མིང་། |
༄༅། །སྨོན་ལམ་ཚིག་མཛོད། |
|
སྐད་རིགས། |
བོད་ཡིག |
མཉེན་ཆས་ཀྱི་རིགས། |
རྒྱུན་བཀོལ་མཉེན་ |
བེད་སྤྱོད་ཁོར་ཡུག |
Windows XP / Vista./Windows 7 |
ཡིག་ཆའི་ཆེ་ཆུང་། |
167MB |
སྒྲིག་བཟོ་མཁན། |
|
དྲ་གནས། |
དྲ་ཚིགས། |
སྤེལ་དུས། |
2010-12-27 |
ཕབ་ལེན་བྱེད་གནས། |
[ ཕབ་ལེན་སྦྲེལ་གནས།1 ] |
འཚམས་སྦྱོར། |
སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོར་ཐུགས་སྣང་བྱུང་བར་དགའ་བསུ་ཞུ།
ལས་རིམ་འདི་ནི། བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བར་གྱུར་བའི་སྐད་ཡིག་འདི་དེང་རབས་བརྡ་འཕྲིན་བརྒྱུད་ལམ་ཁྲོད་སྐད་ཡིག་གཞན་དག་དང་མཚུངས་པར་བེད་སྤྱོད་ཀྱི་ཁོར་ཡུག་བསྐྲུན་ཆེད་གུས་པས་ལོ་མང་རིང་འབད་འབུངས་བྱས་པའི་ཆ་ཤས་ཤིག་ཡིན།
ཚིག་མཛོད་འདི་བེད་སྤྱོད་གཏོང་བར་དགོས་ངེས་ཀྱི་ཆ་རྐྱེན།
༡ Windows XP service pack2/pack3. Windows Vista.Windows 7. མ་ལག་གང་རུང་དགོས།
༢ Ram 1GB ཡན་དགོས། (གལ་ཏེ་Ram 500MB ལས་མེད་ཀྱང་བེད་སྤྱོད་གཏོང་ཐུབ་མོད་ཅུང་དལ་འགོར་འགྲོ་ངེས་རེད།)
ངོ་སྤྲོད།
ཚིག་མཛོད་འདི་ལ། ༡ བོད་ཡིག་ཚིག་མཛོད། ༢ དབྱིན་བོད་ཚིག་མཛོད། ༣ བོད་དབྱིན་ཚིག་མཛོད། ༤ གསར་བྱུང་རྒྱུན་བཀོལ་མིང་མཛོད་བཅས་སྡེ་ཚན་བཞིར་དབྱེ་ཡོད། ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པར་མ་ཟད་སྡེ་ཚན་གཅིག་ནས་གཅིག་ལ་བརྒྱུད་ལམ་སྟབས་བདེ་ཞིང་། གློག་ཀླད་ནང་དུ་བོད་དབྱིན་ཡིག་རིགས་ཀྱི་ལས་ཀ་གང་ཞིག་བགྱིས་ནའང་ཚིག་མཛོད་འདིར་འབྲེལ་མཐུད་བྱེད་པར་ཧ་ཅང་སྟབས་བདེ་ཡིན་པས་འབྲི་ཀློག་སྦྱོང་གསུམ་ལ་ཕན་ཐོགས་ཆེན་པོ་ཡོད། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཡོད་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
སྒྲིག་སྟངས།
ཚིག་མཛོད་འདིའི་བོད་ཡིག་ཚིག་མཛོད་ནི། གྲགས་ཆེ་བའི་བོད་ཡིག་ཚིག་མཛོད་མང་དག་ཅིག་གཞིར་བཞག་ནས་བསྒྲིགས་པ་མ་ཟད་སྒྲིག་སྟངས་ཁ་གསལ་གཤམ་དུ་བཀོད་ཡོད། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་ལགས་ཀྱིས་བསྒྲིགས་པའི་དབྱིན་བོད་ཚིག་མཛོད་གསར་མ་གཞིར་བཞག་བྱས་ཡོད་ལ། ཐ་སྙད་གསར་པ་དགོས་གལ་ཆེ་བས་བོད་རྒྱ་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་པ་བཟོ་བཅོས་གང་ཡང་མེད་རང་སོར་བཞག་ཡོད། ཚིག་མཛོད་འདི་ནི་རིན་མེད་ཁོ་ན་ལས་ཚོང་རྫས་སམ་བཙོང་ནས་ཁེ་བཟང་ལེན་པ་སོགས་གཏན་ནས་བྱེད་མི་ཆོག།
|
གསལ་བཤད། |
༡ ཕབ་ལེན་མཉེན་ཆས་བཀོལ་ན་མྱུར་ཚད་ཇེ་མགྱོགས་སུ་འགྲོ་སྲིད།
༢ མཉེན་ཆས་ཕབ་ལེན་བྱེད་མི་ཐུབ་ན་ང་ཚོ་ལ་འབྲེལ་གཏུགས་བྱེད་པར་བཀའ་དྲིན་ཆེ།
༣ དྲ་ཚིགས་འདིའི་སྟེང་གི་མཉེན་ཆས་ཡོད་ཚད་ཀྱི་པར་དབང་ཁོང་རྩོམ་པ་པོའམ་སྒྲིག་བཟོ་པར་དབང་། |
|
|
|
|
|
 |
ཉེ་ལམ་གསར་བརྗེས། |
|
|
|
|
|
|
|
 |
ཕབ་ཐེངས་མང་ཤོས། |
|
|
|
|
|
|
|
|