ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་རིག་གནས།
༄༅། །བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།
སྤེལ་དུས།01-26  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བསམ་གྲུབ་ཚེ་རིང་།

ས་བཅད་གཉིས་པ།   དེང་རབས་མིའི་རིགས་ཀྱི་མདུན་ལ་ལྷགས་པའི་དཀའ་ལས་ཆེན་པོའི་སྐོར་རགས་ཙམ་གླེང་བ།

༡        འཛམ་བུ་གླིང་པར་གནོད་པའི་དོན་རྐྱེན་ཆེན་པོ་བརྒྱད།
༄༅། །དུས་ཡུན་རིང་པོ་ཞིག་ཏུ་མིའི་རིགས་ཀྱིས་དཔལ་འབྱོར་གོང་སྤེལ་གཏོང་སླད་ཤུགས་ཆེན་པོ་བརྒྱབ་པ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་པའི་གནད་དོན་དེ་རྒྱ་ཡན་དུ་བཏང་བས་ཁོར་ཡུག་འབག་བཙོག་ཏུ་གྱུར་ཅིང་། དེ་ལས་བྱུང་བའི་གནོད་འཚེ་ཡིས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འཇིག་ཉིན་རེ་ལས་ཉིན་རེ་ཚབས་ཆེ་བ་བཟོ་ཡི་འདུག ཡིན་ན་ཡང་ཁོར་ཡུག་གནད་དོན་དེར་དུས་ཡུན་ཧ་ཅང་རིང་བོ་ཞིག་གི་ནང་དུ་མི་གཅིག་གིས་ཀྱང་དོ་སྣང་མ་བྱས། དུས་རབས་ཉི་ཤུའི་ལོ་རབས༣༠—༦༠ནང་དུ་། ཡོ་རོབ་དང་ཨ་རི། ཉི་ཧོང་སོགས་བཟོ་ལས་དར་རྒྱས་ཆེ་བའི་དོན་རྐྱེན་བརྒྱད་ཀྱིས་མིའི་རིགས་ལ་ཁོར་ཡུག་གནད་དོན་གྱི་ཉེན་བརྡ་བཏང་བ་རེད། །
 ༡པེ་ལི་ཧྲི[Bekiumཔིར་ཀྲེམ]མ་སི་ལུང་བར་དུད་སྨུག་གིས་མི་བསད་པའི་དོན་རྐྱེན།
དེ་ཡང་སྤྱི་ལོ་༡༩༣༠ལོའི་ཟླ༡༢པའི་ཚེས༡—༤ཉིན་བར་མ་སི་ལུང་བའི་བཟོ་ལས་ས་ཁུལ་གྱི་བར་སྣང་དུ་དུད་སྨུག་གིས་ཁེབས་ཏེ་མི་སྟོང་ཕྲག་དུ་མར་གློ་བུར་དུ་བྲང་ཁ་ན་བ་དང་གློ་ལུ་བ། སྐྱུག་པ། མགྲིན་པ་འགགས་པ་སོགས་ཚོར་སྣང་མི་ལེགས་པ་བྱུང་བས་མི་དྲུག་ཅུ་རེ་གསུམ་ཚེ་ལས་འདས། འདི་ནི་འཛམ་བུ་གླིང་པར་ཁོར་ཡུག་འབག་བཙོག་ལས་བཟོས་པའི་དོན་རྐྱེན་ཆེན་པོ་ཞིག་གོ   །
༢ཨ་རིའི་དོ་ནོ་ལ་གྲོང་དུ་དུག་ལྡན་རྫས་འགྱུར་གྱིས་མི་བསད་པའི་དོན་རྐྱེན།
དེ་ཡང་དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུའི་མགོར་དོ་ནོ་ལ་གྲོང་དུ་དུག་ལྡན་རྫས་འགྱུར་གྱི་འབག་བཙོག་གི་དབང་གིས་ལོ་དྲུག་ཅུ་རེ་ལྔའི་ཡན་གྱི་རྒན་པ་བཞི་བརྒྱ་ལྷག་འདས་བཀྲོངས་བྱུང་། །
༣ཨ་རིའི་ལོ་ཧྲན་ཅི་གྲོང་ཁྱེར་དུ་དུད་སྨུག་འཐིབ་པའི་དོན་རྐྱེན།
དེ་ཡང་སྤྱི་ལོ་༡༩༤༨ཟླ༡༠ཚེས་༢༦ཉིན་ནས་བཟུང་ཉིན་ལྔའི་རིང་ལོ་ཧྲན་ཅི་གྲོང་ཁྱེར་དུ་དུད་སྨུག་འཐིབ་པའི་རྐྱེན་བྱས། མི༤༩༡༡ལ་ནད་ཐེབས་པ་དང་མི༡༧གྱི་ཚེ་སྲོག་ཤོར།   ཆ་སྙོམས་ལོ་གྲངས་༡༤ཡིན།    །
༤དབྱིན་ཇིའི་རྒྱལ་ས་ལུན་ཏུན་དུ་དུད་སྨུག་འཐིབ་པའི་དོན་རྐྱེན།
སྨུག་པའི་རྒྱལ་ས་ཞེས་འབོད་སྲོལ་ཡོད་པའི་དབྱིན་ཇིའི་རྒྱལ་ས་ལུན་ཏུན་དུ༡༩༤༢ལོའི་ཟླ༡པའི་ཚེའི་༤ཉིན་བྱུང་བའི་དུད་སྨུག་ཁྲོད་དུ་མི་ཆིག་ཁྲི་ལ་ཉེ་བ་ཞིག་ཚེ་ལས་འདས། །
༥ཉིན་ཧོང་གོ་ཧྲན་རྫོང་དུ་བྱུང་བའི་རུས་པ་ན་བའི་ནད།
དེ་ཡང་༡༩༥༥ལོར་ཉི་ཧོང་ཧྥུའུ་ཧྲན་རྫོང་ཧྲིན་ཐུང་ཁྲོན་གཙང་བོའི་སྟོད་རྒྱུད་དུ་གཏེར་ཁ་སྔོག་འདོན་གྱིས་ཆུ་སྙིགས་གཙང་བོར་བཏང་སྟེ་འབག་བཙོག་བཟོས་པ་དང་། གཙང་བོའི་རྒྱུད་ཀྱི་མི་རྣམས་ཀྱིས་གཙང་ཆུ་འཐུང་བས་རྐང་ལག་གི་ཚིགས་ན་བ། ལོ་འགའི་རྗེས་སུ་ལུས་ཡོངས་ཀྱི་རྩ་རྒྱུས་དང་རུས་པ་ན་ནས་འགྲོ་བསྐྱོད་མི་ནུས་ཤིང་དབུགས་ཀྱང་རྔུབ་མི་ནུས་པ། ལུས་ཀྱི་རུས་པ་སྙི་མོར་གྱུར་ནས་རང་བྱུང་གས་ཆག་ཏུ་གྱུར་པ། ཐ་མར་ཟ་མ་ཁར་མི་འགྲོ་བ་དང་མྱུར་མོར་འཆི་མི་ཐུབ་པའི་དཀའ་ལས་ཆེན་པོར་འཕྲད། འདི་ལ་ཟུག་གཟེར་གྱི་ནད་ཅེས་འཛམ་བུ་གླིང་པའི་སྤྱི་གནོད་ཅིག་ཏུ་གྱུར། ཤི་བའི་རོ་ལ་བརྟག་དཔྱད་བྱས་པ་ལྟར་ན། རུས་པ་གས་ཆག་དོན་གསུམ་ལྷག་བྱུང་ཡོད་ཅིང་། ལུས་པོ་ལིས་མུས་སུམ་ཅུར་བསྐུམས་པ་སོགས་མིག་གིས་བལྟར་མི་བཟོད་པར་གྱུར་འདུག  ༡༩༦༨ལོའི་ཟླ༥བར་ས་ཁུལ་འདིའི་ནད་པ༢༥༨དང་ཤི་ཚད་༡༢༨བྱུང་། ༡༩༧༢ཟླ༡༢བར་ཤི་བའི་གྲངས་ཀ༧༩འཕར་སྣོན་བྱུང་། །
༦ཉི་ཧོང་གི་ཧྲེའེ་བོའུ་གྲོང་ཁྱེར་དུ་ཆུ་དང་ཟ་མར་དུག་ཕོག་པའི་རྐྱེན་གྱིས་ཧྲེའེ་བོའུ་ནད་བྱུང་བའི་དོན་རྐྱེན།
དེ་ཡང་༡༩༦༤ལོར་ཉི་ཧོང་ནུབ་ཕྱོགས་མཚོ་འགྲམ་གྱི་ཞིན་ཞེ་རྫོང་གི་ཨ་ཧུ་ཡེ་ཁྲོན་ཆུ་རྒྱུད་ཀྱི་ཀུང་ཟི་ཞིག་གིས་ཆུར་འབག་བཙོག་བཏང་བས་རྐྱེན་བྱས་དུས་ཡུན་ཐུང་ངུའི་ནང་མི་༤༥ལ་ནད་ཐེབས་པ་དང་མི་བཞི་ཚེ་ལས་འདས། །
(༧)ཉི་ཧོང་སི་རི་གྲོང་ཁྱེར་དུ་མཁལདབུགས་བཙོག་པར་བཏང་བའི་རྐྱེན་གྱིས་མགྲིན་ནད་བྱུང་བའི་དོན་རྐྱེན།
དེ་ཡང་༡༩༦༡ལོར་ཉི་ཧོང་སི་རི་གྲོང་ཁྱེར་གྱི་རྡོ་སྣུམ་བཟོ་ལས་ཆུ་སྙིགས་ཀྱི་རྐྱེན་བྱས་ནས་མགྲིན་པའི་ནད་བྱུང་བ་དང༌།༡༩༧༠ལོར་ནད་འདི་ཐེབས་པའི་མི་གྲངས༥༠༠ལྷག་དང་མི༡༠ཚེ་ལས་འདས།དེ་ནས༡༩༧༢ལོའི་བར་དུ་ཉི་ཧོང་རྒྱལ་ཡོངས་སུ་ནད་འདི་ཐེབས་པའི་མི་གྲངས༦༣༧༦ལ་བུད། འདི་ནི་ཉི་ཧོང་རྒྱལ་ཁབ་གཅིག་པུ་མ་ཡིན་པར་འཛམ་བུ་གླིང་པར་གྲགས་པའི་སྤྱི་གནོད་ཆེན་པོ་ཞིག་ཏུ་གྱུར།།
(༨)ཨ་རིའི་སྲིད་གཞུང་གིས་ཐེངས་དང་པོར་རྫས་འགྱུར་གད་སྙིགས་ཀྱི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ།
དེ་ཡང༡༩༧༧ནས་བཟུང་རྫས་འགྱུར་གད་སྙིགས་ཀྱིས་མཁའ་དབུགས་དང་ཆུ། ས་གཞི་བཅས་ལ་འབག་བཙོག་བཟོས་པས་བྱིས་པ་མངལ་དུ་མི་གནས། རྒྱུ་མའི་ནང་དུ་ཁྲག་འབབ་པ། བྱིས་པ་ཁྱད་མཚར་བ་བཙས་པ་སོགས་ངོ་མཚར་བའི་ནད་རྟགས་བྱུང༌། ༡༩༧༨ལོའི་ཟླ༨པར་ཨ་རིའི་སྲིད་བློན་ཁ་ཐིག་གིས་ས་དེ་གའི་སློབ་གྲྭ་དང་ཁྱིམ་ཚང་གི་སྒོ་རྒྱག་པ་དང་མི་རིང་བར་མི་དམངས་གནས་སྤོར་བྱེད་རྒྱུ་ཁྱབ་བསྒྲགས་མཛད། འདི་ནི་འཛམ་བུ་གླིང་ལ་གཡོ་འགུལ་ཐེབས་པའི་ཨ་རིའི་སྲིད་གཞུང་གིས་ཐེངས་དང་པོར་རྫས་འགྱུར་གད་སྙིགས་ཀྱི་ཛ་དྲག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号