ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །ཆེད་སྤྱོད་ཡི་གེའི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༡༨ གྲོས་ཚོགས་ཀྱི་ཟིན་ཐོ།

 གྲོས་ཚོགས་ཀྱི་ཟིན་ཐོ་ཞེས་པ་ནི་ཚོགས་འདུ་ཚོགས་སྐབས་གྲོས་ཚོགས་ཀྱི་གནས་ཚུལ་ཏེ། གཏམ་བཤད་བྱེད་མཁན་གྱི་མིང་དང་གཏམ་བཤད་བྱས་པའི་ནང་དོན། གྲོས་སྡུར་བྱས་པའི་གནད་དོན། གྲོས་ཆོད་བཅས་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པ་ལ་ཟེར།
 གྲོས་ཚོགས་ཀྱི་ཟིན་ཐོས་གྲོས་ཚོགས་ཀྱི་དོན་སྙིང་བརྒྱུད་བསྒྲགས་བྱེད་རྒྱུ་དང་རྗེས་མའི་ལས་དོན་ཕྱོགས་སྡོམ་བྱེད་སྐབས་གཞི་འཛིན་གྱི་ནུས་པ་ཐོན་ཡོད།   གྲོས་ཚོགས་ཀྱི་ཟིན་ཐོ་གལ་ཆེན་ཞིག་ཡིན་ཕྱིན་ངེས་པར་ཡིག་ཚང་དུ་བཞག་སྟེ་ཞིབ་དཔྱོད་བྱེད་ཡུལ་བྱེད་དགོས།
 གྲོས་ཚོགས་ཀྱི་ཟིན་ཐོ་འགོད་སྟངས།
༡ གྲོས་ཚོགས་ཀྱི་གནས་ཚུལ་ཏེ། གྲོས་ཚོགས་ཀྱིི་མིང་དང་དུས་ཚོད། ཚོགས་ཡུལ། ཚོགས་འདུར་དངོས་སུ་ཞུགས་མཁན་དང་ཟུར་ཞུགས་མཁན་གྱི་གྲངས། དེ་བཞིན་གྲོས་ཚོགས་གཙོ་སྐྱོང་བྱེད་མཁན་དང་ཟིན་ཐོ་འགོད་མཁན་བཅས་འདུས་སོ། །
༢ གྲོས་ཚོགས་ཀྱི་ནང་དོན་ནི་གྲོས་ཚོགས་ཀྱི་ཟིན་ཐོའི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན། གསུང་བཤད་དམ་གཏམ་བཤད་དམ་ཡིག་ཆ་གང་རུང་བརྒྱུད་བསྒྲགས་བྱས་པའི་ནང་དོན། གྲོས་སྡུར་བྱས་པའི་གནད་དོན། སྡོམ་ཚིག་བཞག་པ་བཅས་ཟིན་ཐོ་དགོད་བྱའི་ནང་དོན་གཙོ་བོ་རེད།
 གྲོས་ཚོགས་ཀྱི་ཟིན་ཐོ་འགོད་ཐབས་གཉིས་ཏེ།
༡ ཟིན་ཐོ་གནད་བསྡུས་འགོད་པ་ཞེས་པ་ནི་གྲོས་ཚོགས་ཀྱི་སྙན་སྒྲོན་ནམ་ཡིག་ཆ་བརྒྱུད་བསྒྲགས་བྱས་པའི་ནང་དོན༼གནད་ཆེ་ས༽དང་། གྲོས་བསྡུར་རམ་རྩོད་གླེང་བྱུང་བའི་གནད་དོན། དེ་བཞིན་གྲོས་འཆམ་བྱུང་བའི་གྲོས་ཆོད་བཅས་ཁོ་ན་མ་གཏོགས་་མི་འགོད།
༢ ཟིན་ཐོ་ཞིབ་ཕྲ་འགོད་པ་ཞེས་པ་ནི་གྲོས་ཚོགས་ཀྱི་གནས་ཚུལ་མ་ལུས་ཡོངས་སུ་རྫོགས་པ་ཟིན་ཐོ་འགོད་དགོས་ཤིང་། དེ་ནི་གཏམ་བཤད་བྱེད་མཁན་སོ་སོའི་མིང་དང་སྐད་ཆ་འགོད་དགོས་པ་ཙམ་དུ་མ་ཟད། ཐ་ན་གཏམ་བཤད་བྱེད་ཚེའི་འགུལ་སྟངས་དང་ཉམས་འགྱུར། གྲོས་ཚོགས་ཀྱི་རྣམ་པ་བཅས་ཟིན་ཐོ་འགོད་དགོས།
 གྲོས་ཚོགས་གལ་ཆེན་གྱི་ཟིན་ཐོ་ཡིན་ན་གཙོ་སྐྱོང་བྱེད་མཁན་དང་ཟིན་ཐོ་འགོད་མཁན་གྱིས་འབྲི་ཤོག་གི་གཡས་ཤམ་དུ་མིང་རྟགས་བཀོད་དེབའགན་ཁུར་བའི་རྣམ་པ་མཚོན་པར་བྱེད་དགོས།
 གྲོས་ཚོགས་ཀྱི་ཟིན་ཐོ་འགོད་སྐབས་དོ་སྣང་བྱེད་དགོས་པ་གཤམ་གསལ།
༡ ཟིན་ཐོ་གནད་དུ་འཁེལ་བ་འགོད་དགོས་པ་སྟེ། སྙན་སྒྲོན་བྱེད་མཁན་དང་གཏམ་བྱེད་མཁན། གྲོས་ཚོགས་ཀྱི་དོན་དངོས་བཅས་ཇི་ལྟ་དེ་ལྟར་འགོད་དགོས་པ་ལས་གྲོས་ཚོགས་ཀྱི་ནང་དོན་ནམ་སྙིང་དོན་སོགས་རང་སྣང་གང་ཤར་གྱིས་ཁ་སྐོང་ངམ་བཟོ་བཅོས་བྱེད་མི་རིགས། སྒོས་སུ་ལས་དོན་གྲོས་ཚོགས་ཀྱི་གྲོས་ཆོད་ཅིག་ཡིན་ཕྱིན་དེ་ནི་ལས་དོན་སྒྲུབ་པ་དང་ལས་དོན་ཞིབ་བཤེར་བྱེད་སྐབས་གཞི་འཛིན་ས་ཡིན་པས། གྲོས་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་གཟབ་ནན་འགོད་དགོས་པ་ལས་ཡོ་འཛོལ་གང་ཡང་མི་ཡོང་བ་བྱེད་དགོས།
༢ གྲོས་ཚོགས་ཀྱི་ཟིན་ཐོ་དེ་་ལ་ཕྱིན་ཆད་ལྟ་བདེ་ཡོང་བའི་ཕྱིར་དུ་དྭངས་ཤིང་གསལ་བོར་འགོད་དགོས་གཤིས། ཟིན་ཐོ་འགོད་མཁན་གྱིས་གཏམ་བཤད་བྱེད་མཁན་གྱི་གཏམ་བཤད་ཀྱི་ནང་དོན་གཙོ་བོར་ཡེངས་མེད་རྩེ་གཅིག་མཉན་ཏེ་ཐོ་འགོད་དགོས་པ་ལས་བསྐྱར་ཟློས་དང་གཏམ་ཉོག དོན་དག་གལ་ཆེན་ལ་འབྲེལ་བ་མེད་པའི་ཚིག་རྣམས་སྤྱིར་བཏང་ཐོ་མི་འགོད་མོད། འོན་ཀྱང་གྲོས་ཚོགས་ཁྱད་པར་བ་ཞིག་ཡིན་ན་བསྐྱར་ཟློས་སམ་གཏམ་ཉོག་གང་རུང་་ཚང་མ་ཐོ་འགོད་དགོས། དགོས་གལ་བྱུང་ཚེ་གྲོས་ཚོགས་གྲོལ་རྗེས་ཟིན་ཐོ་ཞུ་དག་བྱས་ནས་ངེས་པར་འབྲེལ་ཡོད་མི་སྣའི་སར་བསྐྱལ་ཏེ་ཞིབ་ལྟ་བྱེད་དུ་འཇུག་དགོས།
དཔེ་གཞི།

                             ༞རྫོང་ཨུའི་གྲོས་ཚོགས་ཟིན་ཐོ།
དུས་ཚོད།                          ༞ལོའི༞ཟླ་༞ཚེས༞ཉིན།
ཚོགས་ཡུལ།                        རྫོང་ཨུའི་ཚོགས་ཁང་། 
ཚོགས་འདུར་དངོས་སུ་ཞུགས་མཁན།༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞ ༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༝༝༝༞༞༞༞༞༞༞༞༞༞༞༞༞༞༞༞༞༞བཅས།
ཟུར་ཞུགས་མཁན། ༞༞༞༞       ༞༞༞༞།
ཚོགས་འདུ་གཙོ་སྐྱོང་བྱེད་མཁན། ༞༞༞   ༞༞༞།
གྲོས་ཚོགས་ཀྱི་ནང་དོན།   ཧྲུའུ་ཅི་༞༞༞༞ཡི་རང་རྫོང་གི་འདི་ལོའི་སློབ་གསོའི་ལས་དོན་སྐོར་གྱི་སྙན་སྒྲོན།
 ཧྲུའུ་ཅི་༞༞༞༞༞ཡིས་གསུང་དོན། ༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞༞།
 
 
 
 
 
 
 
                                                                    གཙོ་སྐྱོང་བྱེད་མཁན། ༞༞༞༞
                                                                   ཟིན་ཐོ་འགོད་མཁན། ༞༞༞༞༞
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号