ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཕྲིན་ཡིག་གི་རྣམ་བཞག་དཔེར་བརྗོད་དང་བཅས་པ་པདྨ་དཀར་པོའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།01-20  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བིས་པ་མི་ཕམ་ཟླ་བས་བརྩམས།

གསུམ་པ། ཉེ་བར་མཁོ་བའི་དཔེར་བརྗོད་རིམ་པར་སྤེལ་བ།

      གསུམ་པ། ཉེ་བར་མཁོ་པའི་དཔེར་བརྗོད་རིམ་པར་སྤེལ་བ་ལ་བཞི། ཡུལ་མཆོག་ཏུ་ཆེ་བ་ལ་འབུལ་པའི་དཔེར་བརྗོད། མཆོག་གི་ནང་ཕན་ཚུན་ལ་འབུལ་པའི་དཔེར་བརྗོད།   མཆོག་དམན་སྣ་ཚོགས་ཕྱོགས་སྡེབས་ཀྱི་དཔེར་བརྗོད། སྐབས་དོན་སྣ་ཚོགས་ཟུར་འདེབས་ཀྱི་དཔེ་བརྗོད་དོ། །དང་པོ་ནི། ཡུལ་མཆོག་ཏུ་ཆེ་བ་སྐྱབས་མགོན་བླ་མ་རིན་པོ་ཆེའི་ཞབས་དྲུང་དུ་འབུལ་བ་དཔེར་མཚོན་ན་འདི་ལྟར།    ༈རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག་གི་ཞབས་རྟེན་གསེར་གྱི་པདྨོ་རྣམ་པར་བཞད་པའི་དྲུང་དུ། ཞེས་པ་ལྟ་བུའམ། ཡང་ན༑    ༈ རབ་འབྱམས་རྒྱལ་བའི་འདུས་ཞལ་སྐྱབས་མགོན་མཆོག་གི་ཞབས་རྡུལ་གེ་སར་བཞད་པའི་དྲུང་དུ། ཞེས་དང༌། གཞན་ཡང༌། ༈ཕྱོགས་དུས་རྒྱལ་བ་མ་ལུས་པའི་སྤྱི་གཟུགས་འདྲེན་མཆོག་དམ་པ་གང་གི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་དྲུང་དུ། ༈རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ལྷ་མིའི་མཆོད་སྡོང་ཆེན་པོ་གང་གི་ཞབས་སེན་ཟླ་ཚེས་མངོན་པར་བཞད་པའི་དྲུང་དུ། ༈ཁམས་གསུམ་རྣམ་འདྲེན་རྒྱལབའི་དབང་པོ་མཆོག་གི་ཞབས་སེན་མུ་ཏིག་འཛུམ་དཀར་གཡོ་བའི་དྲུང་དུ།   ༈ཁམས་གསུམ་སྐྱེ་དགུའི་འདྲེན་པ་མཆོག་གི་ཞབས་སེན་ནོར་བུའི་འོད་ཕྲེང་བཞད་པའི་དྲུང་དུ། ༈ ཁམས་གསུམ་འགྲོ་བའི་མགོན་པོ་མཆོག་གི་ཞབས་ཀྱི་པདྨོ་རྣམ་པར་བཞད་པའི་དྲུང་དུ། ༈ལྷར་བཅས་སྐྱེ་དགུའི་གཙུག་གི་ནོར་བུ་ཐམས་ཅད་མཁྱེན་གཟིགས་མཆོག་གི་ཞབས་ཀྱི་པདྨོ་དྲི་མ་མེད་པའི་དྲུང་དུ། ལྷར་བཅས་འགྲོ་བའི་གཙུག་རྒྱན་མཆོག་གི་ཞབས་པད་རིན་པོ་ཆེའི་དྲུང་དུ།  ༈ལྷར་བཅས་འགྲོ་བའི་སྐྱབས་མགོན་མཚུངས་ཟླ་མ་མཆིས་པ་གང་གི་ཞབས་དྲུང་དུ། ༈ལྷར་བཅས་འགྲོ་བའི་འདྲེན་མཆོག་གང་གི་ཞབས་པད་དུ།   ༈སྲིད་ཞིའི་གཙུག་རྒྱན་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོའི་དྲུང་དུ། ༈འཛམ་གླིང་བསྟན་པའི་མངའ་བདག་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་སེན་ཡིད་བཞིན་དབང་གི་རྒྱལ་པོའི་དྲུང་དུ།   ༈ཀུན་གཟིགས་ཨེ་ཤེས་ཀྱི་ཉི་མ་ཆེན་པོ་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞབས་ཀྱི་པདྨོའི་དྲུང་དུ།   ༈ ཀུན་གཟིགས་མཁྱེན་བརྩེའི་ཟློས་གར་མཆོག་གི་རྣམ་པར་རོལ་པ་ཆེན་པོའི་ཞབས་ཀྱི་པདྨོར། ༈ རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཕུང་པོ་གསུམ་ལྡན་རྡོ་རྗེ་འཛིན་པ་མཆོག་གི ༈ རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཐུགས་གསང་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་རང་གཟུགས་དཔལ་ལྡན་བླ་མ་མཆོག་གི ༈ སྐྱབས་གཅིག་རྫོགས་པའི་སངས་རྒྱས་སྟོན་པ་བླ་ན་མེད་པ་གང་དེའི། ༈སྐྱབས་ཀུན་འདུས་པའི་བདག་ཉིད་དཔལ་ལྡན་བླ་མ་དམ་པའི། ༈ དུས་གསུམ་རྒྱལ་པའི་བླ་མ་འཇམ་མགོན་སྤྲུལ་པའི་ཟློས་གར་ཆེན་པོ་གང་གི ༈ རབ་འབྱམས་ཤེས་བྱ་ཀུན་གཟིགས་འཇམ་དབྱངས་བླ་མ་མཆོག་གི ༈ རབ་འབྱམས་རྒྱལ་པའི་བྱམས་བརྩེ་གཅིག་ཏུ་བསྡུས་པའི་རང་གཟུགས་སྐྱབས་མགོན་པད་དཀར་འཛིན་པ་ཆེན་པོའི། ༈སྐྱབས་མཆོག་ཕྱག་ན་པདྨོ་ཐམས་ཅད་མཁྱེན་གཟིགས་མཆོག་གི ༈མཐུ་སྟོབས་ནུས་པའི་གཏེར་ཆེན་རྡོ་རྗེ་འཛིན་པ་མཆོག་གི   ༈མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་པ་རིགས་བརྒྱའི་ཅོད་པན་མཆོག་གི   ༈ དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྡོ་རྗེ་སློབ་དཔོན་ཆེན་པོའི། ༈དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་འཕྲིན་ལས་མཆོག་གི་གདུགས་དཀར་འཛིན་པ་གང་དེའི། ༈ས་གསུམ་ན་འགྲན་ཟླ་མེད་པའི་ཆོས་ཀྱི་དབང་ཕྱུག་དམ་པ་གང་དེའི།   ༈རྣམས་འདྲེན་ཆོས་ཀྱི་རྒྱལ་པོ་ཆེན་པོའི། ༈སྐྱབས་མགོན་ཆོས་ཀྱི་རྒྱལ་པོ་མཆོག་གི ༈ རྗེ་མཙུན་ཐམས་ཅད་མཁྱེན་གཟིགས་མཆོག་གི   ༈འདི་ཕྱི་གཏམ་གྱི་སྐྱབས་མགོན་ཟླ་བྲལ་བླ་མ་མཆོག་གི   ༈བསླུ་མེད་གཏན་གྱི་སྐྱབས་མཆོག་བཀའ་དྲིན་མཉམ་མེད་རྡོ་རྗེ་འཆང་ཆེན་པོའི། ༈ ཐུབ་དབང་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་སྐྱེས་པདྨོ་དཀར་པོའི་དྲུང་དུ། ༈ རྒྱ་ཆེན་རིག་པའི་གནས་ཀུན་ཐུགས་སུ་ཆུད་པ་དྲན་དབང་འབུམ་སྡེའི་གཙུག་གི་ཅོད་པན་གང་དེའི་ཞབས་སྟེགས་ཀྱི་བ་གམ་མཐོན་པོ་ནོར་བུས་མཚན་པའི་དྲུང་དུ།
༈འཛམ་གླིང་མཁས་པ་ཡོངས་ཀྱི་གཙུགས་གི་ནོར་བུ་དྲིན་ཅན་བླ་མ་མཆོག་གི་ཞབས་སྐྱེས་གསེར་གྱི་མེ་ཏོག་ལྷ་མིའི་ཅོད་པན་འཆང་བ་ག་ལ་བ་དེར། ༈བསྟན་འགྲོའི་དཔལ་མགོན་མཆོག་གི་ཞབས་རྟེན་ཡིད་བཞིན་གྱི་ནོར་བུ་འབར་བའི་དྲུང་དུ། ཞེས་པ་གང་རིགས་བྲིས་པའི་གཤམ་ནས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号