ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཐོན་ཁུངས་ཕབ་སྤྱོད། > བོད་ཡིག་གི་སྐོར།
མིང་། ༄༅། །དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དང་དབྱེ་ཞིབ་རིགས་ལམ་སྒོ་འབྱེད།
སྐད་རིགས། རྒྱ་ཡིག
མཉེན་ཆས་ཀྱི་རིགས།
བེད་སྤྱོད་ཁོར་ཡུག /Win7/WinXP/WIN10/DOS/MAC OS/Other
ཡིག་ཆའི་ཆེ་ཆུང་།
སྒྲིག་བཟོ་མཁན། སངས་རྒྱས་ཚེ་རིང་དང་འཕྲིན་འས་སྒ
དྲ་གནས། དྲ་ཚིགས།
སྤེལ་དུས། 2024-12-25
ཕབ་ལེན་བྱེད་གནས། [ ཕབ་ལེན་སྦྲེལ་གནས།1 ]
འཚམས་སྦྱོར། སྔོན་འགྲོའི་གཏམ།


དེ་ཡང《དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དབྱེ་ཞིབ་རིགས་ལམ་སྒོ་འབྱེད》ཅེས་པ་འདི་ནི། ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་སྟེ་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ ཚོད་ལྟའི་སློབ་དེབ་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པ་ཞིག་ཡིན་ལ། དམའ་འབྲིང་བོད་སྐད་ཡིག་གི་སློབ་དེབ་དྲུག་པོའི་གཙོ་གནད་སློབ་ཚན་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་ལྟ་ཀློག་དང་དབྱེ་ ཞིབ་ཀྱི་ཚུལ་དུ་སྒྲིག་བཟོ་བྱས་ཡོད། དཔེ་དེབ་འདི་ལ་ཁྱོན་བསྡོམས་ས་བཅད་བདུན་དུ་དབྱེ་ཡོད་ ཅིང༌། ས་བཅད་རེ་རེའི་ནང་དུ་སྟོང་ཆ་ཁ་སྐོང་དང༌། འདེམས་སྐོང༌། འགྲིག་མིན་བརྡར་ཤ་གཅོད་པ། སུམ་ཅུ་པའི་དཔེར་བརྗོད་ངོས་འཛིན། སྙན་ངག་གི་རྒྱན་ངོས་འཛིན། དཔེ་དང་དཔེ་ཅན་ ངོས་འཛིན། དྲི་བ་དྲིས་ལན། བརྗོད་པ་བཟོ་བ། ཚིག་གྲོགས་སྦྱོར་བ། མངོན་བརྗོད་ངོས་འཛིན། ཚིག་དོན་འགྲེལ་བཤད། བརྗོད་པ་རྒྱས་འབྲི་དང་བསྡུས་འབྲི་སོགས་ལྟ་ཀློག་དབྱེ་ཞིབ་ཀྱི་རྒྱུགས་ གཞིའི་རྣམ་པ་ལྟར་བཟོས་ཡོད། དཔེ་དེབ་འདི་ཁྱོན་བསྡོམས་ལྟ་ཀློག་དབྱེ་ཞིབ82ཡིས་གྲུབ་ཅིང༌། ལྟ་ཀློག་དབྱེ་ཞིབ་རེ་རེའི་ནང་དུ་ཚིགས་བཅད་གཅིག་དང་ཚིག་ལྷུག་གཅིག་རེ་བྱས་ཡོད།
ས་བཅད་ཀྱི་ནང་དོན་ལ། ས་བཅད་དང་པོ་ནས་དྲུག་པའི་བར་ནི་དམའ་འབྲིང་བོད་སྐད་ཡིག་གི་སློབ་དེབ་དྲུག་གི་ནང་དོན་ལས། སློབ་དེབ་རེ་ས་བཅད་གཅིག་རེ་བྱས་ཡོད་པ་དང༌། ས་བཅད་ བདུན་པའི་ནང་ཕྱོགས་བསྡུས་རང་བཞིན་གྱི་ལྟ་ཀློག་དབྱེ་ཞིབ་སྟེ། དམའ་འབྲིང་བོད་སྐད་ཡིག་གི་སློབ་དེབ་ཀྱི་ནང་དོན་ལས་བརྒལ་ཏེ། རྩོམ་ཡིག་སྐོར་ཞིག་ལ་དབྱེ་ཞིབ་བྱ་རྒྱུ་བྱས་ཡོད།
དཔེ་དེབ་འདི་རྩོམ་སྒྲིག་བྱེད་དུས་ལྗོངས་ཞིང་ལྔའི་དམའ་འབྲིང་བོད་སྐད་ཡིག་གི་འབྲིང་ རྒྱུགས་རྒྱུགས་དཔེ་མི་ཉུང་བ་ཞིག་ལ་ཟུར་ལྟ་ནན་ཏན་བགྱིས་ཏེ། རྒྱུགས་གཞི་དེ་དག་གི་ཁྱད་ཆོས་ དང་རྣམ་པ། ནང་དོན་བཅས་ལ་དཔེར་བླངས་ནས་རང་གི་ནུས་ཚོད་ཀྱིས་དམའ་འབྲིང་སློབ་མའི་རིགས་ལམ་གྱི་ཆུ་ཚད་དང་བསྟུན་ཅི་ཐུབ་བྱས་ཡོད་པས། སློབ་མ་རང་ངོས་ཀྱི་བསམ་གཞིག་གི་ནུས་པ་དང༌། རང་སྦྱོང་གི་ནུས་པ། ལྟ་ཀློག་དང་དབྱེ་ཞིབ་ཀྱི་ནུས་པ་སོགས་སྐྱེད་སྲིང་དང་སྔོག་འདོན་ བྱེད་པར་དོ་སྣང་དང་ཡིད་གཟབ་གང་ལེགས་བྱས་ཡོད།
ཡིན་ན་ཡང༌། རྩོམ་སྒྲིག་པ་ངེད་གཉིས་ལ་མཚོན་ན། བོད་ཀྱི་རིག་གནས་སྤྱི་ལ་འཇུག་པ་ཤིན་ཏུ་ ཆུང་བའི་རྐྱེན་གྱིས་བསྐྱར་སྦྱོང་སློབ་དེབ་འདི་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད་དུ། དམའ་འབྲིང་ བོད་སྐད་ཡིག་གི་སློབ་དེབ་ཡོངས་ཀྱི་གནད་མ་ཟིན་པའམ་སྙིང་པོ་ཕྱོགས་གཅིག་ཏུ་བསྡུ་མ་ཐུབ་ པའི་སྐྱོན་ཆ་ཅི་རིགས་ཤིག་ངེས་པར་འབྱུང་སྲིད་པས། རང་རེའི་རྒྱ་ཆེ་བའི་དགེ་སློབ་རྣམས་ཀྱིས་ཡོ་བསྲང་དང་དགོངས་འཆར་ལྷུག་པོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
གསལ་བཤད། ༡ ཕབ་ལེན་མཉེན་ཆས་བཀོལ་ན་མྱུར་ཚད་ཇེ་མགྱོགས་སུ་འགྲོ་སྲིད།
༢ མཉེན་ཆས་ཕབ་ལེན་བྱེད་མི་ཐུབ་ན་ང་ཚོ་ལ་འབྲེལ་གཏུགས་བྱེད་པར་བཀའ་དྲིན་ཆེ།
༣ དྲ་ཚིགས་འདིའི་སྟེང་གི་མཉེན་ཆས་ཡོད་ཚད་ཀྱི་པར་དབང་ཁོང་རྩོམ་པ་པོའམ་སྒྲིག་བཟོ་པར་དབང་།
པར་ལྡན་འོས་སྦྱོར།
ཉེ་ལམ་གསར་བརྗེས།
ཕབ་ཐེངས་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号