ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་སློབ་གསོ།
༄༅། །བོད་ཁམས་ཆགས་ཚུལ་དང་མི་རྒྱུད་བྱུང་ཚུལ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིའི་ནང་དུ་བོད་ཁམས་ཆགས་ཚུལ་དང་མི་རྒྱུ་བྱུང་ཚུལ།བོད་ཅེས་པའི་མིང་གི་ཐོགས་ཚུལ་སོགས་བཀོད་ཡོད་པས། ང་ཚོས་བོད་ཁམས་ཀྱི་ཐོག་མའི་རྣམ་པ་དང་བར་གྱི་ཆགས་སྟངས་སོགས་ངེས་དགོས་ལ། བོད་མིའི་འགྲོ་བ་འཕེལ་སྟངས་དང་བོད་མིང་ཐོགས་ཚུལ་ལ་ཤེས་རྟོགས་དང་ངེས་ཤེས་ཡོང་དགོས།

img016.jpg

གངས་ཅན་བོད་ཀྱི་ས་ཆ་འདིར་ཐོག་མར་རི་ལུང་ཐམས་ཅད་ཆུས་བཀང་ནས་ཡོད་པ་ལ།ཆུ་འཁྱིལ་སའི་ཡོལ་གོ་རྣམསས་ཀྱི་ཁ་ཤོར་ཏེ་ཆུ་རྣམས་རྒྱ་མཚོར་བཞུར་བའི་ཤུལ་དུ་རིམ་གྱིས་རྩི་ཤིང་ནགས་ཚལ་རྒྱས།དེ་ནས་རིམ་གྱིས་སྲོག་ཆགས་དག་ལ་འཕེལ་ཞིང་འགྱུར་བ་ཡིན་ཏེ།སྟོད་མངའ་རིས་བསྐོར་གསུམ་ནི་རི་དྭགས་ཀྱི་གླིང་དང་བར་དབུས་གཙང་རུ་བཞི་ནི་གཅན་གཟན་གྱི་གླིང༌།སྨད་མདོ་ཁམས་སྒང་དྲག་ཆ་ནི་འདབ་ཆགས་བྱ་ཡི་གླིང་ཡིན་པར་བཤད།དེང་དུས་ཀྱི་ཚན་རིག་པ་དང་ས་ཁམས་མཁས་པ་དག་གི་རྟོག་ཞིབ་སྡོམ་ཚིག་ཏུའང་། ད་ཕན་ཕལ་ཆེར་ལོ་ངོ་དུང་ཕྱུར་གཅིག་གི་སྔོན་བོད་ཡུལ་འདི་ད་དུང་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། ལོ་ས་ཡ་གཉིས་དང་འབུམ་ལྔའི་གོང་ཙམ་དུ་ས་བབ་ཁད་ཀྱིས་མཐོ་རུ་སོང་བས་སྐམ་སའི་རྣམ་པ་ཐོན་པར་འདོད། ལོ་ངོ་སྟོང་ཕྲག་དུ་མ་འདས་རྗེས་དབུས་གཙང་ཕྱོགས་སུ་སྤྲ་དང་སྤྲེའུས་གང་བའི་དུས་ཤིག་ཏུ་ལྷོ་ཁ་སྣེ་གདོང་ཕྱོགས་ཀྱི་བྲག་མགོན་པོ་རི་ལ་གནས་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེའུ་ཕྲུག་དྲུག་བྱུང་བ་མང་དུ་འཕེལ་ཞིང་།རིམ་གྱིས་མིར་གྱུར་བའི་རྒྱུད་ལས་བོད་མི་འཕེལ་པར་གྲགས་ཏེ།དེ་ཡང་སྤྲེའུ་ཕྲུག་རྣམ་ནགས་ཚལ་དུ་ཤིང་ཏོག་གི་འཚོ་བ་བྱས་ནས་བསྡད་པས་མང་དུ་འཕེལ།བར་སྐབས་ཤིག་ལ་གཞུང་ཆུ་བཞུར་ཤུལ་དུ་སྤང་གཞོངས་རྒྱ་ཆེན་པོ་ཞིག་བྱུང་ལ་དེ་རུ་ནས་དང་། གྲོ་སྲན་མ། བྲ་བོ།སོ་བ་རྣམས་རྒོད་སྐྱེས་ཀྱི་འབྲུ་རིགས་འཁྲུངས་པ་ལ་མ་རྨོས་ལོ་ཏོག་ཀྱང་ཟེར། སྤྲེའུ་རྣམས་སྤང་གཞོང་སུ་འོངས་ནས་རྒོད་སྐྱེས་ཀྱི་འབྲུ་ལོངས་སྤྱད་པས་ལུས་ཀྱི་སྤུ་དང་རྔ་མ་ཇེ་ཐུང་ལ་སོང་ཞིང་རིག་པའི་འཆར་སྒོ་ཇེ་མྱུར་དུ་གྱུར་ཏེ།སྐབས་ཤིག་ནས་ལུས་ཀྱི་སྤུ་བྱི་ཞིང་རྔ་མ་ཡང་མེད་པར་གྱུར་དེ་མིའི་རིགས་བྱུང་བར་བཤད་དོ།།
img016.jpg
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号