ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །བོད་ཀྱི་མཛངས་མི་བདུན།
སྤེལ་དུས།03-28  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཚེ་རིང་རྡོ་རྗེ།

      སློབ་ཚན་འདིའི་ནང་དུ་མཛངས་བློན་མི་བདུན་གྱི་མཛངས་པའི་ལས་ངོ་སྤྲོད་བྱས་ཡོད། ང་ཚོས་སློབ་ཚན་འདི་བསླབས་པ་བརྒྱུད་ནས་མཛངས་བློན་མི་བདུན་དང་ཁོང་རྣམ་པའི་མཛངས་པའི་ལས་རེ་རེ་བཞིན་ཤེས་རྟོགས་ཡོངས་བ་དང༌། ཁོ་ཚོའི་བླ་ན་མེད་པའི་སྙིང་སྟོབས་ཀྱང་ངེས་དགོས།

༡. མཛངས་བློན་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ནི་བོད་རྒྱལ་པུ་དེ་གུང་རྒྱལ་གྱི་བློན་པོ་ཡིན་ལ།ཁོང་གིས་མཛངས་པའི་ལས་སུ་ཤིང་བསྲེགས་པའི་སོལ་བས་རོ་བཞུས་ནས་གསེར་དངུལ་ཟངས་ལྕགས་སྦྱངས།ཤིང་ལ་མིག་ཕུག་ནས་གཤོལ་དང་གཉའ་ཤིང་བྱས། སྤང་ཐང་བརྐོས་ནས་ཕུ་ཆུ་ཡུར་ལ་དྲངས།རྨོན་དོར་བསྡེབས་ནས་སྤང་ལ་ས་ཞིང་རྨོས། ཆུ་ལ་ཟམ་པ་བཙུགས་ཏེ་འགྲིམ་འགྲུལ་སྟབས་བདེ་བཟོས་པས་མཛངས་མི་བདུན་གྱི་ཐོག་མར་བགྲངས།
༢. མཛངས་བློན་མི་བདུན་གྱི་གཉིས་པ་ལྷ་བུ་མགོ་དཀར་ནི་བཙན་པོ་ལེགས་དྲུག་གི་ཐོག་མ་ཨེ་ཤོ་ལེགས་ཀྱི་བློན་པོ་ཡིན། ཁོང་གིས་ཞིང་ལ་དོར་ཁ་དང་ཕྱུགས་ལ་ཐུལ་ཁ་རྩིས། ཕུ་ཆུ་མདའ་རུ་དྲངས་ཤིང་མདའ་རུ་ཆུ་མ་རྨོ་བའི་ལུགས་སྲོལ་དར།
༣. མཛངས་བློན་མི་བདུན་གྱི་གསུམ་པ་སྟག་རི་གཉན་གཟིགས་ཀྱི་བློན་པོ་ཁྲི་ངོར་སྣང་བཙན་མོང་གིས།བྲེ་ཕུལ་སྲང་གསུམ་ལས་ཏེ་ཕྱི་ནང་ཚོང་ལས་དར་བའི་སྲོལ་བཙུགས།
༤. མཛངས་བློན་མི་བདུན་གྱི་བཞི་བ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སམབྷོཊས།ལེགས་སྦྱར་གྱི་ཡི་གེ་མཁས་པར་སྦྱངས་ཏེ་བོད་ཡིག་ཐོག་མར་གསར་བཟོ་མཛད་ཅིང༌།ཆོས་སྲིད་གཉིས་ཀའི་ཐད་ལ་རིག་པའི་ཉིན་བྱེད་ཀྱིས་གསལ་བར་བྱས།
༥. མཛངས་བློན་མི་བདུན་གྱི་ལྔ་བ་ནི་སྲོང་བཙན་གྱི་བློན་ཁྲི་བཟང་ཡང་སྟོན་སྙགས་ཡིན་ལ། ཁོང་གིས་བོད་མིའི་ཁང་ཁྱིམ་རི་ལ་ཡོད་པ་ཐང་དུ་ཕབ།མཁར་བརྩིགས་ནས་གྲོང་ཁྱེར་གསར་དུ་བཅོས་པས་འཚོ་གནས་ཀྱི་རྣམ་པ་གསར་སྤེལ་བྱས།
༦.མཛངས་བློན་མི་བདུན་གྱི་དྲུག་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་བློན་མགོས་ཁྲི་བཟང་ཡབ་ལྷག་གིས།ཞལ་ལྕེ་དང་གསོས་ཐང་།སྟོང་ཐང་བཅས་ཀྱི་ཁྲིམས་ལུགས་གསར་གཏོད་བྱས་ཏེ་བྱང་བུར་ཆ་དགུར་བཅོས་ནས་སྒྲིག་སྲོལ་དར་བར་བྱས།
༧.མཛངས་བློན་མི་བདུན་གྱི་བདུན་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྟག་བཙན་གདོང་་གཟིགས་ཡིན་ལ།བློན་པོ་འདིས་འབངས་མི་ཁྱིམ་རེ་ལ་རྟ་མཛོ་བ་གསུམ་ཆ་སྙོམས་བགོས་ཤིང་།དབྱར་རྩྭ་བྲེགས་ནས་བསྐམས་རྗེས་དགུན་དུས་སུ་སྤྱོད་པའི་སྲོལ་སྤེལ་དེ་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ་བཅས་སོ། །
 01_07_35.jpg
01_07_351.jpg
བསམ་གཞིག    སྦྱང་གཞི།
གཅིག    གཤམ་གྱི་མཛངས་མི་དང་མཛངས་པའི་ལས་དབར་ཐིག་གིས་སྦྲེལ།
སློབ་དཔོན་ཐོན་མི།         གསེར་དངུལ་ཟངས་ལྕགས་སྦྱངས།                 
འགོས་ཁྲི་བཟའ་ཡབ་ལྷག    ཞིང་ལ་དོར་ཁ་དང་ཕྱུགས་ལ་ཐུར་ཁ་བརྩིས།              
སྟག་བཙར་གདོང་གཟིག     ཞལ་ལྕེ་དང་གསོས་ཐང༌།སྟོང་ཐང་བཅས་ཀྱི་ཁྲིམས་བཅོས།        
རུ་ལས་སྐྱེས།              དབྱར་རྩྭ་དགུན་དུ་སྤྱོད་པའི་སྲོལ་དར།               
ལྷ་བུ་མགོ་དཀར།          བོད་ཡིག་གསར་བཟོ་མཛད།                    
གཉིས། སློབ་ཚན་ཡང་དང་ཡང་དུ་བཀླགས་དེ་མཛངས་མི་བདུན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་རྩོམ་ཐུང་ཞིག༌ཕྲིས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号