལྷུན་རྩེ། ལྷོ་བྲག མཚོ་སྨད། སྣ་དཀར་རྩེ་བཅས་པའི་རྫོང་ལྔས་ཀྱང་སྔ་ཕྱི་རིམ་པར་རླབས་འབྲིང་བརྒྱུད་གཏོང་ཁང་བཙུགས། ས་ཁུལ་དང་རྫོང་ཁག་ཚང་མར་བརྙན་འཕྲིན་བརྒྱུད་བསྟན་ཁང་ཡོད་པ་དང༌། འཁོར་སྐར་བསྡུ་ལེན་ས་ཚིགས་17བསྒར་ཡོད། ས་ཁུལ་བརྙན་འཕྲིན་ཁང་གིས་ཉིན་རེར་བརྒྱུད་བསྟན་གསུམ་གྱི་
54.jpg
ཐོག་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས། རང་ཁུལ་བཅས་ཀྱི་གསར་འགྱུར་དང་རིག་རྩལ་ལེ་ཚན་བསྟན་གྱི་ཡོད། ཉེ་བའི་ལོ་ཤས་ཞིང་འབྲོག་ཁུལ་དུ་རླུང་འཕྲིན་དང་བརྙན་འཕྲིན་བསྡུ་ལེན་བརྒྱུད་བསྟན་ས་ཚིགས་115ཙམ་བཙུགས་ཟིན་པས་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཁྱོན་ཇེ་ཆེར་སོང་ཡོད། གཞན་ཡང༌ 1995ལོའི་ཟླ་5པར་བོད་ཀྱི་སྐུད་ཡོད་བརྙན་འཕྲིན་ཁང་ཐོག་མ་དེ་རྩེད་ཐང་དུ་བཙུགས་ནས་བསྟན་འགོ་ཚུགས་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号