ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སུམ་རྟགས་རྩ་འགྲེལ་ལས་སྐབས་གཉིས་པ་རྟགས་འཇུག་གི་རྩ་འགྲེལ།
སྤེལ་དུས།01-30  ཡོང་ཁུངས།  རྩོམ་པ་པོ།
ཞེས་གསུངས་ཏེ། རྣམ་དབྱེ་དང་ཚིག་ཕྲད་དེ་དག་གང་དང་གང་འཇུག་ཚུལ་མིང་ཚིག་སྔོན་མ་སོསོའི་འཕྲོ་དེ་མ་ཐག་སྦྱར་རྒྱུའི་ཚིག་དོན་འོག་མ་གང་ཡིན་དེའི་ནུས་པས་ཤེས་དགོས་ཏེ། དཔེར་ན། ངོ་བོ་ཙམ་བརྗོད་པའི་མིང་ལྷ་ཞེས་པའི་འཕྲོ་ལ་ལེགས་སྦྱར་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སོགས་སྦྱར་ཡོད་ན་མིང་ཙམ་དུ་མ་བསྡད་པར་ཚིག་ཏུ་གྱུར་པ་ཡིན་ཡང༌། བོད་ལ་མིང་དེ་ཀ་རང་ལ་རྣམ་དབྱེ་དང་པོ་ཞེས་པ་མ་གཏོགསརྣམདབྱེ་ལོགསུསྟེར་རྒྱུ་མེད་དོ།རྣམ་དབྱེ་སྦྱར་བའི་མིང་སྟེ་དོན་གྱིངོ་བོ་ཙམ་སྟོན་པའི་མིང་ལ་སྤྱིར་འཇུག་ཅེས་བྱ་སྟེ། མིང་དེ་རྣམ་དབྱེ་དང་ཚིག་ཕྲད་སྦྱར་སའམ་འཇུག་སའི་སྤྱི་ཡིན་པས་ན་སྤྱིར་འཇུགཅེསབཏགས་པར་མངོན། མིང་དེའི་མཐར་དེ་མ་ཐག་སྦྱར་བའི་དོན་གསལ་བྱེད་ཆར་འབེབས་པར་བྱེད་ཅེས་པ་ལྟ་བུ་བྱེད་པའི་སྒྲ་ཡོད་ན་མིང་སྔོན་མའི་མཐར་རྣམ་དབྱེ་གསུམ་པ་འཇུག་སྟེ། ལྷས་ཆར་འབེབས་པར་བྱེད་ཅེས་པ་ལྟ་བུའོ། །དེ་བཞིན་དུ་ཚིག་དོན་འོག་མར་ཆེད་དུ་བྱེད་པའི་སྒྲའི་དོན་ཅན་སྡོད་ཁང་བསྐྲུན་ལྟ་བུ་ཡོད་ན། རྣམ་དབྱེ་བཞི་བ་འཇུག་སྟེ། མི་དམངས་ལ་སྡོད་ཁང་བསྐྲུན་ལྟ་བུ་དང༌། བདེ་སྐྱིད་ཡོད་ལྟ་བུ་རྟེན་བྱེད་ཀྱི་སྒྲའི་དོན་ཅན་ཡོད་ན། རྣམ་དབྱེ་བདུན་པ་འཇུག་སྟེ། མི་དམངས་ལ་བདེ་སྐྱིད་ཡོད་ལྟ་བུ་དང༌། བལྟ་བར་བྱ་ལྟ་བུལས་སུ་བྱ་བའི་སྒྲའི་དོན་ཅན་ཡོད་ན། རྣམ་དབྱེ་གཉིས་པ་འཇུག་སྟེ། བདེ་སྐྱིད་ལ་བལྟ་བར་བྱ་ལྟ་བུ་དང༌། རིན་པོ་ཆེ་བླང་ལྟ་བུ་འབྱུང་ཁུངས་ཀྱི་སྒྲ་ཡོད་ན། རྣམ་དབྱེ་ལྔ་བ་འཇུག་སྟེ། གཏེར་ཁ་ལས་རིན་པོ་ཆེ་བླང་ལྟ་བུ་དང༌། ཚིག་དོན་འོག་མར་བསྒྲུབ་པར་བྱ་བའམ་འབྲེལབརབྱ་བ་སློབ་ཁངལྟ་བུའི་འབྲེལསྒྲའི་དོན་ཅན་ཡོད་ན། མིང་སྔ་མའི་མཐར་རྣམ་དབྱེ་དྲུག་པ་འཇུག་སྟེ།སློབ་གྲྭའི་སློབ་ཁངལྟ་བུསྟེ། དེའདྲ་བའི་རྣམ་དབྱེ་དག་གི་དོན་ཅན་ཕྱི་མ་ལ་ཡོད་ཚེདེའི་སྔོན་དུ་གང་འོས་པའི་རྣདབྱེགནས་འོསཔའམརྣམ་དབྱེའི་ནང་བཤད་པ་དེ་ལས་གཞན་ཡང༌། ཚིག་ཕྲད་ཀྱི་ནང་གསེས་འདྲེན་པའང་ཡོད་དེ། ཚིག་དོན་འོག་མ་ལས་གོང་མའི་ལྷག་མ་འདྲེན་རྒྱུ་ཡོད་པ། ལྷ་ས་བར་ལྟ་བུ་ཡོད་ན།མིངསྔ་མའི་མཐརནསལྟབུསྡུད་པའི་སྒྲ་འདྲེན་ཏེ། མཚོསྔོན་ནས་ལྷ་སའི་བར། ཞེས་པ་ལྟ་བུ་དང༌།དོནལྷག་མ་བསྡུ་རྒྱུ་མེད་ན། མཚོསྔོན་ནོ།ལྷ་སའོ།ལྟ་བུའི་སླར་བསྡུའི་སྒྲ་འདྲེན་ནོཚིག་དོན་གོང་མ་ལས་ཀྱང་དེ་བཞིན་དུ་ཕྱི་མ་འདྲེན་ཏེ། གང་ལ་ཞེས་པས་དེ་ལ་འདྲེན་པ་དང༌། གང་ཡིན་གྱིས་དེ་ཡིན་ཞེས་པ་འདྲེན་པ་སོགསསོ། །ཚིག་དོན་གྱི་རྣམགྲངས་བཀོད་པ་ལས། ཚིག་དོན་གང་རུང་བསྐྱར་རྒྱུཡོད་མེད་ལ་བརྟག་ནས་སྦྱར་དགོས་ཏེ། དཔེར་ན། འདམ་སྐྱེས་རྣམས་ནི་རབ་ཏུ་ཕྱེ། །འདབ་རྒྱས་གེ་སར་སོ་ཕྲེང་རྒོད། ། དྲི་བསུང་འཐུལ་བས་ཕྱོགས་ཀུན་ཁྱབ། ། བུང་བའི་དགའ་སྟོན་རྣམ་པར་འཕེལ། །ཞེས་ལྟ་བུ་སྟེ། རབ་ཏུཕྱེ། རྒོད། འཐུལ། ཁྱབ། རྣམ་པར་འཕེལ་རྣམས་དོན་པད་མ་ཁ་བྱེནས་རྒྱས་པ་ལ་འཇུག་པའི་དོན་བསྐྱར་ཡང་ཚིག་མི་འདྲ་བས་བསྐྱར་བལྡབ་ཀྱི་སྐྱོན་མེད་ཅིང༌། ཉི་མའི་འོད་ལ་པད་མ་དགྱེས། ། བདུད་རྩིའི་ཟེར་ལ་ཀུ་མུད་དགྱེས། །དོན་ལྡན་ཚིག་ལ་མཁས་པ་དགྱེས།།ལས་དོན་བཟང་བོར་མང་ཚོགས་དགྱེས། །ཞེས་པ་ལྟ་བུ་དགྱེས་ཞེས་ཚིག་བསྐྱར་ཡང་དོན་མི་འདྲ་བས་བསྐྱར་བལྡབ་ཀྱི་སྐྱོན་མི་འབྱུང་བ་དང། དཔལགྱིའབྱོར་བ་ར་བབ། ། དཔལའབྱོརདབྱར་གྱི་མཚོབཞིན་རྒྱས། ། དལ་ལྡན་དམངས་ཀྱི་དཔལཡོན་དེ། ། དཔལའབར་ཡར་ངོའི་ཟླ་བ་བཞིན། །ཞེས་ལྟ་བུའི་ཚིག་དོནགཉིསབསྐྱརཡང་བསྒྲུབ་བྱ་སྒྲུབ་བྱེད། དཔེ་དང་དོན་སྦྱོར་ཚུལ་གྱི་དབང་གིས་བསྐྱར་བལྡབ་ཀྱི་སྐྱོན་མི་འབྱུང་བ་ལྟ་བུ།དེ་ལྟར་ཚིག་དོན་གྱི་སྡེབ་མ་ཤེས་ན་བསྐྱར་བལྡབ་སྟེ་ཟློས་སྐྱོན་འབྱུང་ངོ༌། ། གཞན་ཡང་དཔེར་ན། ལས་དོན་བཟང༌། རབ་ཏུ་བཟང༌། ཤིན་ཏུ་རབ་ཏུ་བཟང༌། ཞེས་པ་ལྟ་བུ་ཚིག་བསྐྱར་ཡང་དོན་བཟང་བ་ལས་ཀྱང་བཟང་བར་བརྗོད་པས་ཟློས་སྐྱོན་མི་བྱུང་ངོ། །ཕྱིར་ཕོ་སྒྲ་སྟེ། བདགཔོའི་སྒྲསྔར་མེད་པ་ལ་གསར་དུ་སྦྱར་བ་ཡོད་ན། མིང་སྔ་མ་བདག་པོའི་སྒྲར་འགྱུར་ཞིང། མོ་སྒྲ་དགག་ཚིག་སྔར་མེད་པ་ལ་གསར་དུ་སྦྱར་བ་ཡིན་ན། མིང་སྔ་མ་དེ་ཉིད་དགག་སྒྲར་འགྱུརརོ།   རྒྱན་དུགྱུར་པ་རྣམསཀྱངསྦྱརཚེ། སྔ་ཕྱི་དོན་མཐུན་པ་ཡིན་ན། མིང་སྔ་མ་ལ་མཐུན་པའི་ཚིག་ཕྲད་ཀྱི་སྦྱར་ཞིང༌། ཚིག་སྔ་ཕྱི་མི་མཐུན་པ་ཡིན་ན་མི་མཐུན་པའི་ཚིག་ཕྲད་ཀྱི་སྦྱར་རོ།ཚིག་གི་རྒྱན་ལའང་དོན་ལ་སྙེག་པ་སྟེ། དོན་ལོགས་སུ་སྟོན་རྒྱུཡོད་ན་ངེས་པར་སྦྱར་དགོས་ལ། དོན་ལྷག་པ་སྙེགས་ས་མེད་ཀྱང་ཚིག་གི་ཁ་སྐོང་ངམ་མཛེས་བྱེད་ཙམ་དུའང་སྦྱར་ཆོག་སྟེ། རྣམ་པར།ངེས་པར།རབ་ཏུ་ལྟ་བུ་དོན་ལ་སྦྱོར་མི་སྦྱོར་གང་བྱས་ཀྱང་རུང་ངོ༌། །དོན་སྔ་མའི་འཕྲོ་དེ་མ་ཐག་བསྟན་བྱ་ལྷག་མ་ཡོད་ན་སྔ་མར་ལྷག་བཅས་ཀྱི་སྒྲ་སྦྱར་ཞིང༌། བསྟན་བྱ་ལྷག་མ་མེད་ན་སླར་བསྡུའི་སྒྲ་རྫོགས་ཚིག་སྦྱར་རོ།།དེ་ལྟར་བརྗོད་བྱའི་དོན་རྫོགས་པ་དང་མ་རྫོགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་འཇུག་ཅིང༌། དོན་ཇི་ལྟར་སྟོན་ཚུལ་རྣམ་པར་དབྱེ་བར་བྱའོ།གོང་གི་མིང་མཐའ་དེ་དག་ཉིད་ཀྱིས་ནི། །ཞེས་སོགས་ཀྱི་མིང་སྔ་མའི་མཐའི་རྗེས་འཇུག་གི་ནུས་པས་རྣམ་དབྱེ་སོགས་འདྲེན་ཚུལ་ཡིན་ལ། འདིརཚིག་དོན་འོག་མའི་ནུས་པས་མིང་སྔ་མར་རྣམ་དབྱེ་དང་ཚིག་ཕྲད་འཐོབ་ཚུལ་འཆད་བྱེད་ཡིན་པས་ཁྱད་པརཡོད་དོ 
བཞི་བ། དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ།
ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ། ཡི་གེའི་ཁོངས་ནས་མིང་ཕྱུངས་ཏེ། ། མིང་གི་ཁོངས་ནས་ཚིག་ཕྱུངས་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །
ཅེས་གསུངས་ཏེ། རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། སྤྱིར་ཡི་གེ་ནི་མིང་ཚིག་བརྗོད་པ་ཐམས་ཅད་འབྱུང་བའི་རྩ་བའི་རྒྱུཡིན་ཏེ། ཡི་གེ་དུ་མ་འདུས་པའི་ཁོངས་ནས་མིང་ཕྱུངས། མིང་འདུས་པ་ལས་ཚིག་ཕྱུངས་ནས་བརྗོད་བྱའི་དོན་ཐམས་ཅད་སྟོན་པར་བྱེད་པའི་ཕྱིར། ཚིག་ནི་མིང་གཞི་ལ་རྗེས་འཇུག་གང་ཡང་རུང་བ་ཞིག་མ་ཞུགས་ན་རྣམ་དབྱེ་དང་ཚིག་ཕྲད་སོགས་སྦྱར་བ་མི་སྲིད་དེ། རྗེས་འཇུག་གི་ཤུགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་འདྲེན་པ་ཡིན་པའི་ཕྱིར་རོ། །རང་འབྲས་མིང་ཚིག་གི་གཞིརགྱུར་པའི་སྐད་ཀྱི་གདངསདེ། ཡིགེའི་མཚན་ཉིད་ཡིན། དབྱེ་ན་དབྱངས་དང་གསལབྱེད་གཉིསཡོད། དོན་གྱི་ངོ་བོ་ཙམ་རྗོད་པའི་སྒྲ་དེ། མིང་གི་མཚན་ཉིད། དཔེར་ན། ཀ་བ། བུམ་པ།ཞེས་པ་ལྟ་བུ་ཡིན་ཏེ། དེ་འདྲའི་སྒྲ་དེ་ཀ་བ་དང༌། བུམ་པའི་ངོ་བོ་ཙམ་རྗོད་པའི་མིང་ཡིན་པའི་ཕྱིར།དོན་གྱི་ངོབོ་དང་ཁྱད་པརསྦྱར་ནས་སྟོན་པའི་སྒྲ་དེ། ཚིག་གི་མཚན་ཉིད། དཔེར་ན། ཙན་དན་གྱི་ཀ་བ།གསེརགྱི་བུམ་པ་ཞེས་པ་ལྟ་བུ།ཡིན་ཏེ། དེ་འདྲའི་སྒྲ་དེ། དོན་གྱི་ངོ་བོ་ཀ་བ་དང་ཁྱད་ཆོས་ཙན་དན་སྦྱར་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར་རོ
དཔྱད་གཞི།
རྒྱ་གར་གྱི་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་དང་ཚུལ་མཚུངས་པར་སློབ་དཔོན་ཐོན་མིས་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་བརྒྱད་མཛད་པར་གྲགས་ནའང་སུམ་རྟགས་ཀྱིལེའུགཉིསགཏོགསབསྟན་པ་སྔདརསྐབསསུནུསཔའིདབང་གིས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་མི་གསལ་བར་བརྟེན། མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་དུ་མར་སྣང་ངོ༌། །དེ་ལས་ཀྱང་ད་ལྟ་གཙོ་ཆེ་བ་པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་གྱི་ལུགས་གཉིས་སུ་འདོད། ལྷག་པར་དེང་རབས་མཁས་པ་མང་ཆེ་ཤོས་དང༌། ད་ལྟའི་བོད་རྒྱ་ཚིག་མཛོད་ཆེན་མོ།སློབ་གྲྭ་ཆེ་འབྲིང་གི་སློབ་དེབ་སོགས་སུ་རྗེས་འཇུ་གི་རྟགས་ཀྱི་དབྱེ་བའི་སྐབས་སུ་སི་ཏུ་པཎ་ཆེན་གྱི་རྗེསསུའབྲངསཡོད། དེ་ཡང་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ནི་སྐབས་དེར་བོད་ཀྱི་ཐ་སྙད་རིག་གནས་ལ་མཁས་པའི་ཕུལ་དུ་སོན་ཅིང༌། ཁྱད་པར་ལེགས་སྦྱར་སྐད་ལ་བྱང་བས་རྒྱ་བོད་མཁས་པ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཉོར་ཞིང་སློབ་དཔོན་ཐོན་མིའི་སྤྲུལ་སྐུ་ལགས་སོ་ཞེས་པའི་སྙན་གྲགས་ས་སྟེང་ཁྱབ་པ་བདེན་ཏེ། དངོས་གནས་ཁོང་གིས་མཛད་པའི་བསྟན་བཅོས་དང་ལྷག་པར་སུམ་རྟགས་འགྲེལཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་སུ་སུམ་རྟགས་ཀྱི་བཤད་པ་སྒྲ་གཞུང་དང་བསྟུན་ནས་དཀའ་སར་རྒྱས་འགྲེལ་བྱས་ཏེ་དགག་གཞག་སྤང་གསུམ་མཛད་པ་ཤིན་ཏུ་བཀའ་དྲིན་ཆེའོ།འོན་ཀྱང༌། མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་སུ་ཞིབ་ཏུ་བརྟགས་ན་མཁསཔའིམགུལ་མི་འོས་ཤིང་རིན་ཆེན་མུ་ཏིག་ཏུ་མི་འགྱུར་བའི་ཕྲེང་རྡོག་འགའ་ཡོད་པ་མཁས་པ་རྣམས་ཀྱིས་དོར་དང་འདོར་བཞིན་ཡོད་པ་རེད། མཚམས་འདིར་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་འཆད་པའི་སྐབས་སུ་གཙོ་བོ་ཡང་འཇུག་ལ་བལྟས་ནས་ནང་གསེས་བརྒྱད་དུ་དྲིལ་ཚུལ་ལ་བརྟག་པར་བྱ་བ་འདི་ཡོ་དེ།
གཅིག  རྗེས་འཇུག་རྟགས་ཀྱི་དབྱེ་བ་དེ་ལྟར་བཞག་ཚེསྒྲ་དྲག་ཞན་བར་མར་འགྱུར་བ་ཞིབ་མོའི་བློས་བརྟགས་ན་མངོན་སུམ་གྱིས་གྲུབ་ཅིང༌། དེའང་བརྗོད་པ་ལྡབ་ལྡིབ་མ་ཡིན་པར་ཡི་གེའི་སྐྱེ་གནས་བྱེད་རྩོལ་སོགས་དང་མཐུན་པར་ཟུར་ཕྱིན་པར་བཀླགས་པ་ལས་སོ། །ཞེས་པ་མ་གཏོགས་པྲ་ཏི་སོགས་ཀྱིས་ཞིབ་མོའི་བློ་ཡིས་མ་བརྟགས་པའི་སྐྱོན་གང་ཡིན་མི་གསལ་ལོ། །
གཉིས།  རྗེས་འཇུག་ག་བ་གཉིས་ཕོ་ཡིག་ཡིན་པ་འདྲ་འདྲ་ཡིན་ཡང་གཙོ་བོ་ཡང་འཇུག་ཞུགས་ཚེམི་འདྲ་བ་སོགས་ཀྱི་རྒྱུམཚན་གང་ལ་ཐུག་པའང་ཤེས་དཀའ་འོ། ། དེ་ཡང་ཇི་སྐད་དུ། སོ་སྐྱེ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །སྡུག་བསྔལ་དུ་ནིསྤང་བརབྱེད། །ཅེསཔའི་དཔེལྟརཡིན་ལཆེའོ
སློབདཔོན་ཐོ་མིའི་རྗེསསུབྱོན་པའིམཁས་པ་རྣམས་ཀྱིས་ཀྱང་བོད་མིའི་སྐད་གདངས་དྲག་ཞན་གྱི་ཆ་ལ་བསམ་གཞིགས་བཏང་ནས་རང་ལུགས་བཞག་པ་མ་གཏོགས་རིགས་པའི་གཏད་སོ་གསར་བ་ཞིག་གང་ལའང་ཡོད་མི་སྲིད། དེ་བས་འགྲེལ་བཤད་ཀུན་གྱིས་སུམ་རྟགས་རྩ་ཚིག་གི་དགོངས་དོན་དང་བསྟུན་དགོས་ཏེ། སློབ་དཔོན་ཐོན་མིས་བོད་ཀྱི་སྐད་གདངས་ལ་ཐུགས་གཞིགས་གང་ལེགས་མཛད་མཐར་ངོ་མཚར་བའི་བོད་ཡིག་གི་རྣམ་གཞག་ཆ་ཚང་བར་མཛད་པ་ནས་བཟུང༌། ལོ་ངོ་སྟོང་ཕྲག་འཁོར་བའི་རིང་རྒྱུསྐརགྲངས་ལའགྲན་པའི་རིམ་བྱོན་མཁས་པ་རྣམས་ཀྱིས་རི་བོའི་གཏོས་དང་མཉམ་པའི་བསྟན་བཅོས་བརྩམས་པའི་ཞེ ནམ་མཁའ་མཛོད་ཀྱི་སྒོ་མོ་ཕྱེ་བ་ཇི་བཞིན་ཇི་དགར་ལོངས་སུ་སྤྱད་ཀྱང་མཛད་མཐའ་མེད་པ་མ་གཏོགས་བོད་ཡིག་གི་བང་མཛོད་སྟོང་བར་གྱུར་པའི་དཔེ་ནི་མ་བྱུང་ལ་ནམ་ཡང་འབྱུང་བ་མི་སྲིད་པ་ཀུན་གྱིས་ཤེས་གསལ་ལྟར་རོ། །དེ་བས་སུམ་རྟགས་རྩ་བར།
དྲག་པ་གསུམ་ཉིད་ནང་ཕྲད་དམ། །ཞེསསིཏུསདྲགསགསུམསྟེཕོཡིགསྐྱེསབུབ་འབྲིང་ཐ་གསུམ་ནི་རྗེས་འཇུག་ཉིད་ནང་འཕྲད་དུ་གྱུར་པ་ལ་ལྟོས་ནས་དབྱེ་སྟེ་ཞེས་འགྲེལ་བ་དང༌། པྲ་ཏིའི་ཀུན་བཟང་དགོངས་རྒྱན་དུ་དྲག་པ་གསུམ་ཉིད་ནང་ཕྲད་དམ་ཞེས་པ་སྔོན་མིང་རྗེས་གསུམ་རང་རངགི་ཕོ་ཡིག་ཚེག་བར་གཅིག་ཏུ་ཚོགས་པ་སྟེ་ནང་ཕྲད་ན་ཞེས་འགྲེལ་བའོ
གལ་ཏེ་ཞན་པ་ནང་ཕྲད་ན། །ཞེས་པའང་སྔོན་རྗེས་མིང་གསུམ་མོ་ཡིག་ཁོ་ན་ཚོགས་པ་སྟེ་ནང་ཕྲད་ན་ཞན་པ་སྟེ་ཞེས་དང༌།
མ་ནིང་གསུམ་དུ་གང་གཏོགས་པ། །ཞེས་པ་ཡང༌། མ་ནིང་ལཡིག་གཅིག་པུ་ནི་རང་ཉིད་གང་ལ་སྦྱར་བའིགྲོགསནིང་གསུམསྟེའགྱུར་བ་མ་ནིང་དང༌། མཚན་གཉིས་མ་ནིང༌། མཚན་མེད་མ་ནིང་གསུམ་གྱི་གང་དུ་གཏོགས་ཤེ་ན་ཞེས་འགྲེལན་སློབ་དཔོན་ཐོན་མིའི་དགོངས་དོན་དང་མཐུན་ལ་བོད་མིའི་སྐད་གདངས་ལའང་མི་མཐུན་པ་མེད་དོ །
གཞན་ཡང༌། རྗེས་འཇུག་ད་ས་གཉིས་ལས་གཞན་རྗེས་འཇུག་བདུན་ལ་ཡང་འཇུག་ཐོབ་ཅིང་འ་ཡིག་གཅིག་པུ་ལཡང་འཇུག་མི་ཐོབ་པ་འདིས་འ་ཡིག་རྗེས་འཇུག་མ་ནིང་གི་ཡི་གེ་ཡིན་པར་བདེན་དཔང་བྱས་ཡོད། རྗེས་འཇུག་འ་ཡིག་ཁོ་ན་སྔོན་འཇུག་དང་མིང་གཞིར་བལྟོས་ནས་སྒྲའི་ངོ་བོ་འགྱུར་བའི་རང་བཞིན་ཅན་ཡིན་པསཡང་འཇུགསྦྱརཚེཟུརཕྱིན་པར་བཀླག་པའི་ཐབས་ཀྱིས་དབེན། དེ་ཕྱིར་པྲ་ཏི་དགེ་བཤེས་རིན་པོ་ཆེས་མཛད་པའི་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ནི་སློབ་དཔོན་ཐོན་མིའི་སུམ་རྟགས་རྩ་ཚིག་དངའགྲེལ་ཆགས་ཤིང་བོད་ཀྱི་སྐད་གདངས་དང་མཐུན་པ། ལྷག་པར་ཡང་འཇུག་ད་ས་གཉིས་རྗེས་འཇུག་འ་ཡིག་ཉིད་ལ་མི་འཇུག་པའི་གནད་ལ་དམིགས་ནས་རྗེས་འཇུག་འ་ཡིག་ཁོ་ན་མ་ནིང་གི་ཡི་གེར་བཞགཔརསྒྲའི་འཇུགཚུལགྱི་སྒོ་ནསདཔྱད་ན་དགེ་མཚན་ཁྱད་པར་ཅན་ལྡན་ནོ
གཞན་ཡང༌། པྲ་ཏི་ལྟར་རྗེས་འཇུག་གི་རྟགསཀྱིདབྱེཕྱེ་ན་ལ་ཚིཀུན་ལ་མི་ཁྱབ་སྟེ། དཔེརབརྗོད་མང་པོ་མི་རྙེད་པས་སོཟེར་ཡང་མི་སྐྱོན་ཏེ། རྗེས་འཇུག་ནང་གསེས་བརྒྱད་དུ་དྲིལ་ཚུལ་ནི་ངོ་མཚར་གྱིརང་བཞིན་ལྡན་པའི་བོ་སྐད་ཀྱི་སྒྲ་གདངས་མཚོན་བྱེད་བོད་ཡིག་གི་ཁྱད་ཆོས་སྟོན་པ་ཙམ་ཡིན་པ་མ་གཏོགསལས་ཚིགཡོད་དོཅོག་ལཁྱབ་དགོསཔའི་ངེསམེད་དོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号