ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་གྲུབ་མཐའ
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ས། ཆུ། མེ། རླུང༌། ནམ་མཁའ། དུས། ཕྱོགས། བདག     ཡིང་དོ། །ཡོན་ཏན་ནི་ཉི་ཤུ་རྩ་བཞི་སྟེ། གཟུགས། རོ། དྲི། རེག་བྱ།སྒྲ།གྲངས།བོང་ཚོད།   སོ་སོ་བ། འདུ་བ། གཞན། གཞན་མ་ཡིན་པ། བློ་ལྔ།བདེ་བ། སྡུག་བསྔལ། འདོད་པ། ཞེ་སྡང༌། བག་ཆགས། གནས་པ།འཇིག་པ། འབད་པའོ། །འགའ་ཞིག་ལས། ལྕི་བ། གཤེར་བ།སྣུམ་པ། བྱས་པའི་ཤུགས་འདྲེན་པའང་ཡོད་དོ། །ལས་ནི་རྣམ་པ་ལྔ་སྟེ། འདེགས་པ།འཇོག་པ། བསྐུམ་པ། བརྐྱང་བ། འགྲོ་བའོ། །འདིའི་སྔ་མ་གཉིས་ལ་སྟེང་དུ་འབྱིན་པ་དང༌།འོག་ཏུ་གནོན་པ་ཞེས་ཀྱང་ཟེར་རོ། །སྤྱི་ནི་གསལ་བ་དུ་མ་ལ་ཐུན་མོང་དུ་བྱེད་པ་སྤྱི་རྟག་པ་དོན་གཞན་ཆ་མེད་དོ། །འདི་ལ་སྤྱི་ཆེན་པོ་དང༌། ཉི་ཚེ་བའི་སྤྱི་གཉིས། ཁྱད་པར་རམ་བྱེ་བྲག་ནི། གསལ་བ་རྣམས་ཐ་དད་དུ་བྱེད་པའི་ཆོས་དོན་གཞན་རྟག་པ་ཆ་མེད་དོ། །འདུ་བ་ནི། གང་ལ་གང་ལྡན་པར་བྱེད་པའི་ཆོས་རྟག་པ་ཆ་མེད་དོན་གཞནནོ། །ལྡན་པ།འཕྲོད་པ།འདུ་བ་གསུམ་དོན་གཅིག དབྱེ་ན།གོ་ས་ཐ་དད་དང་ཐ་མི་དད་ཀྱི་འདུ་བ་གཉིས་སོ། །ལམ་ནི། དག་བྱེད་ཀྱི་ཁྲུས། དབང་བསྐུར་བ། བསྙུང་བར་གནས་པ། ཚངས་པར་སྤྱོད་པའི་བླ་མའི་ཁྱིམ་དུ་གནས་པ། ནགས་སུ་གནས་པ། མཆོད་སྦྱིན་སོགས་སོ། བཅུ་པ་རིག་པ་ཅན་ལ། སྟོན་པ་ནི། རྐང་མིག་པ་ཡིན་ལ།ཤེས་པས་ཡུལ་འཛིན་ཚུལ་དང༌། ལམ་གྱི་རྣམ་བཞག་འགའ་ཞིག་ཙམ་མ་གཏོགས་ཕལ་ཆེར་སྔ་མ་དང་འདྲ་བས་མིང་གི་རྣམ་གྲངས་ལོགས་པ་ཆེར་མེད་དོ།། བཅུ་གཅིག་པ་ཟད་བྱེད་པ་ལ། སྟོན་པ་ནི། རྒྱལ་བ་དམ་པ།ཁྱུ་མཆོགལྡོང་རིས་ཉེར་ལྔ་སོགས་སོ། །མིང་གི་རྣམ་གྲངས་ནི། ཟད་བྱེད་པ།མཆོད་འོས་པ།གཅེར་བུ་པ།ཀུན་དུ་རྒྱུ། ཕྱོགས་ཀྱི་གོས་ཅན་པ། ནམ་མཁའི་གོས་ཅན་པ། འཚོ་བ་པ། འཛེམ་མེད་པ། ཐལ་བ་པ་སོགས་སོ། །དབྱེ་ན། སྲོག་ཅན་གྱི་སྡེ་དགུར་འདོད་པ་དང་དྲུག་ཏུ་འདོད་པ་གཉིས།ལུང་ནི་རྒྱས་བྱེད་སྐར་མའི་བསྟན་བཅོས་སོགས་སོ། །
ཚིག་གི་དོན་དགུ་ནི། སྲོགཟག་པ། སྡོམ་པ། རྒ་བ།འཆིང་བ།ལས་སྡིག་པ།བསོད་ནམས། ཐར་པའོ། །ཡང་ན་སྲོག་ལྡན། སྲོག་ལྡན་མིན་པ། ཟག་པ། སྡོམ་པ། སྤོང་བ། མདུད་པ། ཐར་པ། འགྲོ་བ། འོང་བ་སྟེ་དགུའོ། །རྫས་དྲུག་ནི། སྲོག གང་ཟག དུས། ནམ་མཁའ། བསོད་ནམས།སྡིག་པའོ། །སྲོག་ཅན་གྱི་སྡེ་དགུ་ནི། ས།ཆུ། ཤིང༌། མེ། རླུང༌། སྲིན་བུ། གྲོག་མ།  བུང་བ།མི་རྣམས་སོ། །ལམ་ལ། སྤྱོད་པའི་སྡོམ་པ། སྐད་ཀྱི་སྡོམ་པ། བག་འཆལ་གྱི་སྡོམ་པ། བསོད་སྙོམས་ཆུད་ཟོས་སུ་མི་འདོར་བའི་སྡོམ་པ། ཉེ་བར་རབ་གནས་ཀྱི་སྡོམ་པ་སྟེ་ལྔ་དང༌། མི་འཚེ་བའི་བརྟུལ་ཞུགས།བདེན་སྨྲའི་བརྟུལ་ཞུགས། བྱིན་པ་ཙམ་ལེན་པའི་བརྟུལ་ཞུགས།ཚངས་པར་སྤྱོད་པའི་བརྟུལ་ཞུགས། ཡོངས་སུ་གཏོང་བའི་བརྟུལ་ཞུགས་ཏེ་ལྔ་སོགས་སོ། ། ཐར་པ་ནི། འཇིག་རྟེན་གསུམ་གྱི་སྟེང་དུ་དབྱིབས་གདུགས་ཀྱི་རྣམ་པ། ཁ་དོག་ཞོ་དང་ཀུ་མུ་ཏ་ལྟར་དཀར་བ། སྲོག་ཡོད་པས་དངོས་པོ་ཡིན་པ། འཁོར་བ་ལས་གྲོལ་བས་དངོས་པོ་མེད་པ་ཡིན་པ། འཇིག་རྟེན་འདུས་པ་ཞེས་བྱ་བ་ཡོད་པར་འདོད་དོ། །དེ་ལྟར་ཕྱི་རོལ་མུ་སྟེགས་བྱེད་ཀྱི་གྲུབ་པའི་མཐའ་རྣམས་ཀྱི་མིང་གི་རྣམ་གྲངས་རགས་བསྡུས་ཙམ་བྲིས་ཀྱི། ཞིབ་པར་ཡི་གེས་འཇིགས་ནས་མ་བྲིས་སོ། །
གཉིས་པ་རྟེན་འབྲེལ་ཟབ་མོའི་གདོང་ལྔའི་ང་རོས་ལོག་སྨྲ་རི་དྭགསཀྱི་ཚོགས་དེ་དག་བཅོམ་པར་མཛད་པའི་ཐུབ་དབང་སྨྲ་བའི་སེང་གེ་གང་དེའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་མིང་གི་རྣམ་གྲངས་ནི། རང་སྡེ། ནང་པ། སངས་རྒྱས་པ། ཆོས་འདི་པ། ཤཱཀྱའི་རིང་ལུགས་པ་རྣམས་དོན་གཅིགདབྱེ་ན།བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་སྟེ་བཞི། ཡང་ན་ཐེག་དམན་གྲུབ་མཐའ་སྨྲ་བ་དང༌།ཐེག་ཆེན་གྲུབ་མཐའ་སྨྲ་བ་གཉིས།ཐེག་དམན་གྲུབ་མཐའ་སྨྲ་བ་དང༌།ཐེག་དམན་གྱི་གང་ཟག་གཉིས་དོན་མི་གཅིགདེས་ཐེག་ཆེན་ལའང་རིགས་འགྲེ།
དང་པོ་བྱེ་བྲག་སྨྲ་བ་ལ། རྩ་བའི་སྡེ་པ་བཞི་ནི།ཐམས་ཅད་ཡོད་སྨྲ།ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བའོ།   །དེ་ལས་གྱེས་བའི་སྡེ་པ་བཅོ་བརྒྱད་ནི། འོད་སྲུང་སྡེ་པ། ས་སྟོན་པ། ཆོས་སྲུང་བ། མང་ཐོས་པ། གོས་དམར་བ།རྣམ་པར་ཕྱེ་སྟེ་སྨྲ་བ།གཞི་ཐམས་ཅད་ཡོད་པར་སྨྲ་བ་སྟེ་ཐམས་ཅད་ཡོད་སྨྲ་ལས་གྱེས་པ་བདུན། ཤར་གྱི་རི་བོའི་སྡེ་པ། ནུབ་ཀྱི་རི་བོའི་སྡེ་པ། གངས་རིར་གནས་པ། རྟག་པར་སྨྲ་བ། འཇིག་རྟེན་ལས་འདས་པར་སྨྲ་བ་སྟེ་ཕལ་ཆེན་པ་ལས་གྱེས་པ་ལྔ། རྒྱལ་བྱེད་ཚལ་ན་གནས་པ།འཇིགས་མེད་རི་ལ་གནས་པ།གཙུག་ལག་ཁང་ཆེན་ལ་གནས་པ་སྟེ་གནས་བརྟན་པ་ལས་གྱེས་པ་གསུམ།ས་སྒྲོག་རི་པ། སྲུང་བ་པ།གནས་མ་བུ་པ་སྟེ་མང་པོས་བཀུར་བ་ལས་གྱེས་པ་གསུམ་སྟེ་བསྡོམས་པས་བཅོ་བརྒྱད་དོ།། ཡང་ན་ཕལ་ཆེན་པ། ཐ་སྙད་གཅིག་པ། འཇིག་རྟེན་ལས་འདས་པར་སྨྲ་བ། མང་ཐོས་པ། རྟག་པར་སྨྲ་བ། མཆོད་རྟེན་པ། ཤར་རི་པ། ནུབ་རི་པ་སྟེ་ཕལ་ཆེན་པ་ལས་གྱེས་པ་བརྒྱད།   གངས་པ། ཐམས་ཅད་ཡོད་སྨྲ། གནས་མ་བུ་པ། ཆོས་མཆོག་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། མང་སྟོན་པ། ཆོས་སྡེ་པ། འོད་སྲུང་པ། བླ་མ་པ་སྟེ་གནས་བརྟན་པ་ལས་གྱེས་པ་བཅུ་རྣམས་སོ། །གཞན་ཡང་དེ་དག་ཅི་རིགས་པ་ལ་གཞུང་གཞན་ལས་མིང་གི་རྣམ་གྲངས་མི་འདྲ་བ་དུ་མ་འབྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ན།བ་ལང་གནས།རི་ཆེན་པོ། གྲོང་ཁྱེར་དྲུག་པ།    རྒྱལ་པོ་རི་པ། རྒྱུར་སྨྲ་བ། རྣམ་ཕྱེ་སྨྲ་བ། མོ་ཏུནྡ་པ། ཨ་པནྡ་ཀ ཀུན་གྱིས་བཀུར་བ། ཀུ་རེ་ཀུ་ལེ་བ།ཆར་བཟང་འབེབས་པ།འཕོ་བར་སྨྲ་བ།ཞི་བ་པ།དོན་གྲུབ་པ་ཞེས་པ་རྣམས་འབྱུང་ངོ༌།
རྩ་བའི་སྡེ་བཞི་ལ་ཐམས་ཅད་ཡོད་སྨྲ་ནི།སྐད་སཾ་སྐྲི་ཏ།མཁན་པོ་རྒྱལ་རིགས་སྒྲ་གཅན་འཛིན།སྣམ་སྦྱར་གྱི་གྲྭ་རྟགས་ཨུད་པ་ལ། པད་མ། རིན་པོ་ཆེ། ཤིང་ལོ་སྟེ་བཞིའོ། །མིང་འདོགས་ལུགས། དཔལ། འོད།གྲགས་པ།བཟང་པོའི་མཐའ་ཅན་ནོ།།
ཕལ་ཆེན་པ་ནི་སྐད་པྲ་ཀྲི་ཏ།མཁན་པོ་བྲམ་ཟེའི་རིགས་འོད་སྲུང༌། གྲྭ་རྟགས་དུང༌། མིང་ཡེ་ཤེས། སྦས་པ།སྙིང་པོའི་མཐའ་ཅན་ནོ། མང་པོས་བཀུར་བ་ནི་སྐད་ཨ་ཝ་བྷྲ་ཤ། མཁན་པོ་དམངས་རིགས་ཉེ་བར་འཁོར། གྲྭ་རྟགས་མེ་ཏོག་སོ་རྩི་ཀམིང་ཚུལ་ཁྲིམས།ཟླ་བ། སེང་གེ    སྦས་པའི་མཐའ་ཅན་ནོ། །གནས་བརྟན་པ་ནི་སྐད་པི་ཤ་ཙི། མཁན་པོ་རྗེ་རིགས་ཀ་ཏྱ་ན།། གྲྭ་རྟགས་འཁོར་ལོ། མིང་ལྷ། འབྱུང་གནས། གོ་ཆའི་མཐའ་ཅན་རྣམས་སོ། ཡང་བྱེ་བྲག་སྨྲ་བ་ལ། ཁ་ཆེ་བ་དང༌། ཉི་འོག་པ་གཉིས། ཡང་ཐེག་ཆེན་གྱི་མདོ་བཀར་ཁས་ལེན་པ་དང་མི་ལེན་པ་གཉིས༌རྣམས་སུ་ཡོད་དོ།   །བཅོམ་གཞིག་གང་རུང་གིས་རང་ཡིན་གྱི་བློ་འདོར་དུ་མི་རུང་བ་དོན་དམ་བདེན་པ་དང༌། དེ་ལས་བཟློག་པ་ཀུན་རྫོབ་བདེན་པར་འདོད་དོ། ། དུས་གསུམ་རྫས་སུ་གྲུབ་པ།   དབང་ཤེས་ཀྱིས་ཡུལ་རྣམ་མེད་ཐུག་ཕྲད་དུ་འཛིན་པ།   །རྡུལ་ཕྲ་རབ་རེ་རེ་བ་དབང་པོའི་ཡུལ་ལས་འདས་པའི་དོན་ཡིན་པ།ལྡན་མིན་འདུ་བྱེད་དང་བེམ་པོའི་གཞི་མཐུན་ཡོད་པ།  སངས་རྒྱས་གྱི་གཟུགས། སྐུ་སངས་རྒྱས་མིན་པ་དང༌།ལྷག་མེད་མྱང་འདས་ཀྱི་ཚེ་བེམ་རིག་རྒྱུན་ཆད་པ། རྟག་པའི་དངོས་པོ་ཁས་ལེན་པ་སོགས་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐའ་སྟེ།དེ་དག་གིས་ཀྱང་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་འདོད་དོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号