ད་སྔ་གཟིགས་བཞིན་པ།  མདུན་ངོས། > རིག་ཚན་སློབ་ཁྲིད། > བོད་ཡིག
༄༅། །གཞུང་ཡིག་གི་སྐོར།
སྤེལ་དུས།04-29  ཡོང་ཁུངས།  རྩོམ་པ་པོ།
༦ བརྡ་ཁྱབ།
བརྡ་ཁྱབ་ཅེས་པ་དེ་ནི་རྒྱལ་ཁབ་དེ་ནི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ཁྱབ་ཁོངས་ངེས་ཅན་ཞིག་གི་མི་དམངས་སམ་ལས་ཁུངས་ཚོགས་པས་ཤེས་རྟོགས་་ཡོང་དགོས་པའམ་བརྩི་སྲུང་བྱེད་དགོས་ངེས་ཀྱི་སྒྲིག་ཡིག་ཁྱབ་བསྒྲགས་བྱེད་པ་ཡིན་ཅིང་། དེ་མི་མང་བོ་འདུ་འཛོམ་བྱེད་སར་སྦྱོང་དགོས་པར་མ་ཟད། ཚགས་པར་ཐོག་ཏུ་བཀོད་ནའང་ཆོག
༧ འཆར་གཞི།
ང་ཚོས་སློབ་སྦྱོང་དང་བྱ་བ། ཐོན་སྐྱེད་བཅས་ཀྱི་ལས་འགན་་རེ་རེ་སྒྲུབ་དགོས་པའི་གོ་སྐབས་སུ་སྔོན་ལ་ལས་འགན་དེའི་དོན་སྙིང་དང་དེ་བཞིན་གང་འདྲ་བྱས་ནས་ལེགས་སྒྲུབ་བྱ་རྒྱུའི་ཐད་ངེས་པར་ངོས་འཛིན་གསལ་ཞིང་ཡང་དག་པ་དགོས་པས་དེར་བཀོད་སྒྲིག་གམ་ལས་ཀའི་རྩིས་ཞིག་དགོས། བཀོད་སྒྲིག་གམ་ལས་ཀའི་རྩིས་གཞི་དེ་ཡིག་ཐོག་ཏུ་འགོད་པར་འཆར་གཞི་ཟེར།
 འཆར་གཞི་ཕན་ནུས། ལས་འགན་སྣ་ཚོགས་སྒྲུབ་སྐབས་འཆར་གཞི་བཟོས་ནས་ཕན་ནུས་མང་བོ་ཡོད་ཅིང་། དེའང་ལས་ཀ་བྱེད་མཁན་དང་ལས་འགན་སྒྲུབ་མཁན་ཚང་མས་ལས་ཀ་དང་ལས་འགན་གྱི་དམིགས་ཡུལ་དང་བླང་བྱ། གང་འདྲ་སྒྲུབ་དགོས་པའི་ཐབས་བཅས་གསལ་རྟོགས་ཐུབ་པ་དང་གཅིག ལས་ཀ་བྱེད་སྐབས་གོ་རིམ་ཡོད་སྟབས་སྔོན་ལ་ཇི་ལྟར་སྒྲུབ་དགོས་པ་དང་རྗེས་སུ་གང་འདྲ་སྒྲུབ་དགོས་པ། གང་འདྲ་བྱས་ནས་སྒྲུབ་དགོས་ པ། གནད་དོན་གང་ལ་དོ་སྣང་བྱེད་དགོས་པ་བཅས་གསལ་རྟོགས་ཐུབ་པ་དང་གཉིས། མི་དང་དངོས་པོ་འོས་འཚམ་གྱིས་བཀོད་སྒྲིག་དང་བེད་སྤྱོད་བྱེད་ཐུབ་པ་དང་། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་དང་གསུམ། མུན་འཐོམས་ཀྱི་རང་བཞིན་སེལ་ཐུབ་པ་དང་འཕྲོ་རླག་འགྲོ་བ།  བྲེལ་འཚུབ་ཟང་ཟིང་ཆེ་བའི་གནས་ཚུལ་ཉུང་དུ་གཏོང་ཐུབ་པ་དང་བཞི།   ལས་འགན་སྒྲུབ་རིང་ཞིབ་བཤེར་དང་ལྟ་སྐུལ་བྱེད་ཐུབ་པ་དང་ལས་འགན་བསྒྲུབས་རྗེས་འཆར་གཞི་གཞིགས་ནས་ཞིབ་བཤེར་དང་ཕྱོགས་སྡོམ་བྱེད་ཐབས་བདེ་བོ་ཡོང་བ་དང་ལྔའོ། །
 འཆར་གཞིའི་སྣེ་རིགས། ཐོན་སྐྱེད་དང་བྱ་བ། སློབ་སྦྱོང་། དུས་ཚོད་རིང་ཐུང་བཅས་ཀྱི་ནང་དོན་ལྡན་པའི་སྣེ་རིགས་འདྲ་མིན་སྣ་ཚོགས་ཡོད་པ་སྟེ། དུས་ཚོད་ལ་གཞིགས་ནས་དབྱེ་བ་ནི་ལོ་འཁོར་གྱི་འཆར་གཞི་དང་ནམ་དུས་ཀྱི་འཆར་གཞི། ཟླ་རེའི་འཆར་གཞི་སོགས་ཡོད་པ་དང་གཅིག ནང་དོན་ལ་གཞིགས་ནས་དབྱེ་བ་ནི་ཐོན་སྐྱེད་འཆར་གཞི་དང་བྱ་བའི་འཆར་གཞི། སློབ་སྦྱོང་གི་འཆར་གཞི་སོགས་ཡོད་པ་དང་གཉིས།   དེ་མིན་ཡིག་ཐོག་ནས་གསལ་བཤད་བྱེད་པའི་འཆར་གཞི་དང་རེའུ་མིག་གི་ཐོག་ནས་གསལ་བཤད་བྱེད་པའི་འཆར་གཞི་རིགས་གཉིས་དང་། ཡིག་ཐོག་དང་རེའུ་མིག་གཉིས་གཅིག་ལྕོགས་ཀྱིས་གསལ་བཤད་བྱེད་པའི་འཆར་གཞིའང་ཡོད།
༨ ཕྱོགས་སྡོམ།
ཕྱོགས་སྡོམ་ཞེས་པ་དེ་ནི་དུས་རིམ་ཞིག་གིས་ལས་དོན་དང་སློབ་སྦྱོང་། བསམ་བློའི་སྣང་ཚུལ་བཅས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་བྲིས་པའི་སློབ་སྟོན་གྱི་རང་བཞིན་ལྡན་པའི་སྡོམ་ཚིག་ཡིག་ཐོག་ཏུ་འགོད་པ་ལ་ཟེར། སྐབས་འགར་དེས་མཚོན་པར་བྱས་པའི་ནང་དོན་ནི་སྟབས་བདེ་ཙམ་དང་དུས་ཚོད་ཐུང་ཙམ། གཞི་ཁྱོན་ཆུང་ཙམ་བཅས་ཡིན་ན་ཐོག་མའི་ཕྱོགས་སྡོམ་ཡང་ཟེར།
༩ སྤྱི་ཆིངས།
སྤྱི་ཆིངས་ཞེས་པ་དེ་ནི་མང་ཚོགས་ཀྱིས་བྱ་བ་དང་ཐོན་སྐྱེད། སློབ་སྦྱོང་སོགས་ཀྱི་ལས་འགན་ལེགས་སྒྲུུབ་བྱ་རྒྱུར་འགན་ལེན་ཡོང་བའི་ཆེད་དུ་ཐུན་མོང་གིས་གྲོས་སྡུར་དང་གོ་སྡུར་བྱས་ཏེ་ལྷན་དུ་བརྩི་སྲུང་བྱ་རྒྱུའི་བྱ་སྤྱོད་ཀྱི་ཚད་གཞི་དེ་ཡིག་ཐོག་ཏུ་འགྲོ་དགོས་པ་རེད།   སྤྱི་ཆིངས་ལ་བཀག་རྒྱའི་ནུས་མཐུ་ངེས་ཅན་ལྡན་ཅིང་། དེས་གང་ཞིག་བྱེད་འོས་པ་དང་གང་ཞིག་བྱེད་མི་འོས་པ་སོགས་གསལ་བོ་བསྟན་ཏེ་སྤྱི་ཆིངས་འཇོག་མཁན་ཚོས་རང་རྟོགས་ཀྱི་སྒོ་ནས་བརྩི་སྲུང་བྱེད་དགོས་པའི་བླང་བྱ་འདོན་པ་དང་། དེས་བྱ་བ་དང་ཐོན་སྐྱེད།   སློབ་སྦྱོང་སོགས་ཀྱི་ཐད་ལ་སློབ་སྟོན་དང་ལྟ་སྐུལ་གྱི་ཕན་ནུས་ངེས་ཅན་ངེས་ཅན་འཐོན།
སྤྱི་ཆིངས་ལ་རྒྱལ་གཅེས་སྤྱི་ཆིངས་དང་སློབ་སྦྱོང་གི་སྤྱི་ཆིངས། འཕྲོད་བསྟེན་གྱི་སྤྱི་ཆིངས། ཞབས་འདེགས་ཞུ་བའི་སྤྱི་ཆིངས། དམག་བཀུར་ཁྱིམ་སྐྱོང་གི་སྤྱི་ཆིངས། སྲིད་བཀུར་དམངས་གཅེས་ཀྱི་སྤྱི་ཆིངས་ལ་སོགས་པ་ཡོད།

སྤྱི་ཆིངས་འཇོག་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན། སྲིད་ཇུས་དང་བཀའ་ཁྲིམས།   མང་ཚོགས་ཀྱི་ཁེ་ཕན་བཅས་དང་མཐུན་པར་བྱེད་དགོས་པ་དང་གཅིག མང་ཚོགས་ཀྱི་ལམ་ཕྱོགས་སྤྱད་དེ་དམངས་གཙོ་དར་སྤེལ་གང་ལེགས་བཏང་སྟེ་དོན་ཚན་རེ་རེ་བཞིན་གྲོས་སྡུར་གཏིང་ཟབ་བྱས་ནས་གྲོས་འཆམ་འབྱུང་བ་བྱེད་དགོས་པ་ལས། འགོ་ཁྲིད་དམ་མི་ཁ་ཤས་ཀྱིས་བརྒྱ་ཁ་གཅིག་གཅོད་བྱེད་མི་རིགས་པ་དང་གཉིས། ཚིག་སྦྱོར་གྲ་དག་བྱས་ནས་ལག་བསྟར་དང་ཞིབ་བཤེར་བྱེད་པར་སྟབས་བདེ་བ་ཡོང་བར་བྱེད་དགོས་པ་དང་གསུམ། ལག་ལེན་བསྟར་ཚེ་མི་འདང་བ་ཡོད་པ་མཐོང་ཚེ་གྲོས་སྡུར་བྱས་པ་བརྒྱུད་ནས་དུས་ཐོག་ཏུ་བཟོ་བཅོས་དང་ཁ་གསབ་བྱེད་དགོས་པ་དང་བཞིའོ།  །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号