ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༡༡ ཆོད་སེམས་ཡི་གེ

མི་སྒེར་རམ་ཐུན་མོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་སྐབས་རང་ཁོངས་ཀྱི་རྩ་འཛུགས་ལ་འགན་བབ་ལེགས་པོར་བསྒྲུབ་ཕྱིར་རང་ཉིད་ཀྱིས་དམ་བཅའ་འཇོག་རྒྱུ་རྣམས་ཡིག་ཐོག་ཏུ་བཀོད་པ་དེར་ཆོད་སེམས་ཀྱི་ཡི་གེ་ཟེར།   ཆོད་སེམས་ཀྱི་ཡི་གེས་རང་ཉིད་ལ་སྐུལ་ལྕག་གཏོང་བ་དང་ཆབས་ཅིག་གཞན་ལའང་བློ་སྟོབས་སྐྱེད་ཐུབ་པའི་ནུས་པ་ངེས་ཅན་འཐོན་པར་འགྱུར།
ཆོད་སེམས་ཀྱི་ཡི་གེ་འབྲི་སྐབས་ལས་དོན་དེ་བསྒྲུབ་དགོས་པའི་དོན་སྙིང་ཆེན་པོ་དང་རང་གི་ཆོད་སེམས། ལས་དོན་བསྒྲུབས་པའི་ཚད་གཞི། བྱ་ཐབས་བཅས་གསལ་བོར་འབྲི་དགོས་པར་མ་ཟད། ལས་དོན་བསྒྲུབས་ཚར་ཚོད་ཀྱི་དུས་ཚད་ཀྱང་འབྲི་དགོས། འོན་ཀྱང་ཆོད་སེམས་ཀྱི་ཡི་གེ་འབྲི་སྐབས་ལས་འགན་བསྒྲུབ་ཐད་ངེས་པར་བདེན་པ་བདེན་ཐུབ་དང་ལག་ལེན་འཁྱོལ་ཐུབ་བྱེད་དགོས་པ་ལས་འུད་ཤོབ་གཏན་ནས་བཤད་མི་རིགས།
༡༢ གྲོས་འགོ་འདོན་པའི་ཡི་གེ
ལས་དོན་ཞིག་གི་སྔར་ལས་ལྷག་པ་ལེགས་སྒྲུབ་ཡོང་ཆེད་མི་སྒེར་རམ་ཐུན་མོང་གིས་རྒྱུན་དུ་རྒྱ་ཆེའི་མང་ཚོགས་སམ་སྤུན་ཟླའི་ཚན་པར་འོས་ཤིང་རིགས་པའི་གྲོས་གཞི་འམ་བྱ་ཐབས་ཡིག་ཐོག་ཏུ་བྲིས་པ་དེར་གྲོས་འགོ་འདོན་པའི་ཡི་གེ་ཟེར། གྲོས་འགོ་འདོན་པའི་ཡི་གེ་ནི་མི་ཁ་ཅིག་གིས་འདོན་ཆོག་ལ་ཚན་པ་གཅིག་གམ་ཁ་ཤས་ཀྱིས་མཉམ་དུ་བཏོན་ནའང་རུང་།
གྲོས་འགོ་འདོན་པའི་ཡི་གེའི་ནང་དུ་གྲོས་འགོ་འདོན་དགོས་པའི་དམིགས་ཡུལ་དང་དོན་སྙིང་། གྲོས་གཞི། མཐུན་རྐྱེན་སོགས་གསལབ་བོ་འབྲི་དགོས་པར་མ་ཟད། གྲོས་འགོ་འདོན་པའི་ཡི་གེར་སྔོན་ཐོན་གྱི་རང་བཞིན་ལྡན་དགོས་ལ་དོན་དངོས་དང་མཐུན་པའང་བྱེད་དགོས།
 གྲོས་འགོ་འདོན་པའི་ཡི་གེ་དངོས་སུ་གྱང་ངོར་སྦྱར་བའམ་ཀུན་ཁྱབ་རླུང་འཕྲིན་ཐོག་ཏུ་གཏོང་བའམ་ཚགས་པར་ཐོག་ཏུ་འགོད་པ་གང་རུང་བྱས་པས་ཆོག་གོ
༡༣ འགྲན་སྡུར་སློང་བའི་ཡི་གེ།
སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་སྐུལ་སྤེལ་གཏོང་བ་དང་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཡོང་ཆེད་དང་། ལྷག་པར་སྐབས་འགར་ལས་འགན་ཞིག་དུས་ཐུང་གི་ནང་དུ་འཕྲལ་སྒྲུབ་བྱེད་དགོས་སྐབས་འགྲན་སྡུར་སློང་བའི་ཡིི་གེ་འབྲི་བ་དང་འགྲན་ལན་འཇལ་བའི་ཡི་གེ་འབྲི་བའི་རྣམ་པར་བརྟེན་ནས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བྱེད་སྒོ་སྤེལ་ཏེ་དཔའ་སེམས་སྐུལ་བ་དང་། ལས་ཆོད་ཆེ་རུ་བཏང་སྟེ་ལས་དོན་སྒྲུབ་པའི་མྱུར་ཚད་མགྱོགས་སུ་གཏོང་གིན་འདུག
འགྲན་སྡུར་སློང་བའི་ཡི་གེ་དང་འགྲན་ལན་འཇལ་བའི་ཡི་གེ་གང་ཡིན་རུང་ཚང་མས་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་གཞིར་བཟུང་དགོས་པ་དང་དོངས་ཡོད་གནས་ཚུལ་ལ་གཞིགས་ཏེ་འགྲན་སྡུར་སློང་དགོས་པ་དང་འགྲན་ལན་འཇལ་བའི་དགོས་པའི་དམིགས་ཡུལ་དང་ནང་དོན། མཐུན་རྐྱེན་བཅས་གསལ་བོ་འབྲི་དགོས། འགྲན་སྡུར་སློང་བའི་ཡི་གེའམ་འགྲན་ལན་འཇལ་བའི་ཡི་གེར་སྔོན་ཐོན་གྱི་རང་བཞིན་དང་གནད་དུ་ཕིགས་པ་བྱས་ན་ཕན་ཚུན་འགྲན་སྡུར་བྱས་ཏེ་ལས་འགན་ལེགས་སྒྲུབ་བྱེད་རྒྱུའི་དམིགས་ཡུལ་མངོན་དུ་འགྱུར་རོ ། །
༡༤   འགྲན་ལན་འཇལ་བའི་ཡི་གེ
དཔེ་གཞི།

                            འགྲན་ལན་འཇལ་བའི་ཡི་གེ
༞འཛིན་གྲྭའི་སློབ་གྲོགས་རྣམས་པ།
 ཁྱེད་ཚོིའི་འཛིན་གྲྭའི་འགྲན་སྡུར་སློང་བའི་ཡི་གེ་ལག་སོན་བྱུང་བས། ང་ཚོས་སྤྲོ་སེམས་རབ་ཏུ་འཁོར་བའི་ངང་ཁྱེད་ཚོར་སློབ་སྦྱོང་བྱེད་པར་མ་ཟད།   ཁྱེད་ཚོས་འགྲན་སྡུར་བསླངས་པའང་དང་ལེན་ཞུ་རྒྱུ་ཡིན།
   ཁྱེད་ཚོས་བཏོན་པའི་མཐུན་རྐྱེན་ཁག་ངེད་ཀྱིས་མོས་མཐུན་ཞུ་རྒྱུ་ཕུད་ད་དུང་དོན་ཚན་གཉིས་ཁ་གསབ་རྒྱག་རྒྱུ་གཤམ་གསལ།
 དངོས་སྦྱོང་བྱེད་རིང་སྐབས་དོན་སློབ་སྦྱོང་བྱེད་རྒྱུར་ལྷོད་ཡེངས་བྱེད་རྒྱུ་མེད་པ་དང་ཉིན་ལྟར་ཆུ་ཚོད་སྐར་མ་༞སྤྱད་དེ་ཚགས་པར་ཀློག་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་གཅིག
 དངོས་སྦྱོང་གི་ཐོག་མའི་ཟིན་ཐོ་ནན་ཏན་བཀོད་དེ་དངོས་སྦྱོང་མཇུག་འགྲིལ་སྐབས་སློབ་མ་མི་རེ་དངོས་སྦྱོང་གི་ཕྱོགས་སྡོམ་སྤུས་ཚད་མཐོ་ཙམ་ལྡན་པ་རེ་སློབ་གྲྭར་འབུལ་དགོས་པ་དང་གཉིས་སོ། །
                         གུས་འདུད་དང་བཅས།
                ༞འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱིས༝ལོའི་༞ཟླ་༞ཚེས་
                               ཉིན་ལ་
                                    ཕུལ །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号