ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་སློབ་གསོ།
༄༅། །བོད་ཆོལ་ཁ་གསུམ།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      བོད་ཀྱི་ས་ཆ་ཧྲིལ་བོར“ཆོལ་ཁ་གསུམ”དུ་དབྱེ་ཡོད་པ་རེད།སློབ་ཚན་འདིའི་ནང་དུ་བོད་ཆོལ་ཁ་གསུམ་དུ་དབྱེ་ཚུལ་དང༌། ས་ཁུལ་རེ་རེ་ཆོལ་ཁ་གང་དུ་གཏོགས་ཚུལ། ལྷག་པར་དུ་དེང་སྐབས་ཀྱི་ས་ཁུལ་རྣམས་སྔོན་གྱི“ཆོལ་ཁ་གསུམ”ལས་གང་དུ་གཏོགས་ཚུལ་བཤད་ཡོད་པས།དེ་དག་གི་ནང་དོན་རྒྱུས་ལོན་བྱ་དགོས།

མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོའི་ཡན་ཆད་ལ་དབུས་གཙང་ཆོས་ཀྱི་ཆོལ་ཁ།
སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་ཆད་ལ་མདོ་སྟོད་མིའི་ཆོལ་ཁ།
རྨ་ཆུ་ཁུག་པ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་ལ་མདོ་སྨད་རྟའི་ཆོལ་ཁ།
བོད་མི་རྣམས་ཀྱི་འཚོ་སྡོད་དང་ས་དབྱིབས།གཙང་བོའི་བཞུར་ཕྱོགས་ཀྱི་ཆ་ནས་བོད་གངས་ཅན་ལྗོངས་ཧྲིལ་བོ་ཆོལ་ཁ་གསུམ་དུ་དབྱེ་སྲོལ་ཡོད།སྔོན་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལི་སེ་ཆེན་ཧན་ཞེས་བྱ་བས་འགྲོ་མགོན་ཆོས་རྒྱལ་འཕགས་པ་མེས་རྒྱལ་ནང་ཁུལ་དུ་གདན་དྲངས་ཏེ་གསང་སྔགས་ཀྱི་དབང་ཐེངས་གསུམ་ཞུས་པའི་ལོ་རྒྱུས་ཡོད་ཅིང༌།ཐེངས་དང་པོའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བ་ཡིན་ལ།ཐེངས་གཉིས་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ་བར་བཤད་པའི་ཆོལ་ཁ་གསུམ་ནི།མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོའི་ཡན་ཆད་ལ་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང༌།སོག་ལ་སྐྱ་བོ་ཞེས་པ་ནས་རྨ་ཆུ་ཁུག་པ་ཡན་ཆད་ལ་མདོ་སྟོད་མིའི་ཆོལ་ཁ།རྨ་ཆུ་ཁུག་པ་ཞེས་པ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་ལ་མདོ་སྨད་རྟའི་ཆོལ་ཁ་ཞེས་སུ་གྲགས།དེ་ཡང་ད་ལྟའི་ས་བབ་ཀྱི་ངོས་ནས་མདོ་དབུས་ཁམས་གསུམ་དུ་བཤད་ལ།མདོ་ནི་ཨ་མདོ་སྟེ་ཨ་ཆེན་གངས་རྒྱབ་ནས་མདོ་ལ་རིང་མོའི་བར་གྱི་ས་ཁུལ་རྣམས་ཡིན། དེར་གཙོ་བོ་མཚོ་སྔོན་དང་ཀན་སུའི་ཞིང་ཆེན་གྱི་ཀན་ལྷོ་དང་དཔའ་རིས་ས་ཁུལ།གཞན་སི་ཁྲོན་རྔ་བ་བཅས་འདུ།དབུས་ནི་ཡར་གླུང་གཙང་བོ་དང་ལྷ་སའི་སྐྱིད་ཆུའི་རྒྱུད་ཀྱི་ས་ཁུལ་ཏེ།དབུས་དང་གཙང༌།ལྷོ་ཁ།ནག་ཆུ།ཆབ་མདོ།མངའ་རིས་སོགས་ཡིན་པར་བཤད།ཁམས་ནི་སི་ཁྲོན་དཀར་མཛེས་དང་ཡུན་ནན་བདེ་ཆེན།མུ་ལི་བཅས་ཡིན་པ་རེད།ད་ལྟ་མདོ་དབུས་ཁམས་གསུམ་གྱིས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༢༣ཡོད་པ་དང༌།༡༩༩༠ལོར་སྡོམ་རྩིས་ལྟར་ན་མི་གྲངས་ཁྲི༤༥༩ལྷག་ཡོད་པ་རེད།
 img017.jpg
བསམ་གཞིག   སྦྱང་གཞི།
དངཔོ།གཤམ་གྱི་དྲི་བར་ལན་ཐོབས།
༡. བོད་ཀྱི་ས་ཆ་ཧྲིལ་བོར་ཆོལ་ཁ་གསུམ་དུ་དབྱེ་ཡོད་པ་གང་ཡིན།
༢. “ཆོལ་ཁ་གསུམ”དུ་དབྱེ་བའི་ས་ཁུལ་དབྱེ་མཚམས་ག་འདྲ་ཡིན།
༣. ད་ལྟ་བོད་ཀྱི་སའི་ཆེ་ཆུང་ག་འདྲ་ཡིན་པ་དང་།མི་གྲངས་ག་ཆོད་ཡོད། གཉིས་པ།གཤམ་གྱི་མིང་ཚིག་དག་གི་དོན་ངེས་དགོས།གསང་སྔགས།དབང་ཡོན།ཆོལ་ཁ།ས་བབ།ཨ་མདོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号