ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
སྡོམ་ཚིག
   ཚིགཕྲད་ཅིང་སོགསབཅུབཞི་ནི། །ག་ད་བ་དང་ད་དྲག་མཐར།།ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་ན་མ་འ་ར་ལ་དང༌། །རྗེས་འཇུག་མེད་མཐར་ཞིང་ཞེས་དང༌། ཞེའོ་ཞེ་ན་ཞིག་རྣམས་དང༌། །ས་
མཐརདམིགསགསལཞེསགཏོགས། ། ཤིང་ཤིག་ཤེའོ་ཤེ་ན་འཐོབ། ། ཅིང་སོགས་རིམ་བཞིན་མཚམསསྦྱོར་དང༌། ། མིང་ཚིག་གསལ་བྱེད་མཇུག་སྡུད་དང༌། ། འདྲི་གཞི་སྐུལཚིག་སོགས་ལ་
འཇུག །མིང་གཞིའི་ཡི་གེ་གང་ཡིན་ལ། །རྗེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །དེ་ནི་བོད་ཀྱི་སྐད་གདངས་ནི། །ཐམས་ཅད་རིང་ཆ་ཡིན་པའིཕྱིར།།རྗེས་འཇུག་གཞན་ནི་མེད་པའི་མཐར།འ་མཐལངེས་པར་སྦྱོརདགོས་བྱུང༌། །དེ་ཡང་བཀས་བཅད་མཛད་སྐབས་སུ །འབྲིབཤུའི་ཡིག་ཚོགསབསྐྱུངསཔའིཕྱིར།།རྐྱང་བ་འཕུལ་ལ་འ་མཐའ་དགོས། །བརྩེགས་པ་བུ་དྲུག་ཅན་ལ་སྤངས། །འོན་ཀྱང་མིང་དང་ཐོབ་ཐང་སྐབས། །འ་མཐའ་ཡོད་བཞིན་གོ་དགོས་སོ། །ཤད་ལཆིག་ཤད་ཕུར་ཤད་དང༌། ། ཚེག་ཤད་ཉིས་ཤད་བཞི་ཤད་དང༌། ། སྦྲུལཤད་རིན་ཆེན་སྤུངས་ཤད་བདུན། །ཚིགས་བཅད་མཐའ་ལ་ཉིས་ཤད་དེ། །ཀ་ག་ཤ་རྐང་ཤད་རེར་རྩི། །ང་རྐང་ཤད་དང་མི་འདྲེས་ཆེད། །ང་མཐར་ཤད་གོང་ཕྱི་ཚེག་འབྲི། །འ་མཐར་འབྲི་བའི་སྲོལ་མ་བྱུང༌། །ཐིག་མགོརཡིག་རྡོག་གཅིག་བྱུང་ཚེ།། རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། ། ཕྱི་རྐང་ཅན་གསུམ་བྱུང་ན་ཡང༌། །སྤུངས་ཤད་བཅར་བའི་ཚུལ་གྱིས་བརྟེན། །ཡིག་རྡོག་གཉིས་སམ་གསུམ་མཐའ་རུ། །བྲིས་ཚེདེ་ཡི་དགོས་པ་སྟོར།།ལྷུག་པའི་རྣམ་གྲངས་སོ་སོ་དང༌། །དོན་ཚན་ཕལ་ཆེར་མཐའ་དང་ནི། །བོད་པའི་སྐབས་ལ་ཆིག་ཤད་དེ། །རྫོགས་ཚིག་མཐའ་རུ་ཉིས་ཤད་འཐོབ། །སྡེ་ཚན་ཆེ་བ་རྫོགས་པ་དང༌། །ལེའུའི་མཚམསསུབཞིཤདའབྲི། །འོ་འུ་འམ་འང་ཚེག་བར་ནི། །རྐང་བ་ཚང་དང་མ་ཚང་བའི། །དབངགིས་འཐོབ་ཚུལ་སྐབསདང་སྦྱར།།ཞེསཔ་ལྟརཤེསཔརབྱའོ
གཞན་ཡང་ཚིག་ཕྲད་དུ་མ་ཞིག་སྨྲ་སྒོར་བཤད་ཅིང༌། དེར་མ་བཤད་པ་ཡང་ཤིན་ཏུ་མང་བར་སྣང་ནའང་སུམ་ཅུ་བའི་གཞུང་གི་བསྟན་བྱ་དངོས་མ་ཡིན་པ་དང་གཞུང་མང་དུ་དོགས་ནས་མ་བྲིས་སོ། །དེ་ལྟར་ན་རྣམ་དབྱེ་ཚིག་ཕྲད་དང་བཅས་པའི་འཇུག་པ་བཤད་ཟིན་ཏོ
དྲི་ཚིག
༡ ཚིག་ཕྲད་ཅིང་སོགས་ཀྱི་གོ་དོན་དང་དཔེར་བརྗོད་གང་འདྲ་ཡིན།
༢ ཅིང་སོགས་ལྷག་བཅས་ཀྱི་ཕྲད་དང་མཚུངས་བའི་དཔེར་བརྗོད་གང་འདྲ་ཡིན།
༣ ཅིག་ཞིག་ཤིག་གསུམ་དོན་གཅིག་ལ་འཇུག་པའི་དཔེར་བརྗོད་གང་འདྲ་ཡིན།
༤ ཅིག་ཡིག་མིང་གི་ཆ་ཤས་ལ་འཇུག་པའི་དཔེར་བརྗོད་གང་འདྲ་ཡིན།
༥ རྗེས་འཇུག་གཞན་མེད་མཐར་འ་མཐའ་སྦྱོར་དོན་ཅི།
༦ རྐྱང་བ་འཕུལ་ལ་འ་མཐའ་དགོས། །བརྩེགས་པ་བུ་དྲུག་ཅན་ལ་སྤངས། །ཞེས་པའི་དོན་ཅི།
༧ འ་མཐའ་བསྡུས་པའི་དགོས་པ་གང༌།
༨ ཡི་གེ་དུ་མ་འདུས་པ་ལས་མིང་གྲུབ་ཅེས་པའི་དོན་གང༌།
བོད་ཡིག་ལ་ཤད་དུ་ཡོད། བཀོལ་སྟངས་ཇི་ལྟར་ཡིན།
༡༠ ཤད་ནི་ཡི་གེ་ཡིན་མིན་ཤོད།
༡༡ རྐྱེན་གྱི་ཡི་གེ་གང་དག་ཡིན།
ས་བཅད་གསུམ་པ། ཚིགས་བཅད་འགྲོལ་བའི་
མན་ངག་བཤད་པ། 
ཚིགས་སུ་བཅད་པའི་སྦྱོར་བ་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང༌། །དེ་ནི་དེ་བཞིན་སྦྱར་བར་བྱ། །
ཞེས་གསུངས་ཏེ། མདོ་རྒྱུད་བསྟན་བཅོས་རྣམས་སུ་ལྷུག་པ་ལས། ཚིགས་བཅད་བསྡུ་ཆེ་བ་ཡིན་པས།དེ་ལྟ་བསྡུ་ཆེ་བའིཚིགས་སུབཅདཔའིསྦྱོར་བ་རྣམསཀྱིབར་སྐབས་ཀྱི་རྣམ་དབྱེ་ཚིག་ཕྲད་སོགས་མངབོ་བསྡུས་ལྟ་ཅིསྨོསཏེ། ཅུངཟདཙམབསྡུས་པ་ཡོད་ན་ཡང༌། གང་བསྡུས་པའི་རྣམ་དབྱེ་ཕྲད་ལསོགས་པ་དེ་ནི། ཚིག་དང་མིང་སྔ་ཕྱིའི་དོན་གྱི་སྐབས་ལ་ལེགས་པར་བརྟགས་ཏེ། རང་རང་གི་འཇུག་པ་གོང་དུ་བཤད་པ་དེ་བཞིན་དུ་སྦྱར་ནས་དོན་མ་འཁྲུལ་བར་འགྲོལ་བར་བྱའོ།ཞེས་པའོ
དཔྱད་གཞི།
གཞུང་འདིའི་ཚིགས་བཅད་འགྲོལ་བའི་མན་ངག་བསྟན་པ་ནི། མདོ་རྒྱུད་གཞུང་ལུགས་རབ་འབྱམས་ཀྱི་བརྗོད་བྱའི་དོན་གྱི་དངོས་པོ་དེ་ཡང་རྗོད་བྱེད་ཚིག་གི་སྦྱོར་བས་གསལ་བར་བྱེད་ཅིང༌། རྗོད་བྱེད་ཀྱི་ཚིག་དེ་དག་ཀྱང་རྣམ་དབྱེ་དང་ཕྲད་ཀྱིནུས་པས་གསལ་བར་འབྱིན་པས། གཞུང་འདིར། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།མིང་ཚིག་བརྗོད་པ་ཀུན་གྱི་གཞི།ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་བསྟན་པའི་ཕྱིར་དང༌། རྟགས་འཇུག་ཏུའང༌། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་སོགས་ཀྱིས་བསྟན་པ་ལྟར།རེ་ཞིག་བརྗོད་པརའདོད་པའི་དོན་གྱི་རྣམ་པ་ཅན་ཚིག་གི་ཕྲེང་བའི་རྩོམ་ལུས་དེར་ཡང་ཚིགས་བཅད་དང༌། ཚིག་ལྷུག བཅད་ལྷུག་སྤེལ་མ་གསུམ་དུ་དབྱེ་བས། ལྷུག་པ་ལས་ཚིགས་བཅད་བསྡུ་ཆེ་བར་བརྟེན། ཚིགས་སུ་བཅད་པའི་སྦྱོར་བ་རྣམས་ཀྱི་བར་སྐབས་ཀྱི་རྣམ་དབྱེ་དང་ཚིག་ཕྲད་མང་དུ་བསྡུས་པ་ལྟ་ཅི། ཅུང་ཟད་ཙམ་རེ་བསྡུས་པ་ཡོད་ནའང་གང་བསྡུས་པའི་རྣམ་དབྱེ་དང་ཕྲད་ལ་སོགས་པ་དེ་དག་ནི། ཚིདོན་སྔ་ཕྱིའི་སྐབས་ལ་ལེགས་པར་བརྟགས་ཏེ་རང་རང་གི་འཇུག་པ་གཞུང་འདིརབསྟན་པའིབརྡ་སྤྲོདཀྱིལུགསབཞིན་སྦྱར་ཏེ་དོན་མ་འཁྲུལ་བར་འགྲོལ་དགོས་ཤིང༌། སྙན་ངག་མེ་ལོངདུ་བསྟན་པའི་ཆེད་དུ་སྦྱར་བའི་བརྗིད་པའི་ཡོན་ཏན་གྱི་རྒྱན་ལ་ཚིག་སྡུད་གལ་ཆེ་བ་ཉིད་ཀྱང་སུམ་རྟགས་ཀྱི་དགོངས་པ་དང་མཐུན་དགོས་པས།སུམ་ཅུ་བའི་གཞུང་འདིར་བསྟན་པའི་ཕྲད་དང་རྣམ་དབྱེ་རྣམས་ཀྱང་ལྷུག་པ་མ་ཟད། ཚིགས་བཅད་ལའང་དེ་ལྟར་སྦྱར་བའི་ཕྱིར་སྲུ འདི་ལྟར་བསྟན་ཏེ།ཚིགས་སུ་བཅད་པའི་སྦྱོར་བ་རྣམས། ། ཅུང་ཟད་བསྡུས་པ་ཡོད་ན་ཡང༌། ། དེ་ནི་དེ་བཞིན་སྦྱར་བར་བྱ། །ཞེསགསུངས་སོ། །
ལེའུ་གསུམ་པ། ཐ་མར་དགེ་བ་མཇུག་གི་དོན།
ས་བཅད་དང་པོ། རྗེས་འཇུག་གི་སྦྱོར་བ་ལ་བསླབ་དགོས་
པའི་རྒྱུ་མཚན་བསྟན་པ།
དང་པོ། ལུང་གིས་དོན་སྟོན་པ་ལ་རྗེས་འཇུག་གི་སྦྱོར་བ་
མེད་དུ་མི་རུང་བ་བསྟན་པ།
སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌། །མིང་གཞིའི་ཡི་གེ་གང་ཡིན་ལ། །ཉིས་སྦྲེལ་ཡོད་དམ་སུམ་སྦྲེལ་ཡོད། ། ཨཱ་ལི་བཞི་ལས་གང་ལྡན་ཡང༌། ། རྫེས་འཇུག་བཅུ་བོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །
ཅེས་གསུངས་སོ། །དེ་ཡང་སྔོན་འཇུག་ཡི་གེ་ལྔ་བོ་ཡོད་དམ་མེད་ཀྱང་རུང་སྟེ། དེ་ལྔ་བོ་ཡོད་མེད་ལལྟོསཔར་མིངགཞིསོགསསུམཅུ་ལ། ཉིསསྦྲེལ་སྒ་ལྟ་བུ་ཡོད་དམ། སུམ་སྦྲེལ་སྒྲ་ལྟ་བུ་ཡོད་པ་དང། དེ་ལ་ཨཱ་ལི་སྟེ་དབྱངས་བཞི་ལས་གང་ཡང་རུང་བལྡན་པ། སྒི། སྒུ། སྒེ། སྒོ་ལྟ་བུ་དང། སྒྲི།སྒྲུ། སྒྲེ། སྒྲོ་ལྟ་བུ་བྱུང་ན་ཡང། རྗེས་འཇུག་གི་ཡི་གེ་བཅུ་བོ་གང་རུང་མ་ཞུགས་ན། མིང་གཞན་དང་སྦྱར་ནས་དོན་སྟོན་པ་མི་སྲིད་པསདེ་གང་རུང་མ་ཞུགས་པ་ལས་གཞན་པའི་མིང་གི་སྦྱོར་བ་ནི། བོད་སྐད་ཀྱི་གསུང་རབ་ལ་ཡོད་པ་མི་སྲིད་དོ་ཞེས་པའོ། །
དཔྱད་གཞི།
ཀུནབཟང་དགོངསརྒྱན་དུ།འདིའི་མིང་ནི། སྔར་བཤད་པའི་སྔོན་རྗེས་སུ་མི་འཇུག་པའི་མིང་གཞི་ཁོ་ན་མ་ཡིན་གྱི།གང་གིས་མིང་གཞི་སྔོན་གསུངས་པ། །ཞེས་པས་བསྟན་པ་ལྟར། གསལ་བྱེད་ལམིང་གཞིར་བཤད་པ་དེའོ།ཉིས་སྦྲེལ་དང་སུམ་སྦྲེལ་ཡང་གོང་ལྟར་བརྩེགས་པ་མགོ་འདོགས་ཡོད་པ་ལ་གོབརབྱཡི། ཚེགབརགཅིགསྔོན་རྗེས་ཡོད་པ་ལྟ་བུ་ལ་མི་བྱ་སྟེ། སྔོན་འཇུག་ཡོད་དམ་མེད་ཀྱང་རུང༌། །ཞེས་སྔོན་འཇུག་ལམ་ལྟོས་པར་བཤད་ཅིང༌། རྗེས་འཇུག་བཅུ་བོ་མ་ཞུགས་ན། །ཞེས་བཤད་པའི་ཕྱིར་རོ། །
གཉིས་པ། རྗེས་འཇུག་སྦྱོར་བ་ཤེས་པ་ལ་དགོས་
པ་ཁྱད་པར་ཅན་ཡོད་པ་བསྟན་པ།
རྗེས་འཇུག་བཅུ་བོའི་དོན་ཤེས་ན། །འབྲི་དང་ཀློག་དང་འཆད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང༌། ། འབྲེལ་བར་སྨྲ་བའི་མཆོག་ཏུ་འགྱུར། ། གཞན་ཡང་རྗེས་འཇུག་ཤེས་པ་ཡིས། ། དོན་གྱི་སྦྱོར་བ་མ་མཐོང་ཡང༌། ། དོན་དང་མཐུན་པའི་སྦྱོར་བ་ཤེས། །
ཞེས་གསུངས་ཏེ། རྗེས་འཇུག་བཅུ་བོའི་དོན་ཤེས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། རྗེས་འཇུག་བཅུ་བོ་དངོས་དང༌། དེའི་རྣམ་འགྱུར་ལས་བྱུང་བའི་རྣམ་དབྱེ་ཕྲད་དང་བཅས་པའི་འཇུག་ཚུལ།དོན་གང་ལ་ཚུལ་ཇི་ལྟར་དགོས་པ་ཅིའི་ཕྱིར་འཇུག་པ་རྣམས་ཤེས་ན། མདོ་རྒྱུད་བསྟན་བཅོས་རྣམས་ཡི་གེརའབྲི་བ་དང༌། བྲིས་ཟིན་ཀློག་པ་དང༌། དེའི་དོན་གཞན་ལ་འཆད་པ་དང། དེས་མཚོན་ནས་རྩོམ་པ་དང། རྩོད་པ་ལ་སོགས་པ་རྣམས་ཀྱི་ཚེ། མིང་ཚིག་སྔ་ཕྱི་འདྲེན་ལུགས་ལ་མཁས་པའི་དབང་གིས་རྗོད་བྱེད་མིང་ཚིགསྔཕྱིའི་མཚམསསྦྱོར་བའི་སྒྲ་ལ་ཐོགས་པ་མེད་ཅིང༌། དེར་མ་ཟད་བརྗོད་བྱ་དོན་གྱི་ངོ་བོ་དང། ཁྱད་པར་ལ་སོགས་པ་སྔ་ཕྱི་མི་འགལ་བར་སྟོན་ཅིང་གཞན་ལ་གོ་བ་བདེ་བླག་ཏུ་སྟེར་ནུས་པས་འབྲེལ་བར་སྨྲ་བའིམཆོག་ཏུ་འགྱུར་རོ།།དགོས་པགཞན་ཡང༌། རྗེས་འཇུག་གི་འཇུག་ཚུལ་ཤེས་པ་ཡིས་ཏེ་ཤེས་པ་ལ་བརྟེན་ནས། གཞུང་དོན་ལེགས་པར་འབྱེད་པའི་འགྲེལ་བའི་སྦྱོར་བ་སྔར་བྱས་པ་མ་མཐོང་ཡང༌། སྔར་བྱས་པས་འགྲེལ་བའི་སྦྱོརལུགསསམ། དགོངས་པ་འགྲེལ་ལུགས་ཀྱི་དོན་དང་མཐུན་པའི་འགྲེལ་བའི་སྦྱོར་བ་རང་ཉིད་ཀྱིས་བྱེད་ཤེས་སོ། །ཞེས་འོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号