ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐད་གཉིས་སློབ་གསོ། > སྐད་གཉིས་གཞུང་ལུགས།
༄༅། །བོད་ཀྱི་སློབ་གསོ་བ་ཞིག་གི་སེམས་ཁོང་ནས་བརྡོལ་བའི་སྐད་ཆ།
སྤེལ་དུས།05-27  ཡོང་ཁུངས།  རྩོམ་པ་པོ།

འདི་ནི་དེབ་འདི་ཉིད་ངོ་སྤྲོད་ཀྱི་ཚུལ་དུ་རང་གི་མྱོང་ཚོར་འགའ་བྲིས་པ་ལས་དེབ་ཀྱི་བརྗོད་བྱའི་སྙིང་བོའི་ཟུར་ཙམ་ཡང་ལེགས་པར་བཤད་ཐུབ་མེད་ལ།རྩོམ་པ་བོའི་དགོངས་པ་དང་དེབ་ཀྱི་ནང་དོན་ལ་གོ་བ་ཚུལ་བཞིན་ལེན་མ་ཐུབ་པའི་གནས་ཚུལ་ཡོད་པ་ནི་སྨོས་ཅི།

འོན་ཀྱང་བོད་ཡུལ་སློབ་གསོའི་དངོས་ཡོད་གནས་བབ་གཞིར་བཟུང་།སློབ་གསོ་རིག་པའི་གཞུང་ལུགས་ཀྱི་ཆོས་ཉིད་དཔང་དུ་བཅོལ་ནས་བྲིས་པའི་ཚིག་དང་ཡིག་འབྲུ་རེ་རེས་དང་།རང་རྒྱལ་གྱི་ཁྲིམས་སྲོལ་གཞིར་བཟུང་ནས་བྲིས་པའི་སྙན་ཞུ་དང་གྲོས་འཆར་རེ་རེས་རྩོམ་པ་བོའི་རིག་པའི་གཞུང་ལུགས་ཀྱི་གོ་རྟོགས་ཀྱི་གཏིང་ཚད་དང་།ལག་ལེན་གྱི་མྱོང་བ་དངོས་ཀྱི་ཕྱུག་ཚད་ལ་མྱོང་རོལ་བྱ་ཐུབ་པ་མ་ཟད། རང་རེ་གངས་ཅན་པའི་ད་ལྟ་དང་མ་འོངས་པའི་འཕེལ་རྒྱས་ལ་བཅང་བའི་བརྩེ་སེམས་དང་རེ་གཞག་གི་རྦ་རླབས་དྲག་པོ་ཡིད་ཀྱི་མཚོ་མོའི་ལས་འཕྱོ་སྟེ་ང་ཚོའི་བསམ་པའི་གཏིང་སར་སིམ་ཐུབ་པ་དང་།ད་དུང་ཁོང་སྐུ་ངོ་མ་དང་ངོ་འཕྲད་ཀྱིས་ཁོང་གི་སློབ་གསོའི་སྐོར་གྱི་གཏམ་གླེང་ལ་ཉན་པའི་གོ་སྐབས་ཐེངས་འགའ་བྱུང་མྱོང་བ་དང་།དེ་ལས་གཞན་ཁོང་ནི་ཁེངས་སྐྱུང་གུས་ལྡན་དང་།ལྷག་བསམ་ཟོལ་མེད་དང་བརྩོན་པ་ལྷོད་མེད།ལངས་ཕྱོགས་སྲ་བརྟན་དང་སྙིང་སྟོབས་ཞུམ་མེད།མི་གཞི་གསེར་ལྟར་བཟང་ཞིང་མི་གཤིས་མདའ་བཞིན་དྲང་བ།ཡིད་ཆེས་ཀྱིས་ཁེངས་ཤིང་ཕམ་ཁས་གཉའ་ཞུམ་མ་ཐུབ་པའི་བློ་ཁོག་དང་གཤིས་རྒྱུད་དེས།ང་རང་སེམས་ཁ་སྙི་བས་མིན་ན་མིག་རྩར་མཆི་མ་འཁྲུག་ཏུ་བཅུག་སོང་བ་དང་།ས་ཡུལ་ཁྲོ་བོ་རྒྱལ་མཚན་ཟེར་བའི་གཟུགས་གཞི་ཞན་ཞིང་སྐད་ངག་གཉོམ་པའི་རྒད་པོ་དེས་ངའི་བློ་སྒོ་འབྱེད་པ་མ་ཟད་སྙིང་སྟོབས་སྩོལ་སོང་ལ།ཁོང་ལ་དད་གུས་ཤིག་ཀྱང་དབང་མེད་དུ་སྐྱེས་སོང་ངོ་།།

༼ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་༽དེབ་ཀྱི་དཀར་ཆག

  དུས་རབས་ཉེར་གཅིག་ཏུ་ཕྱོགས་པའི་བོད་ཡུལ་ཡུལ་ཁོངས་རང་བཞིན་གྱི་སློབ་

གསོ་སྤེལ་བའི་འཐབ་ཇུས་སྐོར་གླེང་བ།

  བོད་ཡུལ་ཡུལ་ཁོངས་རང་བཞིན་གྱི་སློབ་གསོ་ལ་མུ་སྤེལ་འཐུས་པའི་འཐབ་ཇུས་

ལག་བསྟར་བྱས་ནས།དུས་རབས་ཉེར་གཅིག་པར་བོད་ཡུལ་སློབ་གསོ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་འབད་བརྩོན་ལྷུར་ལེན་བྱེད་དགོས།

  བོད་ཡུལ་སློབ་གསོའི་འཕེལ་རྒྱས་དང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྐོར་གླེང་བ།

  བོད་ཡུལ་གཞི་རིམ་སློབ་གསོའི་ཐབས་ལམ་འདེམས་བའི་རྩ་དོན་སྐོར་གླེང་བ།

  ཤེས་ཡོན་དཔལ་འབྱོར་དུས་སྐབས་ཀྱི་འགྲན་སློང་དང་བོད་ཡུལ་མཐོ་རིམ་སློབ་གསོའི་གོང་འཕེལ་སྐོར་གླེང་བ།

  བོད་ཡུལ་སློབ་གསོ་གོང་དུ་སྤེལ་བའི་སྐོར་ལ་རྩ་ཁྲིམས་ཀྱིས་གནང་བའི་ཁེ་དབང་ཆེན་མོ་བཅུ་སྲུང་ཞིང་འཛིན་པའི་ཚུལ་གླེང་བ།

  སྐད་གཉིས་སློབ་གསོ་དང་སྐད་གཉིས་སློབ་གསོའི་ཁྲོད་ཕ་སྐད་ཀྱི་གོ་གནས་དང་བྱེད་ནུས་གླེང་བ།

  ༼བོད་ཡུལ་སློབ་གསོའི་གླེང་སྟེགས༽གསར་དུ་བཏོན་པའི་གཏམ།

  སྔར་ལས་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཞུ།

ཟུར་བཀོད།  

  ཞིང་ཆེན་གསུམ་གྱི་ཁུལ་བཞི་འཕྲེད་ཕྱོགས་སུ་མཉམ་པའི་སློབ་གྲྭ་ཆེན་མོ་

འཛུགས་དགོས་པའི་འཆར་གཞིའི་སྙན་ཞུ།

  བོད་ཡུལ་སློབ་གསོ་གོང་སྤེལ་མཐུན་ཚོགས་གསར་དུ་འཛུགས་རྒྱུའི་སྐོར་གྱི་གྲོས་

གཞི་འདོན་ཡིག

  བོད་ཡུལ་སློབ་གསོ་གོང་སྤེལ་མཐུན་ཚོགས་ཀྱི་སྒྲིག་ཡིག

  གངས་ལྗོངས་དགེ་ཐོན་སློབ་གྲྭ་ཆེན་མོ་གསར་དུ་འཛུགས་པའི་སྙན་ཞུ།

   གངས་ལྗོངས་དགེ་ཐོན་སློབ་གྲྭ་ཆེན་མོ་གསར་དུ་འཛུགས་པའི་འཆར་གཞི།

   དམངས་སྒྲུབ་བོད་ཡིག་སློབ་གྲྭ་ཆེན་མོའི་གྲབས་འཛུགས་བྱེད་པའི་གཞི་རྩའི

་བསམ་གཞིགས།

༧ དངོས་ཐོག་བདེན་འཚོལ་གྱིས་བོད་ཡུལ་སློབ་གསོའི་ཆོས་ཉིད་ལ་རྟོག་དཔྱོད་དང་ཏན་ཏན་ཏིག་ཏིག་གིས་བོད་ཡུལ་སློབ་གསོའི་འཕེལ་རྒྱས་དོན་དུ་གཉེར་དགོས།

 

གསལ་བཤད། ཁོ་བོས་རྩོམ་པ་པོར་ཁ་པར་གྱི་ལམ་ནས་ཐེངས་འགའ་ལ་རྒྱ་ཡིག་གི་མ་དེབ་ནམ་ཐོན་དྲིས་ཀྱང་ཁོང་གིས་གསུངས་ན་ད་ལྟ་ད་དུང་དཔར་སྐྲུན་བྱེད་ཀྱི་ཡོད་པ་ལས་བཀྲམ་ཚར་མེད་ཟེར།ང་ཚོས་རིང་མིན་བལྟ་ཐུབ་པར་རེ་ཞིང་སྒུག་ཡོད།

                                                  སྐུ་རྒོད་བློ་བཟང་མཐུ་སྟོབས་ཀྱིས།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号