༄༅། །འདིར་མཚམས་སྦྱོར་བྱ་བའི་མི་སྣ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པའི་ཟུར་བ། དགུང་ལོ་བརྒྱད་ཅུ་བཞེས་པའི་རྒྱལ་ཚང་སྙིང་བོ་རྒྱལ་ཡིན། ཁོང་གིས་འདི་ག་དྲ་བའི་ལས་གཙོ་རྒན་སངས་རྒྱས་རྒྱལ་ལགས་ཀྱིས་བཅར་འདྲི་དང་ལེན་བྱས་ཏེ། ཁོང་གི་སྐུ་ཚེ་གང་བོའི་མཛད་རྣམ་རང་བཞིན་བརྗོད་པའི་སྒོ་ནས་བཤད་པ་ཇི་བཞིན་བརྙན་ཕབ་པའི་སྐལ་བ་དང་ལྡན་པ་ལགས། ཁོང་གི་མཛད་རྣམ་དུ་མི་དཀྱུས་མ་ཞིག་གིས་མི་ཚེའི་བྱུང་བ་བརྗོད་པ་ཙམ་མ་ཡིན་པར། སྤྱི་ཚོགས་གསར་རྙིང་དང་ལས་འགུལ་སྣ་ཚོགས་ཀྱི་ཁྲོད་དུ་བོད་མི་ལས་བྱེད་པ་ཚད་ལྡན་ཞིག་དང་ཁྱད་པར་དུ་བོད་རིགས་སློབ་གསོ་པ་ཞིག་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཕན་བདེ་ཡ་མ་བྲལ་བའི་སྒོ་ནས་བྱ་བ་བསྒྲུབས་པའི་ཤིན་ཏུ་ངོ་མཚར་བ་དང་མཛད་རྗེས་བླ་ན་མེད་པ་རྣམས་སྐུ་དངོས་ཀྱིས་གསུངས་པ་ལྟར་ལགས་ན། གཟིགས་པོ་ཡོངས་ཀྱིས་གསན་བསམ་ལས་མཁྱེན་པར་མཛོད། ། འདི་གའི་རྩོམ་སྒྲིག་ཁང་གིས། |