ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
དངོས་པོ་བདག་ལ་འཇུག་པ་དཔེར་ན། མཁས་པ་པོམཆོད་པ་པོ།མཐོང་བ་བོ། མཚོན་པ་པོ།མཁྱེན་པ་པོདེ་བཞིན་དུ། མགུ། མངག མངོན། མཇལ། མཉམ། མདུད། མནོ། མཛད་སོགས་ལ་སྦྱར་ཏེ་ཤེས་པར་བྱ།
བདག་དང་འབྲེལ་བའི་བྱེད་པའི་ལས་ལ་འཇུག་པ་ཡང༌། མཁས་པར་བྱེད། མཆོད་པར་བྱེད།མཚོན་པར་བྱེད་སོགས་བྱེད་ཚིག་ཅན་རྣམས་དང༌།
དངོས་པོ་གཞན་ལ་འཇུག་པ་ནི། མཁས་བྱ། མཆོད་བྱ། མཚོན་བྱ། ཞེས་སོགས་དང༌།
གཞན་དང་འབྲེལ་བའི་བྱ་བའི་ལས་ལ་འཇུག་པ། མཁས་པར་བྱ། མཆོད་པར་བྱ། མཚོན་པར་བྱ་ཞེས་སོགས་བྱ་ཡིག་སྦྱར་བ་རྣམས་ཡིན་པར་ཤེས་པར་བྱའོ
དུས་འདས་པ་ལ་འཇུག་པ་ནི། གོང་སྨོས་ལྟ་བུ་ལ་མཁས་ཟིན། མཆོད་པར་བྱས། མཐོང་བར་གྱུར་སོགས་སྦྱར་བ་རྣམས་དང༌།
མ་འོངས་པ་ལ་འཇུག་པ། མཁས་པར་འགྱུར།མཆོད་པརའགྱུར། ཞེས་སོགས་དང༌།
དུས་ད་ལྟ་བ་ལ་འཇུག་པ་ནི། མཁས་བཞིན་པ། མཆོད་གྱིན་སྣང༌། མཐོང་གི་འདུག ཅེས་སོགསཚིག་གྲོགསལསགསལཏེ་གོསླའོ། །
འདིརསྔོན་འཇུགརྣམསདུསདང་བདག་གཞན་སོགས་ལ་འཇུག་ཚུལ་གྱི་དཔེར་བརྗོད་གལ་ཆེ་བ་འགའ་ཞིག་བཀོད་པ་ནི། རིམཔ་བཞིན་དངོས་པོ་གཞན་དང༌། བདག་གམ་བདག་དང་འབྲེལ་བའི་བྱེད་པ་དང༌། དུས་འདས་པལ་ལ་འཇུག་པར་ཤེས་པར་བྱ་སྟེ། གཅད་བྱ་གཅོད་བྱེད་བཅད་པ་དང༌། །གཏང་བྱ་གཏོང་བྱེད་བཏང་བ་དང༌། ། གདིང་བྱ་འདིང་བྱེད་བཏིང་བ་དང༌། ། གདགས་བྱ་འདོགས་བྱེད་བཏགས་པ་དང༌། ། གདབ་བྱ་འདེབས་བྱེད་བཏབས་པ་དང༌། ། གདུལ་བྱ་འདུལ་བྱེད་བཏུལ་བ་དང༌། །གདེག་བྱ་འདེགས་བྱེད་བཏེག་པ་དང༌། །གདོན་བྱ་འདོན་བྱེད་བཏོན་པ་དང༌། །གནན་བྱ་གནོན་བྱེད་མནན་པ་དང༌། །གཞལ་བྱ་འཇལ་བྱེད་བཅལ་བ་དང༌། །གཞོམ་བྱ་འཇོམ་བྱེད་བཅོམ་པ་དང༌། །གཞག་བྱ་འཇོག་བྱེད་བཞག་པ་དང༌། ། གཞིག་བྱ་འཇིག་བྱེད་བཤིག་པ་དང༌། ། གཞིལབྱ་འཇིལ་བྱེད་བཅིལབ་དང༌། །གཞུག་བྱ་འཇུག་བྱེད་བཅུག་པ་དང༌། །གཟུག་བྱ་འཛུག་བྱེད་བཙུགས་པ་དང། །གཟུང་བྱ་འཛིན་བྱེད་བཟུང་བ་དང༌། །གསད་བྱ་གསོད་བྱེད་བསད་པ་དང༌། །ཞེས་སོགས་ཀྱི་གཅད་བྱ། གཏང་བྱ། གདིང་བྱ་ཞེས་བྱ་ཡིག་སྦྱར་བ་དངོས་པོ་གཞན་དང༌། གཅོད་པ་པོ། གཅོད་བྱེད།གཏོང་བ་བོ། འདིང་བ་པོ།འདིང་བྱེད་ཅེས་སོགས་བྱེད་ཚིག་སྦྱར་བ་དངོས་པོ་བདག་དང་བདག་དང་འབྲེལབའིབྱེད་ལས་ལའང་འཇུག
དས་འཕུལ་དངོས་པོ་གཞན་ལ་འཇུག་པ་སོགས་ནི། དགང་བྱ་འགེང་བྱེད་བཀང་བ་དང༌། །དགག་བྱ་འགོག་བྱེད་བཀག་པདང༌། །ཟོང་དགྲམ་འགྲེམ་བྱེད་བཀྲམ་པ་དང༌། །དགྲོལབྱ་འགྲོལ་བྱེད་བཀྲོལ་བ་དང༌། །དགུག་བྱ་འགུག་བྱེད་བཀུག་པ་དང༌། །དགོད་བྱ་འགོད་བྱེད་བཀོད་པ་དང༌། །དབུལ་བྱ་འབུལ་བྱེད་ཕུལ་བ་དང༌། །དབབ་བྱ་འབེབ་བྱེད་ཕབ་པ་དང༌། །དབུག་བྱ་འབིག་བྱེད་ཕུག་པ་དང། །དབྲོག་བྱ་འཕྲོག་བྱེད་ཕྲོགས་པ་དང༌། །དབྱེ་བྱ་འབྱེད་བྱེད་ཕྱེ་བ་དང༌། །སུན་དབྱུང་སུན་འབྱིན་སུན་ཕྱུངས་སོགས །ཞེས་པ་ལྟ་བུ་འདི་དག་གིས་མཚོན་ནས་རྒྱ་ཆེར་རྟོགས་པར་བྱའོ། །
སྔོན་འཇུག་གི་དགོས་པ་ཅིའི་ཕྱིར་འཇུག་པ་ནི་རྟགས་འཇུག་གི་ཉིང་ཁུ་ཡིན་པས་སླར་ཡང་འཕྲོས་དོན་དུ་བརྗོད་པ།
སྔོནའཇུག་ཕོ་བ་ཡིགནི། དགོས་པ་དུསགསུམ་ལས་འདས་པ་ལ་འཇུག་པ། དཔེར་ན། ལྷ་བསྒྲུབས།ལྕགསགསེར་དུ།བསྒྱུརཏོལྟ་བུ་བྱེད་པ་པོགཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱས་ཟིན་པ་སྟོན་པ།
ན་ཞེས་པ་དངོས་པོ་བདག་གཞན་གཉིས་ལས་གཞན་ཏེ། དཔེར་ན། བསྒྲུབ་བྱ། བསྒྲུབ་པར་བྱབ། བསྒྲུབབྱའིལྷ། བསྒྱུར་བྱ། བསྒྱུརར་བྱབ། བསྒྱུར་བྱའི་ལྕགས་ལྟ་བུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལབའི་བྱ་བ་བསྒྲུབ་པའི་ཡུལ་ཏེ་ལས་ཀྱི་དངོས་པོ་སྟོན་པར་འཇུག་པ་དང༌།
བསྒྲུབ་ཕྱིརཞེས་པ་བྱབའིལས་བསྒྲུབ་པའི་ཕྱིར་འཇུག་པ་སྟེ། དཔེར་ན། བསྒྲུབ་པར་བྱ།བསྒྱུར་བརབྱ། བཀླག་པར་བྱ་ལྟ་བུ་བྱ་བའི་ཡུལདང་འབྲེལ་བའི་བྱ་ལས་གསལབྱེད་ཀྱི་སྒྲ་ཉིད་བསྒྲུབ་པའི་ཕྱིར་འཇུག་གོ
སྔོནའཇུག་མ་ནིང་གི་ཡི་གེ་ག་ད་དག་ནི་དངོས་པོ་བདག་གཞན་གཉིས་ཀ་དང་ད་ལྟ་བ་གཙོབོར་སྟོན་པའི་ཆེད་དུ་འཇུག་སྟེདཔེར་ན།
དངོསཔོ་བདགལ་འཇུག་པ་ནི། གཅོད་པཔོགཅོད་བྱེད། དགག་པ་པོ།དགག་བྱེད་ལྟ་བུ་བྱེད་པ་པོའོ་དངོས་བོ་ང་
གཅོད་པར་བྱེད། གཅོད་དོདགག་པར་བྱེད། དགག་གོ་ལྟ་བུ་བྱེད་པ་པོ་དང་འབྲེལབའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་གཉིས་བདག་གི་དངོས་པོ་དང༌།
དངོས་པོ་གཞན་ལ་འཇུག་པ། གཅད་བྱ། གཅད་བྱའི་ཤིང༌། གཅད་པར་བྱ་བ། དགག་བྱ།དགགབྱའི་སྐྱོན། དགག་པར་བྱ་ལྟ་བུབྱེད་པ་པོ་དང་དངོས་སུ་མ་འབྲེལ་བའི་བྱ་བའི་ཡུལ་གྱི་དངོས་པོ་དང་
གཅད་པརབྱ། གཅད་དོདགག་པར་བྱ། དགག་གོ་ལྟ་བུ་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བགསལབྱེད་ཀྱིསྒྲགཉིསགཞན་གྱིདངོསཔོསྟེ། དངོསཔོབདགང་གཞན་གཉིས་ཀ་བསྒྲུབ་པའི་ཕྱིར་འཇུག་གོ  
དུས་གསུམ་ལས་ད་ལྟ་བ་སྟོན་པར་འཇུག་པ། གཅོད་ཀྱིན་འདུག གཅོད་བཞིན་འོ། དགག་གིན་འདུག དགག་བཞིན་པའོ་ཞེས་པ་ལྟ་བུ་ནི་བྱེད་པ་པོ་དང་དངོས་སུ་འབྲེལ་བའི་བྱ་བ་བྱེད་བཞིན་པའི་དུསད་ལྟསྟོནཅིང། བྱེད་ལགསལ་བྱེད་ཀྱིསྒྲཉིད་ཚི་གྲོགཀྱིསབསྒྱུརབའོ། །
སྔོན་འཇུག་གི་མོ་ཡིག་ལནི་དངོས་པོ་བདག་དང་དུས་མ་འོངས་པར་འཇུག་པ་དཔེར་ན། དངོས་པོ་བདག་ལ་འཇུག་པ། མདུད་པ་འགྲོལ་བ་བོ། འགྲོལབྱེད། ཡོས་འཐག་པ་པོ།འཐག་བྱེད་ལྟ་བུ་བྱ་བྱེད་ཐ་དད་དུ་སྣང་བའི་བྱེད་པ་པོའི་དངོས་པོ་དང༌། འགྲོལ་ལོ། ཡོས་འཐག་པར་བྱེད། འཐག་གོ་ལྟ་བུ་བྱེད་པཔོ་དང་འབྲེལ་བའི་བྱེད་ལས་གསལ་བྱེད་ཀྱི་སྒྲ་དང༌། དེ་དག་དངོས་པོ་བདག་ཡིན་པས་དེ་བསྒྲུབ་པའི་ཕྱིར་དང༌། ཞར་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་མི་ཕྱེ་བའི་བྱ་བྱེད་ཐ་མི་དད་པའི་བྱེད་ཚིག་འས་འཕུལ་ཅན་ནི་གནད་ལ་འཁོད་པ་པོ།འཁོད་བྱེད། གྱེན་དུ་འགྲེང་བ་བོ། འགྲེངབྱེད། འཁོར་བ་བོ་འཁོར་བྱེད་སོགས་ཤིན་ཏུ་མང་ངོ༌། །
དུས་མ་འོངས་པར་འཇུག་པ། དོན་འགྲུབ་པར་འགྱུར། རོལ་མོ་འཁྲོལ་བར་འགྱུར།ནད་འགོ་བར་འགྱུ་ལྟ་བུ་བྱ་བབྱེདའགྱུརའོངསཔའིདུསསྟོནཔའིཕྱིར་འཇུག་གོ །
སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་དངོས་པོ་བདག་གཞན་དང༌། དུས་གསུམ་གྱི་བྱེ་བྲག་མེད་པར་ཐམསཅད་ལ་མཉམ་པ་སྟེམཚུངས་པ་ཉིད་བསྒྲུབ་པའི་ཕྱིར་འཇུག་སྟེ། དཔེར་ན། མཁས་པ། མཁས་བྱེད། མཁསཔརབྱེད། མཁསབྱ། མཁསཔརབྱ། མཁསཔརགྱུར།མཁསབཞིན་པ། མཁས་བ་འགྱུར། མཁསཔརབྱས། མཁསཔར་བྱ་བ་སོགས་ལ་མཉམ་པ་ཉིད་དུ་འཇུག་ཀྱང་གོ་བ་སོ་སོར་ལེན་རྒྱུཡོད་པ་ཤེས་སུ་འཇུག་དགོས།
མོ་ནི་བདག་དང་མ་འོངས་ཕྱིར།ཞེསཔའི་རྩ་བའིཚིགསིཏུསབཟོབཅོསབྱསནས། མོནིབདགད་མ་འོངས་ཕྱིར། ཞེས་ད་ལྟ་བའི་དུས་སྟོན་པར་འཇུག་པ་བསྟན་ཡོད། དེ་ལྟ་ན་དེ་ཙམ་ལས་མི་ཆོག་པར་གསེར་ཏོག་འགྲེལ་བ་ལྟར།ཕོནི་འདས་གཞན་བསྒྲུབ་མ་འོངས། ། མ་ནིང་གཉིས་ཀ་ད་མ་འོངས། །མོ་ནི་བདག་གཞན་ད་མ་འོངས། །ཞེས་བཟོ་བཅོས་བྱེད་དགོས་པར་འགྱུར་བ་སོགས་ཐོན་མིའི་ཞལ་ལུང་དུ་གསལ་བས་འདིར་ཡིག་ཚོགས་བསྐྱུངས་པར་བྱས་སོ། །
དོནགྱིའཇུག་ཚུལ་རྣམ་པ་གཉིས་ཡོད་ཏེ། ། སྔ་མ་གང་ལྟར་གྱུར་པ་དང༌། ། ཕྱི་མ་གང་ལྟར་འགྱུར་བ་འོ།།ཞེས་པ་ལྟར་སྔ་མ་ནི་མིང་མཐའ་དང་རྣམ་དབྱེ་ལ་བལྟོས་སྔ་མའི་རྗེས་འཇུག་གི་ཡི་གེ་གང་ལྟར་གྱུན། ཕྱིསྟེརྗེསའཇུགལ་བལྟོས་སྦྱོར་རྒྱུའི་མིང་མཐའ་དང་རྣམ་དབྱེ་ལ་སོགས་ཀྱི་ཕྲད་ཀྱང་སྔ་མའི་རྗེས་འཇུག་དེ་ལྟར་འགྱུར་དགོས་པའི་དོན་ནོ།སྔ་མ་ནི་གོང་དུ་བཤད་པ་ལྟར་སྔོན་འཇུག་ལྔ་བོ་བདག་གཞན་དུས་གསུམ་ལ་ཇི་ལྟར་འཇུག་པ་བཞིན་དུ་རྗེས་འཇུག་བཅུ་བོ་གང་རུང་སྦྱར་ནས་སྟོན་དགོས་པསསྔོན་རྗེས་གཉིསའི་དབངགིསསྟོན་པ་ཤེསཔརབྱའོ
ཕྱིགངལྟར་འགྱུར་བ་གསུམཡོད་པ་ལས དང་པོ་མིང་མཐའ་འདྲེན་ཚུལ་ཏེ། མིང་གཅིག་ཉིད་ལ་ངོ་བོ་ཡི་ཁྱད་པར་རྫོགས་པའི་མཐའ་འདྲེན་ཚུལ་གྱི་རྗེས་སུ་འཇུག་པའི་ཡི་གེ་གང་སྦྱོར་རྒྱུ་དེ་ཡིན་པསདཔེར་ན། ཐབ་ཀ་དང་དཔྱིད་ཀ་ལ་སོགས། ཀ་ཡིག་མ་སྦྱར་ཀྱང་དོན་མི་འགྱུར་ཞིང་མིང་མཐའ་སྒྲུབ་པ་འདིའི་རིགས་ནི་མིང་མཐའ་དངོས་འདྲེན་པ་ཡིན། དེ་ལརྟགས་མཚུངས་འདྲེན་པ་ཤས་ཆེ་ཡང་བརྗོད་བདེ་འདྲེན་པའང་ཡོད་དེ། དཔེར་ན། དགོན་པ། འཇམ་པ། བུམ་པ། ཀ་བ་ལ་སོགས་སོ། །
གཉིས་པ་རྣམདབྱེསྔཤུགསའདྲེན་པའི་ཚུལ་ནི། སྔ་མའི་ཡི་གེགང་ཡིན་དེའི་རྗེས་འཇུག་གིས་རང་གི་རྟགས་མཚུངས་དང་བརྗོད་བདེའམ་སྒྲ་མཐུན་པའི་རྣམ་དབྱེ་དང་ཚིག་ཕྲད་ཀྱི་ཡི་གེ་ཐོབ་ཐང་ལྟར་དོན་འདྲ་ནའང་ཡིག་གཟུགས་མི་འདྲ་བར་འབྲི་བ་ཐམས་ཅད་མིང་མཐའ་སྔ་མའི་ཤུགས་ཀྱིས་འདྲེན་པ་ཡིན།
གསུམ་པ་ཕྲད་དང་རྣམ་དབྱེ་དེ་དག་ནང་གསེས་འཇུག་ཚུལ་ནི། མཐར་སྦྱར་འོག་མའི་མིང་དོན་ཏེ།དོན་གྲུབ་ཀྱི་ཤེས་རབ་དང། དོན་གྲུབ་ཀྱིས་ཡི་གེ་བྲིས། ཞེས་པར་དཔྱད་པ་བཏང་ནས་རྣམ་དབྱེ་གང་དང་ཕྲད་གང་སྦྱར་ནས་དོན་སྟོན་པ་ཤེས་དགོས། དེ་བས་རྣམ་དབྱེ་གང་ངམ་ཚིག་ཕྲད་གང་ཞིག་སྦྱོར་དགོས་པ་མཐར་སྦྱར་འོ་མའི་མིང་དོན་ལ་བལྟ་དགོས་ཤིང་ཕྲད་ཀྱི་ཡི་གེ་གང་ཞིག་འབྲི་དགོས་པ་སྔ་ཤུགས་འདྲེན་པ་སྟེ། ཚིག་ཕྲད་སྔོནགྱི་ཡི་གེ་དེའི་རྗེས་འཇུག་ལ་བལྟས་ནས་ཐོབ་ཐང་ལྟར་འབྲི་དགོས་སོ། །
(ཟུར་ལྟའི་རྟགས།)
ས་བཅད་བཞི་བ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ།
དང་པོ། རྗེསའཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།
རྗེས་འཇུག་ཡི་གེ་བཅུ་བོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །
ཅེས་གསུངས་ཏེ། དེ་ཡང་མཁན་པོ་ཐོན་མི་སམྦྷོ་ཊས་ཡི་གེའི་བསྟན་བཅོས་བརྒྱད་བརྩམས་པར་གྲགས་ནའང་ཕལ་ཆེར་ནུབ་པའི་དབང་གིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་མི་གསལ་བར་བརྟེན།མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་ཙམ་སྣང་ཡང༌། མཁས་དབང་པྲ་ཏིའི་འགྲེལ་ལུགས་ནི། རྗེས་འཇུག་གི་ཡི་གེ་བཅུ་བོ་དེ་ལ་ཡང༌། ཕོ་མོནིང་གསུམདུདབྱེསྟེ། ད་བ་ས་གསུམ་ནི་རྗེས་འཇུག་གི་ཕོ་དང༌། ག་ལ་ར་དང་ང་ན་མ་དྲུག་ནི་མོ། འ་ཡིག་ཁོ་ན་རྗེས་འཇུག་གི་མ་ནིང་དུ་བཞག་སྟེ། སླར་ཡང་ནང་གསེས་ཀྱི་དབྱེ་བ་ནི། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ་ཡོད་དེ། ས་སྐྱེས་བུ་རབ། ད་སྐྱེས་བུ་འབྲིང༌། བ་སྐྱེས་བུ་ཐ་མ་ཡིན། མོ་ལ་མོཙམ་དང་ཤིན་ཏུ་མོ་གཉིས་དབྱེ་བས། ག་རལ་གསུམ་མོ་ཙམ་དང༌། ང་ན་མ་གསུམ་ཤིན་ཏུམོ་ཡིན། མ་ནིང་འ་ཡིག་གཅིག་པུ་གྲོགས་ཀྱི་དབང་གིས་འགྱུར་བ་མ་ནིང༌། མཚན་གཉིས་མ་ནིང༌། མཚན་མེད་མ་ནིང་གསུམ་དུ་འགྱུར་རོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号