ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༡༩   ཉིན་ཐོ།

ཉིན་ཐོ་ཞེས་པ་ནི་མི་སྒེར་གྱིས་ཉིན་རེའི་ལས་དོན་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་གནས་ཚུལ་ཐོ་བཀོད་པ་ལ་ཟེར་ཞིང་། ཉིན་ཐོ་དགོད་བྱའི་ནང་དོན་གཙོ་བོ་ནི་རང་ཉིད་ཀྱི་ཉིན་རེའི་གཏམ་སྤྱོད་དང་མཐོང་ཐོས་མྱོང་གསུམ་གྱི་ནང་ནས་དོན་སྙིང་ལྡན་པ་རྣམས་ཡིན་དགོས།
 ཉིན་ཐོ་དགོད་རྒྱུ་རྒྱུན་འཁྱོངས་བྱས་ན་ཡི་གེ་འབྲི་རྒྱུ་གོམས་པར་འགྱུར་ལ་བསམ་བློའི་འདུ་ཤེས་ཀྱི་བྱང་ཚད་མཐོ་རུ་འགྲོ་བ་དང་། གནད་དོན་ལ་བལྟ་བ་དང་དབྱེ་ཞིབ་བྱེད་པ། གནད་དོན་ཕྱོགས་སྡོམ་བྱ་རྒྱུ་བཅས་ཀྱི་ནུས་པ་བསྐྱེད་འོང་།
 ཉིན་ཐོ་འགོད་སྟངས་དེ་ལ་གཏན་འཇགས་ཀྱི་རྣམ་གཞག་མེད་ཅིང་།   སྤྱིར་བཏང་བྱས་ན་འབྲི་ཤོག་གི་ཤོག་ཐིག་དང་པོའི་ཐོག་ཏུ་དུས་ཚོད་དང་གནམ་གཤིས་ཀྱི་གནས་ཚུལ་བྲིས་རྗེས་ཤོག་ཐིག་གཅིག་མར་ཕབ་སྟེ་དངོས་གཞིའི་ནང་དོན་འབྲི་དགོས།
དཔེ་གཞི།

                          ༞ལོའི་ཟླ་༞ཚེས༞ཉིན་རེས་གཟའ་༞།
སྔ་དྲོ་གནམ་དྭངས།   ཕྱི་དྲོ་དྲག་ཆར་བབས།
   དེ་རིང་ངས་ཞོགས་ཟས་ཟོས་རྗེས་ཁོའོ་ཀྲང་༞༞ལགས་་ལ་དགོངས་པ་ཞུས་ཏེ་རྫོང་དཔེ་ཚོང་ཁང་དུ་དག་ཡིག་ངག་སྒྲོན་ཉོ་བར་ཕྱིན་པ་ཡིན། ལམ་ཁར་བློ་མཐུན་༞ལ་ཕྲད་དེ་ཁོང་ན་རེ། ཁྱོད་གང་དུ་འགྲོ་འམ། ང་དཔེ་ཚོང་ཁང་དུ་དག་ཡིག་ངག་སྒྲོན་ཉོ་བར་འགྲོ་རྒྱུ་ཡིན་ཅེས་ལན་བཏབ། ཁོང་ན་རེ། ཁྱོད་ཀྱིས་གླ་ཕོགས་ལེན་ཐུབ་ཚོད་ཀྱིས་རྒྱ་ཡིག་ཤེས་བཞིན་དུ་ད་དུང་བོད་ཡིག་སློབ་སྦྱོང་བྱེད་པ་དེ་ངལ་བ་སྟོང་ཟད་དུ་འགྲོ་བ་མ་རེད་དམ། དེ་ལས་ཆང་ཁང་གི་ནང་དུ་འགྲོ་བ་དང་རྩེད་མོ་འདྲ་བརྩེས་ཏེ་ལུས་སེམས་དལ་བུ་བསྡད་ན་དགའ་བ་མིན་ནམ་གསུངས་འདུག སྐབས་དེར་ངའི་སེམས་ཀྱི་གཏིང་ནས་ཁོང་ཁྲོ་ལངས་ཀྱང་ངག་འཇམ་པོའི་ངང་ནས་ན་རེ། ཁྱོད་ཀྱིས་དེ་འདྲ་གསུངས་པ་ནི་རྦད་དེ་ནོར་བ་རེད། དེ་གང་འདྲ་རེད་ཅེ་ན། ང་ཚོ་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་ཡིན་ཕྱིན་གླ་ཕོགས་ཁོ་ནའི་དོན་དུ་མ་ཡིན་གྱི། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རང་ཉིད་ཀྱི་དམིགས་ཡུལ་ཅིག་ཤོས་ཡིན་པར་མ་ཟད། ང་ཚོ་བོད་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཁར་ཞབས་འདེགས་ཞུ་ཡུལ་ཡང་མང་ཆེ་བ་བོད་རིགས་ཡིན་པས་བོད་ཡག་པོ་མ་ཤེས་ན་བོད་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་དེ་ནི་སྟོང་བཤད་རང་རེད་ཅེས་བཤད་དོ། ། ཁོ་རང་ལ་རྒྱུ་མཚན་སྤུ་ཙམ་ཡང་མེད་གཤིས་ལན་འདེབས་ཐབས་བྲལ་ཏེ་ཕྱིན་ནོ། །   ཕྱི་དྲོ་དུས་ཐོག་ཏུ་ལས་ཁུངས་སུ་ཕྱིན་ནས་རྒྱུན་ལྡན་ལྟར་བྱེད་སྒོ་བསྒྲུབས་སོ། །
༢༠ གཏུག་བཤེར་གྱི་ཡི་གེ།

གཏུག་བཤེར་གྱི་ཡི་གེ་ཞེས་པ་ནི་རྒྱུན་འཇགས་སུ་ཁ་མཆུ་རྒྱག་པར་ཟེར་ཞིང་། རང་རྒྱལ་དུ་གཏུགས་བཤེར་ཞེས་པ་ནི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་།   སྤྱི་བདེ་ལས་ཁུངས་བཅས་ཀྱིས་ཉེས་དོན་དང་དམངས་དོན།   གྱོད་གཞིའི་དོ་བདག་ལ་སོགས་པའི་གྱོད་དོན་བཅས་ཐག་གཅོད་བྱེད་སྐབས་ཁྲིམས་ལུགས་ལྟར་བྱས་པའི་བྱེད་སྒོ་སྤྱིའི་ཐ་སྙད་ཅིག་ཡིན།
དང་པོ། གཏུག་བཤེར་གྱི་རྣམ་གྲངས།
གཏུག་བཤེར་གྱི་རྣམ་པ་ལྟར་ན་དམངས་དོན་གཏུག་བཤེར་དང་ཉེས་དོན་གཏུག་བཤེར་ཁག་གཉིས་དབྱེ་བ་སྟེ།
༡   དམངས་དོན་གཏུག་བཤེར་ཞེས་པ་ནི་མ་སྒེར་རམ་སྡེ་ཚན་ཞིག་གི་བྱ་སྤྱོད་ཀྱིས་མི་གཞན་ལ་གནོད་སྐྱོན་བཏང་ཡོད་ཀྱང་དེའི་ངོ་བོ་དང་བྱུང་ཚུལ་དགྲ་དང་རང་ཕྱོགས་བར་གྱི་འགལ་ཟླའི་ཁོངས་སུ་གཏོགས་མེད་ནའང་། མི་སྒེར་རང་སྡེ་ཚན་གྱིས་ཐག་གཅོད་བྱེད་མི་ཐུབ་པའི་སྐབས་སུ་གནོད་སྐྱོན་མྱོང་མཁན་ཕྱོགས་ཀྱིས་ཁྲིམས་གཅོད་དམ་སེལ་ཐབས་བྱ་རྒྱུའི་རེ་འདུན་འདོད་བཏོན་པར་མ་ཟད། གནོད་སྐྱོན་གཏོང་མཁན་གྱི་མི་སྒེར་རམ་སྡེ་ཚན་གྱི་གྱོང་གུན་སྐྱིན་ཚབ་སྤྲོད་པའམ་འགན་འཁུར་དགོས་ཞེས་ཞུ་ཡིག་ཕུལ་བ་ལ་ཟེར།
༢ ཉེས་དོན་གཏུག་བཤེར་ཞེས་པ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་་གྱི་ལམ་ལུགས་གཏོང་བཤིག་གཏོང་བའམ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་རྒྱུ་ནོར།   སྤྱི་དམངས་སྒེར་་ལ་དབང་བའི་ཁྲིམས་མཐུན་གྱི་རྒྱུ་ནོར། མི་ལུས་ཀྱི་དབང་། དམངས་གཙོའི་ཁེ་དབང་དང་ ཁེ་དབང་གཞན་དག་བཅས་ལ་གནོད་འཚེ་གཏོང་བའམ ། ཐོན་སྐྱེད་དང་། འཚོ་བའི་སྒྲིག་ལམ་གཏོར་བཤིག་གཏོང་བའམ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་བསྐྲུན་ལས་དོན་ལ་གནོད་པ་སྐྱེལ་མཁན།   གསར་བརྗེའི་ངོ་རྒོལ་བ། དེ་མིན་ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ཐམས་ཅད་སྤྱི་དམངས་དང་སྡེ་ཚན་གྱིས་ཁྲིམས་འཛིན་ལས་ཁུངས་ལ་ཡིག་ཐོག་ཏུ་གྱོད་གཏུག་བྱས་ཏེ་ཆད་གཅོད་རྒྱུའི་ཞུ་བ་འཐེན་པར་ཉེས་དོན་གཏུག་བཤེར་བྱེད་དགོས།
གཉིས་པ། དམངས་དོན་་གཏུག་བཤེར་དང་ཉེས་དོན་གཏུག་བཤེར་གྱི་ཁྱད་པར།
དམངས་དོན་གཏུག་བཤེར་ནི་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་བྱེད་མཁན་གྱི་ཞུ་བར་གཞིགས་ནས་ཁྲིམས་ལུགས་ལྟར་དམངས་དོན་རྩོད་གཞི་ཐག་བཅད་དེ་དམངས་དོན་འདྲི་གཅོད་ཀྱི་འགན་དངོས་སུ་གྲུབ་པའི་བྱ་སྤྱོད་དང་གཏུག་བཤེར་གྱི་ནང་དུ་ཞུགས་མཁན་གྱི་བྱ་སྤྱོད་ཡོངས་ལ་ཟེར། དེ་དང་ཉེས་དོན་གཏུག་བཤེར་བར་གྱི་ཁྱད་པར་གཤམ་གསལ།
༡ གཞུང་གཏུག་ཞུ་བའི་ཐད་དམངས་དོན་གཏུག་བཤེར་ཡིན་ན་སྤྱིར་བཏང་དུ་དམངས་དོན་རྩོད་གླེང་་གི་ཕྱོགས་གཅིག་གམ་གཉིས་ཀྱི་དི་བདག་གིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号