ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་དང་པོ་སུམ་ཅུ་བའི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
ལེའུ་གཉིས་པ། བར་དུ་དགེ་བ་གཞུང་གི་དོན། 
ས་བཅད་དང་པོ། ཡི་གེའི་སྦྱོར་བ་བཤད་པ།
དང་གོ དབྱེ་བའི་སྒོ་ནས་ངོ་བོ་ངོས་བཟུང་བ 
གཅིག རྩ་བའི་དབྱེ་བ
ཡི་གེ་ཨྰ་ལིཀྰ་ལི་གཉིས། །
ཞེས་གསུངས་ཏེ། བོད་ཀྱི་ཡི་གེ་ལ་དབྱེ་ན་ཨཱ་ལི་ནི་ཨ་ཕྲེང་སྟེ་དབྱངས་དང༌། ཀཱ་ལི་ནི་ཀ་ཕྲེང་སྟེ་གསལ་བྱེདདོ།། གཉིས་ཞེས་ཡི་གེའི་ངོབོཉིད་རིས་བསྡུ་ན་དབྱངས་གསལགྱི་སྒྲ་གཉིས་སུ་གྲངས་ངེས་པར་སྟོན་པའོ།
དཔྱད་གཞི།
ཡི་གེའི་ངེས་ཚིག་ནི་མིང་ཚིག་གཉིས་ཀའི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཏེ། ཡི་གེའི་གདངསཀྱི་རྣམ་པའི་རང་བཞིན་གང་ཟག་སུས་བརྗོད་ཀྱང་སྒྲའི་གདངས་གཞན་དུ་མི་འགྱུར་བས་ན་ཨ་ཀྵསྟེ་མི་འགྱུར་བའོ། །དེར་དབྱེ་ན་ཨཱ་ལི་མཚོན་བྱེད་ཨི་སོགས་བཞི་དང༌། ཀཱ་ལི་མཚོན་བྱེད་ཀ་སོགས་སུམཅུའོ།
ཡིགེ་ལ་དབྱངས་གསལ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་ནི་ང་རོའི་ཚུལ་ཀྱིས་འབྱིན་པའི་མི་གསལ་བའི་གདངས་ལ་དབྱངས་དང༌། སྒྲ་དག་གསལ་གསུམ་ཚང་བའི་ཚུལ་གྱིས་འབྱིན་པའི་གདངས་ལ་གསལབྱེདདེ་སྐྱེ་བོའི་སྐད་ཀྱིགདངས་ལ་དབྱངསགསལ་གྱིསྒྲགཉིས་སུགྲངསངེསཔའིཕྱིར་རོ།
བོད་ཀྱི་ཨ་ཡིག་ལ་དབྱེ་བ་བརྒྱད་ཡོད་དེ། གསལ་བྱེད་ཀུན་གྱི་མ་རུ་གྱུར་པའི་ཨཡིག་དང༌། ཨི་གུག་པ། ཨུ་སྨད་པ། ཨེ་སྒྲེང་བ། ཨོ་བསྟོད་པ་བཅས་བརྗོད་དུ་ཡོད་པའིལྔདང། བརཚེགསྲོགགིདང་ཀྱོག་གླང་སྣའི་ཨ།མཐར་བཤད་རྣམ་བཅད་ཀྱི་ཨ་བཅས་བརྗོད་དུ་མེད་པའི་ཨ་གསུམ་བཅས་བརྒྱད་ཡོ་དོ།
བོདཀྱི་དབྱངསབཞིལ་ཨཱལི་ཞེས་བཏགས་པའི་རྒྱུམཚན་ནི་ཨི་སོགས་དབྱངས་བཞི་ངག་ནས་འབྱིན་སྐབས་ཨི་སྟེང་དུ་གུག་པ། ཨུ་འོག་ཏུ་སྨད་པ། ཨེ་གྱེན་དུ་སྒྲེང་བ། ཨོ་བསྟོད་པའི་ཚུལ་གྱིས་བརྗོད་དགོས་པས་ཨི་སོགས་བཞིའི་མཚོན་བྱེད་དུ་གུག་གུ། ཞབས་ཀྱུ། འགྲེང་བུ། ན་རོ་བཞི་བྱས་པའོ། །བོད་ཀྱི་དབྱངས་ལ་ཨ་ཡིག་མེད་པས་ཨཕྲེང་གི་དོན་དངོས་སུ་མེད་ཀྱང་ཨི་སོགས་བཞི་ལ་ཨཱ་ལི་ཟེར་དོན་ནི།ཨཱལིཞེསརྒྱ་གརདུདབྱངས་སྤྱིའི་མིང་དུ་བྱེད་པ་བཞིན་བོད་ཀྱི་དབྱངས་ཡིག་ཨི་སོགས་བཞིར་ཐ་སྙད་དེ་སོརབཞགབྱསས།བོདཀྱི་དབྱངས་བཞིའི་འབྱུང་ཁུངས་རྒྱ་གར་གྱི་ཨཱ་ལི་བཅུ་དྲུག་ཡིན་ཞིང་དེ་དག་གི་ཆ་མཐུན་བོད་ནའང་ཡོད་པ་དང༌། ཨི་སོགས་བཞིས་ཨཱ་ལིའི་བྱ་བ་རྫོགས་པར་སྟོན་ནུས་པ་གོ་བའི་ཆེད་དུ་ཡིན་ནོ།
གཉིས། ཡན་ལག་གི་དབྱེ་བ།
ཨཱལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །
ཞེས་གསུངས་ཏེ། ཨཱལི་ནི་ཨ་ཕྲེང་དང༌། གསལ་བྱེད་ནི་གསལ་བར་བྱེད་པ་སྟེ། མཚོན་པར་བྱེད་པ་ཞེས་བྱ་བའི་དོན་ནོ །གང་གསལ་བར་བྱེད་ན། ཨཱ་ལི་སྟེ་ཨ་ཕྲེང་ངོ༌། །ཚུལ་ཇི་ལྟར་མཚོན་པར་བྱེད་ན། བོད་ཀྱི་དབྱངས་ལ་ཨ་ཡིག་མེད་པས། ཨ་ཕྲེང་གི་དོན་དངོས་སུ་མེད་ཀྱང༌། རྒྱ་གར་གྱིདབྱངས་ལ་ཨཡིགལ་སོགས་པའི་ཕྲེང་བ་དངོས་སུ་ཡོད་པས་དེ་ལ་ཨཕྲེང་ཞེས་བཏགས་པ་བཞིན་དུ། བོད་ཀྱི་ཨི་ལ་སོགས་ཡང་དེའི་ང་ནསཕྱུངསཤིང་དེ་དང་ཆ་མཐུན་པས་ཨཱ་ལི་ཞེས་གདགས་སུ་རུང་བར་མཚོན་ཞིང་གོབརནུསཔའིསྒོ་ནས་སོ། །དེའི་གྲངས་ངེས་བསྟན་པའིཕྱིར།ཨི་སོགས་བཞི། ཞེས་སྨོས་ཏེ། ཨི་ལ་སོགས་པཨུ་ཨེ་ཨོ་བཞི་ཡོད་པས་དེར་ངེས་པའོ།ཀཱ་ལི་སྟེ་ཀ་ཕྲེང་སུམ་ཅུ་ཐམ་པ་ནི། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚཛ་ཝ། ཞ་ཟ་འ་་ལ་ཤ་ས།ཧ་ཨ་རྣམས་སུ་ངེས་པའོ། །འདིརབོད་སྐད་སོར་བཞག་ལ། རིང་ཐུང་གི་རྣམ་གཞག་མེདས།རྒྱ་གརགྱིདབྱངསནསཨཱ་ཨྰི་ཨྰུ་ཨཻ་ཨཽ་རྣམས་དང༌། རྀ་རྰྀ་ལྀ་ལྰྀ་བཞི་མི་མཁོ་བས་བོར་ཞིང༌། དབྱངས་དང་པོ་ཨ་ཡིག་དེ་བོད་ཀྱི་གསལ་བྱེད་ཀྱི་ཐ་མར་བསྣན་པས། དེའིལྷག་མ་ཨིཨུཨེཨོབཞིདབྱངསཀྱིངེས་པ་མཛད་དོ། །གསལ་བྱེད་ཀྱང་རྒྱ་གརཀྱི་སྡེ་བའི་བཞི་བ་གྷ་ཛྷ་ཌྷ་དྷ་བྷ་དང༌། ལོག་པ་ཊ་ཋ་ཌ་ཎ་སྟེ་དགུ་དང༌། དྲོ་བ་ཥ་ཡིག་བཅས་པ་དང་བཅུ་བོར་བའི་ལྷག་མ་ཉེར་གསུམ་གྱི་སྟེང་དུ།བོད་སྐད་ལ་ཉེ་བར་མཁོ་བ་སྟོད་དུ་ཅ་ཆ་ཇ་གསུམ་དང༌།སྨད་དུཞ་ཟ་འ་གསུམ་དང་དྲུག་གི་སྟེང་དུ།དབྱངས་ནས་བོར་བའི་ཨཡིག་དང་བཅས་པ་བདུན་བསྣན་པས་སུམ་ཅུ་ཐམ་པར་གྲངས་ངེས་པ་མཛད་དོ། །
དཔྱད་གཞི།
དབྱངས་གསལ་སོ་བཞི་ལས་ཕ་མ་བུ་ཚའི་ཡི་གེ་ཟེར་བ་ནི་ཀ་ནས་ཧའི་བར་གྱི་གསལ་བྱེད་ཉེར་དགུ་ངག་ནས་བརྗོད་པའི་ཚེ་ཡིག་ལ་བརྟེན་ཅིང་རག་ལས་པས་ཨཡིག་ཡི་གེ་ཀུན་གྱི་མ་དང༌། ཀ་ནས་ཧའི་བར་གྱི་གསལ་བྱེད་ཉེར་དགུ་བོ་དོན་སྟོན་པར་བྱེད་པའི་བྱེད་པོ་གཙོ་བོ་ཡིན་པས་ཕའི་ཡི་གེ་དང༌། སྟེང་ན་ཞྭ་ལྟར་མཛེས་པ་གུག་གུ འགྲེང་བུ།ན་རོ་གསུམ་དང༌། འོག་ན་གདན་ལྟར་མཛེས་པ་ཞབས་ཀྱུ། ཡ་བཏགས།ར་བཏགས་བཅས་དྲུག་ལབུ་ཡིག་ཅེས་བྱའོ། །
བོད་ཡིག་ལ་སྲོག་གི་ཡི་གེ་དང་རྐྱེན་གྱི་ཡི་གེ་གཉིས་ཡོད་དེ། སྲོག་གི་ཡི་གེ་ནི་ཨདང་དབྱངས་དང་ཚེགརྣམས་ཡིན་ནོ། །སྲོག་གི་ཡི་གེ་ཞེས་པ་ནི་ཡི་གེ་རྣམས་ཀྱི་སྲོག་ཏུ་ཞུགས་པའི་དོན་མ་ཡིན་པར་ཡི་གེ་རྣམས་ཀྱི་བརྗོད་པ་གསལ་བར་བྱེད་པའི་ནུས་པ་འདོན་པའི་ཆ་ནས་སྲོག་གི་ཐ་སྙད་མཛད་དེ། བོད་ཡིག་གི་ཀནས་ཧའི་བར་གྱི་གསལ་བྱེད་ཀུན་གྱི་རྩ་བ་དང་མ་ལྟ་བུར་གྱུར་པ་ནི་ཨ་དང༌། དབྱངས་བཞི་མེད་ན་གསལ་བྱེད་ཀྱི་ཡི་གེ་ཁོ་ནས་བརྗོད་པ་རྫོགས་པར་སྟོན་མི་ནུས་པ་དང༌། བོད་ཡིག་འདི་སྔོན་རྗེས་ཀྱི་འཇུག་པ་ཅན་ཡིན་པསབརཚེགཕྱེ་ཚེག་ཁྱིམདུ་མི་འགྲུབ་ཅིང༌། ཕྱི་ཚེག་མེད་ན་སྔོན་རྗེས་མིང་གསུམ་གྱི་ཡི་གེརྣམས་འདྲེསཔར་འགྱུརབསབརྗོད་བྱའི་དོན་གསལ་བར་མི་ནུས་པས། ཨ་དང༌། གུག་གུ། ཞབས་ཀྱུ། འགྲེང་བུ། ན་རོ། བར་ཚེག་དྲུག་ནི་སྲོག་གི་ཡི་གེར་བྱས་སོ། །
རྐྱེན་གྱི་ཡི་གེ་ནི་དབུ་ཁྱུད་དང་ཤད་གཉིས་ཡིན་ཏེ། དབུ་ཁྱུད་ནི་སྔགས་ཀྱི་གཟུངས་མང་བོར་ཨོ་ཡིག་གིས་མགོ་འདྲེན་པ་ལྟར།ཝརྟུའི་ཨོཾ་ཡིག་གི་གཟུགས་འདིབྲིས་པ་རིམ་གྱིས་འགྱུར་ནས༄ ད་ལྟའི་དབུ་ཁྱུད་ཀྱི་འབྲི་སྲོལ་འདི་དར་བར་གྲགས། མཁས་དབང་དགེ་འདུན་ཆོས་འཕེལ་ནས། ཡིག་མགོའི་དང་ཀྱོག་འདི་ཡང་ཨོཡིག་གི་གཟུགས་རིམགྱིས་འགྱུར་བར་ཤེས་ཏེ། རྒྱ་དཔེ་རྣམས་ཀྱི་ལྡེབ་དང་པོ་ལ་ཨོཡིག་རེའབྲི་སྲོལའདུག་ཅིང༌། རྒྱ་ཡིག་གི་ཨོགཟུགས་ནི་ད་ལྟའི་བར་༅༅ འདི་འདྲར་སྣང་ལ། རང་རེའི་དཔེ་རྙིངའགའ་རེའི་དབུལ་ཡངདང་རྐྱོག་ཨོཾ་འདི་འདྲ་འདུག རྙིང་མའི་གཏེར་ཆོས་དག་གི་དབུ་ལ་༄༅ འདི་བྱུང་བ་དེ་ཡང་ཨོཾ་དུ་འདུག་ཅེསསྙམ། ཞེསགསུངསཔ་ལྟརདབུ་ཁྱུད་ཀྱི་ངོ་བོ་ཨོཾ་ཡིག་ཏུ་ངེས་པ་ཡིག་མགོ་བྱུང་བ་ཡིན།
།འདི་ལཆུག་ཤད། ་ ། འདི་ལ་ཚེག་ཤད། འདི་ལ་སྦྲུལཤད།  ། ། འདི་ལ་ཉིས་ཤད། འདི་ལ་རིན་ཆེན་སྤུངས་ཤད།  ། ། ། ། འདི་ལ་བཞི་ཤད་ཅེས་བྱའོ། །
བོད་ཡིག་ལ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པའི་རྒྱུམཚན་བཞི་ཡོད་དེ། སྲོག་ཅེས་པ་ནི་ཡི་གེ་རྣམས་ལབརྗོད་པ་གསལ་བར་བྱེད་པའི་ནུས་པ་སྟེར་བའི་དོན་ཏེ། དབྱངས་ཅན་སྒྲ་མདོར།དབྱངས་ཉམས་པ་གསལ་བྱེད་དོ། །བྱ་བའི་ཆེད་དུའོ།།ཞེས་ཧ་ས་སོ་སོར་བསྡུ་བའི་ཡི་གེ་དབྱངས་མེད་པ་ཁོ་ན་ལ་གསལ་བྱེད་ཟེར་ཞིང༌། ཧ་ས་རྣམས་ལ་སྲོག་ཏུ་ཨཡིག་ཞུགས་པ་ནི་ཁ་ནས་བརྗོད་བདེ་བར་བྱ་བའི་ཆེད་དུ་ཡིན་པས། རྒྱ་གར་ལེགས་སྦྱར་གྱིལུགས་ལ་གསལ་བྱེད་ཀྱི་ཡི་གེར་དབྱངས་ཀྱི་སྲོག་དང་བྲལ་ན་དོན་བརྗོད་ཀྱི་ནུས་པ་མེད་དོ།དེ་བས་རྒྱ་བོད་ཀྱི་སྐད་གཉིས་ཆ་ཐམས་ཅད་ནས་འདྲ་བ་མ་ཡིན་པས་ཡི་གེ་གཅིག་མཚུངས་སུ་བཟོ་མི་ཐུབ་པ་དང༌། བོད་ཀྱི་ཡི་གེར་འཕུལ་རྟེན་མགོ་འདོགས་ཡང་འཇུག་གི་རྣམ་གཞག་བྱས་པ་དང༌། མིང་གཞི་གང་ཡང་རུང་བའི་མཐར་རྗེས་འཇུག་གང་རུང་མ་ཞུགས་པར་མིང་གཞན་སྦྱོརབ་ཡོད་མི་སྲིད་པ་དང༌། སྔོན་མིང་རྗེསགསུམསོསོརམིའདྲེསཔའིཕྱིརདུབརཚེགཕྱེསསྟེརྒྱུམཚན་བཞིས་བོད་ལ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་མཛད་པར་གསུངས་སོ། །ཨཡིག་རྒྱ་གར་གྱིདབྱངསཡིག་ཡིན་ཡང་བོད་དུ་དབྱངས་སྲོག་ཞུགས་ཀྱི་རྣམ་གཞག་མ་བྱས་སྟབས་གསལབྱེད་ཀྱི་གྲས་སུ་བཞག་ཅིང༌། སློབ་དཔོན་ཐོན་མིས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལིསུམཅུཐམའོ།།ཞེསདབྱངས་བཞི་དང་གསལབྱེད་སུམ་ཅུར་གྲངས་ངེས་པ་མཛད་དོ
སྡོམ་ཚིག
ཡི་གེའི་མགོ་རྒྱན་དབུ་ཁྱུད་དེ། །དང་ཀྱོག་བེརྒ་ཞེས་ཀྱང་ཟེར།
ཤད་ལ་ཆིག་ཤད་ཕུར་ཤད་དང༌། །ཚེག་ཤད་ཉིས་ཤད་བཞི་ཤད་དང༌། །
སྦྲུལ་ཤད་རིན་ཆེན་སྤུངས་ཤད་བདུན། །ཚིགས་བཅད་མཐའ་ལ་ཉིས་ཤད་འཐོབ། །
ལྷུག་པའི་རྣམ་གྲངས་སོ་སོ་དང༌། །དོན་ཚན་ཕལ་ཆེར་མཐའ་དང་ནི། །
བོད་ཚིག་སྐབས་སུ་ཆིག་ཤད་འབྲི། །རྫོགས་ཚིག་སྐབས་སུ་ཉིས་ཤད་འཐོབ། །
སྡེ་ཚན་ཆེ་བ་རྫོགས་པ་དང༌། ལེའུའི་མཚམས་སུ་བཞི་ཤད་འབྲི། །
ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །ཚུགས་ཐུབ་ཆེད་དུ་སྤུངས་ཤད་འབྲི། །
ལེའུ་མཚམས་ལྟ་བུའི་བར་དག་ཏུ། །སྦྲུལ་ཤད་འབྲི་བའི་ལག་ལེན་ཡོད། །
རྐང་བ་ཤད་དང་མི་འདྲེས་ཆེད། །ང་མཐར་ཤད་གོང་ཕྱི་ཚེགའབྲི། །ཞེས་པ་དང༌།བོད་ཡིག་དབྱངས་གསལ་སོ་བཞིའི་སྐྱེ་གནས་དང་བྱེད་རྩོལསྦྱོར་ཚུལ།
རིག་གནས་གང་ཞིག་བསླབ་པ་ལ། །ཐོག་མར་ང་རོའི་གནས་ལ་སྦྱང༌། །
ཡི་གེ་སྐྱེ་གནས་མཐུན་པ་དང༌། །ཀློག་པའི་སྒྲ་གདངས་དག་པ་གཅེས། །
དབྱངས་བཞི་གསལ་བྱེད་སུམ་ཅུ་བོའི། །རང་རང་སྐྱེ་གནས་བརྗོད་པ་ན། །
ཁོག་པ་མགྲིན་པ་རྐན་སོ་མཆུ།།ལྕེ་སྣ་སྤྱི་བོ་བརྒྱད་ཡིན་ལ། །
ཀ་ཁ་ག་ང་འ་ཧ་ཨ། །མགྲིན་པའི་གནས་ལས་སྐྱེས་པ་ཡིན། །
ཨི་ཨེ་ཅ་ཆ་ཇ་ཉ་ཙ།ཚ་ཛཞ་ཡ་ཤ་རྣམས་རྐན། །
ཏ་ཐ་ད་ན་ཟ་ལ་་སསོ་ལས་སྐྱེས་དང་ཨུ་ཨོ་པ། །
ཕ་བ་མ་ཝ་མཆུལས་སྐྱེས། །ར་ཡིག་ལྕེ་ཡི་རྩེ་མོ་དང༌། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号