ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཐོན་ཁུངས་ཕབ་སྤྱོད། > རྒྱུན་བཀོལ་མཉེན་ཆས།
མིང་། ༄༅། །ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེས་ཆས།
སྐད་རིགས། བོད་ཡིག
མཉེན་ཆས་ཀྱི་རིགས། རྒྱུན་བཀོལ་མཉེན་
བེད་སྤྱོད་ཁོར་ཡུག /WinNT/2000/XP/Other
ཡིག་ཆའི་ཆེ་ཆུང་། 2.18 MB
སྒྲིག་བཟོ་མཁན། བཀྲ་ཤིས་ཚེ་རིང་། ཉི་མ་སྒྲོལ་མ།
དྲ་གནས། དྲ་ཚིགས།
སྤེལ་དུས། 2012-07-09
ཕབ་ལེན་བྱེད་གནས། [ ཕབ་ལེན་སྦྲེལ་གནས།1 ]
འཚམས་སྦྱོར། ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེས་ཆས། དཔར་གཞི་གསུམ་པ།
བྱ་རིམ་བཟོ་མཁན། བཀྲ་ཤིས་ཚེ་རིང་།
ལས་རོགས། ཉི་མ་སྒྲོལ་མ།
པར་དབང་(C) 2003-2010 ཀུན་ཕན་ཐེབས་རྩ་ཚོགས་པ།
དང་པོ། གནས་བསྡུས།
ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེས་ཆས་(བརྗེ་སྒྱུར་མཉེས་ཆས།)འདི་ནི་བཀྲ་ཤིས་ཚེ་རིང་ལགས་ཀྱིས་༢༠༠༣ལོར་་བསྒྲུབས་པ། མཉེས་ཆས་འདི་གསར་སྤེལ་བྱས་བའི་དམིགས་འབེན་ནི་རྒྱ་ཆེན་བོད་ཡིག་སྤྱོད་མཁན་རྣམས་ལ་བོད་ཡིག་ཨང་རྟགས་མི་གཅིག་པའི་ཡིག་ཆ་ཕན་ཚུལ་བརྗེ་སྒྱུར་བྱེད་བའི་ལག་ཆ་ཞིག་རེད། ད་དུང་བརྗེ་སྒྱུར་མཉེས་ཆས་འདིས་བོད་ཡིག་རང་ནས་བོད་ཡིག་གི་ལ་ཐིན་སྒྱུར་ཡིག དེ་བཞིན་དེ་ལས་ལྡོག་པའི་བོད་ཡིག་གི་ལ་ཐིན་སྒྱུར་ཡིག་ནས་བོད་ཡིག་རང་བར་བརྗེ་སྒྱུར་བྱེད་ཐུབ་པའི་ནུས་པ་ཡོད་པ།
བརྗེ་སྒྱུར་མཉེས་ཆས་འདི་དབྱིན་ཡིག་དང་བོད་ཡིག རྒྱ་ཡིག་བཅས་གསུམ་གྱི་པར་གཞི་ཡོད་པ། སྤྱོད་མཁན་གྱིས་རང་ཉིད་འཚམ་པའི་པར་་གཞི་གཅིག་འདེམས་ཆོག ཡིན་ནའང་དོ་སྣང་བྱེད་དགོས་པ་ཞིག་ནི་བརྗེ་སྒྱུར་མཉེས་ཆས་ཀྱི་བོད་ཡིག་པར་གཞི་འདི་ནི་རྒྱལ་སྤྱི་ཚད་ལྡན་གྱི་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི་ Unicode ལ་རྒྱབ་སྐྱོར་བྱེད་ཡོད་པའི་ Windows Vista དང་ Windows 7 ནང་བེད་སྤྱོད་བྱེད་དགོས།
བརྗེ་སྒྱུར་མཉེས་ཆས་འདི་ནི་རིན་དངུལ་སྤྲོད་མི་དགོས་པའི་མཉེས་ཆས་ཞིག་རེད། ཡིན་ནའང་། མཉེས་ཆས་འདི་བེད་སྤྱོད་མ་བྱེད་གོང་། སྔོན་ལ་ཁྱེད་རང་གིས་མཉེས་ཆས་ཀྱི་བེད་སྤྱོད་བྱེད་ཆོག་པའི་གསལ་བཤད་ཡིག་ཆ་license.txt ལ་ཞིབ་ཕྲ་གཟིགས་པ་དང་ཁེས་ལེན་བྱེད་དགོས་པ། ཡིག་ཆ་འདི་ནི་བརྗེ་སྒྱུར་མཉེས་ཆས་ཀྱི་སྒྲིག་འཇུག་ཐུམ་པོ་ནང་ཡོད།
ང་ཚོའི་བརྗེ་སྒྱུར་མཉེས་ཆས་འདི་ནི་འཛམ་གླིང་ཡོངས་གཙོའོ་ཆེ་བའི་བོད་ཡིག་ཡིག་གཟུགས་ཁག་བཅུ་དྲུག་ཚུད་ཡོད། འདི་ནང་བོད་ཡིག་ལ་ཐིན་སྒྱུར་ཡིག་མ་ལག་དང་རྒྱལ་སྤྱི་ཚད་ལྡན་བོད་ཡིག་ཨང་སྒྲིག་ཡིག་རྟགས་ཚོགས་སྤྱི Unicode དང་དེ་བཞིན་སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་བཅུ་གཉིས་བཅས་ཚུད་ཡོད། བརྗེ་སྒྱུར་མཉེས་ཆས་འདིས་རྒྱུན་དུ་མཐོང་བའི་ཡིག་ཆའི་རྣམ་གཞག་བཞི། ཡིག་རྐྱང་ཡིག་ཆ་(txt)Unicode ཡིག་རྐྱང་ཡིག་ཆ་(txt)、Rich Text Format (RTF) དང་HTML དྲ་ངོས་ཡིག་ཆ་བཅས་ཐག་གཅོད་བྱེད་ཐུབ་པ། སྤྱོད་མཁན་རྣམས་ཀྱིས་གང་འདོད་གིས་བོད་ཡིག་ཡིག་གཟུགས་བཅུ་དྲུག་ནང་གི་གཉིས་ཕན་ཚུལ་བརྗེ་སྒྱུར་བྱེད་ཐུབ་པ། ད་དུང་མ་འདྲ་བའི་ཡིག་ཆའི་རྣམ་གཞག་ཡང་འདེམས་ཆོག་གི་རེད།
བརྗེ་སྒྱུར་མཉེས་ཆས་འདི་ལ་Windows པར་གཞི་དང་Javaཔར་གཞི་ཡོད་པ། བེད་སྤྱོད་མཁན་གྱིས་Windowsཐོག་འཁོར་སྐྱོད་བྱེད་ཐུབ་པ་མ་ཟད། གཞན་གི་བཀོད་སྤྱོད་རྒྱུན་ཁོངས་ལས་སྟེགས་ཐོག་ཡང་འཁོར་སྐྱོད་བྱེད་ཐུབ་ཀྱི་རེད།
གཉིས་པ། མཉེས་ཆས་ཀྱི་སྒྲིག་འཇུག་སྐོར།
1)གཤམ་གསལ་གྱི་དྲ་ངོས་ཀྱི་ཐོག་ནས་བོད་ཡིག་ཨང་སྒྱུར་མཉེས་ཆས་ཕབ་ལེན་བྱེད་དགོས།
www.yalasoo.com
2)ZIP ཡིག་ཆ utfc.zip འདི་ཁ་འགྲེམས་པ།
3)ཐད་ཀར་མཉེས་ཆས་སྒྲིག་འཇུག་བྱེད་པ།
གསུམ་པ། བརྗེ་སྒྱུར་མཉེས་ཆས་འཁོར་སྐྱོད་བྱེད་པའི་སྐོར།

Windowsབེད་སྤྱོད་མཁན་གྱིས་ཐད་ཀར་་སྒྲིག་འཇུག་དཀར་ཆག་ནང་ཉེས་རྡེབ་བྱེད་ནས་ཡིག་ཆ UTFC.exe ལག་བསྟར་བྱེད་ཆོག་པ། ཁྱེད་རང་ཡང་ཅོག་ངོས་ཐོག་མྱུར་ལམ་ཡིག་ཆ་ཞིག་བཟོ་ཆོག་པ།
Unix, Linux, Apple འཕྲུལ་འཁོར་བེད་སྤྱོད་བྱེད་མཁན་གྱིས་Javaཔར་གཞི་འཁོར་སྐྱོད་བྱེད་དགོས་པ།
བྱེད་ཐབས་དངོས་ནི་སྒྲིག་འཇུག་དཀར་ཆག་ནང་འཁོར་སྐྱོད་བཀའ་བརྡ་JAVA UTFC.class གིས Java རིགས UTFC.class སྐུལ་སློང་བྱེད་དགོས།
བཞི་པ། འཁོར་སྦྲེལ་ཐོག་བརྗེ་སྒྱུར་མཉེས་ཆས་འཁོར་སྐྱོད་བྱས་པ།
གལ་སྲིད་ཁྱེད་རང་གི་རང་སའི་འཕྲུལ་འཁོར་ཐོག་བརྗེ་སྒྱུར་མཉེས་ཆས་མེད་ན། ཡིན་ནའང་ཁྱེད་རང་མྱུར་དུ་ཡིག་ཆ་བརྗེ་སྒྱུར་བྱེད་དགོས་པ་ཡིན་ན། ཁྱེད་རང་སྟབས་བདེ་པོ་ཐོག་ནས་གཤམ་གསལ་དྲ་བ་འཁོར་སྦྲེལ་ཐོག་བརྗེ་སྒྱུར་མཉེས་ཆས་ཀྱིས་བརྗེ་སྒྱུར་ལས་ཀ་བསྒྲུབས་པ།
www.trace.org ཡང་ www.yalasoo.com
བརྗེ་སྒྱུར་མཉེས་ཆས་ཀྱི་དྲ་ངོས་ཐོག ཡང་དག་པོ་ཐོག་ནས་མ་ཡིག་དང་དམིགས་འབེན་ཡིག་ཆ་གི་ཡིག་ཆ་རྣམ་གཞག་དང་ཡིག་གཟུགས་ཨང་རྟགས་འདེམས་དགོས། ཁྱེད་རང་གིས་སྔོན་ལ་ཡར་སྐྱེལ་བའི་བརྗེ་སྒྱུར་བྱེད་ཟིན་པའི་ཡིག་ཆ་དེ་ཁ་ཕྱེ་དགོས། དེ་ནས་ཁྱེད་རང་གིས་འབྲས་བུའི་ཡིག་ཆ་ཡང་མར་ལོག་རྒྱུ་ཆེད་ཁྱེད་རང་གི་གློག་ཡིག་གནས་ཡུལ་རྒྱག་དགོས། ཚང་མ་ཚར་རྗེས་“བརྗེ་སྒྱུར་”གྱི་མཐེབ་བཀྱག་གནོན་བྱས་ཡིག་ཆ་ཡར་སྐྱེལ་ནས་ཡིག་ཆ་ཕན་ཚུལ་སྒྱུར་ཆོག་པ།
སྒྱུར་བའི་དུས་ཚོད་ནི་ཁྱེད་རང་གི་ཡིག་ཆའི་ཆེ་ཆུང་དང་། ཁྱེད་རང་གི་ཡིག་ཆའི་ཡར་སྐྱེལ་པའི་དུས་ཚོད་རིང་ཐུང་ལ་རག་ལས་ཡོད། སྤྱིར་བཏང་ཁྱེད་རང་གི་ཡིག་ཆ་བདེ་བླག་ངང་ཡར་སྐྱེལ་རྗེས་སྐར་མ་ཁ་ཤད་ནང་། ཁྱེད་རང་གི་་འབྲས་བུའི་ཡིག་ཆ་ཡང་ལམ་སེང་ཁྱེད་རང་གི་སྤྲོད་པའི་གློག་ཡིག་སྦྲག་སྒམ་ནང་སྐུར་བ། གལ་སྲིད་ཁྱེད་རང་གི་ཡིག་ཆ་ཆེན་པོ་ཡོད་པ་ཡིན་ན། ང་ཚོའི་རེ་འདུན་ལ་ཁྱེད་རང་གིས་ཡིག་ཆ་དུམ་པོ་ཁ་ཤས་ལ་བཏང་ནས་སྒྱུར་ན་ཡག ང་ཚོའི་རེ་འདུན་ལ་བརྗེ་སྒྱུར་་བྱེད་པའི་ཡིག་ཆ་ཆེ་ཆུང་ཀྲའོ ༢ ལས་ཆེ་མེད་ཆོག་པ།
ལྔ་པ། བརྗེ་སྒྱུར་མཉེས་ཆས་བེད་སྤྱོད་བྱེད་བཏང་སྐོར།
བརྗེ་སྒྱུར་མཉེས་ཆས་ཀྱི་གཏུག་ངོས་གཙོ་བོ་་ཁ་གཉིས་ལ་གྲུབ་པ། གཅིག་ནི་མ་ཡིག་གི་བརྡ་འཕྲན་གཏེན་འཁེལ་བྱེད་འགོད་པ། གཉིས་པ། དམིགས་འབེན་ཡིག་ཆའི་བརྡ་འཕྲན་གཏན་འཁེལ་བྱེད་དགོས་པ། དོན་དངོས་ནི་བོད་ཡིག་ཨང་རྟགས་དང་ཡིག་གཟུགས་དང་ཡིག་ཆའི་རྣམ་གཞག ཡིག་ཆའི་མིང་དང་དམིགས་འཛུགས་བའི་འགྲོ་ལམ་བཅས་གཏན་འཁེལ་དགོས། “བརྗེ་སྒྱུར་”མཐེབ་གཅུས་ནི་བརྗེ་སྒྱུར་བཀོད་སྤྱོད་སྐུལ་སློང་བྱེད་ཡས་ཞིག་རེད།
ངེས་པར་དུ་ཁྱེད་རང་ལ་འོས་པའི་ཡིག་ཆ་རྣམ་གཞག་དང་ཡིག་ཆའི་ཡིག་གཟུགས། དེ་བཞིན་ཡིག་ཆའི་མིང་དང་དམིགས་འཛུགས་བའི་འགྲོ་ལམ་བཅས་འདེམས་དགོས། ང་ཚོའི་རེ་འདུན་ལ་ཁྱེད་རང་གིས་སྐད་སྒམ་སྐད་ཆ་གླེང་མོས་ཀྱི་ཐབས་ཤེས་བེད་སྤྱོད་བྱེད་ནས་ཁ་ཕྱེ་ཡང་ཡིག་ཆ་གཏན་འཁེལ་བྱེད་དགོས་པ། ཚང་མ་འགྲུབས་རྗེས་ཁྱེད་རང་“བརྗེ་སྒྱུར་”མཐེབ་གཅུས་ཀྱིས་བརྗེ་སྒྱུར་མཉེས་ཆས་སྐུལ་ལོངས་བྱེད་ཆོག་པ། སྤྱི་བཏང་བྱས་ན་ཡིག་ཆ་མང་ཆེ་བ་ལམ་སེང་ཕན་ཚུལ་སྒྱུར་བ་འགྲུབས་ཐུབ་ཀྱི་རེད།
བརྗེ་སྒྱུར་མཉེས་ཆས་རང་གིས་མ་ཡིག་ཡིག་ཆ་རྣམ་གཞག་ཚོད་དཔག་བྱེད་ཐུབ་པ། ཡིན་ན་ཡང་ང་ཚོའི་ཡང་རེ་འདུན་ཆེན་པོ་ཞུ་རྒྱུར་བེད་སྤྱོད་མཁན་གྱིས་ཡང་དག་པོ་ངང་ནས་མ་ཡིག་དང་དམིགས་འབེན་ཡིག་ཆའི་རྣམ་གཞག་སྒྲིག་འགོད་བྱེད་དགོས། བེད་སྤྱོད་མཁན་གིས་ངེས་པར་དུ་ཡང་དག་ཐོག་ནས་མ་ཡིག་དང་དམིགས་འབེན་ཡིག་ཆའི་བོད་ཡིག་ཨང་རྟགས་ཡང་ཡིག་གཟུགས་སྤྲོད་དགོས་པ། གལ་སྲིད་ནང་དོན་གང་ཞིག་འདེམས་ནོར་བྱུང་ན། ཁྱེད་རང་ལ་ཡང་དག་པའི་སྒྱུར་བ་ཡིག་ཆ་ཞིག་མ་ཐོབ་པ།
བརྗེ་སྒྱུར་མཉེས་ཆས་འདིས་བོད་ཡིག་ཨང་རྟགས་འང་ཡིག་གཟུགས་ཁག་བཅུ་དྲུག་ནང་གི་ཡིག་ཆ་རྣམ་གཞག་མ་འདྲ་གཉིས་ཕན་ཚུལ་གྱི་བརྗེ་སྒྱུར་ལས་ཀ་བྱེད་ཐུབ་པ། དེ་བརྟེན། བརྗེ་སྒྱུར་རེ་རེ་བྱེད་དུས་སྣ་ཁ་མང་པོ་འདེམས་ནས་འགྲུབས་ཆོག་པ། དཔེ་ན། བེད་སྤྱོད་བྱེད་མཁན་གིས་ཡིག་ཆ་རྣམ་གཞག་F1 གི Aཡིག་གཟུགས་དེ་ཡིག་ཆའི་རྣམ་གཞགF2 གི Bཡིག་གཟུགས་སྒྱུར་ཆོག ཡང་ཡིག་ཆའི་རྣམ་གཞག་F2གི་Aཡིག་གཟུགས་དེ་ཡིག་ཆའི་རྣམ་གཞགF3 གི Bཡིག་གཟུགས་སྒྱུར་ཆོག་སོགས། རྣམ་གཞག་མི་འདྲ་བ་ཡིན་ན་ཡང་སྒྱུར་་བའི་ཡིག་གཟུགས་གཅིག་པ་རེད། བརྗེ་སྒྱུར་མ་འགྲུབ་པའི་སྐབས། ང་ཚོའི་རེ་འདུན་ལ་ཁྱེད་རང་མཉེས་ཆས་གཞན་པ་ཞིག་བེད་སྤྱོད་དགོས། དཔེ་ན། ཨོའུ་རོན་གི་ Word ཡིག་ཆའི་རྣམ་གཞག་དེ་ཡིག་རྐྱང་ཡིག་ཆའང་Unicodeཡིག་རྐྱང་ཡིག་ཆ་ལ་སྒྱུར་ནས། དམིགས་འབེན་ཡིག་ཆའིརྣམ་གཞག་ཡང་ལས་སླ་བའི་ཡིག་རྐྱང་ཡིག་ཆའང་Unicodeཡིག་རྐྱང་ཡིག་ཆ་ཞིག་ལ་གཏན་འཁེལ་བྱེད་དེ། དེ་ནས་ཡང་བསྐྱར་བརྗེ་སྒྱུར་ཚོད་ལྟ་བྱེད་དགོས་པ།
ཁྱེད་རང་གིས་Wordརྣམ་གཞག་གི་ཡིག་ཆ་སྒྱུར་དུས། ཁྱེད་རང་ངེས་པར་དུ་སྔོན་ལ་ཡིག་ཆ་Word དེ་RTFརྣམ་གཞག་ཡིག་ཆ་ལ་ཉར་གསོག་བྱས་ནས། དེ་ནས་བརྗེ་སྒྱུར་མཉེས་ཆས་དེ་བེད་སྤྱོད་བྱེད་ནས་སྒྱུར་བ། བརྗེ་སྒྱུར་མཉེས་ཆས་ཀྱིས་ Word རྣམ་གཞག་གི་ཡིག་ཆ་དེ་སྒྱུར་མ་ཐུབ་པ། ཁྱེད་རང་HTML དྲ་ངོས་ཡིག་ཆ་སྒྱུར་དུས། བརྗེ་སྒྱུར་མཉེས་ཆས་གིས་ཕྱིའི་ཡིག་གཟུགས་རུའུ་མིག་(style sheet)ཡིག་ཆ་ཀློག་ཐུབ་པ། ཁྱེད་རང་ལ་ཐིན་འབྲི་སྒྱུར་ཡིག་ཆ་དེ་བོད་ཡིག་ལ་སྒྱུར་དུས། བརྗེ་སྒྱུར་མཉེས་ཆས་ཀྱིས་བོད་ཡིག་གི་ལ་ཐིན་དང་དབྱིན་ཇི་དབྱེ་བ་ཕྱེ་ཐུབ་པ། ལ་ཐིན་སྒྱུར་ཡིག་དེ་བོད་ཡིག་ལ་སྒྱུར་སྐབས། དབྱིན་ཇི་དེ་སོར་བཞག་བྱེད་ཐུབ་པ། སྤྱི་བཏང་གནས་ཚུལ་འོག་དེའི་ཐོག་གནས་ཚུལ་མེད་པ། ཡིན་ནའང་ཁ་ཤས་གོ་དུས་དམིགས་གསལ་གནས་ཚུལ་ཡོད་པ། དེ་དུས་བེད་སྤྱོད་བྱེད་མཁན་རང་ཉིད་གིས་ནོར་འཁྲུལ་ཡོད་པ་ཁ་ཤས་བཟོ་བཅོས་རྒྱག་དགོས།
དྲུག་པ། བོད་ཡིག་ཡིག་གཟུགས་དང་དེ་ཚོའི་ཡིག་ཆའི་རྣམ་གཞག

• པེ་ཏ་རྥང་ཀྲན་དང་ཧྭ་ཀོང་གི་ཡིག་ཆ་ཡིག་རྐྱང་ཡིག་ཆ་མ་གཏོགས་མེད་པ། དེ་བརྟེན་བརྗེ་སྒྱུར་བྱེད་དུས་ཡིག་རྐྱང་ཡིག་ཆ་TXTམ་གཏོགས་འདེམས་མེད་ཆོག
 Unicodeདང་བོད་ཡིག་ཡིག་ཨང་ཡིག་རྟགས་རྒྱོང་བ་ཚོགས་ཀྱི་ཡིག་ཆའི་རྣམ་གཞག་ནི་ཡིག་རྐྱང་ཡིག་ཆ་Unicode TXT, RTF དང་HTMLཆོག་པ། ཡིན་ནའང་ཡིག་རྐྱང་ཡིག་ཆ་TXTགཏན་ནས་བྱེད་མེད་ཆོག
 ལ་ཐིན་སྒྱུར་འབྲི་ཁག་གསུམ་གི་ཡིག་ཆ། དེ་ཚོའི་རྣམ་གཞག་དེ་ཡིག་ཆ་རྣམ་གཞག་ཁག་བཞི་ནང་ཁག་གཅིག་གང་ཞིག་
 པཎྡི་ཏ་དང་ཐུང་ཡོན་བོད་ཡིག་ཡིག་ཆའི་རྣམ་གཞག་TXT、RTF ཡང་ HTMLཡིག་ཆ་རྣམ་གཞག་ཡིན་ཆོག་
 གཞན་ཡིག་གཟུགས་ཀྱི་ཡིག་ཆའི་རྣམ་གཞག་ ནི་RTF ཡང་ HTMLམ་གཏོགས་མེད།
བདུན་པ། ཆ་འཕྲིན་ལྡོག་ལན་དང་འབྲེལ་གཏུག་གནས་ཡུལ།

གལ་སྲིད་ཁྱེད་རང་UTFC བརྗེ་སྒྱུར་མཉེས་ཆས་དེ་བེད་སྤྱོད་བྱེད་དུས་གནས་ཚུལ་གང་ཞིག་འཕྲད་ན། ཡང་ཁྱེད་རང་ཆ་འཕྲིན་ལྡོག་ལན་གང་ཞིག་ཡོད་ན། ཁྱེད་རང་གིས་ tTsering1@gmail.com ཐོག་འཕྲིན་ཡིག་བཏང་ནས་ང་ཚོ་དང་འབྲེལ་གཏུག་གནང་རོགས། འཕྲིན་ཡིག་ནང་ཡིན་གཅིག་ཁྱེད་རང་གིས་གནས་ཚུལ་ཡོད་པའི་ཡིག་ཆ་དང་དེའི་ཡིག་གཟུགས་གི་མིང་། ཡིག་ཆའི་རྣམ་གཞག དེ་བཞིན་གནས་ཚུལ་གང་ཡིན་མིན་བཅས་གསལ་པོ་བརྗོད་དགོས། ང་ཚོས་གང་མགྱོགས་ཅི་མགྱོགས་ངང་གནས་ཚུལ་རྣམས་བཟོ་བཅོས་རྒྱག་པ་དང་ཁྱེད་ལ་བཀའ་ལན་སྩོལ་བ།
གསལ་བཤད། ༡ ཕབ་ལེན་མཉེན་ཆས་བཀོལ་ན་མྱུར་ཚད་ཇེ་མགྱོགས་སུ་འགྲོ་སྲིད།
༢ མཉེན་ཆས་ཕབ་ལེན་བྱེད་མི་ཐུབ་ན་ང་ཚོ་ལ་འབྲེལ་གཏུགས་བྱེད་པར་བཀའ་དྲིན་ཆེ།
༣ དྲ་ཚིགས་འདིའི་སྟེང་གི་མཉེན་ཆས་ཡོད་ཚད་ཀྱི་པར་དབང་ཁོང་རྩོམ་པ་པོའམ་སྒྲིག་བཟོ་པར་དབང་།
པར་ལྡན་འོས་སྦྱོར།
ཉེ་ལམ་གསར་བརྗེས།
ཕབ་ཐེངས་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号