ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲིད་ཇུས་བཅོས་ཁྲིམས། > ས་གནས་བཅའ་ཁྲིམས།
༄༅། །མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྐོར་གླེང་བ།(ཁག་གསུམ་པ།)
སྤེལ་དུས།05-20  ཡོང་ཁུངས།  རྩོམ་པ་པོ།

                    ཏང་གི་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་དང་ལེགས་བཅོས་བྱས་ནས། མི་རིགས་བྱ་བ་དངོས་ནས་ལེགས་པོར་སྒྲུབ་དགོས།

       «མི་དམངས་ཉིན་རེའི་ཚགས་པར་»གྱི་དཔྱད་གཏམ་པའི་རྩོམ་ཡིག་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།ཞེས་པའི་ཁག་གསུམ་པ།
      མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་རེད། སྲིད་ཇུས་བཟང་བོ་དང་ལམ་ལུགས་བཟང་བོ་དེ་རྒྱུན་འཁྱོངས་བཟང་བོ་དང་འཐུས་ཚང་ལེགས་པོ་བྱས་ནས། རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས་ན། ངེས་པར་དུ་ཏང་གི་མི་རིགས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།
      ཀྲུང་གོ་གུང་ཁྲན་ཏང་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པའི་གཙོ་གྱུར་སྟོབས་ཤུགས་ཡིན་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་བྱེད་པའི་གཙོ་གྱུར་སྟོབས་ཤུགས་ཀྱང་རེད། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཆབ་སྲིད་ཐད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཐོག་མ་རེད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོ་གནས་ནི་དུས་ཡུན་རིང་བོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་ལག་ལེན་ཁྲོད་ཀྱི་ཁྲོད་ནས་ཆགས་ཤིང་སྲ་བརྟན་དུ་གྱུར་བ་ཞིག་ཡིན་ལ། དེ་ནི་ལོ་རྒྱུས་ཀྱི་འདེམ་གསེས་དང་མི་དམངས་ཀྱི་འདེམ་གསེས་ཤིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོ་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྩ་བའི་ཁག་ཐེག་ཡིན་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བའི་རྩ་བའི་ཁག་ཐེག མི་དམངས་དུང་ཕྱུར་མང་པོ་མཐུན་སྒྲིལ་གཅིག་གྱུར་བྱས་ནས་མཉམ་དུ་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་པའི་རྩ་བའི་ཁག་ཐེག་ཀྱང་རེད། འདི་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཡུན་རིང་གི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་ལག་ལེན་ཁྲོད་བྱུང་བའི་ཐུན་མོང་གི་ངོས་ཟིན་གལ་ཆེན་ཞིག་རེད།
   ང་ཚོའི་རླབས་ཆེ་བའི་མེས་རྒྱལ་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་བསྐྲུན་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། རང་རེའི་ཏང་གིས་མི་རིགས་ས་ཁོངས་རང་སྐྱོང་གི་བྱེད་ཐབས་སྤྱད་དེ་མི་རིགས་གནད་དོན་ཐག་གཅོད་པ་དེ་ནི། རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་རིགས་གནད་དོན་དངོས་དང་མཐུན་པ་ཞིག་ཡིན་ཞིང་། རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཕེལ་རྒྱས་བླང་བྱ་དང་མཐུན་པ་ཞིག་ཀྱང་རེད། ཏང་གི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་གཟི་བྱིན་འོག མི་རིགས་ང་དྲུག་གིས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་། མཉམ་དུ་དར་རྒྱས་གོང་འཕེལ་བཏང་ནས། རྒྱལ་ཁབ་ཀྱི་གཅིག་གྱུར་བདེ་འཇགས་དང་དར་རྒྱས་གོང་འཕེལ་དུ་འགྲོ་བ་སྲུང་སྐྱོང་བྱས་ཏེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཐད་ཀུན་གྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཙུགས་ཏེ་ལོ་ངོ་དྲུག་ཅུའི་རིང་གི་ལག་ལེན་ལས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་དང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོའི་ནང་ད་བཟོད་རིགས་སོ་སོའི་མི་དམངས་ཡར་ལངས་བདག་པོར་འགྱུར་ཞིང་། བདེ་ཞིང་སྐྱིད་པའི་འཚོ་བ་གསར་སྐྲུན་དང་ཉམས་སུ་མྱོང་ཐུབ་པ་ར་སྤྲོད་བྱས་ཡོད།
   རང་རྒྱལ་གྱི་གྲངས་ཉུང་མི་རིགས་མི་གྲངས་མང་ཞིང་ཁྱབ་རྒྱ་ཆེ་བས། མི་རིགས་གནད་དོན་ནི་དུས་ནམ་ཡང་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཁྲོད་ངེས་པར་དུ་ཐག་གཅོད་བཟང་བོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ། མི་རིགས་བྱ་བ་ནི་དུས་ནམ་ཡང་ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་བྱ་བ་གལ་ཆེན་ཞིག་ཡིན་པས། མི་རིགས་གནད་དོན་ཐག་གཅོད་དང་། མི་རིགས་བྱ་བ་ངེས་པར་དུ་ལེགས་སྒྲུབ་བྱེད་རྒྱུ་ནི་ཏང་གི་སྲིད་སྐྱོང་ནུས་པ་དང་རིམ་པ་སོ་སོའི་ཏང་སྲིད་རྩ་འཛུགས་ཀྱི་མགོ་ཁྲིད་ཆུ་ཚད་ལ་དཔྱད་འཇོག་བྱེད་པའི་ཚད་གཞི་རེད། ང་ཚོ་ལྟ་བུའི་མི་གྲངས་དུང་ཕྱུར་བཅུ་གསུམ་དང་། མི་རིགས་ལྔ་དྲུག་ཡོད་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་ན། བརྟན་ཞིང་བརླིང་བའི་མགོ་ཁྲིད་སྲོག་ཤིང་ཞིག་མེད་དུ་མི་རུང་ལ། ཉེན་ཁ་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། རྙོག་ཟིང་དང་དཀའ་ངལ་ཁྱད་དུ་བསད་དེ་མདུན་སྐྱོད་ཀྱི་ལམ་བུ་གསར་གཏོད་བྱེད་ན། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་བློ་གཏད་ས་ཞིག་མེད་པས་ཀྱང་མི་ཆོག དེ་བས་དུས་དང་རྣམ་པ་ཀུན་དུ་ཏང་གི་མགོ་ཁྲིད་ལ་ཤུགས་བསྣོན་དང་ལེགས་བཅོས་བྱེད་ད་པ་རྒྱུན་འཁྱོངས་བྱས་ཚེ། ད་བཟོད་མི་རིགས་གནད་དོན་ཡང་དག་པའི་སྒོ་ནས་ཐག་གཅོད་ཐུབ་ཅིང་། མི་རིགས་བྱ་བ་བཟང་བོར་བསྒྲུབ་ཐུབ། ད་བཟོད་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། ང་ཚོ་ཐུན་མོང་གི་རླབས་ཆེན་ལས་དོན་ལ་སྐུལ་འདེད་ཐུབ་པའི་སྒུལ་ཤུགས་སྐྱེ་ཐུབ།
   མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན། ལམ་ལུགས་དེ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་མགོ་ཁྲིད་སྲོག་ཤིང་ཡིན་ལ། ཏང་གི་མགོ་ཁྲིད་ཀྱིས་གྲངས་ཉུང་མི་རིགས་མི་དམངས་ཀྱིས་ཡར་ལངས་བདག་པོ་བྱེད་པ་དང་། ས་གནས་རང་དང་མི་རིགས་ནང་ཁུལ་གྱི་ལས་དོན་ལ་རང་ཚུགས་ཀྱིས་དོ་དམ་བྱེད་པར་རྩ་བས་ཁག་ཐེག་བྱས་ཡོད། དེ་བས་དུས་དང་རྣམ་པ་ཀུན་དུ་ཏང་གི་མགོ་ཁྲིད་ལ་ཤུགས་བསྣོན་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་བཟང་ཆ་སྔར་ལས་གང་ལེགས་སྒོས་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་དང་། དེའི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་སྲུང་འཛིན་བྱས་ནས། གྲངས་ཉུང་མི་རིགས་ཁག་གི་དམངས་གཙོ་ཁེ་དབང་དང་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་བྱེད་པར་ལམ་ལུགས་ཐད་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་ཐུབ།

   འདས་སོང་ལ་ཕྱིར་འདང་བརྒྱབ་ན། ཏང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་དུ་གཅིག་བློ་གཅིག་ལ་བརྟེན་ཞིང་གཅིག་སེམས་གཅིག་ལ་དྲིལ་པ་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས། གོང་བུ་འདྲིལ་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེས་ཆེར་མངོན་དེ། བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གྲུབ་འབྲས་ཆེན་པོ་བླངས་བས། མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་ལེགས་གྲུབ་བྱུང་ཡོད་པ་མངོན་པར་མཚོན།   མ་འོངས་པར་རྒྱང་ལྟ་བྱས་ན། ཏང་གི་མགོ་ཁྲིད་ལ་ཤུགས་བསྣོན་དང་ལེགས་བཅོས་བྱས་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྔར་ལས་ལྷག་པས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ན། ང་ཚོས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཇེ་དྲག་ཏུ་བཏང་སྟེ།  བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2016 Teducn.com
phone:18697115278 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༦༩༧༡༡༥༢༧༨青ICP备14000172号