ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་སློབ་གསོ།
༄༅། །རི་ཆུ་མཚོ་གསུམ་མིང་ཅན་ཁ་ཤས།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིར་བོད་ཀྱི་རི་ཆུ་མཚོ་གསུམ་མིང་གྲགས་ཅན་འགའ་རེ་བཀོད་ཡོད་ལ།ང་ཚོས་སློབ་ཚན་འདི་བསླབས་པ་བརྒྱུད་བོད་ལ་རི་ཆུ་མཚོ་གསུམ་མིང་གྲགས་ཅན་གང་འདྲ་ཡོད་པ་ཤེས་དགོས།

 ༡.རི་མིང་ཅན་བཅུ་གཅིག           

གངས་དཀར་ཏེ་སེ་ཇོ་མོ་གངས་དཀར་དང་།།
ཉང་སྟོད་ཧ་བོའི་གངས་དང་ཙ་རི་ཏྲ།།
འབྲོག་ལ་ཕྱི་གངས་བསམ་གཏན་གངས་བཟང་དང་།།
གཉན་ཆེན་ཐང་ལྷ་ཡར་ལྷ་ཤམ་པོ་དང༌།།
རྨ་ཆེན་སྦོམ་ར་མདོ་ལ་རིང་མོ་དང་།།
ཨ་ཆེན་གངས་རི་ལ་སོགས་ལྷུན་གྱིས་གྲུབ།
01300000171561121320988310215_s.jpg    200931317464752941.jpg
གངས་ཏེ་སེ།                            རྨ་ཆེན་གངས།
༢.མཚོ་མིང་ཅན་བཅུ་ནི། 
མ་ཕམ་གཡུ་མཚོ་ཏི་སེ་འགྲམ་ཆགས།།              
གནམ་མཚོ་ཕྱུག་མོ་ནག་ཆུ་ལྟེ་བར་འཁྱིལ།།
ཡར་འབྲོག་གཡུ་མཚོ་ཡར་འབྲོག་ཡུལ་ན་ཆགས།།
ཕག་མཚོ་ཟེར་བ་དབུས་གཙང་ས་ན་མཛེས།།
སྐྱ་རེངས་སྔོ་རེངས་བེའུ་དུག་མཚོ་དང༌།།
སྟོང་རི་མཚོ་ནག་ཁྲི་ཤོར་རྒྱལ་མོ་དང་། །
སྐྱེམས་མཚོ་ལ་སོགས་མདོ་སྨད་ཡུལ་ན་མཛེས།།
untitled.bmp 20100804160243799.jpg
མཚོ་སྐྱ་རེངས།                        མ་ཕམ་གཡུ་མཚོ།
20060704030941630.jpg 40295_3.jpg
ཡར་འབྲོག་གཡུ་མཚོ།                  མཚོ་སྔོན་པོ།
xin_1520703041041609266058.jpg
འབྲི་ཆུ།
 
༣. གཙང་བོ་ཁག
ཆུ་གཙང་རང་རེའི་བོད་ན་ཡོད།།
མངའ་རིས་ཕྱོགས་ནས་ཆུ་བའི་འབབ།།
རྟ་མཆོག་ཁ་འབབ་ལོ་ཧི་ཏ།།
གངྒ་རྨ་བྱ་ཁ་ནས་འབབ།།
སིཏཱ་གླང་ཆེན་ཁ་ནས་འབབ། །
སིནྡྷུ་སེང་གེའི་ཁ་ནས་འབབ།།
དེ་ལ་ཁ་འབབ་རྣམ་བཞིར་གྲགས།།
རྨ་ཆེན་གངས་ནས་རྨ་ཆུ་བཞུར།།
འབྲི་ཆུ་གདང་ལ་རི་ནས་འབབ།།
རྒྱལ་རོང་རྒྱལ་མོ་རྔུལ་ཆུ་གཉིས།།
ཁམས་ཀྱི་ཕྱོགས་ནས་དལ་གྱིས་འབབ།།
ཡར་ལུང་ཁོག་ནས་བབས་པ་ཡིས།།
ཡར་ཀླུང་གཙང་བོ་ཞེས་སུ་གྲགས།།
ཙོང་ཆུ་རྫ་ཆུ་བསང་ཆུ་དང༌།།
དགུ་ཆུ་སོགས་ཀྱང་ས་ཡི་རྒྱན།།
20090409102128754.jpg
 
05041026b78.jpg
གནམ་མཚོ།
 
བསམ་གཞིག སྦྱང་གཞི།
༡. སློབ་ཚན་གྱེར་ཀློག་དང་བློར་འཛིན་དགོས།
༢. བོད་ཀྱི་ས་ཆ་འདིར་རི་མིང་ཅན་དང་མཚོ་མིང་ཅན་གང་དག་ཡོད་པ་རེད།
༣. གཙང་བོ་གང་དག་ངོ་སྤྲོད་བྱས་ཡོད་པ་རེད།
༤.སློབ་ཚན་དུ་དྲངས་པ་ལས་གཞན་རི་ཆུ་མཚོ་གསུམ་གང་དག་ཡོད་པ་ཁྱོད་ཀྱིས་ཤེས་སམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号