ད་སྔ་གཟིགས་བཞིན་པ།  མདུན་ངོས། > སློབ་གྲྭ་མཚམས་སྦྱོར། > སློབ་འབྲིང་སློབ་གྲྭ།
༄༅། །ཞུན་ཧྭ་བོད་ཡིག་སློབ་འབྲིང་མཚམས་སྦྱོར།
སྤེལ་དུས།05-02  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

ཞུན་ཧྭ་བོད་ཡིག་སློབ་འབྲིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་དངོས་ཀྱི་ཐུགས་བཀོད་ལྟར། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་ཏང་དང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག་རིན་པོ་ཆེ་ཁོང་ཉིད་ཀྱི་ཕ་ཡུལ་དུ་བཙུགས་པའི་སྐད་གཉིས་གཞིས་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་འབྲིང་ཞིག་ཡིན་ལ། བོད་ཡིག་སློབ་འབྲིང་ཞེས་པའི་མིང་འདི་ཡང་རིན་པོ་ཆེ་སྐུ་དངོས་ཀྱིས་གཏན་འབེབས་གནང་བ་ཡིན།

    IMG_2753.JPG   

 

       དེ་ཡང་སྤྱི་ལོ༡༩༨༥ལོར་སློབ་གྲྭ་གསར་དུ་བཙུགས་པ་ནས་བཟུང་། རིན་པོ་ཆེ་མཆོག་གི་བླ་མེད་ཐུགས་ཁུར་དང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་རོགས་ལ་བརྟེན་ནས་སློབ་གྲྭའི་གཞི་ཁྱོན་ཆུང་བ་ནས་ཆེ་བ་དང་། སློབ་སྒྲུབ་སྟོབས་ཤུགས་ཞན་པ་ནས་དྲག་པར་འཕེལ་མུར། མི་ལོ་ཉེར་བཞིའི་རིང་གི་འཕེལ་རྒྱས་བརྒྱུད། ད་ལྟ་རྨང་གཞིའི་གཞི་ཁྱོན་ཆགས་ཟིན་པ་སྟེ། སློབ་རྭའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༢༢༦༧༡ཡོད་པ་དང་། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༡༢༠༠༠ཡོད། མིག་སྔར་སློབ་མ་༡༥༣༩དང་སློབ་ཁྲིད་འཛིན་གྲྭ༢༦ཡོད་ལ། ཁྱོན་བསྡོམས་དགེ་བཟོ་བ༡༠༧དང་ཁྲིད་ཁུར་དགེ་རྒན༨༧ཡོད། དེའི་ཁྲོད་ན་རབ་འབྱམས་པ༣དང་དངོས་གཞི་ཚན་ཁག་པ་༥༡ཡོད། གྱ་བརྒྱད་ལོ་ནས་ད་བར་དུ། དགེ་སློབ་ཡོངས་ཀྱིས་བརྩོན་པ་བརྒྱ་ཕྲག་ལ་བརྟེན་ནས་རིམ་པ་དང་རིགས་སོ་སོའི་སློབ་གླིང་ཁག་ལ་ཚད་ལྡན་གྱི་སློབ་བུ་༡༨༠༠ལྷག་བསྐྱལ་བ་དང་། དེའི་ཁྲོད་དུ་རབ་འབྱམས་པའི་བསླབ་གནས་ཐོབ་ཡོད་པའི་སློབ་བུ་༡༡༦ལྷགདང་།  འབུམ་རམས་པའི་བསླབ་གནས་ཐོབ་ཡོད་པའི་སློབ་བུ་༡༠ཡོད། སློབ་གྲྭ་ཐེངས་མང་ལ་ཞིང་ཆེན་དང་ཁུལ་རྫོང་རིམ་པའི་སློབ་གསོའི་སྔོན་ཐོན་སྡེ་ཁག་ཏུ་གདམས་པ་དང་། མཚོ་ཤར་ས་ཁུལ་གྱི་མི་རིགས་སློབ་གསོའི་མེ་ཏོག་རྐང་གཅིག་ཅེས་པའི་མཚན་སྙན་ཡང་ཐོབ་མྱོང་།     

IMG_2767.JPG 

སློབ་གྲྭ་བཙུགས་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས་སྒོ་ཀུན་ནས་ལག་ཏུ་བསྟར་བ་དང་། ཕྱོགས་ཡོངས་ནས་སྤུས་ཚད་སློབ་གསོ་ཧུར་ཐག་གིས་སྤེལ་ཏེ། ནང་གི་བདག་གཉེར་ལ་ཤུགས་སྣོན་དང་། སློབ་སྒྲུབ་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་བཏང་ཞིང་། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་གཏིང་ཟབ་དུ་སྤེལ་བར་མ་ཟད། གོམ་གང་མདུན་སྤོས་ཀྱིས་སྐད་གསུམ་ཁ་བརྡའི་སྦྱོང་བརྡར་དང་སྐད་གསུམ་སློབ་ཐུན་སློབ་ཁྲིད་ཟུང་འབྲེལ་སྒོས་ཚད་ཐིག་གཅིག་ལྟར་ཆབས་མཉམ་དུ་མཐོར་འདེགས་ཡོང་བའི་སློབ་ཁྲིད་རྣམ་པ་འཐུས་ཚང་དུ་བཏང་བ་དང་། རང་སློབ་གྲྭའི་ལོ་བཅུའི་འཕེལ་རྒྱས་འཆར་འགོད་ཀྱི་ཆོས་མཐོའི་དམིགས་ཚད་གཏན་ལ་ཕབས་པ་སྟེ། དེ་ཡང་བོད་ཡིག་སློབ་འབྲིང་འདི་བོད་ཁུལ་ཡོངས་ཀྱི་རིགས་མཐུན་སློབ་གྲྭའི་ཁྲོད་ཆེས་བཟང་བའི་རྨང་གཞིའི་སྒྲིག་ཆས་དང་འཛུགས་སྤྲུན་ཡོད་པ། ཆེས་བཟང་བའི་སློབ་སྒྲུབ་གཞུང་སྒྲུབ་ཆ་རྐྱེན་འཛོམས་པ། ཆེས་བཟང་བའི་སློབ་གྲྭ་ནང་ཁུལ་གྱི་བདག་གཉེས་ཡོད་པ། ཆེས་བཟང་བའི་སློབ་གསོ་སློབ་ཁྲིད་ཀྱི་རྒྱུ་སྤུས་ཡོད་པ་མ་ཟད། རང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་མ་དཔེ་རང་བཞིན་ལྡན་པའི་སློབ་འབྲིང་ཚད་ལྡན་ཅན་ཞིག་ཏུ་དར་སྤེལ་བཏང་དང་གཏོང་བཞིན་ཡོད་དོ། 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号