ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
གསང་བའི་དངོས་པོ་ལ་འཇུག་པ་ནི། མི་གཞན་དག་དང་ཐུན་མོང་མ་ཡིན་པའི་དངོས་པོ་དེ་གཞན་གྱིས་ཤེསདོགསནསགསང་བའིསྐབསསུརང་གི་བརྡ་སོང་བའི་གང་ཟག་ལ་མི་གཞན་དང་ཐུན་མོང་དུ་གཏམ་སྨྲ་བའི་ཚེདེ་ཞེས་བརྗོད་པས་གོ་བ་སྟེ། དཔེར་ན། དེ་མ་སྟོན། དེ་མ་ཟེར། དེ་བསྒྲག་པར་མི་བྱ་ལྟའོ།
བདག་གི་བ་ལ་འཇུག་པ་ནི། རྗོད་པ་པོ་ཉིད་དང་འབྲེལ་བའི་དངོས་པོ་ལ་འཇུག་པ་སྟེ། དཔེར་ན།རང་ཉིད་ཀྱི་ཡོབྱད་སོགས་ལ་མིག་གཏད་དེ། བདག་གི་དེ། ངའི་དེ། རང་གི་དེ་ལྟ་བུ་སྟེ། འདི་ཡང་རྗོད་པ་པོ་ང་ཉིད་ལ་དེ་ཞེས་མི་བརྗོད་ཅིང༌། རང་ཉིད་དང་འབྲེལ་བའི་དངོས་པོ་གཞན་བརྗོད་པ་ན།དེ་ཞེས་པའི་སྒྲ་འཇུག་པའི་ཁྱད་པར་དབྱེ་བའིཕྱིར་མཛད་པའོ།  
དངོས་པོ་ཕ་རོལ་བོ་ལ་འཇུག་པ་ནི། གང་ཟག་ཕ་རོལ་བོ་དང༌། དེ་དང་འབྲེལ་བའི་དངོས་པོ་གཉིས་ལ་འཇུགསྟེ། དཔེརན། མིདེ། ལྷ་དེ། སྐྱེས་བུ་དེ་ལྟ་བུ་གང་ཟག་དང༌། ཁྱོད་ཀྱི་དེ།གཞན་གྱི་དེ་ལྟ་བུ་ཕ་རོལ་བོ་དང་འབྲེལབའི་དངོས་པོ་སྟོན་པའོ།
དེལྟར་ཡང་སྨྲ་སྒོར།བདེན་པ་དག་དང་གསང་བ་དང༌། ། བདག་གི་བ་དང་ཕ་རོལབོ། །དངོས་པོདག་ལ་འཇུག་པ་བཞི། །ཞེསལྟར་རོ།
དུས་ལ་འཇུག་པ་གཉིསནི། འདསདངའོངསཔའི་དུསགཉིསསོ། ། འདསཔའིདུསའཇུག་པ་ནི། ད་ལྟ་བྱེད་བཞིན་པ་དང༌། ཡོད་བཞིན་པའི་དུས་དེའི་སྐད་ཅིག་སྔ་མ་ཡན་ཆད་ཐམས་ཅད་ལ་འཇུག་གོ །མ་འོངསཔའིདུསཀྱང་ད་ལྟ་བའི་སྐད་ཅིག་ཕྱི་མ་ཕན་ཆད་ཐམས་ཅད་ལའཇུག་གོ །དེ་ཡང་བསྐལ་བ་དང༌། ལོ་དང༌། ཟླ་བ་དང༌། ཞག་གཅིག་དང༌། སྐད་ཅིག་མ་གང་ལ་ད་ལྟར་བཟུང་བ་དེ་ལ་ལྟོས་པའིའདས་པ་དང་མ་འོངས་པ་ལ་འཇུག་པའི་སྐབས་ཕྱེད་དགོས་ཏེ། དཔེར་ན། དེ་རིང་གི་དུས་ད་ལྟ་བར་བཟུང་བའི་ཚེ། ཁ་སང་གི་དུས་དེ་ལ་ཞེས་ཁ་སང་ཡན་ཆད་ཀྱི་འདས་པ་ལ་དེ་འཇུག་པ་དང༌།སང་གི་དུས་དེ་ཙ་ན་འདི་བྱེད་ལྟ་བུ།སང་ཉིན་ཕན་ཆད་ཀྱི་མ་འོངས་པལ་དེ་འཇུག་པལྟ་བུའོ། །
དེ་ལྟར་ཡང་སྨྲ་སྒོར འདས་པ་དང་ནི་མ་འོངས་པའི། ། དུས་ཉིད་ལ་ནི་འཇུག་པ་གཉིས། །ཞེས་པ་ལྟརརོ། །དེ་ནི་མི་འཇུག་པ་གཉིས་ཡོད་དེ། དངོས་པོའི་ནང་ནས་བདག་དང༌། དུས་ཀྱི་ནང་ནས་ད་ལྟ་བ་ལ་འཇུག་གོ །དེ་ལྟར་ཡང་དེ་ཉིད་ལས། མི་འཇུག་པ་ནི་གཉིས་ཡིན་ཏེ། །བདག་ཉིད་ད་ལྟ་ཉིད་ལ་སྤང༌། །ཞེས་པ་ལྟར་རོ།།འོ་ན། ད་ལྟ་བའི་དངོས་པོ་ལ་མི་འཇུག་གམ་ཞེ་ན། མ་ཡིན་ཏེ།སྨྲསྒོར།དངོསཔོའི་དུསནིམིའདོརཏེ། ། ཀུན་ལརབ་ཏུ་སྦྱར་བར་བྱ། ། ཞེས་གསུངས་པ་པས།དངོས་པོ་ལ་འཇུག་པ་ནི་དུས་གསུམ་ཀ་ལ་སྦྱར་རུང་ངོ༌། །
སྐབས་འདིའི་ཐ་སྙད་ཀྱི་དབང་དུ་བྱས་པ་གསུམ་ལ། མཁས་པ་ཁ་ཅིག ཀུན་བརྟགས། གཞན་དབང་། ཡོངསགྲུབ་གསུམལ་བཞེད་དོ། །གཞན་དག་ནི། ཆོས་དང༌། ཆོས་ཅན་དང༌། གཉིས་ཀ་མ་ཡིན་པའི་ཐ་སྙད་ལ་བཞེད་དོ།།ལ་ལ་ལུས་ངག་ཡིད་ཀྱི་ཐ་སྙད་གསུམ་ལ་བཞེད་དོ།འདི་དག་ཐམས་ཅད་འཐད་པ་མ་ཡིན་པར་མཐོང་སྟེ། ཐ་སྙད་དམ་གྲགས་པར་དེ་ཞེས་བརྗོད་པའི་རྒྱུ་མཚན་གྱིས་ཡིན་ན་ནི།དེ་འཇུག་པའི་ཡུལ་གྱི་ཆོས་གང་ལ་ཡང་ཐ་སྙད་དམ་གྲགས་པར་དེ་ཞེས་བརྗོད་པ་ཤ་སྟག་ཡིན་པས། དེའི་འཇུག་པ་ཐམས་ཅད་ཐ་སྙད་ཀྱི་དབང་དུ་བྱས་པ་ཁོ་ནར་འགྱུར་ཞིང༌། གསུམ་འདྲེན་རྒྱུཡོད་པས་ཡིན་ན་ནི། དཀོན་མཆོག་གསུམ་དང༌། སྔ་ཕྱི་བར་གསུམ་སོགས་ལའང་དེ་འཇུག་པས་ཧ་ཅང་ཐལ་བ་དང༌།རྟོགས་དཀའ་བའི་གནས་འདི་ལ་རྒྱུམཚན་གཞན་ཡང་མ་བཤད་པས་ཐ་སྙད་དང་དངོས་པོའི་འཇུག་པ་གཉིས་ཀྱི་ཁྱད་པར་མ་ཕྱེད་པར།དཔེར་བརྗོད་ཀྱང་ཟློས་ཏེ་བཀོད་པ་མང་བའི་ཕྱིར་རོ།རྣམ་གླིང་པས།་རྗོད་བྱེད་ཀྱི་ཚིག་ལ་ཐ་སྙད་ཅེས་པ་དང༌། བརྗོད་བྱའི་དོན་ལ་དངོས་པོ་ཞེས་མིང་བཏགས་པ་ཙམ་ཡིན་གསུངས་པ་ནི་ལེགས་པ་ཡིན་ཞེས་གསུངས་སོ། །
ཡང་ཀུན་བཟང་དགོངས་རྒྱན་དུ། སྤྱིར་ཐ་སྙད་ལ་བློའི་ཐ་སྙད་དང༌། མིང་ཚིག་གི་ཐ་སྙད་གཉིས་ཡོད་པ་ལས། འདིརམིང་ཚིག་གི་རྗོད་པ་ལ་ཐ་སྙད་ཅེས་བྱའོ། །དངོས་པོ་ཡང༌། དོན་བྱེད་ནུས་པ་ལ་མི་བྱེད་ཀྱི། དངོས་པོ་ཞེས་བཏགས་པ་ཙམ་ལ་བྱེད་དོ།དེ་ཡང་བརྗོད་བྱའི་དོན་ལ་དངོས་པོར་བཏགས་པ་དང། ཆོས་ཉིད་ལ་བཏགས་པ་དང༌། དགག་བྱ་ལ་བཏགས་པ་སོགས་ཡོད་པ་ལས། འདིར་ནི་བརྗོདབྱའི་དོན་ལ་བྱའོ། །དེ་ལ་ཐ་སྙད་གསུམ་གྱིའདས་པ་ནི། མིང་ཚིག་གི་རྗོད་པ་འདས་པ་སྟེ། དཔེར་ན།སངས་རྒྱས་བྱམས་པ་འབྱོན་པར་འགྱུར་རོ།དེ་ལ་འཁོར་གྲངས་མེད་དོ། །ཞེས་བརྗོད་བྱའི་དངོས་པོ་འདས་པ་མ་ཡིན་ཡང་མིང་གི་བརྗོད་པའདས་པལ། དེའི་སྒྲ་འཇུག་པ་ལྟ་བུ་དང༌། དེས་མཚོན་ནས་དོན་འདས་པ་ཞིག་སྟོན་པ་ལ་མ་ལྟོས་པར།ཚིག་གམ་མིང་གི་བརྗོད་པ་འདས་པ་ལཐ་སྙད་འདས་པ་དང༌། དེ་ལ་འཇུག་པ་ལ་ཐ་སྙད་འདས་པ་ལ་འཇུག་པ་ཞེས་བྱའོ། །དེ་བཞིན་དུ་རྣམ་གྲངས་ཀྱི་ཐ་སྙད་ཀྱང༌། དོན་གྱི་ངོ་བོ་ལ་རྣམགྲངསཕྱེ་བ་ང་ཕྱེ་བ་མ་ལྟོས་པར། མིང་ཚིག་གི་ཐ་སྙད་ཙམ་དུ་རྣམ་གྲངས་དུ་མར་ཕྱེ་བ་ལདེའི་སྒྲ་འཇུག་སྟེ། དཔེར་ན། དེ་ནི་རྒྱལ་པོ་སྟེ། ས་སྤྱོད་ཀྱང་དེ་ཡིན། སའི་བདག་པོའང་དེ་ཡིན་ལྟ་བུའོ། །ལྷག་བཅས་ཀྱང་དོན་གཞན་ཞིག་འདྲེན་རྒྱུཡོད་མེད་ལ་མི་ལྟོས་པར། ཚིག་ཕྱི་མའི་ལྷག་མ་འདྲེན་ཅིང་སྟོན་པ་ཞིག་སྟེ། གོང་དུ་བཤད་པ་གཉིས་ཀྱིས་རྟོགས་སོ། །དེ་སྒྲ་དངོས་པོ་ལ་འཇུག་པ་ནི།བརྗོད་བྱའི་དངོས་པོའི་ངོ་བོ་ཉིད་རང་མིང་གིས་བརྗོད་པ་དང༌། མ་བརྗོད་པ་ལ་མ་ལྟོས་པར།དེ་ཞེས་བརྗོད་པས་གོ་བ་ཞིག་གོ ། འགྲེལ་བ་གསལ་སྒྲོན་སོགས་སུཐ་སྙད་ཀྱི་སྐབས་སུ་ཆོས། ཆོས་ཅན།གཉིས་ཀ་མ་ཡིན་པའི་ཐ་སྙད་གསུམ་བགྲངས་ནས། དངོས་པོའི་སྐབས་སུ་རིགས། བྱ་བ། ཡོན་ཏན།རྫས་བཞི་འདྲེན་པ་དང༌། དེ་དག་གི་དཔེར་བརྗོད་ཀྱང༌། ཆོས་ཅན་དང་རིགས་གཉིས་ཀ་ལ། དེ་བུམ་པ་ཞེས་བཀོད་པ་ནི་ཟློས་པར་མ་ཟད། དེ་བུམ་པའོ་ཞེས་བརྗོད་པའི་ཚེ། བུམ་པའི་མཚན་གཞི་ཞིག་ལ་དམིགས་ནས། དེ་ཞེས་བརྗོད་དེ། དེ་ནི་བུམ་པའོ་ཞེས་སྟོན་དགོས་པས། དེའི་སྒྲས་བུམ་པའི་མཚན་གཞིའམ། རིགས་གསལ་བར་བརྗོད་པར་འགྱུར་གྱིཆོས་ཅན་བུམ་པ་སྤྱི་ཙམ་པ་དང༌། བུམ་པའི་སྤྱི་ཁྱབ་ཀྱི་རིགས་བརྗོད་པ་མ་ཡིན་པའི་ཕྱིར་སོ།དེ་བཞིན་དུ་བྱ་བའི་དཔེ་ལ། དེ་འགྲོ་ཞེས་པ་དང༌། ཡོན་ཏན་ལ། དེ་མཛེས་ཞེས་པ་དང༌། རྫས་ལ། དེ་བུམ་པའི་རྡུལ་ཞེས་བཀོད་པའང་ཆེས་མི་འཐད་དེ། དེ་འགྲོ་ཞེས་པོ་ཞིག་ལ་དམིགསནསདེ་ཞེས་བརྗོད་པ་དང༌། དེ་མཛེས་ཞེས་པའང༌། མཛེས་པའི་ཁྱད་པར་གང་ལ་ཡོད་པའི་གཞི་དེ་ཉིད་ལ་དམིགས་ནས། དེ་ཞེས་བརྗོད་དེ། དེ་ནས་འགྲོ་བའི་བྱ་བ་དང༌།མཛེས་པའི་ཡོན་ཏན་རང་མིང་གིས་བརྗོད་པ་ཡིན་པས་ན། ཚིདེའི་ཡོན་ཏན་དང་བྱ་བ་དེའི་འཇུག་ཡུལ་དུ་མི་འཐད་དོདེ་བཞིན་དུ་དུས་ལའང༌། དེ་སྔོན་གྱི་ཚེ་བྱུང༌། དེ་མ་འོངས་པ་ན་འབྱུང༌། ཞེས་པའང་དུས་ཅན་གྱི་དངོས་པོའི་ཐ་སྙད་དེ་སྒྲའི་བརྗོད་བྱར་འགྱུར་གྱིདུས་དེའི་བརྗོད་བྱར་མི་འགྱུར་བས། མི་འཐད་པར་རྟོགས་སླའོ།དེས་ན་ཐ་སྙད་ཀྱི་འདས་པ་དང༌། དུས་ཀྱི་འདས་པ་གཉིས་ཀྱང༌། སྔ་མ་མིང་ཚིག་གི་བརྗོད་པ་དས་པ་དང༌། ཕྱི་མ་དུས་འདས་པ་ཡིན་པས། དོན་དུ་གཉེར་ཞིང་བློ་དང་ལྡན་པ་དག་གིསཕྱོགས་ལྷུང་དང་བྲལབའི་སྒོ་ནས་ཅལ་སྒྲོག་ཏུ་མ་སོང་བའི་དཔྱད་པ་མཛོད་ལ་ལོངས་ཤིག་ཅེས་གསུངས་པ་ལྟར་རོ།
འདི་ཞེས་པའི་ཚིག་ཕྲད་དུས་ཀྱི་ནང་ནས་ད་ལྟ་བ་དང༌། དངོས་པོ་ཉེ་བ་དང་མངོན་སུམ་པ་སོགས་ལ་འཇུག་སྟེ། དཔེར་ན། དུས་འདི་ལྟ་བུ་ད་ལྟབ་དང༌། རི་དེ་དང་ནགས་འདི་ཞེས་པ་རི་རིང་བ་ལ་དེ་ཞེས་བརྗོད་པ་ན། ནགས་དེ་ལ་ལྟོས་ཏེ་ཉེ་བར་གོ་བ་ལ་འདི་ཞེས་སྦྱོར་བ་ལྟ་བུ་དང། བུམ་པའི་གཟུགས་ནི་འདིའོཞེས་བུགཟུགསམངོན་དུགྱུརཔ་སྟོན་པ་ལ། འདི་ཞེས་བརྗོད་པ་ལྟ་བུའོ། །དེ་ལྟར་བསྟན་བྱ་དེ་ཉིད་དངོས་པོ་ཡིན་ན། འདས་པ་དང་མ་འོངས་པ་དང་སྐབས་སུ་བབས་པའི་དངོས་པོ་ཕ་རོལཔོ་ལ་ཡང་འཇུག་པ་ཡོད་དོ།  
དེ་ཡང་སྨྲ་སྒོར། འདི་ཚིག་འདས་དང་མ་འོངས་དང༌། ། སྐབས་ཀྱི་དངོས་གཞན་དག་ལ་འཇུག །གང་ཞིག་ལ་ནི་ལྟོས་བྱས་པའི། ། ཉེ་བ་དག་དང་མངོན་སུམ་པའི། །དངོས་པོ་དག་ཀྱང་གཉིས་ཡིན་ནོ།།ཞེས་སོ། །བསྟན་བྱ་དུས་ཡིན་ན། འདས་མ་འོངས་གཉིས་དང་དངོས་པོ་ཡང་ལྐོག་གྱུར་པ་དང། རིང་བ་ལ་མི་འཇུག་གོ །དེ་ལྟར་ཡང་སྨྲ་སྒོ་ལས། སྤང་བར་བྱ་བ་འདི་ལྟ་སྟེ། །ལྐོག་ཏུ་གྱུར་དང་རིང་བ་དང༌། གལ་ཏེ་བསྟན་བྱ་དུས་ཉིད་ན། །འདས་དང་མ་འོངས་སྤང་བར་བྱ། །ཞེས་སོ། །ད་ཞེས་པའི་སྒྲ་ནི་བརྗོད་བྱ་སྟོན་པ་སྐབས་སུ་བབས་པའིཚིགཕྲདཡིན་ཏེ། དུསལྟསྦྱོར་གྱི།འདསཔའིདུས་ལ་འཇུགཡིན་ནོ 
སྨྲསྒོ་ལས། དནི་སྐབསསུབབསཔའིཚིག །ད་ལྟར་བྱུང་ལ་སྦྱོར་བ་སྟེ། །འདས་པའི་སྐབས་ལརྣམར་སྤང་། །ཞེསགསུངས་སོ། །
ཞོར་དུ་ཚིག་ཕྲད་ཅིང་སོགས་སྦྱོར་ཚུལ་བཤད་པ། 
ཚིག་ཕྲད་ཅིང་སོགས་ཀྱི་དཔེར་བརྗོད།
ཅིང་ཞིང་ཤིངགསུམམཚམས་སྦྱོར་ལ་འཇུག་པནི་དཔེར་ན། བརྗིད་ཅིང་བརྟན། བདེ་ཞིང་སྐྱིད།ཡངས་ཤིང་ཆེ་ལྟ་བུ་དང༌། གཞན་ཡང་མཚམས་སྦྱོར་ལྷག་བཅས་ཀྱི་ཕྲད་དང་འཇུག་པ་མཚུངས་པ་ཡིན་ཏེ།དཔེརན།
གྱོགས་པོར་རྒྱུག་ཅིང་(ལ། སྟེ། ནས།)རྗེསསུབསྙེགས།
སློབ་གྲྭར་སོང་ཞིང་(ལ། སྟེ། ནས།)སློབ་སྦྱོང་བྱས།
རིགགནསསྦྱངསཤིང(ལ། སྟེ། ནས།)ཡོན་ཏནའབྱོར།
དཀའ་བ་སྤྱད་ཅིང་(ལ། དེ། ནས།)དོན་ཆེན་འགྲུབ།
བསྟན་བཅོས་བརྩམས་ཤིང་(ལ། ཏེ། ནས།)དཔར་བསྐྲུན་བྱས།
སློབ་མར་ཕན་ཞིང་(ལ། ཏེ། ནས།)བསམ་དོན་འགྲུབ། ལྟ་བུའོ །
   ཅེས་ཞེས་གཉིས་མིང་དང་ཚིག་དོན་གསལ་བར་བྱེད་པ་ལ་འཇུག་པ་ནི་དཔེར་ན། མཆོག་ཅེས་གྲགས། ཡོད་ཅེས་ཐོས།སོང་ཞེས་སྐུལ་ལྟ་བུ་ཟེར་ཚུལ་གྱི་དོན་ལ་སྦྱར་བ་དང༌། ས་མཐར་ཤེས་ཡིག་སྦྱར་ན་སེམསཀྱིས་ཤེསཔའིདོན་ལ་ནོར་ཉེན་ཡོད་པས་དམིགས་གསལ་གྱིདབང་གིས་ཞེས་སྦྱོར་བ་ནི། མཛེས་ཞེས་བསྟོད་ལྟ་བུ་དང༌།
   ཅེའོ་ཞེའོ་ཤེའོ་གསུམ་ཚིག་གི་མཇུག་སྡུད་པར་འཇུག་པ་ནི་དཔེར་ན། མཆོག་ཅེའོགསལ་ཞེའོརྒྱས་ཤེའོ་ལྟ་བུ་དང་།
   ཅེ་ན་ཞེན་ཤེ་ན་གསུམ་དྲི་བའིགཞིསྟོན་པ་ལ་འཇུག་པ་ནི་དཔེར་ན། འཇུག་ཅེ་ན། ཅི་ཡིན་ཞེ་ན།ཅི་ཤེས་ཤེ་ན་སོགས་(ཟེར་ན། བརྗོད་ན། གསུང་ནའི་དོན)དྲི་བོ་དོན་པ་ལྟ་བུ་དང༌།
   ཅིག་ཞིག་ཤིག་གསུམ་སྐུལ་ཚིག་ལ་འཇུག་པ་ནི་དཔེར་ན། ཤོག་ཅིག སོང་ཞིག སློབས་ཤིག་ལྟ་བུའོ། །
   གཞན་ཡང༌། ཅིག་ཞིག་ཤིག་གསུམ་གཅིག་གི་དོན་ལ་འཇུག་པ་མང་བ་དང༌། ཅིག་ཡིག་མིང་གི་ཆ་ཤས་ལ་འཇུག་པ་ནི། ཁ་ཅིག ལན་ཅིག ཐེངས་ཅིག དུསཅིག སྟབསཅིག ཆབསཅིག ལྷན་
ཅིག་སོགས་ཡོད་པས་ཚིག་ཕྲད་མིན་པ་ཤེས་པར་བྱའོ
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号