ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་ཐོན་ཁོངས།
༄༅། །དམའ་འབྲིང་བོད་སྐད་ཡིག་གི་འབྲིང་རྒྱུགས་ཚོད་གླེང་་།དེབ་དང་པོ།།
སྤེལ་དུས།12-20  ཡོང་ཁུངས།  རྩོམ་པ་པོ།

གླེང་གཞི།

 

དེ་ཡང་ཁོ་བོས་རང་ཉིད་ཀྱི་སློབ་ཁྲིད་ཞོར་དུ་སློབ་གསེང་གི་དུས་ཚོད་མི་ཉུང་བ་ཞིག་བེད་སྤྱོད་

བཏང་སྟེ། ཨ་མདོ་རྫོང་སློབ་འབྲིང་གི་བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགསཞེས་པ་དེ་རིང་

གཞི་ནས་ལེགས་འགྲུབ་བྱུང་སོང༌། བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགས་འདི་ལ་ཁྱོན་བསྡོམས་

དེབ་ཕྲེང་བཞི་ཡོད་དེ། དམའ་འབྲིང་བོད་སྐད་ཡིག་གི་འབྲིང་རྒྱུགས་ཚོད་གླེངདང༌། དམའ་

འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དང་དབྱེ་ཞིབ》《དམའ་འབྲིང་བོད་སྐད་ཡིག་གི་འབྲིང་རྒྱུགས་ཡིག་

ཚད་ཀུན་གསལ་མེ་ལོང》《ཨ་མདོ་རྫོང་སློབ་འབྲིང་གི་སློབ་མའི་སློབ་ཕྱིའི་ཀློག་དེབབཅས་ཡིན།

ཨ་མདོ་རྫོང་སློབ་འབྲིང་གི་བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགསའདིའི་ནང་དོན་སྤྱིའི་

ཆ་ནས་རགས་ཙམ་གླེང་ན་འདི་ལྟར། དེབ་ཕྲེང་དང་པོ་སྟེདམའ་འབྲིང་བོད་སྐད་ཡིག་གི་འབྲིང་

རྒྱུགས་ཚོད་གླེངཞེས་པའི་ནང་དུ་གཙོ་བོ་ལོ་ངོ་དུ་མའི་བོད་རང་སྐྱོང་ལྗོངས་ཀྱི་འབྲིང་རིམ་རྒྱུགས་

གཞིའི་ཁྱད་ཆོས་དང་རྣམ་པ། ནང་དོན་བཅས་ལ་དཔེར་བླངས་ནས་རང་གི་ནུས་ཚོད་ཀྱིས་ཀློག་

དེབ་ནང་གི་རྨང་གཞིའི་ཤེས་བྱ་རྣམས་ཕྱོགས་བསྡུས་ཀྱིས་བསྡུ་ལེན་གང་ཐུབ་བྱས་ཡོད་པ་ལས་

གཞན། ཁྱད་པར་དུ་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་རྣམས་ཀྱིས་འབྲིང་རྒྱུགས་ལ་གྲ་

སྒྲིག་དང་བསྐྱར་སྦྱོང་བྱེད་སྐབས། དུས་ཚོད་ཐུང་ངུའི་ནང་དུ་སློབ་མ་རང་ངོས་ནས་དམའ་འབྲིང་

བོད་སྐད་ཡིག་གི་སློབ་དེབ་ཡོངས་ཀྱི་ནང་དོན་ཆ་ཚང་ཞིང་གོ་རིམ་ལྡན་པའི་སྒོ་ནས་བསྐྱར་སྦྱོང་

བྱེད་ཐུབ་པའི་ཁྱད་ཆོས་གནད་དུ་བཟུང་ནས་རྩོམ་སྒྲིག་བྱས་པ་ཡིན།

དེབ་ཕྲེང་གཉིས་པ་སྟེ།དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དང་དབྱེ་ཞིབཞེས་པའི་ནང་

དུ། དམའ་འབྲིང་བོད་སྐད་ཡིག་གི་སློབ་དེབ་དྲུག་པོའི་གཙོ་གནད་སློབ་ཚན་རྣམས་ཕྱོགས་གཅིག་

ཏུ་དྲིལ་ནས་ལྟ་ཀློག་དང་དབྱེ་ཞིབ་ཀྱི་ཚུལ་དུ་སྒྲིག་བཟོ་བྱས་ཡོད། དཔེ་དེབ་འདི་ལ་ཁྱོན་བསྡོམས་

ས་བཅད་དྲུག་ཏུ་དབྱེ་ཡོད་ཅིང༌། ས་བཅད་རེ་རེའི་ནང་དུ་སྟོང་ཆ་ཁ་སྐོང་དང༌། འདེམ་སྐོང༌།

འགྲིག་མིན་བརྡར་ཤ་གཅོད་པ། སུམ་ཅུ་པའི་དཔེར་བརྗོད་ངོས་འཛིན། སྙན་ངག་གི་རྒྱན་ངོས་

འཛིན། དཔེ་དང་དཔེ་ཅན་ངོས་འཛིན། དྲི་བ་དྲིས་ལན། ཚིག་གྲོགས་སྦྱོར་བ། མངོན་བརྗོད་ངོས་

འཛིན། ཚིག་དོན་འགྲེལ་བཤད། བརྗོད་པ་རྒྱས་འབྲི་དང་བསྡུས་འབྲི་སོགས་ལྟ་ཀློག་དབྱེ་ཞིབ་ཀྱི་

རྒྱུགས་གཞིའི་རྣམ་པ་ལྟར་བཟོས་ཡོད།

དེབ་ཕྲེང་གསུམ་པ་སྟེདམའ་འབྲིང་བོད་སྐད་ཡིག་གི་འབྲིང་རྒྱུགས་ཡིག་ཚད་ཀུན་གསལ་མེ་

ལོངཞེས་པའི་ནང་དུ། ལོ་རིམ་དགུ་པའི་སློབ་ཐོན་སློབ་མ་རྣམས་ཀྱིས་བོད་སྐད་ཡིག་གི་འབྲིང་

རྒྱུགས་ཡིག་ཚད་ཀྱི་རྒྱུགས་གཞིའི་འདོན་སྟངས་དང༌། རྣམ་པ། ནང་དོན་བཅས་ལ་རྒྱུས་མངའ་ཡོང་

ཕྱིར། སྤྱི་ལོ་ཉིས་སྟོང་བཅུ་ནས་བཅུ་དགུ་བར་གྱི་ལོ་ངོ་བཅུ་ལྷག་རིང་གི་བོད་རང་སྐྱོང་ལྗོངས་ཀྱི་

སྤྱིར་བཏང་འབྲིང་རིམ་ཆེད་ལསམཐོ་འབྲིངསློབ་གྲྭར་སློབ་མ་བསྡུ་བའི་བོད་སྐད་ཡིག་གི་

གཅིག་གྱུར་རྒྱུགས་གཞི་རྣམས་ཕྱོགས་སྒྲིག་བྱས་ཡོད་པས། སློབ་ཐོན་སློབ་མ་རྣམས་ཀྱིས་འབྲིང་

རྒྱུགས་ཡིག་ཚད་ལ་གྲ་སྒྲིག་དང་བསྐྱར་སྦྱོང་བྱེད་པར་ཆེས་མེད་དུ་མི་རུང་བའི་དཔྱད་གཞིའི་རྒྱུ་ཆ་

གལ་ཆེན་ཞིག་ཡིན།

དེབ་ཕྲེང་བཞི་པ་སྟེཨ་མདོ་རྫོང་སློབ་འབྲིང་གི་སློབ་མའི་སློབ་ཕྱིའི་ཀློག་དེབཞེས་པའི་ནང་

དུ། རང་རེའི་སློབ་འབྲིང་གི་སློབ་མ་རྣམས་ཀྱི་སློབ་ཕྱིའི་བོད་སྐད་ཡིག་གི་སློབ་སྦྱོང་འཚོ་བ་ཕུན་

སུམ་ཇེ་ཚོགས་སུ་གཏོང་བར་དམའ་འབྲིང་བོད་སྐད་ཡིག་གི་ཆེས་རྩ་བར་གྱུར་པའི་རྨང་གཞི་ཤེས་

བྱ་སྟེ། བོད་ཀྱི་བརྡ་སྤྲོད་དང༌། དག་ཡིགམངོན་བརྗོད། ལེགས་བཤད། བསླབ་བྱ། གཏམ་དཔེ།

ཤེས་བྱའི་རྣམ་གྲངས། རྩོམ་གྱི་རྨང་གཞིའི་ཤེས་བྱ། ཚིག་རྒྱན་རིག་པའི་ཤེས་བྱ། རྒྱུན་བཀོལ་ཞེ་ཚིག

རྒྱུན་སྤྱོད་ཤེས་བྱ་སོགས་ནང་དོན་ས་བཅད་བཅུ་གཉིས་རུ་དབྱེ་ནས་བཀོད་ཡོད་པས། དམའ་

འབྲིང་སློབ་མ་རྣམས་ཀྱི་ཤེས་བྱའི་ཆུ་ཚད་ཀྱི་བློ་ཁ་དང་འཚམ་པར་བྱས་ཡོད།

མཇུག་མཐར། ཨ་མདོ་རྫོང་སློབ་འབྲིང་གི་བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགསའདི་

ལ་ཨ་མདོ་རྫོང་སློབ་གསོ་ཅུད་ཀྱི་ཅུད་ཀྲང་ཁྲ་སིལ་མཆོག་གཙོ་བྱས་ཏེ། ཅུད་ཀྲང་གཞོན་པ་བཀྲ་

ཤིས་དོན་གྲུབ་དང་སྐལ་བཟང་ཕུན་ཚོགས། རང་རེའི་སློབ་འབྲིང་གི་ཏང་ཨུད་ཧྲུའུ་ཅི་ཕུར་བུ་ཆུང་

བདག་དང༌། སློབ་གཙོ་དོན་གྲུབ་བཅས་ཀྱིས་རྩོམ་སྒྲིག་དང་པར་སྐྲུན་གྱི་མགོ་མཇུག་བར་གསུམ་ལ་

མཛུབ་ཁྲིད་དང༌། ཐུགས་ཁུར། རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གཙོ་སྒྲིག་པ་རང་ཉིད་ལ་མཚོན་ན། བོད་ཀྱི་རིག་གནས་ལ་འཇུག་པ་ཤིན་ཏུ་ཆུང་བའི་རྐྱེན་གྱིས་

དཔེ་ཚོགས་འདི་རྩོམ་སྒྲིག་བྱས་པའི་གོ་རིམ་ཁྲོད་དུ་སྐྱོན་དང་ནོར་འཁྲུལ་གྱི་ཆ་མི་ཉུང་བ་ཞིག་ངེས་

པར་འབྱུང་སྲིད་པས། རྒྱ་ཆེ་བའི་དགེ་སློབ་ཀུན་གྱིས་ཡོ་བསྲང་དང་དག་བཅོས་གནང་བར་མཁྱེན་

མཁྱེན་ཞེས་ཞུ་བའོ། ། ཞེས་སྤྱི་ལོ༢༠༡༩ལོའི་ཟླ༡༡ཚེས༡ཉིན་གཙོ་སྒྲིག་པས་བོད་ལྗོངས་ཨ་མདོ་

རྫོང་སློབ་འབྲིང་ནས་སྦྱར་བའོ། ། 

 

 

 

དཀར་ཆག

 

གླེང་གཞི། ……………………………………………………………………………………1

ས་བཅད་དང་པོ།

 

སུམ་ཅུ་པའི་སྐོར།…………………………………………………………………………………1

 ས་བཅད་གཉིས་པ།

 

མངོན་བརྗོད་ཀྱི་སྐོར།…………………………………………………………………………………16

ས་བཅད་གསུམ་པ།

 

རྩོམ་གྱི་རྨང་གཞི་ཤེས་བྱའི་སྐོར།………………………………………………………19

ས་བཅད་བཞི་པ།

 

ཚིག་རྒྱན་རིག་པའི་སྐོར།……………………………………………………………………………22

ས་བཅད་ལྔ་པ།

 

རྣམ་གྲངས་འདྲེན་པའི་སྐོར།………………………………………………………………………31

ས་བཅད་དྲུག་པ།

 

སློབ་ཚན་གྱི་གཙོ་གནད་སྐོར།………………………………………………………………………38

ས་བཅད་བདུན་པ།

 

དཔེ་དང་དཔེ་ཅན་ངོས་འཛིན་སྐོར།…………………………………………………61

ས་བཅད་བརྒྱད་པ།

 

ལྟ་ཀློག་དང་དབྱེ་ཞིབ་སྐོར།…………………………………………………………………………69

ས་བཅད་དགུ་པ།

 

ཕྱོགས་རང་བཞིན་གྱི་སློབ་སྦྱོང་སྐོར།……………………………………………………128

ས་བཅད་བཅུ་པ།

 

རྩོམ་ཡིག་འབྲི་སྦྱོང་གི་སྐོར།…………………………………………………………………………135

 

ས་བཅད་དང་པོ། སུམ་ཅུ་པའི་སྐོར།

 

ལྦ་བཏགས་བཅུ་གཉིས་ལ་ལྦ་ཟུར་འདོགས་དགོས་པའི་རྒྱུ་མཚན་ཅི་ཡིན།

 

 

བོད་ཀྱི་ཡི་གེ་ལ་རྩ་བའི་དབྱེ་བ་ག་ཚོད་ཡོད།

 

 

བོད་ཀྱི་ཡིག་གཟུགས་ལ་རྩ་བའི་དབྱེ་བ་གཉིས་ཡོད་པ་གང་དག་ཡིན།

 

 

གོ་ངོ་སོགས་ཡོད་ཚད་རྫོགས་ཚིག་གི་ཕྲད་ཡིན་ནམ། རྒྱུ་མཚན་ཅི།

 

 

གཤམ་གྱི་སླར་བསྡུའི་དཔེར་བརྗོད་ལས་གང་དག་ནི་མིང་གི་རྗེས་སུ་འཇུག་པ་དང༌།  གང་དག་ནི་བྱ་ཚིག་གི་རྗེས་སུ་འཇུག་པ་ངོས་འཛིན་དགོས།

  1དུང་ནི་དཀར་རོ། །                                        

2དགྲ་བཅོམ་མོ། །                                          

3ཅ་ལག་གཡར་རོ། །                                        

4འདི་ནི་ཁོ་བོའི་ཕའོ། །                                      

5ཆུའི་ཞེ་ས་ནི་ཆབ་བོ། །                                      

6མིང་བཏགས་སོ། །                                           

མིང་གི་གྲུབ་ཚུལ་ལམ་མིང་འདོགས་སྟངས་ཀྱི་ཆ་ནས་དབྱེ་ན་གང་དག་ཡོད། དེ་དག་ གི་གོ་དོན་ཅི་ཡིན།

 

 

མིང་གི་ངོ་བོའམ་ནང་དོན་གྱི་ཆ་ནས་དབྱེ་ན་གང་དག་ཡོད།

 

 

གཤམ་གྱི་མིང་རྣམས་མིང་གི་ནང་གསེས་ལས་གང་གི་ཁོངས་སུ་གཏོགས་པ་ངོས་     ཟུངས། 

འུ་རུ་རུ།    ཉི་མ།       མཛེས་པ།    ཤེས་རབ།    སྤུན་ཟླ།   

ཐུང་ངུ།    གསར་རྙིང༌། དུམ་བུ།       བྱེ་བ།       འཐུང་བ།

རྗེས་གྲུབ་ཀྱི་མིང་ནི།                                                                  

འདོད་རྒྱལ་གྱི་མིང་ནི།                                                                 

ཨི་ལྡན་ཞེས་པའི་དོན་ཅི་ཡིན། དེའི་ནང་གང་དག་འདུས་ཡོད།

 

༡༠འབྲེལ་སྒྲའི་གྲུབ་ཆ་གསུམ་ནི་གང་དག་ཡིན།

  

༡༡གཤམ་གྱི་དཔེར་བརྗོད་ལ་དབྱེ་ཞིབ་བྱས་ནས་འབྲེལ་སྒྲའི་གྲུབ་ཆ་གསུམ་གང་ཡིན་ པ་ངོས་འཛིན་དགོས།

  1གསེར་གྱི་བུམ་པ།  གསེར་ནི་                 གྱི་ནི                         

བུམ་པ་ནི                        

 2ཞིང་ནང་གི་མྱུ་གུ ཞིང་ནང་ནི་                མྱུ་གུ་ནི་                      

གི་ནི་                     

༡༢གཤམ་གྱི་དཔེར་བརྗོད་ལ་དབྱེ་ཞིབ་བྱས་ཏེ་ནང་གསེས་ཀྱི་དོན་གང་ལ་འཇུག་པ་

གུག་རྟགས་ནང་དུ་འབྲི་དགོས།

 1རྒྱལ་ཁབ་ཀྱི་མི་དམངས།                                         

2དཀར་ཡོལ་ནང་གི་འོ་མ།                                         

3མེ་ཏོག་གི་འདབ་མ།                                              

4ཤིང་གི་ཁང་པ།                                                   

5སྤྲིན་གྱི་དུམ་བུ།                                                     

༡༣བྱེད་པ་པོ་གཙོ་ཕལ་ཇི་ལྟར་ངོས་འཛིན་བྱེད་དགོས།

ཤིང་མཁན་གྱིས་སྟ་རེས་ཤིང་བཅད།

ཤིང་མཁན་ནི                     དང༌། སྟ་རེ་ནི་                          ཡིན། དེ་ཡང་བྱེད་པ་པོ་གཙོ་བོ་ནི་                     གང་རུང་ཞིག་ཡིན་དགོས།

༡༤བྱེད་སྒྲ་དང་འབྲེལ་སྒྲའི་ཁྱད་པར་ཅི་ཡིན།

 

༡༥གཤམ་གྱི་དཔེར་བརྗོད་ལ་དབྱེ་ཞིབ་བྱེད་དགོས།

1    དགེ་རྒན་གྱིས་སློབ་ཁྲིད་བྱས། 

དགེ་རྒན་ནི             གྱིས་ནི་               སློབ་ཁྲིད་ནི་              །

བྱས་ནི་                 ཡིན།

2    ཞིང་པས་སྦྱག་མ་ཡིས་ས་སློག

ཞིང་པ་ནི                             སྦྱག་མ་ནི                              

སློག་ནི                                ཡིས་ནི                                

ས་ནི་                     

༡༦གཤམ་གྱི་དཔེར་བརྗོད་ཀྱི་རྟགས་འཁོད་པའི་ཕྲད་སོ་སོ་དོན་གང་ལ་འཇུག་པ་ངོས་བཟུང་བྱེད་དགོས།

1སྒྲོན་མེ་མུན་པ་སེལ།                                                    

2ལག་པ་དཀར་ཡོལ་བཟུང༌།                                              

3རྣ་བ་ཉན།                                                              

4མཐོ་གང་གིས་རིང༌།                                                       

5ཉེ་རིང་མེད་པས་ཀུན་གྱིས་བཀུར།                                          

6དོན་ལ་བསམ་གཞིག་ནན་ཏན་བྱས་པས་དཀའ་གནད་རྟོགས་པར་འགྱུར།

                                                                               

༡༧ལ་དོན་གྱི་གོ་དོན་ཅི་ཡིན། ལ་དོན་དོན་ལྔ་ལ་འཇུག་ཚུལ་ནི་གང་དག་ཡིན།

 

༡༨ཚིག་ཕྲད་ལ་དབྱེ་ན་གང་དག་ཡོད།

 

༡༩རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་གྲུབ་ཆ་གསུམ་གང་དག་ཡིན།

པེ་ཅིང་དུ་འགྲོ་ཞེས་པར་མཚོན་ན།

པེ་ཅིང་ནི་                          དུ་ནི་                              

འགྲོ་ནི་                    ཡིན།

༢༠ལས་སུ་བྱ་བའི་ལས་ཞེས་པ་གང་ལ་གོ་དགོས།

 

༢༡རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་གོ་དོན་ཅི་ཡིན།

 

༢༢དགོས་ཆེད་ཀྱི་གྲུབ་ཆ་གསུམ་གང་དག་ཡིན།

རྒྱལ་ཁབ་བསྲུང་བར་ལུས་རྩལ་སྦྱོང༌།

རྒྱལ་ཁབ་བསྲུང་བ་ནི                     དང༌། ར་ཡིག་ནི་                     

ལུས་རྩལ་སྦྱོང་བ་ནི                            །

༢༣དགོས་ཆེད་གསལ་བྱེད་ཀྱི་སྒྲ་གང་དག་ཡོད

 

༢༤རྣམ་དབྱེ་བདུན་པ་གནས་གཞིའི་གོ་དོན་ཅི་ཡིན། གནས་གཞིའི་གྲུབ་ཆ་གསུམ་གང་དག་ཡིན།

 

༢༥དེ་ཉིད་དང་ཚེ་སྐབས་ཀྱི་གྲུབ་ཆ་གསུམ་གང་དག་ཡིན།

  

 

༢༦གཤམ་གྱི་དཔེར་བརྗོད་དག་གི་ལ་དོན་གྱི་ཕྲད་དེ་དག་དོན་གང་ལ་འཇུག་པ་ངོས་  བཟུང་བྱེད་དགོས།

1རྒྱ་མཚོ་རུ་རྦ་རླབས་ཆེ།                                                           

2རྟག་ཏུ་དྲན་ཤེས་བརྟན།                                                          

3དཔའ་བོར་སྙན་ཚིག་གིས་གཟེངས་སུ་བསྟོད་པ།                                    

4ནམ་ཞིག་་འདིའི་དོན་རྟོགས་པར་འགྱུར།                                        

5སློབ་དཔོན་་སློབ་མ་མང༌།                                                      

6ཚོད་མ་ལ་སྨན་སྣ་བཏབ་སྟེ་བྲོ་བ་ཆེ་རུ་བཏང་བ།                                   

 7རབ་གསལ་དུ་དཔོན་པོ་བཞུགས།                                               

༢༧གཤམ་གྱི་དཔེར་བརྗོད་དག་གི་གྲུབ་ཆ་གསུམ་ངོས་འཛིན་བྱོས་ཤིག

1དཔྲལ་བ་་སྨེ་བ་ཞིག་འདུག                       

གྲུབ་ཆ་གསུམ་ནི།                                                                    

2མཚོ་རུ་འཁྱིལ།                     

     གྲུབ་ཆ་གསུམ་ནི།                                                                    

3དགུན་དུས་སུ་གྲང་ངར་ལྡང༌།                     

      གྲུབ་ཆ་གསུམ་ནི།                                                                     

༢༨ན་སྒྲའི་འཇུག་ཚུལ་གཞན་ལས་དམིགས་ཀྱིས་འབྱེད་པ་ལ་ནང་གསེས་དབྱེ་བ་གང་ དག་ཡོད།

 

   

 

༢༩འབྱུང་ཁུངས་ཀྱི་གོ་དོན་ཅི་ཡིན། འབྱུང་ཁུངས་ཀྱི་ཚིག་ཕྲད་སྦྱོར་སྟངས་གང་འདྲ་  ཡིན།

 

 

 

༣༠འབྱུང་ཁུངས་ལ་འཇུག་པ་གང་དག་ཡོད། འབྱུང་ཁུངས་དངོས་དང་ཆ་འདྲ་བའི་  ཁྱད་པར་ཅི་ཡིན།

 

 

༣༡ ཅི་ཞིག་ལ་དགར་བ་ཟེར།  དགར་བ་ལ་ནང་གསེས་དབྱེ་བ་གང་དག་ཡོད།

 

 

 

༣༢སྡུད་པ་ལ་ནང་གསེས་དབྱེ་གང་དག་ཡོད།

 

༣༤ཅི་ཞིག་ལ་རྣམ་དབྱེ་ཟེར།  བོད་ལ་རྣམ་དབྱེ་ཅི་ཙམ་ཡོད།

 

 

༣༦ཅི་ཞིག་ལ་རྣམ་དབྱེ་བརྒྱད་པ་འབོད་སྒྲ་ཟེར། འབོད་པ་གསལ་བྱེད་ཀྱི་སྒྲའི་སྦྱོར་ཚུལ་ནི་ཅི་འདྲ་ཞིག་ཡིན།

 

 

 

༣༧སློབ་ཚན་དུ་འབོད་པ་གསལ་བྱེད་ཀྱི་སྒྲ་ཅི་ཙམ་བསྟན་ཡོད།

 

 

༣༨འབོད་སྒྲའི་འཇུག་ཡུལ་སོ་སོ་ངོས་བཟུངས། 

1ཀྱེ་སྒྲ་ནི་                           2ཀྭ་ཡེ་ནི་                               

3ལྦ་ཡེ་ནི་                           4མ་ཡེ་ནི་                               

༣༩གཤམ་གྱི་དཔེར་བརྗོད་ལ་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྱོར་དགོས།

   1            བྱམས་བརྩེ་ལྡན་པའི་ཕ་མ་གསོན།

2            སློབ་གྲོགས་རིན་ཆེན་རྣམ་རྒྱལ་ལགས།

3            བུ་མོ་ཆོས་བཟང་སྒྲོལ་མ།        

4            བུ་ཆུང་ཁྱོད་རང་གང་ལ་འགྲོའམ།

༤༠གཤམ་གྱི་དཔེར་བརྗོད་ཀྱི་སྟོང་ཆའི་ནང་དུ་ཐོབ་ཐང་ལྟར་རྒྱན་སྡུད་ཀྱི་ཕྲད་འབྲི་   དགོས།

  1ཁ་དོག་མཛེས་ལ་དབྱིབས              ལེགས། །དཔལ             འབར་ལ་ཡིད་

           འཕྲོག

2ཨུཏྤལ             ཡིན་ལ་སྔོན་པོ             ཡིན།

3དྲང་གཏམ་བཤད             ཡིད་མ་ཆེས།

4གར་        འཁྲབ་ཅིང་གླུ        ལེན།

༤༡གཤམ་གྱི་དཔེར་བརྗོད་རྣམས་རྒྱན་སྡུད་ཀྱི་ནང་གསེས་གང་གི་དཔེར་བརྗོད་ཡིན་  པ་ངོས་འཛིན་དགོས།

1མཛེས་ཀྱང་མཛེས།                                                            

2ཕྱུག་ཀྱང་སེར་སྣ་ཆེ།                                                           

3སྤྱི་སེམས་ཀྱང་ཆེ།                                                              

4མཛེས་པའང་ཡིན་ལ་མདོག་ཀྱང་དཀར།                                         

5གོ་དོན་ཚང་མ་བཤད་ཀྱང་བཤད་པ་ཡིན།                                        

6ཤར་ནས་ཉི་མ་ཡང་ཤར།                                                        

༤༢ལྷག་བཅས་ཀྱི་ཕྲད་ཀྱི་སྦྱོར་ཚུལ་འབྲི་དགོས། ལྷག་བཅས་ཀྱི་སྒྲ་ལ་དབྱེ་ན་གང་དག་ ཡོད།

 

 

༤༣གཤམ་གྱི་དཔེར་བརྗོད་ལ་ལྷག་བཅས་ཀྱི་ཕྲད་འབྲི་དགོས།

1འཛུམ་དམུལ           མདངས་ཕྱུང༌།

2ཁོང་གིས་རིག་པ་བསྒྲིམས      སྙན་ངག་གི་དཔེར་བརྗོད་འབྲི་བཞིན་འདུག

3ཆུ་ལོག་གི་གནོད་སྐྱོན་འབད       འགོག་བཞིན་མཆིས།

4རྟ་ལ་བཞོན          མགྱོགས་པོ་རྒྱུགས།

༤༤གཤམ་གྱི་དཔེར་བརྗོད་རྣམས་ལྷག་བཅས་ཀྱི་ནང་གསེས་གང་གི་དཔེར་བརྗོད་ཡིན་ པ་འབྲི་དགོས།

  1བགད་དེ་སོ་བསྟན།                                                              

2ཆུ་སྐྱེས་ཏེ་ཆུ་ལས་སྐྱེས་པ་ཡིན་ནོ། །                                              

3ངོ་གནག་སྟེ་གཤེ།                                                              

4ཕྱོགས་བཞི་སྟེ། ཤར། ལྷོ། ནུབ། བྱང་ངོ༌། །                                         

5ཁྱི་རྒན་འཛུམ་ན་དགའ་རྟགས་ཏེ། །གཤིན་རྗེ་འཛུམ་ན་གསོད་པའི་རྟགས། །

                                                          

༤༥གཤམ་གྱི་དཔེར་བརྗོད་དག་ལས་བྱུང་བའི་འབྱེད་སྡུད་ཀྱི་སྒྲ་རྣམས་དོན་གང་ལ་   འཇུག་པ་ངོས་འཛིན་ཟུངས།

1    སྙིང་ངམ། གློ་བའམ། མཆིན་པའམ། མཚེར་པའམ། མཁལ་མ་རྣམས་ནི་དོན་ལྔའོ། །

                                                                                      

2མི་འགྱུར་བའི་བདེན་དོན་ཡོད་དམ་མེད།                                            

3བཀྲ་ཤིས་པའི་རྟགས་བརྒྱད་དེ། གདུགས་སམ། གསེར་ཉའམ། བུམ་པའམ། དུང་དཀར་རམ། པད་མའམ། དཔལ་ བེའུའམ། རྒྱལ་མཚན་ནམ། འཁོར་ལོ་བཅས་སོ། །

                                                                                      

4འགྲིག་གམ་མི་འགྲིག་བརྡར་ཤ་མི་ཆོད།                                            

5རི་མགོ་ན་མཚོ་ཞིག་འདུག་ཟེར་བ་ཤེས་སམ                                        

༤༦གཤམ་གྱི་དཔེར་བརྗོད་རྣམས་དོན་གང་ལ་འཇུག་པ་ངོས་བཟུང་སྟེ་མཇུག་གི་གུག་ རྟགས་ནང་དུ་འབྲི་དགོས།

1    མི་རིགས་སློབ་གསོ་སྤེལ་ན་ནི། །ཡིག་རིགས་སྣ་ཚོགས་སྦྱངས་ན་ལེགས། །

                                                                             

2ཡོན་ཏན་ཅན་ནི་མི་ཡི་མཆོག                                                       

3གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །                         

4ཁྱོད་ནི་དཔའ་ཞིང་ཁྱོད་ནི་བློ་སྟོབས་ཆེ། ཁྱོད་ནི་བརྩོན་པ་བསྐྱེད་དེ་དམངས་དོན་སྒྲུབ།

                                                                                      

5མཐུན་སྒྲིལ་དོན་ནི་བྱ་བ་ཀུན་གྱི་གཞི།                                                

༤༨དེ་སྒྲ་དོན་ག་ཚོད་ལ་འཇུག་པ་ཡིན། ཐ་སྙད་དབང་དུ་གསུམ་ལ་འཇུག་པ་གང་ཡིན། དངོས་པོའི་དབང་དུ་བཞི་རུ་འཇུག་པ་གང་ཡིན། དུས་ཀྱི་དབང་དུ་བྱས་ན་གཉིས་ལ་འཇུག་པ་གང་ཡིན།

1དེ་སྒྲ་དོན                       ལ་འཇུག་པ་ཡིན།

2ཐ་སྙད་དབང་དུ་གསུམ་ནི།                                                        

3དངོས་པོའི་དབང་དུ་བཞི་ནི།                                                        

4དུས་ཀྱི་དབང་དུ་བྱས་ན་གཉིས་ནི།                                                        

༤༩སྤྱི་སྒྲའི་ཕྲད་བཞི་པོ་དེ་དག་བརྗོད་བྱའི་དོན་གང་ལ་འཇུག་པ་ཡིན།

1ཅི་ནི་                              2ཇི་ནི་                                      

3 སུ་ཞེས་པ                         4གང་ཞེས་པ་ནི་                         

༥༠སུ་ནི་གང་ཟག་གང་ཀུན་ལའོ་ཞེས་པའི་དོན་ཅི་ཡིན།

 

 

༥༡གཤམ་གྱི་གུག་རྟགས་ནང་སྤྱི་སྒྲའི་ཕྲད་ཁ་སྐོང་བྱེད་དགོས།

1ཕ་ཡུལ་གྱི་རྣམ་པ        འདྲ་ཞིག་ཡིན།

2གཞུང་དོན        བཞིན་རྟོགས།

3མི་འདི        རེད། གྲོང་སྡེ        གི་རེད།

4གནོད་པ          ཡང་མ་བྱས།

5བྱ་བ           ཞིག་སྒྲུབ་མཁན་ཡིན།

༥༢བདག་སྒྲ་ཡ་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པའི་དོན་ཅི་ཡིན།

 

 

༥༣མིང་མཐའི་པ་བའང་ཕལ་ཆེར་འདྲ་ཞེས་པའི་གོ་དོན་ཅི་ཡིན།

 

 

༥༤མ་ནི་ངེས་མེད་སྐབས་དང་སྦྱར་ཞེས་པའི་གོ་དོན་ཅི་ཡིན།

 

 

༥༥མིང་མཐའ་དང་བདག་སྒྲའི་བར་ལ་ཁྱད་པར་ཅི་ཡོད།

 

 

༥༦ཆ་ལ་པ་ཉིད་སྦྱོར་བ་ལེགས་ཞེས་པའི་ལེགས་སྒྲས་དོན་ཅི་ཞིག་སྟོན་གྱི་ཡོད།

 

 

༥༧མིང་མཐའི་པ་བ་མ་ཡོད་ཚད་བདག་སྒྲའི་ཕྲད་ཡིན་ནམ། རྒྱུ་མཚན་ཅི།

 

 

༥༨བདག་སྒྲའི་ཕྲད་ཕུད་བདག་སྒྲ་གསལ་བྱེད་ཀྱི་སྒྲ་གང་དག་ཡོད།

 

 

༦༠མ་དང་མི་སོགས་ཡོད་ཚད་དགག་སྒྲའི་ཕྲད་ཡིན་ནམ། རྒྱུ་མཚན་ཅི་ཡིན།

 

 

 

༦༡མ་ནི་བར་གྱི་གསལ་བྱེད་ལའང་ཞེས་པའི་དོན་ཅི་ཡིན།

 

 

༦༣ཞིང་སོགས་ཀྱི་ཚིག་ཕྲད་ཁ་སྐོང་བྱོས་ཤིག

1ཡང                  གཡོ་བ་དང༌། བསྟོད                     བཀུར་བ།

ཡོན་ཏན་བསླབས              མཁས་པར་གྱུར།

2བོད             བཏགས།  སོང            བཤད།

3ཅི་ལྟར་བྱེད            འདི་ལྟར་བྱེད་དགོས། གང་ཡིན              དེ་ཡིན།

སུས་ཤེས              ངས་ཤེས།

4དེ་ལྟར་མ་བྱེད                        བསམ་དོན་འགྲུབ་པར་གྱུར               

5གྲོང་ཁྱེར               ལ་འབྱོར། སློབ་གྲོགས                   དང་འཕྲད།

༦༤ས་མཐར་དམིགས་བསལ་ཞེས་ཐོབ་པའི་རྒྱུ་མཚན་ཅི།

 

 

༦༥གཤམ་གྱི་གུག་རྟགས་ནང་དུ་ཅིང་ཞིང་ཤིང་གསུམ་གྱི་ཕྲད་འབྲི་དགོས།

1སྲབ          ཡང༌། 

2བདེ          སྐྱིད།

3མེ་མདའ་བརྒྱབ         བསད།

4རིག་གནས་བསླབས         མཁས་པར་གྱུར།

5ཡི་གེ་བྲིས             བསྡད།

༦༦ཚིག་ཕྲད་ཀྱི་བྱེད་ནུས་ཁ་སྐོངས།

མིང་ཚིག་དུ་མ་འབྲེལ་མཐུད་དང་མཚམས་སྦྱོར་བྱས་ཏེ་དོན་གསལ་པོར་སྟོན་པའི་  བྱེད་ནུས་ལྡན་ཡོད། སྐབས་འགར་ཚིག་ཕྲད་དེ་གསལ་བར་སྟོན་པའི་སླད་དུ              

ལ་སྦྱོར་བ་དང༌། བརྗོད་བདེ་བར་སྟོན་པའི་སླད་དུ                      ལ་སྦྱོར་བ་དང༌། ཚིག་མཛེས་པར་བྱེད་པའི་སླད་དུ                   སྦྱོར་བ་དང༌། སྡེབ་སྦྱོར་འགྲིག་པའི་དོན་དུ་                    ཚིག་ལ་སྦྱོར་དགོས་པའང་ཡོད་དོ། །      

༦༧གང་འདྲ་ཞིག་ལ་ཕྲད་འདུས་མ་ཟེར། ཕྲད་འདུས་མ་བཤད་པ་ཞེས་པ་དེ་གང་ལས་བདམས་པ་ཡིན།

 

 

༦༨སློབ་ཚན་འདིར་ཕྲད་འདུས་མ་ཅི་ཙམ་བསྟན་ཡོད། ད་དུང་དེ་ལས་གཞན་པའི་ཕྲད་འདུས་མ་ཡོད་དམ།

 

 

 

 

ས་བཅད་གཉིས་པ། མངོན་བརྗོད་ཀྱི་སྐོར། 

 

འཛིན་མ།----                                   སཱ་ལའི་སྨན་ལྗོངས།----                        

ས་འཛིན།----                                   ཀུན་གསལ་བུ་མོ།----           

སྔོ་བསངས་མ།----                               སུམ་རྩེན།---- 

གྱི་ལིང༌།----                                     མེ་ན་ཀ----                               

དལ་འགྲོ་མ།----                                 འཆི་མེད་ལམ།----                  

རྒྱུ་སྐར་རྒྱལ་པོ།----                              ཚངས་སྲས་མ།----

དབྱར་སྐྱེས་རྔ་བོ།----                            འདྲེན་བྱེད།----                          

གཟུགས་འཛིན།----                             དྲི་འཛིན།----          

ཆུ་སྐྱེས།----                                     རྐང་དྲུག----                                    

འཚོ་བྱེད།----                                   ལྐོག་ཤལ་ཅན།----                               

ཁྱུ་མཆོག----                                    ཐོས་འཛིན།----                     

 མིག་ཐོས།----                                   རོ་འཛིན།----

ནོར་འཛིན།----                                  གཙུག་ན་ཟླ་བ།----                             

གྲང་རེག་འཛིན་པ།----                           ཡིད་སྲུབས་བདག་པོ།----            

 འདབ་མ་བརྒྱ་པ།----                            ཁ་བའི་རྡུལ་བརྩེགས།----                            

ཆུ་ཤེལ་དཀྱིལ་འཁོར།----                         ས་འཛིན་དཀར་པོ།----                     

རི་བོང་འཛིན།----                                ནོར་བུའི་སྒྲོན་མེ།----          

 མགྲིན་བཟང༌།----                              སྡེར་ཐོགས་རྒྱལ་པོ།----

དྲི་བཞོན།----                                     ལྷ་ལམ།----                                    

གསེར་ལྡན་ལྗོངས།----                             སྤྲིན་གྱི་མེ་ཏོག----                   

ཆུ་འཛིན།----                                      དབྱིག་གི་ཁུ་བ།----                                  

རྐང་བཞི།----                                      སྲིད་པའི་སྒྲོན་མེ།----                             

དབང་གཞུ།----                                    རྟ་བདུན་དབང་པོ།----           

དཔྱིད་ཀྱི་ཕོ་ཉ།----                                  རྣ་རྒྱན་ཅན།----

རི་བོང་འཛིན།----                                   ན་བུན།----             

མགྱོགས་འགྲོ།----                                   ནོར་འཛིན།----                         

ཡོངས་འདུའི་ཚལ།----                               སྲེག་ཟ།----                                           

འབྱུང་པོའི་བྱ།----                                   གནམ་ལྕགས།----                 

ཅང་ཤེས།----                                        འཆི་མེད་དགའ་ཚལ།----                 

ཉིན་མོར་བྱེད།----                                    དཔལ་མོ།----    

བྱ་ལམ།----                                          འབྱུང་པོ་འཛིན།----             

གཞན་གསོས་བུ།----                                  ན་བུན།----                               

ཁ་བའི་ལྗོངས།----                                    དབྱར་ཟླ་འབྲིང་པོ།----

གོར་མ།----                                          སྤྲིན་གྱི་བཅུད།----       

ས་མོས།----                                          འཇིག་རྟེན་དབང་ཕྱུག----                      

མགྱོགས་འགྲོ།----                                    འཁོར་ལོའི་སྣ་ཅན།----         

 ཆུ་ཁུར།----                                         ཆུ་སྐྱེས།----        

རྣམ་སད་བུ་མོ།----                                    གདོང་ལྔ།----                           

མཁའ་ལྡིང༌།----                                      ས་མོས།----

དོན་མཐུན།----                                       ཆུ་གཏེར།----

དབྱིག་འཛིན་མ།----                                   ལྟོ་འགྲོ།----                      

གོར་མ།----                                            དབྱིག་གི་བློ་གྲོས་མ།----        

ཉག་ཕྲན།----                                         འཁོར་ལོའི་ཡན་ལག----           

མཉན་པ།----                                          ཕང་འགྲོ།----             

ཆུ་ལྷ།----                                              དབང་ཕྱོགས།----  

མཐོང་བྱེད།----                                        ཨ་ཤོ་ཀ----                  

བི་ཤྭ་ཀརྨ།----                                         དྲན་དབང༌།----                       

ཀེ་ལ་ཤ----                                           ཉིན་བྱེད།----            

པྲེ་ཏའི་གྲོང༌།----                                      འཇིག་རྟེན་བྱེད་པོ།----            

ལེགས་བྲིས།----                                       རྐང་འཐུང༌།----            

རྣམ་ཐོས་སྲས།----

 

 

 

 

 

 

 

 

ས་བཅད་གསུམ་པ། རྩོམ་གྱི་རྨང་གཞི་ཤེས་བྱ།

 

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གོ་དོན་ཅི་ཡིན།                                        

 

 

 

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་དྲུག་ནི་གང་དག་ཡིན།

 

 

 

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་ཚུལ་ཐད་ནས་དབྱེ་ན་གང་དག་ཡོད།              

 

      

གསལ་བཤད་རྩོམ་ཡིག་གི་གོ་དོན་ཅི་ཞིག་ཡིན། གསལ་བཤད་བྱེད་ཐབས་མི་འདྲ་བ་  གང་དག་ཡོད།              

 

 

གསལ་བཤད་རྩོམ་ཡིག་གི་ཁྱད་ཆོས་ནི་གང་དག་ཡིན།                                   

 

 

དགག་སྒྲུབ་རྩོམ་ཡིག་གི་གོ་དོན་ཅི་ཞིག་ཡིན། དགག་སྒྲུབ་རྩོམ་ཡིག་ལ་དབྱེ་བ་གང་   དག་ཡོད།  

 

                                  

༡༠དགག་སྒྲུབ་རྩོམ་ཡིག་གི་གྲུབ་ཆ་གསུམ་ནི་གང་ཡིན་པ་དང༌། དེ་དག་གི་ནང་དོན་ཅི་ཞིག་ཡིན།

 

 

༡༡དགག་སྒྲུབ་རྩོམ་ཡིག་ལ་སྒྲུབ་ཐབས་གང་དག་ཡོད། སྒྲུབ་བྱེད་ལ་དབྱེ་ན་གང་དག་  ཡོད།                                                 

 

 

༡༣གང་འདྲ་ཞིག་ལ་སྙན་རྩོམ་ཟེར། སྙན་རྩོམ་གྱི་རྣམ་པའི་ཐད་ནས་དབྱེ་ན་གང་དག་ ཡོད། 

 

 

༡༤སྙན་རྩོམ་གྱི་ནང་དོན་ཆ་ནས་དབྱེ་ན་གང་དག་ཡོད། དེ་དག་གི་ནང་དོན་ཅི་ཡིན།                                                                

 

 

༡༦གང་འདྲ་ཞིག་ལ་སྒྲུང་གཏམ་ཟེར།

 

 

༡༧སྒྲུང་གཏམ་ལ་རྩ་བའི་གྲུབ་ཆ་གང་དག་ཡོད།                                          

 

༡༨སྒྲུང་གཏམ་ལ་མི་སྣ་ཞིབ་འབྲི་བྱེད་ཐབས་ལ་གང་དག་ཡོད།

 

 

༢༥སྒྲུང་གཏམ་གྱི་བྱུང་རིམ་ལ་དབྱེ་ན་གང་དག་ཡོད།                                            

 

 

༢༦ཁོར་ཡུག་ལ་དབྱེ་ན་གང་དག་ཡོད།                            

 

 

༣༡ལེགས་བཤད་ཀྱི་གོ་དོན་ཅི་ཞིག་ཡིན། བོད་ཀྱི་ལེགས་བཤད་ཀྱི་ཐོག་མ་གང་ཡིན།

 

 

༣༣བོད་དུ་གྲགས་ཆེ་བའི་ལེགས་བཤད་བཞི་ནི་གང་དག་ཡིན།                                       

 

 

ས་བཅད་བཞི་པ། ཚིག་རྒྱན་རིག་པའི་སྐོར།

 

གང་འདྲ་ཞིག་ལ་སྙན་ངག་ཟེར།

 

 

བོད་ཀྱི་སྙན་གཞུང་དེ་གང་ལ་བརྟེན་ནས་བྱུང་བ་ཡིན།  

 

 

)《སྙན་ངག་མེ་ལོང་མའིརྩོམ་པ་པོ་སུ་ཡིན།

 

 

)《སྙན་གཞུང་མེ་ལོང་མབོད་ཡིག་ཏུ་ཐོག་མར་བསྒྱུར་མཁན་དང་ཆ་ཚང་བར་བསྒྱུར་མཁན་ནི་སུ་ཞིག་ཡིན།

 

 

མཚན་གཞིའི་དཔེར་བརྗོད་རྩ་བ་ལས་ཞེས་པའི་རྩ་བའི་དོན་ནི་ཅི་ཞིག་ཡིན།

 

 

སྙན་ངག་གི་ལུས་ལ་དབྱེ་ན་གང་དག་ཡོད།

 

སྙན་ངག་གི་རྒྱན་ལ་དབྱེ་ན་ག་ཚོད་ཡོད། 

 

 

གང་འདྲ་ཞིག་ལ་ཚེག་བར་ཆ་དང་ཡ་ཟེར།

 

 

ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ནང་ཚིག་རྐང་བཞི་པོའི་ཚེག་བར་ལ་མང་ཉུང་ཤོར་ན་ཆོག་གམ། རྒྱུ་མཚན་ཅི།

 

 

 

༡༠ཚིགས་བཅད་རྩོམ་ཡིག་གི་ཚིག་རྐང་སོ་སོའི་ཚེག་བར་ཆ་ཡ་ཁེལ་སྟངས་གཅིག་     མཚུངས་ཡིན་དགོས་སམ། རྒྱུ་མཚན་ཅི།

 

 

༡༡ཚིགས་བཅད་རྩོམ་ཡིག་གི་འབྲི་ཚུལ་ཞེས་པའི་སློབ་ཚན་འདི་ནི་གང་ལས་བདམས་ པ་ཡིན། རྩོམ་པ་པོ་སུ་ཡིན།

 

 

༡༢གང་འདྲ་ཞིག་ལ་ཚིག་རྒྱན་ཟེར།

 

 

 

༡༣དོན་རྒྱན་དང༌། གཟུགས་རྒྱན། དཔེ་རྒྱན། རང་བཞིན་བརྗོད་པའི་རྒྱན་བཅས་ལ་   ནང་གསེས་དབྱེ་གང་དག་ཡོད།

 

 

༡༣རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན་ཅི་ཡིན།

 

 

 

 ༡༤རང་བཞིན་བརྗོད་པའི་རྒྱན་གྱི་དབྱེ་བ་གང་དག་ཡིན།

 

 

༡༥རིགས་རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན་ཅི་ཡིན། བྱ་བ་རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན་ཅི་ཡིན།

 

 

༡༧ཡོན་ཏན་རང་བཞིན་བརྗོད་པའི་གོ་དོན་ཅི་ཡིན།  རྫས་རང་བཞིན་བརྗོད་པའི་གོ་ དོན་ཅི་ཡིན།

 

 

༡༩རྫས་རང་བཞིན་བརྗོད་པ་ཞེས་པའི་རྫས་ཀྱི་དོན་ཅི་ཡིན། 

 

 

༢༠ཡོན་ཏན་རང་བཞིན་བརྗོད་པ་ཞེས་པའི་ཡོན་ཏན་ནི་གང་ལ་གོ་དགོས།

 

 

༢༡རིགས་དང་བྱ་བ་རང་བཞིན་བརྗོད་པ་གཉིས་ཀྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ནི་གང་འདྲ་ཞིག་ཡིན།

 

 

༢༢དཔེ་རྒྱན་གྱི་གོ་དོན་ཅི་ཡིན།

 

 

༢༣སྤྱིར་བཏང་དཔེ་རྒྱན་ལ་ཚང་དགོས་པའི་ཡན་ལག་གསུམ་པོ་གང་དག་ཡིན།

 

༢༤ཆོས་དཔེའི་གོ་དོན་ཅི་ཡིན།

 

 

༢༥ཆོས་དཔེ་ལ་གྲུབ་ཆ་གང་དག་ཚང་དགོས།

 

 

༢༦དངོས་དཔེར་གོ་དོན་ཅི་ཡིན།

 

 

༢༧དངོས་དཔེའི་གྲུབ་ཆ་གང་དག་ཚང་དགོས།

 

 

༢༨དངོས་དཔེ་དང་ཆོས་དཔེའི་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ནི་ཅི་ཞིག་ཡིན།

 

 

 

༢༩ཕུང་བྱུང་གི་དཔེའི་གོ་དོན་ཅི་ཡིན།

 

 

༣༠རབ་བཏགས་ཀྱི་དཔེའི་གོ་དོན་ཅི་ཡིན། 

 

 

༣༡ཕུལ་བྱུང་གི་རྒྱན་དང་རབ་བཏགས་ཀྱི་རྒྱན་གཉིས་ཀྱི་ཁྱད་པར་ཅི་ཡིན།

 

 

 

༣༢རྨད་བྱུང་གི་དཔེའི་གོ་དོན་ཅི་ཡིན།   

 

 

༣༣ཐེ་ཚོམ་གྱི་དཔེའི་གོ་དོན་ཅི་ཡིན།

 

 

 

༣༤སྨད་པའི་དཔེ་དང་བརྗོད་འདོད་ཀྱི་དཔེ་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡོད།

 

 

 

༣༥བརྗོད་འདོད་ཀྱི་དཔེ་ཞེས་པ་ནི་རང་གི་བརྗོད་འདོད་ཀྱི་དཔེ་ཅན་དེ་དཔེ་གང་ཡང་རུང་བ་ཞིག་ལ་འགོད་པ་ཞིག་ཡིན་ནམ། རྒྱུ་མཚན་གང་ཡིན། 

 

 

༣༦མང་བའི་དཔེའི་གོ་དོན་ཅི་ཡིན།

 

 

༣༧ཟླ་བོ་དངོས་པོའི་དཔེའི་གོ་དོན་ཅི་ཡིན། 

 

 

༣༨གཟུགས་རྒྱན་གྱི་གོ་དོན་ཅི་ཡིན།

 

 

༣༩གཟུགས་རྒྱན་ལ་དབྱེ་ན་ག་ཚོད་ཡོད། དེ་དག་གང་དག་ཡིན། 

 

 

༤༠ དཔེ་རྒྱན་དང་གཟུགས་རྒྱན་གཉིས་ཀྱི་ཁྱད་པར་ཅི་ཡིན།

 

 

༤༡བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་གྱི་གོ་དོན་ཅི་ཡིན། 

 

 

༤༢མཐའ་དག་གཟུགས་ཅན་གྱི་གོ་དོན་ཅི་ཡིན།

 

 

༤༣བསྡུས་ཤིང་མ་བསྡུས་པའི་གཟུགས་རྒྱན་གྱི་བསྡུས་མ་བསྡུས་དེ་གང་ལ་ངོས་འཛིན་ དགོས།   

 

 

༤༤ མཐའ་དག་གཟུགས་ཅན་ཞེས་པའི་མཐའ་དག་དེ་གང་ལ་ངོས་འཛིན་དགོས།

 

 

༤༥ཆ་ཤས་གཟུགས་ཅན་གྱི་གོ་དོན་ཅི་ཡིན། 

 

 

༤༦ཆ་ཤས་ཅན་གྱི་གཟུགས་ཅན་གྱི་གོ་དོན་ཅི་ཡིན།

 

 

༤༧རྒྱུ་ཡི་གཟུགས་ཅན་གྱི་གོ་དོན་ཅི་ཡིན། 

 

 

༤༨གཟུགས་ཅན་གྱི་གཟུགས་ཅན་ཞེས་པའི་གོ་དོན་ཅི་ཡིན།

 

 

༤༩དཔེ་རྒྱན་དང་གཟུགས་རྒྱན་གྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡིན།

 

 

 

ས་བཅད་ལྔ་པ། རྣམ་གྲངས་འདྲེན་པའི་སྐོར།

 

ཕྱི་ནང་གཉིས།----                                     

དྲི་གཉིས།-----                   

སྟོད་ཀྱི་སྟེང་གཉིས།-----                               

བྱང་ཟུར་གཉིས།----                                  

དཔལ་ཡོན་གཉིས།-----                               

གྲ་ཤོད་རྣམ་གཉིས།----- 

དོན་གཉིས།-----                                         

མདོ་རྒྱུད་གཉིས།----- 

གཟབ་གཤར་གཉིས།-----                             

བསམ་སྦྱོར་གཉིས།-----                          

ས་པཎ་ཡབ་སྲས་གཉིས།-----                          

སྐ་ཅོག་རྣམ་གཉིས།-----                                 

སྣོད་བཅུད་གཉིས།-----                                 

 ལུགས་གཉིས།----- 

དགེ་འདུན་གྱི་སྡེ་གཉིས།-----                              

སྐ་ཅོག་ཞང་གསུམ།-----

སྒོ་གསུམ།-----                                    

སྣོད་ཀྱི་སྐྱོན་གསུམ།----

མཁན་སློབ་ཆོས་གསུམ།----                         

སྡེ་སྣོད་གསུམ།----  

རྗེ་ཡབ་སྲས་གསུམ།-----                            

ཀེར་ལེབ་སྒུར་གསུམ།-----      

དཀར་གསུམ།-----                                

རྟེན་གསུམ།----                                                                  

སྡོར་ཐལ་ཚྭ་གསུམ།-----                            

སྐབས་གསུམ།-----                                      

ལྗོངས་གསུམ།-----                                 

འོག་གི་བཙན་གསུམ།-----     

སེ་འབྲས་དགེ་གསུམ།-----                          

དཀོན་མཆོག་གསུམ།----- 

བོད་ཆོལ་ཁ་གསུམ།----                             

སྦྱོར་དངོས་རྗེས་གསུམ།---                                                   

བོད་ཀྱི་མཁས་པ་མི་གསུམ།-----                     

དཔྱད་པ་གསུམ།-----                                 

ཚད་མ་གསུམ།-----                                  

སྲིད་གསུམ།-----                                                          

བར་དབུས་གཙང་རུ་བཞི།-----                     

འབྱུང་བ་བཞི།----- 

 

འདུལ་བ་ལུང་སྡེ་བཞི།--                            

 

རི་ཆེན་བཞི།-----                                        

 

མཚོ་ཆེན་བཞི།-----                                     

 

ཨ་མྲའི་འབྲས་བུ་རིགས་བཞི།-----    

 

ཕུན་ཚོགས་སྡེ་བཞི།---                                    

 

མཐུན་པ་སྤུན་བཞི།----- 

 

འགྱུར་བཞི།-----                                            

 

བོད་ཀྱི་པར་ཁང་ཆེ་ཤོས་བཞི།-----          

 

འཕོང་སྐྱེན་རྣམ་ལྔ།----                                

འདོད་ཡོན་རྣམ་ལྔ།-----                                                            

 

སྒྲིབ་པ་ལྔ།----                                         

 

མི་འཛིན་པའི་སྐྱོན་ལྔ།---                                                             

 

ཕྱི་མ་མི་ལྔ།-----                                      

 

དབང་པོ་ལྔ།----     

 

རིག་གནས་ཆུང་བ་ལྔ།--                               

 

རིག་གནས་ཆེ་བ་ལྔ།-----                                                            

 

ས་སྐྱ་གོང་མ་རྣམ་ལྔ།----                             

 

སྒྲིབ་པ་ལྔ----

 

དྲི་མ་དྲུག----                                        

ཚེ་རིང་རྣམ་དྲུག-----                                                                 

 

སྨད་མདོ་ཁམས་སྒང་དྲུག-----                          

 

གྲགས་པ་ཉམས་པར་འགྱུར་བའི་རྒྱུ་དྲུག-----                                          

 

རོ་དྲུག-----                                           

 

བར་གྱི་ལེགས་དྲུག-----

 

འགྲོ་བ་རིགས་དྲུག-----                               

 

འཛམ་གླིང་རྒྱན་དྲུག་མཆོག་གཉིས-----           

 

དབང་པོ་སྒོ་དྲུག-----                                  

 

འབྲུ་དྲུག-----

 

མཛངས་མི་བདུན།-----                            

རྒྱལ་སྲིད་སྣ་བདུན།----- 

 

དབུས་གཙང་མཁས་པ་མི་བདུན།-----               

 

སད་མི་བདུན།-----  

 

ཅང་ཤེས་བདུན།-----                              

 

གནམ་གྱི་ཁྲི་བདུན།-----

 

རྫས་བརྒྱད།-----                                   

 

འཇིག་རྟེན་ཆོས་བརྒྱད།----  

 

ཡན་ལག་བརྒྱད་ལྡན་གྱི་ཆུ།-----                     

 

ལྷ་མོའི་འཁྲབ་གཞུང་བརྒྱད།----      

 

མི་དགེ་བ་བཅུ།-----                                 

ཕྱོགས་བཅུ།-----                                                                        

 

སྙན་ངག་གི་སྐྱོན་བཅུ།-----                           

 

ས་ཡི་དགེ་མཚན་བཅུ།----

 

 

ས་བཅད་དྲུག་པ། སློབ་ཚན་གྱི་གཙོ་གནད་སྐོར།

 

རྩྭ་ཐང་དྲན་གླུ། རྩོམ་པ་པོ་ནི་                       ཡིན།                        

ལས་བདམས་ཤིང༌། རྩོམ་སྟངས་ནི                                དང༌། རྩོམ་ལུས་ནི།                    ཡིན།

ཡིད་དུ་འོང་བའི་ཡར་འབྲོག་གཡུ་མཚོ། རྩོམ་པ་པོ་ནི                          ཡིན།

                                                ལས་བདམས་ཤིང༌། རྩོམ་སྟངས་ནི

                                དང༌། རྩོམ་ལུས་ནི                          ཡིན།

གཙང་ཁུལ་དུ་ལྟ་སྐོར་དུ་བསྐྱོད་པའི་མཐོང་ཐོས། རྩོམ་པ་པོ་ནི་                 ཡིན།

                      ལས་བདམས་ཤིང༌། རྩོམ་སྟངས་ནི                     ཡིན།

སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ། རྩོམ་པ་པོ་ནི་                              ཡིན།

                   ལས་བདམས་ཤིང༌། རྩོམ་སྟངས་ནི                      དང༌། རྩོམ་ལུས་ནི།               ཡིན།

སློབ་མ་སྣོད་རུང་བྱ་བའི་གདམས་ངག རྩོམ་པ་པོ་ནི་                          ཡིན།

                       ལས་བདམས་ཤིང༌། རྩོམ་སྟངས་ནི                   ཡིན།

ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་ཞེས་པའི་སྣོད་ནི་གང་ལ་གོ་དགོས།

                                                                                       

དྲི་མ་དྲུག་སྤང་བ་ཞེས་པའི་དྲི་མ་ཡི་དོན་ནི་ཅི་ཞིག་ཡིན།

                                                                                     

དགེ་རྒན་གྱི་སྐྱོན་ལ་རྟོག་པ་ཞེས་པའི་དོན་ཅི་ཡིན།

                                                                                     

སྣོད་ཁ་སྦུབ་དང་ཕྱི་རོལ་རྣམ་གཡེང་གཉིས་ལ་ཁྱད་པར་ཅི་ཡོད།

                                                                                     

༡༠དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་པ། རྩོམ་པ་པོ་ནི་           

ཡིན།                               ལས་བདམས་པ་ཡིན།

༡༡སློབ་ཁྲིད་ལ་ཉན་པའི་ཚེ། སློབ་ཁྲིད་ཀྱི་ནང་དོན་ཟབ་དང་མི་ཟབ་ཅི་ཚོད་འདུག་པ་ལྟའོ་སྙམ་པ་ནི་སློབ་མའི་སྒོ་གསུམ་མ་གུས་པ་ལས་གང་ཞིག་ཡིན།

                                                                                     

༡༢སློབ་ཁྲིད་ཀྱི་སྐབས་སུ་གཞོགས་བསྙེས་བྱས་ཏེ་ཉན་པ་ནི་སློབ་མའི་སྒོ་གསུམ་མ་གུས་པ་ལས་གང་ཞིག་ཡིན།

                                                                                       

༡༥ཉི་འཁྱིམས་ཆར། ཟླ་འཁྱིམས་རླུང༌། ཞེས་པའི་དོན་ཅི་ཡིན།

                                                                                                                       

༡༦ཤར་འཇའ་འབྲུག ནུབ་འཇའ་ཆར། ཞེས་པའི་དོན་ཅི་ཡིན།

                                                                                                                       

༡༧ནངས་སྔ་མོའི་སྤྲིན་དམར་ཆུ་ཡིན། དགུང་ཕྱི་དྲོའི་སྤྲིན་དམར་མེ་ཡིན། ཞེས་པའི་  དོན་ཅི་ཡིན།

                                                                                                                      

༡༨ཆུའི་བསྟན་བཅོས། རྩོམ་པ་པོ་ནི་                   ཡིན།                   ལས་བདམས་ཤིང༌། རྩོམ་སྟངས་ནི             དང༌། རྩོམ་ལུས་ནི།               ཡིན།

༡༩ཆུའི་བསྟན་བཅོས་ཞེས་མིང་འདོགས་དོན་ཅི་ཡིན།

                                                                                                                      

༢༠ཆུ་ཤིང་གི་བསྟན་བཅོས་འདིའི་མིང་ཆ་ཚང་ལ་ཅི་ཟེར།

                                                                                                                      

༢༥སྲོང་བཙན་སྒམ་པོ། རྩོམ་པ་པོ་ནི་                 ཡིན།                   ལས་ བདམས་ཤིང༌། རྩོམ་སྟངས་ནི                ཡིན།

༢༦སྲོང་བཙན་སྒམ་པོ་ཞེས་པའི་མཚན་ནི་སུས་གསོལ་བ་ཡིན་ལ། དེ་ནི་ཇི་ལྟར་བཏགས་པ་ཡིན། 

                                                                                      

                                                                                      

                                                                                       

༢༧རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་བལ་བཟའ་ཁབ་ཏུ་བཞེས་པ་ལ་དགོས་པ་གང་ཡོད།

                                                                                     

                                                                                     

༢༨རྒྱལ་པོ་སྲོང་བཙན་སྒམ་པོ་ནི་མི་ཅི་འདྲ་ཞིག་ཡིན།

                                                                                    

༢༩སློབ་དཔོན་ཐོན་མི། རྩོམ་པ་པོ་ནི་                  ཡིན།                  ལས་ བདམས་ཤིང༌། རྩོམ་སྟངས་ནི                          ཡིན།

༣༠བོད་ཡིག་གསར་བཟོ་གཅིག་གྱུར་བྱེད་དགོས་པའི་རྐྱེན་གང་ཡིན།

                                                                                     

                                                                                     

                                                                                      

༣༡ཐོན་མིས་རྒྱ་གར་དུ་སློབ་དཔོན་སུ་ཞིག་བསྟེན་པ་ཡིན།

                                                                                     

                                                                                     

༣༢སློབ་དཔོན་ཐོན་མི་ནི་མཛངས་མི་ག་ཚོད་ཡིན་པ་དང༌། མཛངས་མིའི་ལས་སུ་ཅི་   ཞིག་བྱས་པ་ཡིན།

                                                                                                                                                           

༣༣ཐོན་མི་སམ་བྷོ་ཊ་ལ་སློབ་དཔོན་ཞེས་ཐོགས་པའི་རྒྱུ་རྐྱེན་ཅི་ཡིན།

                                                                                     

                                                                                      

༣༤མཛངས་མི་ཞེས་པའི་དོན་ནི་ཅི་ཞིག་ཡིན།

                                                                                                                                                           

༣༥སློབ་དཔོན་ཐོན་མིས་ཡི་གེ་གང་ཞིག་ལ་དཔེ་བལྟས་ནས་བོད་ཡིག་གསར་བཟོ་བྱས་པ་ཡིན།                                                                                                                                                           

                                                                                                                         

༣༨ཤིང་གི་བསྟན་བཅོས། རྩོམ་པ་པོ་ནི་                 ཡིན།                  ལས་བདམས་ཤིང༌། རྩོམ་སྟངས་ནི                        ཡིན།

༣༩)《ཤིང་གི་བསྟན་བཅོས་ཞེས་པ་དེའི་མཚན་ཆ་ཚང་ལ་ཅི་ཟེར།

                                                                                                                                      

༤༠ཤིང་གི་བསྟན་བཅོས་ཞེས་ཟེར་དགོས་པའི་རྒྱུ་མཚན་ཅི་ཡིན།

                                                                                                                                      

༤༡ཞུ་འཕྲིན་བདུད་རྩིའི་ཐུགས་པ། རྩོམ་པ་པོ་ནི                               ཡིན།

                      ལས་བདམས་ཤིང༌། རྩོམ་སྟངས་ནི                  ཡིན།

༤༢ཤེས་ཡོན་ལ་རྒྱུ་ལོངས་སྤྱོད་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད།

                                                                                    

                                                                                    

༤༣མཇུག་མཐའི་སློབ་ཐུན་གཅིག རྩོམ་པ་པོ་ནི་                               ཡིན།

                  ལས་བདམས་ཤིང༌། རྩོམ་སྟངས་ནི                      ཡིན།

༤༤མཇུག་མཐའི་སློབ་ཐུན་གཅིག་ནང་གི་མི་སྣ་གཙོ་བོ་སུ་ཡིན།

                                                                                       

༤༥ས་སྨྱུག་གི་རང་གཤིས། རྩོམ་པ་པོ་ནི་                ཡིན།                  ལས་

བདམས་ཤིང༌། རྩོམ་སྟངས་ནི                            ཡིན།

༤༦ས་སྨྱུག་གི་མཚོན་དོན་ནི་ཅི་ཞིག་ཡིན།

                                                                                      

༤༧དཔྱིད། རྩོམ་པ་པོ་ནི་                 ཡིན། རྩོམ་སྟངས་ནི                ཡིན། ༤༨སྐྱིད་པའི་ལྷ་སྲས། རྩོམ་པ་པོ་ནི་                                ཡིན། རྩོམ་སྟངས་

ནི                           དང༌། རྩོམ་ལུས་ནི།                         ཡིན།

༤༩གཤམ་གྱི་མི་སྣའི་འབྲེལ་བ་འབྲི་དགོས།

1    གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོའི་འབྲེལ་བ།

                                                                                          

2    གནམ་རི་སྲོང་བཙན་དང་ཁྱུང་པོ་སྤུང་ཟད་ཟུ་རྩེའི་འབྲེལ་བ།

                                                                                      

3    མྱང་ཙེང་སྐུ་དང་ཞང་སྣང་གི་འབྲེལ་བ།

                                                                                      

4མྱང་ཙེང་སྐུ་དང་ཁྱུང་པོ་སྤུང་ཟད་ཟུ་རྩེའི་འབྲེལ་བ།

                                                                                     

4    གནམ་རི་སྲོང་བཙན་དང་སློན་ཀོལ་གྱི་འབྲེལ་བ།

                                                                                      

༥༠ང་རང་བྱིས་པ་ཡིན་དུས། རྩོམ་པ་པོ་ནི་                                     ཡིན།

                  ལས་བདམས་ཤིང༌། རྩོམ་སྟངས་ནི                     ཡིན།

༥༡ང་རང་བྱིས་པ་ཡིན་དུས་ཞེས་པའི་ང་རང་གིས་སུ་བསྟན་པ་ཡིན།

                                                                                       ༥༢སློབ་ཚན་འདིར་མི་སྣ་གང་དག་ཡོད་པ་དང༌། དེ་དག་ལས་མི་སྣ་གཙོ་བོ་ནི་སུ་ཡིན།

                                                                                                                                                           

༥༣མྱང་ཚ་དཀར་རྒྱན་གྱི་རང་གཤིས་ནི་གང་འདྲ་ཞིག་ཡིན།

                                                                                     

                                                                                     

༥༥ཨ་ཁུ་དང་ཨ་ནེའི་རང་གཤིས་ནི་གང་འདྲ་ཞིག་ཡིན།

                                                                                     

                                                                                     

༥༦མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན། ཞེས་པའི་དོན་ཅི་ཡིན།

                                                                                                                                                          

༥༧མི་ནོར་དུ་མ་སོང་ན། ནོར་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། ཞེས་པའི་དོན་ཅི་ཡིན།

                                                                                                                                               

༥༨རྔ་གདང་རྒྱུག དུད་པ་ལངས་རྒྱུག་ཅེས་པའི་དོན་ཅི་ཡིན།

                                                                                                                                                              

༥༩སྐྱེས་བུ་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན།  རྩོམ་པ་པོ་ནི་                  ཡིན། རྩོམ་སྟངས་ནི                           ཡིན།

༦༠ས་སྐྱ་པཎྚྀ་ཏ་ཀུན་དགའ་རྒྱལ་མཚན་གྱི་ཆུང་དུས་ཀྱི་མཚན་ལ་ཅི་ཟེར།

                                                                                        

༦༡བསླབ་བྱ་ནོར་བུའི་ཕྲེང་བ། རྩོམ་པ་པོ་ནི་                                   ཡིན།

                     ལས་བདམས་ཤིང༌། རྩོམ་སྟངས་ནི                    ཡིན།

༦༢སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང༌། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་   ཡིན། །ཞེས་པའི་དོན་ཅི་ཡིན།

                                                                                                       

༦༣གྲུབ་ཆེན་ཟམ་པ་ཞེས་པ་ནི་མི་སུ་ཞིག་ཡིན།

                                                                                       

༦༤ཐང་སྟོང་རྒྱལ་པོས་མི་ཚེ་གང་པོར་ལྕགས་ཟམ་དང༌། ཤན་ཆེན། གྲུ་འདྲེས་པ། ཤིང་ཟམ་སོགས་ཅི་ཙམ་བཙུགས་པ་ཡིན།

                                                                                           

༦༥ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་ཇི་ལྟར་ཐོགས་པ་ཡིན།

                                                                                    

                                                                                      

༦༦ཐང་སྟོང་རྒྱལ་པོས་ལྕགས་ཟམ་ཐེངས་དང་པོ་ནི་གང་ཡིན།

                                                                                                      

༦༧ཐང་སྟོང་རྒྱལ་པོས་ལྷ་མོའི་ཟློས་གར་གྱི་སྲོལ་བཏོད་པའི་དགོས་པ་ཅི་ཡིན།

                                                                                     

                                                                                     

༦༨ཐང་སྟོང་རྒྱལ་པོས་ལྕགས་ཟམ་བསྐྲུན་པ་དེས་བོད་མི་རིགས་ལ་བྱས་རྗེས་གང་དག་   བཞག་ཡོད།

                                                                                     

                                                                                      

༦༩བོད་ཀྱི་མི་རྒྱུད་ཇི་ལྟར་བྱུང་ཚུལ་བཤད་པ། རྩོམ་པ་པོ་ནི་                    ཡིན། རྩོམ་སྟངས་ནི                            ཡིན།

༧༠ བོད་མིའི་འགྲོ་བ་བྱུང་རྗེས་ཞིང་ལ་སྔ་བ་དང༌། ཡུལ་ལ་སྔ་བ། གྲོང་ལ་སྔ་བ། མཁར་ལ་སྔ་བ། རྗེ་ལ་སྔ་བ་སོགས་བྱུང་བ་གང་དང་གང་ཡིན།

                                                                                    

                                                                                     

༧༡བོད་ཡིག་ཡིག་གཟུགས་ཀྱི་འཕེལ་འགྱུར་སྐོར་གླེང་བ། རྩོམ་པ་པོ་ནི་               

ཡིན། རྩོམ་སྟངས་ནི                          ཡིན།

༧༢ད་ལྟའི་བོད་ཡིག་འདི་ནི་བོད་ཀྱི་རྒྱལ་པོ་སུའི་སྐུ་རིང་ལ་གསར་བཅོས་གནང་བ་   ཡིན།

                                                                                    

༧༣དབུ་མེད་ཀྱི་ཡིག་གཟུགས་གཙོ་ཆེ་བ་གང་དག་ཡོད།

                                                                                    

༧༤ད་ལྟའི་དབུ་ཅན་གྱི་ཡིག་གཟུགས་འདི་ནི་སུས་ཕྱག་རྒྱུན་ཡིན།

                                                                                     

༧༥བོད་ཡིག་གི་ཡིག་གཟུགས་ལ་རྩ་བའི་དབྱེ་བ་གང་དག་ཡོད།

                                                                                    

༧༦)《དགེ་ལྡན་ལེགས་བཤདཀྱི་མིང་ཆ་ཚང་ལ་ཅི་ཟེར། རྩོམ་པ་པོ་སུ་ཡིན། རྩོམ་སྟངས་ནི་ཅི་ཡིན།

                                                                                                        

༧༧)《དགེ་ལྡན་ལེགས་བཤདནི་ཇི་ལྟར་བརྩམས་པ་ཡིན།

                                                                                      

                                                                                      

༧༩ཝ་སྐྱེས་ཀྱི་རྒྱལ་པོས་ལུས་ལ་ཚོན་བྱུགས་དོན་ཅི་ཡིན།

                                                                                     

༩༠བོང་བུས་གཟིག་ལྤགས་གྱོན་པའི་མཚོན་བྱེད་གང་ཡིན།

                                                                                     

༩༡འབག་སྐུའི་ཞལ་རས་ལ་གསེར་བཙོ་མའི་ཁུ་བ་བྱུགས་དོན་ཅི་ཡིན།

                                                                                        

༩༢མ་བུ་གཉིས་ཀྱི་མཛད་རྗེས་ཞེས་པའི་མ་བུ་གཉིས་ཀྱིས་དོན་གང་ཞིག་མཚོན་   ཡོད།

                                                                                      

༩༣མ་བུ་གཉིས་ཀྱི་མཛད་རྗེས། རྩོམ་པ་པོ་ནི་                             ཡིན། རྩོམ་སྟངས་ནི                   ཡིན།

 ༩༤ཡ་རུ་ཞིག རྩོམ་པ་པོ་ནི་                       ཡིན།                         

ལས་བདམས་ཤིང༌། རྩོམ་སྟངས་ནི                                        ཡིན།

༩༥ཡ་རུའི་མཚོན་དོན་ཅི་ཡིན།

                                                                                    

༩༥ཡ་རུ་ཞིག་ཞེས་པའི་རྩོམ་ཡིག་འདིར་འབོད་པའི་ཐ་སྙད་གང་སྤྱད་ཡོད། དེ་ལ་དགེ་ མཚན་ཅི་ཞིག་ཡོད།

                                                                                      

                                                                                      

༩༧ཕོ་བྲང་ཕོ་ཏ་ལ། རྩོམ་པ་པོ་ནི་                      ཡིན།                          

ལས་བདམས་ཤིང༌། རྩོམ་སྟངས་ནི                             ཡིན།

༩༨ཕོ་བྲང་པོ་ཏ་ལ་ནི་ཕོ་བྲང་གང་གཉིས་ཀྱིས་གྲུབ་པ་ཡིན།

                                                                                       ༩༩ཕོ་བྲང་པོ་ཏ་ལ་དུས་རབས་གང་གི་ནང་དུ་སུས་གསར་བཞེངས་མཛད་པ་ཡིན་ལ།      

ཕོ་བྲང་གི་མིང་ལ་ཅི་ཟེར།

                                                                                                          

༡༠༠ཕོ་བྲང་དམར་པོ་གསར་བཞེངས་བྱས་པ་དེས་ལོ་རྒྱུས་ཐོག་དོན་སྙིང་ཅི་ཞིག་ལྡན་ཡོད།

                                                                                     

                                                                                      

                                                                                                                               

༡༠༣འཇིག་རྟེན་རིལ་མོའམ་ཟླུམ་པོ། རྩོམ་པ་པོ་ནི་                             ཡིན།

                   ལས་བདམས་ཤིང༌། རྩོམ་སྟངས་ནི                      ཡིན། 

༡༠༤ཅང་ཤེས་རྟ་ཕོ། རྩོམ་པ་པོ་ནི་                  ཡིན།                        

ལས་བདམས་ཤིང༌། རྩོམ་སྟངས་ནི                                 ཡིན། 

༡༠༥)《ཅང་ཤེས་རྟ་ཕོཞེས་པའི་རྟ་ཕོ་ཡིས་གང་ཞིག་མཚོན་ཡོད།

                                                                                      

                                                                                                                                                                             

                                                                                                                  

༡༠༧ས་སྐྱ་ལེགས་བཤད། རྩོམ་པ་པོ་ནི་                                        ཡིན།

                                  ལས་བདམས།

༡༠༨བོད་ཀྱི་ལེགས་བཤད་ཀྱི་ཐོག་མ་གང་ཡིན།

                                                                                      

༡༠༩བཤེས་སྤྲིངས་རྩ་འགྲེལ། རྩོམ་པ་པོ་ནི་                                    ཡིན།

                                            ལས་བདམས།

༡༡༠སྤྲིངས་ཡིག་དེ་བརྩམས་ནས་ད་ལྟའི་བར་ལོ་ངོ་ག་ཚོད་ཙམ་འདས་ཡོད།

                                                                                       

༡༡༡མགོ་གཉིས་མ། རྩོམ་པ་པོ་ནི་                    ཡིན།                        

ལས་བདམས་ཤིང༌། རྩོམ་སྟངས་ནི                               ཡིན།

༡༡༢མགོ་གཉིས་མ་ཞེས་པའི་སྒྲུང་གཏམ་དེའི་མི་སྣ་གཙོ་བོ་སུ་ཡིན།

                                                                                                                  

༡༡༥དོགས་སློང་གི་སྙིང་སྟོབས། རྩོམ་པ་པོ་ནི་                                 ཡིན།                   ལས་བདམས་ཤིང༌། རྩོམ་སྟངས་ནི                                ཡིན།

༡༡༦དོགས་སློང་ནི་                           དང་                           ཡིན།

          ཤེས་བྱ་མང་ཆེ་བ་ནི་                                          ལས་ཐོབ་པ་སྟེ།                           དང་                        བྱེད་པའང་དོགས་སློང་ལས་མགོ་བརྩམས་པ་ཡིན།

༡༡༧ན་གཞོན་ཚོ་ལ་ལྟ་ཚུལ་རེ་གཉིས་གླེང་བ། རྩོམ་པ་པོ་ནི་                    ཡིན།

                 ལས་བདམས་ཤིང༌། རྩོམ་སྟངས་ནི                    ཡིན།

༡༢༢གཙོད་ལ་མཚོ་བོད་མཐོ་སྒང་གི་དམིགས་བསལ་གྱི་རི་དྭགས་ཤིག་རེད་ཅེས་     བརྗོད་དོན་ཅི་ཡིན།

                                                                                                                   

༡༢༣འཛམ་གླིང་དུ་གཙོད་ལ་རིན་ཐང་དང་སྐད་གྲགས་ཆེ་བའི་རྒྱུ་མཚན་གཙོ་བོ་གང་ཡིན།

                                                                                      

                                                                                     

                                                                                                                    

༡༢༤སྤྱིར་གཙོད་ཀྱི་གཟུགས་པོའི་མཐོ་ཚད་ལ་ལི་སྨི65—80དང༌། མགོ་མཇུག་གི་རིང་  ཚད་ལ་ལི་སྨི120—140ཙམ་ཡོད། གུག་པོའི་རིང་ཚད་ལ་ལི་སྨི55—80ཙམ་ཡོད།ཞེས་པ་ནི་གསལ་བཤད་རྩོམ་ཡིག་གི་གསལ་བཤད་བྱེད་ཐབས་གང་ཞིག་ཡིན།

                                                                                      

༡༢༦མི་དམངས་ཤེས་རབ་ཅེས་པའི་མི་དམངས་ནི་གང་ལ་གོ་དགོས།

                                                                                        

༡༢༧མདོ་ཁམས་ཀོང་རྩེད་ར་བའི་ཡུལ་ལྗོངས། རྩོམ་པ་པོ་ནི་                    ཡིན།

                        ལས་བདམས་ཤིང༌། རྩོམ་སྟངས་ནི                         ཡིན།

༡༢༨མདོ་སྨད་ཀོང་རྩེད་ར་བའི་མིང་གཞན་ལ་ཅི་ཟེར།

                                                                                       ༡༢༩གཞིས་ཀ་བསམ་གྲུབ་རྩེ་ཞེས་པའི་རྩོམ་པ་པོ་ནི                            ཡིན།

                   ལས་བདམས་ཤིང༌། རྩོམ་སྟངས་ནི                     ཡིན།

༡༣༠གཞིས་ཀ་བསམ་གྲུབ་རྩེ་ཞེས་པའི་མིང་ཇི་ལྟར་ཐོགས་པ་ཡིན།

                                                                                      

                                                                                     

                                                                                       

༡༣༡བསམ་གྲུབ་རྩེའི་ཕོ་བྲང་དེ་ཕྱག་འདེབས་མཁན་སུ་ཡིན།

                                                                                       

༡༣༢དེབ་ཐེར་རྒྱ་མཚོ་ཞེས་པ་ནི                               ལས་བདམས་ཤིང༌། རྩོམ་སྟངས་ནི                  ཡིན།

༡༣༣དེབ་ཐེར་རྒྱ་མཚོ་ཡི་རྩོམ་པ་པོ་ནི་སུ་ཡིན་པ་དང༌། དེབ་ཐེར་རྒྱ་མཚོ་ཡི་མིང་གཞན་ལ་ཅི་ཟེར།

                                                                                         

༡༣༤རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས། རྩོམ་པ་པོ་ནི་                 ཡིན།

                   ལས་བདམས་ཤིང༌། རྩོམ་སྟངས་ནི                     ཡིན།

༡༣༥དཔལ་ཞ་ལུ་གསེར་ཁང་ཞེས་པའི་མིང་དེ་ཇི་ལྟར་ཐོགས་པ་ཡིན།

                                                                                      

                                                                                         

༡༣༦ཞ་ལུ་དགོན་པ་དེ་རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས་ཡིན་ཟེར་དོན་ཅི་  ཡིན།

                                                                                      

                                                                                      

                                                                                                                                                     

༡༣༧གནའ་རབས་རིག་གནས་ཀྱི་བང་མཛོད། ཏུན་ཧོང༌། རྩོམ་པ་པོ་ནི             

ཡིན།                                        ལས་བདམས་ཤིང༌། རྩོམ་སྟངས་ནི

                      ཡིན།

༡༣༨ཏུང་ཧོང་བྲག་ཕུག་དེ་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཡིན་ཟེར་བའི་རྒྱུ་མཚན་ཅི།

                                                                                      

                                                                                      

                                                                                                                                                                                                                                       

༡༣༩མོ་ཀོ་བྲག་ཕུག་གི་མིང་གཞན་ལ་ཅི་ཟེར་བ་དང༌། དུས་ནམ་ཞིག་ལ་བཞེངས་པ་   ཡིན།

                                                                                     

                                                                                      

                                                                                          

༡༤༡རྔ་ཆེན་རོལ་དབྱངས། རྩོམ་པ་པོ་ནི                    ཡིན།                   

ལས་བདམས་ཤིང༌། རྩོམ་སྟངས་ནི                        ཡིན།

༡༤༢གཤམ་གསལ་ལས་དཔེ་དོན་མཚོན་ཚུལ་ཇི་ལྟར་བསྟན་ཡོད།

1ཁྲང་པེ་རི་བོའི་རྒྱ་སྟག--                     

2ཞི་ཧྲོང་པན་ནའི་གླང་ཆེན།--     

3རྟ་རྒོད།--                                    

4གངས་སེང་དཀར་མོ།--

༡༤༣བསྟོད་པ་བཀླགས་པའི་འཆར་སྣང༌། རྩོམ་པ་པོ་ནི་                        ཡིན།

                   ལས་བདམས་ཤིང༌། རྩོམ་སྟངས་ནི                    ཡིན།

༡༤༤བོད་ཀྱི་སྐད་ཡིག་སྐོར་གླེང་བ། རྩོམ་པ་པོ་ནི་                              ཡིན།

                    ལས་བདམས་ཤིང༌། རྩོམ་སྟངས་ནི                    ཡིན།

༡༤༥བོད་ཀྱི་ཡི་གེ་བྱུང་བའི་སྐོར་ལ་འདོད་ཚུལ་རིགས་མི་འདྲ་བ་གང་དག་ཡོད།

                                                                                     

                                                                                      

༡༤༦གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་དང༌། ངའི་ཨ་མའི་ཕོར་པ་གཙང་མ་ཡིན་ཞེས་པའི་དོན་ཅི་ཞིག་ཡིན།

                                                                                       

                                                                                      

                                                                                      

 

༡༤༧སློབ་ཚན་དུ་སྲིད་སྐྱོང་བ་ལ་ཡི་གེ་མེད། ཐག་པ་ལ་མདུད་པ་དང༌། ཤིང་ལ་རྟགས་ བཏབ་སྟེ་རྩིས་བྱེད་ཅེས་པས་དོན་གང་ཞིག་མཚོན་ཡོད།

                                                                                     

                                                                                      

༡༤༨རྩོམ་པ་པོས་གསུངས་པའི་སྐད་ཡིག་སྔོན་ཐོན་གྱི་ཚད་གཞི་ནི་ཅི་ཞིག་ཡིན།

                                                                                      

                                                                                      

                                                                                                                             

༡༤༩མི་རིགས་ཤིག་གི་སྲོག་རྩ་ནི་ཅི་ཡིན།

                                                                                                                    ༡༥༠རྫ་རིའི་ཆུ་ཕྲན། རྩོམ་པ་པོ་ནི་                         ཡིན།                    

ལས་བདམས་ཤིང༌། རྩོམ་སྟངས་ནི                            ཡིན།

༡༥༡རྫ་རིའི་ཆུ་ཕྲན་གྱི་མཚོན་བྱ་ནི་ཅི་ཡིན།

                                                                                                                              

༡༥༢བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན། རྩོམ་པ་པོ་ནི་                        ཡིན།

                   ལས་བདམས་ཤིང༌། རྩོམ་སྟངས་ནི                    ཡིན།

༡༥༣བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན་གྱི་མཚོན་དོན་གང་ཡིན།

                                                                                                                                              

༡༥༥ས་སྐྱ་པཎྚི་ཏའི་མཛད་རྗེས་གཙོ་བོ་ནི་གང་འདྲ་ཞིག་ཡིན།

                                                                                     

                                                                                                         

༡༥༦ས་པཎ་ནི་རིག་པའི་གནས་ལྔ་ཙམ་ལ་མཁས་པའི་ལོ་རྒྱུས་མི་སྣ་ཞིག་ཡིན་ནམ།

                                                                                      

                                                                                      

                                                                                                        

༡༥༧ས་པཎ་གྱིས་བོད་མིའི་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་ བྱེད་ནུས་ཅི་འདྲ་ཞིག་ཐོན་ཡོད།

                                                                                      

                                                                                      

                                                                                      

                                                                                                        

༡༦༢དཔྱིད་ཆུ་ངན། སྟོན་ཆུ་བཟང་ཟེར་བ་དང༌། དེ་སྐར་མ་རྀ་ཥིའི་བར་འབྲེལ་བ་ཡོད་དམ་མེད། རྒྱུ་མཚན་ཅི།

                                                                                      

                                                                                      

                                                                                                        

༡༦༣ཆུ་ལ་རྩ་བའི་འབྱུང་ཁུངས་ཀྱི་སྒོ་ནས་དབྱེ་ན་ག་ཚོད་ཡོད།

                                                                                                                                                 

 

༡༦༤ཆུ་བཟང་ངན་གྱི་ཡུལ་གྱི་ཁྱད་པར་ཇི་ལྟར་འབྱེད་པ་ཡིན།

                                                                                                                                                                                                              

༡༦༥སྐར་མ་རྀ་ཥི་དུས་ནམ་ཞིག་ལ་ཕྱོགས་གང་ནས་ཤར་བ་མཐོང་ཐུབ།

                                                                                      

                                                                                      

                                                                                                                                                 

༡༦༦དཔྱིད་ཆུ་ངན་དང་སྟོན་ཆུ་བཟང་ཟེར་བའི་ཁྱད་པར་ཇི་ལྟར་འབྱེད་པ་ཡིན།

                                                                                     

                                                                                      

                                                                                                                                                  

༡༦༨བདག་གི་གཞོན་ནུའི་ལོ་རབས། རྩོམ་པ་པོ་ནི་                             ཡིན།

                  ལས་བདམས་ཤིང༌། རྩོམ་སྟངས་ནི                    ཡིན།

༡༦༩སློབ་ཚན་འདིའི་ནང་མི་སྣ་གཙོ་བོ་སུ་དང་སུ་ཡིན།

                                                                                                                                       

༡༧༠ཡུམ་མྱང་ཚ་དཀར་རྒྱན་ནི་མི་ཇི་འདྲ་ཞིག་ཡིན།

                                                                                     

                                                                                      

                                                                                      

 

                                                                                      

༡༧༡རྣམ་འབྱོར་པ་རུས་པའི་རྒྱན་ཅན་གྱི་མཚན་དངོས་ལ་ཅི་ཟེར།

                                                                                                                                              

༡༧༢མི་ལ་རས་པ་མ་སྨད་གསུམ་ལ་སྡུག་པོ་གཏོང་མཁན་སུ་ཡིན་པ་དང༌། དེས་ཅི་ཞིག་མཚོན།

                                                                                     

                                                                                      

                                                                                    

༡༧༣སློབ་ཚན་འདིར་འབོད་པའི་ཐ་སྙད་གང་ཞིག་སྤྱད་ནས་བྲིས་འདུག འབྲི་ཐབས་ དེར་ཁྱད་ཆོས་གང་ཞིག་ལྡན་འདུག

                                                                                     

                                                                                      

                                                                                                              

༡༧༤བོད་སྐད་ཡིག་གི་འཕེལ་རྒྱས་སྐོར་གླེང་བ། རྩོམ་པ་པོ་ནི                   ཡིན།

                   ལས་བདམས་ཤིང༌། རྩོམ་སྟངས་ནི                     ཡིན།

༡༧༥རྒྱལ་བློན་འབངས་ཀྱི་ཆས་གོས་དང་དར་ལྕོག་འཛུགས་སྲོལ། རྩོམ་པ་པོ་ནི      

                    ཡིན།                   ལས་བདམས་ཤིང༌། རྩོམ་སྟངས་ནི

                      ཡིན།

༡༧༦སྔོན་བོད་མིའི་དར་ལྕོག་འཛུགས་སྲོལ་དེ་ཇི་ལྟར་དར་བ་ཡིན།

                                                                                      

                                                                                      

                                                                                             

༡༨༧མཱ་ཇིའི་ལག་རྟགས། རྩོམ་པ་པོ་ནི                 ཡིན།                   ལས་

བདམས་ཤིང༌། རྩོམ་སྟངས་ནི                             ཡིན།

༡༨༨སྒྲུང་གཏམ་འདིའི་ནང་གི་མི་སྣ་གཙོ་བོ་ནི་སུ་ཡིན།

                                                                                           

༡༨༩དྷི་ལྷས་ཅེམ་ལ་ཉོས་པའི་ལག་རྟགས་ནི་གང་ཡིན་པ་དང༌། ཅེམ་གྱིས་དྷི་ལྷར་ཉོས་པའི་ལག་རྟགས་གང་ཡིན།

                                                                                        

༡༩༠གཙུག་གཡུ། རྩོམ་པ་པོ་ནི                        ཡིན།                   ལས་བདམས་ཤིང༌། རྩོམ་སྟངས་ནི                      ཡིན།

༡༩༡སྒྲུང་གཏམ་འདིའི་ནང་གི་མི་སྣ་གཙོ་བོ་ནི་སུ་ཡིན། མི་སྣ་གཙོ་བོའི་རང་གཤིས་  གང་འདྲ་ཞིག་ཡིན་པ་བསྟན་ ཡོད།

                                                                                     

                                                                                    

༡༨༥སྒྲུང་གཏམ་འདིའི་ནང་དུ་གང་ཞིག་ཁུངས་སྣེར་བཟུང་ཡོད།

                                                                                      

༡༨༦གཙུག་གཡུ་དེ་ཐོག་མར་སུ་ཞིག་གིས་གང་ནས་རྙེད་པ་ཡིན།

                                                                                      

༡༨༦གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས།རྩོམ་པ་པོ་ནི་                

ཡིན།                ལས་བདམས་ཤིང༌། རྩོམ་སྟངས་ནི                  ཡིན།

 

༡༨༧སྤྱིར་བོད་ཀྱི་སྲོལ་རྒྱུན་སྙན་རྩོམ་གྱི་ཆ་རྐྱེན་གང་དག་ཚང་དགོས།

                                                                                      

                                                                                         

༡༨༨གསར་བཞད་རིག་གནས་ཀྱི་དཔྱིད་དཔལ། རྩོམ་པ་པོ་ནི་                  ཡིན།

                    ལས་བདམས་ཤིང༌། རྩོམ་སྟངས་ནི                    ཡིན།

༡༨༩)《གསར་བཞད་རིག་གནས་དཔྱིད་དཔལཞེས་པའི་ནང་གི་རིག་གནས་དེ་གང་གི་གཟུགས་སུ་བཀོད་ཡོད།

                                                                                                  

༡༩༠སློབ་ཚན་ནང་གི་ཆུ་སྐྱེས་པད་མས་གང་ཞིག་མཚོན་ཡོད། 

                                                                                                     

༡༩༡རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །

མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། །

དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། །

གཟུགས་བརྙན་ཟླ་བར་འཛིན་པ་བྱིས་པའི་བློ། །

ཚིགས་བཅད་འདིའི་རྩོམ་པ་པོ་ནི་སུ་ཡིན།                                                                            

༡༩༢བསམ་ཡས་གཙུག་ལག་ཁང༌། རྩོམ་པ་པོ་ནི་                               ཡིན།

                     ལས་བདམས་ཤིང༌། རྩོམ་སྟངས་ནི                  ཡིན།

༡༩༣བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་དགོས་པ་གང་ཡིན།

                                                                                      

                                                                                      

                                                                                        

༡༩༤བོད་དུ་ཡིག་བསྒྱུར་ཁང་ཐོག་མ་དེ་སུས་གནས་གང་དུ་བཙུགས་ཤིང༌། དེའི་མིང་ལ་ཅི་ཟེར།

                                                                                     

                                                                                        

༡༩༥བསམ་ཡས་གཙུག་ལག་ཁང་ལ་ལུགས་གསུམ་བསམ་ཡས་ཞེས་པའི་ལུགས་གསུམ་ནི་གང་ཡིན།

                                                                                     

                                                                                      

                                                                                          

༡༩༦ལོ་ཆེན་བཻ་རོ་ཙ་ན། རྩོམ་པ་པོ་ནི་                     ཡིན།                    

ལས་བདམས་ཤིང༌། རྩོམ་སྟངས་ནི                      ཡིན།

༡༩༧ལོ་ཆེན་བཻ་རོ་ཙ་ན་ཁོང་གི་ཡབ་ཡུམ་གྱི་མཚན་ལ་ཅི་ཟེར།

                                                                                           

༡༩༨ལོ་ཆེན་བཻ་རོ་ཙ་ནའི་ཐོག་མའི་མཚན་ལ་ཅི་ཟེར།

                                                                                              

 

 

 

ས་བཅད་བདུན་པ། དཔེ་དང་དཔེ་ཅན་ངོས་འཛིན་སྐོར།

 

གཤམ་གསལ་ཚིགས་བཅད་ལས་དཔེ་དང་དཔེ་ཅན་ངོས་འཛིན་བྱོས་ཤིག

1 ཁོ་ར་ཁོར་ཡུག་ལྗོན་ཤིང་དོ་ཤལ་གྱིས་བརྒྱན་ནས། 

དཔེ་ཅན།                                   དཔེ།                                

2ཐོན་སྐྱེད་ལོ་མ་རྒྱས་པའི་རྩྭ་ཐང་འདི་མཛེས་པ།

དཔེ་ཅན།                                    དཔེ།                           

3 སློབ་གསོའི་ལས་དོན་དར་བའི་འདབ་མ་འདི་རྒྱས་པ།

དཔེ་ཅན།                                    དཔེ།                           

གཤམ་གསལ་གྱི་ནང་དོན་བཀླགས་ནས་དཔེ་དང་དཔེ་ཅན་ངོས་འཛིན་བྱོས་ཤིག

1རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་པའི་དཀན་གཟར་རི་བོའི་ལྡེབས་ཀྱི་གཡུང་དྲུང་ གི་རི་མོ་དང་འདྲ་བའི་ལམ་ཕྲན་རིང་མོ་མཐོང་བ་ཙམ་གྱིས་སྐྱི་གཡའ་བར་འགྱུར།   

དཔེ་ཅན།                              དཔེ།                              

2དགུན་དུས་སླེབས་སྐབས། ཡར་འབྲོག་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ཅིང་རབ་   སྔོའི་གོས་བཟང་བཀླུབས་པའི་ མཛེས་མ་དེས་ས་མཐོའི་ཁ་བའི་ལྗོངས་ཀྱི་གྲང་རེག་  བཟོད་དཀའ་བར་མཐོང་ནས་རབ་དཀར་ཆབ་རོམ་སྲིན་བལ་གྱི་མལ་འཇམ་ནང་དུ་ བདེ་བའི་དྲོད་འབའ་ཞིག་ལ་ཡིད་ཚིམ་པར་མནལ་བའི་ངང་ཚུལ་ཇི་ལྟ་བུར་གནས།

དཔེ་ཅན།                               དཔེ།                                            

དཔེ་ཅན།                               དཔེ།                                               

དཔེ་དང་དཔེ་ཅན་ངོས་འཛིན་བྱེད་དགོས།

1དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། 

དཔེ་ཅན།                             དཔེ།                                      

2དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང༌། །བརྗེད་ངས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ། །

དཔེ་ཅན།                             དཔེ།                                  

དཔེ་དང་དཔེ་ཅན་ངོས་འཛིན་བྱེད་དགོས།

1མགོ་ལ་སྤྲ་བའི་མེ་ཏོག་བཞད། 

དཔེ་ཅན།                                 དཔེ།                              

2མིག་ཟུང་ཉི་ཟླ་འགྲིབ་ལ་ཉེ།

དཔེ་ཅན།                                 དཔེ།                                

3ཞུ་འཕྲིན་བདུད་རྩིའི་ཐིགས་པ།

དཔེ་ཅན།                                  དཔེ།                                

4རིག་གཞུང་འོ་མའི་ཆུ་གཏེར།

 དཔེ་ཅན།                                   དཔེ།                              

དཔྱིད་ཀྱི་དྲི་བཞོན་ནི་འཇམ་ཞིང་མཉེན་པ་མ་མའི་ཕྱག་སོར་དང་འདྲ་བར་ཁྱོད་ཀྱི་   ལུས་ལ་བྱིལ་བྱིལ་བྱེད་ཅེས་པའི་དཔེ་དང་དཔེ་ཅན། མཚུངས་ཆོས་ནི་གང་དག་ཡིན།

དཔེ་ཅན།                                         

དཔེ།                                             

མཚུངས་ཆོས་ནི།                                           

གཤམ་གྱི་ནང་དོན་ལ་དབྱེ་ཞིབ་བྱོས།

     གོས་ཧྲུལ་ཕྲག་ཐག་ཆད་པ་ལ་གྲེས་མའི་སྐེ་རགས་བཅིངས་པ་གྱོན་ནས་ལས་དལ་མེད་  བྱེད་དགོས་བྱུང་བས། ཡན་ལག་རྣམས་སེར་ཀར་སོང༌། ལྟོ་གོས་ངན་པའི་སྟབས་ཀྱིས་ཁ་དོག་སྐྱ་ལ་ཤ་རིད་པ། སྐྲ་དང་པོ་གསེར་གཡུའི་རལ་པ་ཉིལ་ལེ་བ་ལ། ཕྱིས་སྐྱ་བོ་བསེང་བསེང་ཤིག་སྲོའི་རལ་པ་ཉིལ་ལེ་བ་བྱུང༌།

1བརྗོད་པ་འདིས་མི་སྣའི་གང་ཞིག་ཞིབ་འབྲི་བྱས་ཡོད།

 

2དེ་ལས་དོན་ཅི་ཞིག་མཚོན་ཡོད།

                                           

སྣ་བུས། སྟན་ལས་ཧར་ལངས་བྱས། སེ་གོལ་གཏོགས། ཐུ་བ་སྤྲུགས། རྐང་པ་བརྡབས་   ནས……ཨ་མར་ཐལ་ལྕག་གིས་བརྡུངས། ངེད་མིང་སྲིང་གཉིས་ཕུ་དུང་གི་ལྕག་གིས་བརྡུངས།

1བརྗོད་པ་འདིས་མི་སྣའི་གང་ཞིག་ཞིབ་འབྲི་བྱས་ཡོད།  

 

2དེ་ལས་དོན་ཅི་ཞིག་མཚོན་ཡོད།

 

གཤམ་གྱི་དཔེར་བརྗོད་ལ་དབྱེ་ཞིབ་བྱོས།

ཉེས་སྤྱོད་འཇོམས་པའི་མཆེ་སྡེར་ཅན། །

བག་ཡོད་གཡུ་ཡི་རལ་བ་ལྡན། །

སེང་གེ་ལྟ་བུའི་སྐྱེས་བུ་དེ། །

བཏང་སྙོམས་མ་བཞག་དང་དུ་བླངས། །

དཔེ་ཅན།                          དཔེ།                               

དཔེ་ཅན།                           དཔེ།                               

གཤམ་གྱི་དཔེར་བརྗོད་ལ་དཔེ་ཅན་གང་ཞིག་དཔེ་གང་ལ་བཀོད་ཡོད་པ་དབྱེ་ཞིབ་བྱ་དགོས།

 1དྲིན་ཆེན་མ་ཡུམ་ནི་ཞལ་རས་གསལ་ལ་ཉམས་མདངས་རྒྱས་པ་དང༌། སྤྱན་རས་ཟུང་ ནི་ཐོ་རངས་སྐར་ཆེན་དང་འདྲ་ཞིང་སྨིན་མའི་དཀྱུས་རིང་བ། དཔྲལ་བའི་དབྱེས་ཆེ་ལ་མགོ་སྐྱེས་གནག་ཅིང་སྨུག་ཁ་ལྡན་པ། མཁུར་ཚོས་གཡས་གཡོན་དུ་པད་མའི་མདངས་འཛིན་པ་ དང༌། མཆུ་སྒྲོས་སྲབ་ཅིང༌། ཨུཏྤལ་གྱི་འདབ་མ་ལྟར་འཇམ་ཞིང་མཉེན་པ། 

དཔེ་ཅན།                                                                          

དཔེ།                                                                                

༡༠གཤམ་གསལ་གྱི་ནང་དོན་ལ་བལྟས་ཏེ་དཔེ་དང་དཔེ་ཅན་ངོས་འཛིན་བྱེད་དགོས།

    རྟ་ཕོ་ལགས། ཁྱེད་ཀྱི་སྤུ་མདོག་ནི་སྤྲིན་དཀར། གངས་རི། ཟླ་འོད། འོ་མ་སོགས་ཀྱི་རྗེས་སུ་འགྲོ་ཞིང༌། འགྲོས་བང་རྩལ་གྱིས་སྐར་མདའ་འབུམ་གྱི་སྙེམས་པ་ཅིག་ཅར་དུ་འཕྲོག་ཐུབ།

དཔེ་ཅན།                       དཔེ།                                        

རྟ་ཕོ་ལགས། ཁྱོད་ནི་རྗེས་ལུས་ཀྱི་མུན་པ་སེལ་བའི་སྒྲོན་མེ། སྡུག་བསྔལ་གྱི་སྤྲིན་ནག་   གཏོར་བའི་དྲི་བཞོན། སྔོན་ཐོན་གྱི་ལམ་སྣ་འདྲེན་པའི་གཤོག་པ་དང་འདྲའོ། །

དཔེ་ཅན།                       དཔེ།                                         

 

༡༡གཤམ་གྱི་ཚིགས་བཅད་ལ་དབྱེ་ཞིབ་བྱོས་ཤིག

ཤེས་རབ་ལྡན་པར་མགོ་བསྐོར་ཡང༌། །

བྱ་བའི་ཆ་ལ་རྨོངས་མི་འགྱུར། །

སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། །

མིག་ལྡན་གཞན་ལས་ལྷག་པར་མགྱོགས། །

དཔེ་ཅན།                                                                     

དཔེ།                                                                                                        

 

བླུན་པོས་ཡོན་ཏན་ཁར་འབྱིན་ཏེ། །

མཁས་པས་ཡོན་ཏན་ཁོང་དུ་སྦེད། །

སོག་མ་ཆུ་ཡི་སྟེང་དུ་འཕྱོ། །

ནོར་བུ་སྟེང་དུ་བཞག་ཀྱང་འབྱིང༌། །

དཔེ་ཅན།                                                                                

དཔེ།                                                                               

༡༢གཤམ་གྱི་ཚིག་དག་གི་དཔེ་དང་དཔེ་ཅན་ངོས་འཛིན་དགོས།

འཆིང་ཐག་ནི་བདུད་ཀྱི་ཞགས་པ་བཞིན་དམ་པ།

དཔེ་ཅན།                              དཔེ།                                     

བཙན་གནོན་ནི་མཚོ་ཡི་རྦ་རླབས་བཞིན་ཕྱུར་བ།

དཔེ་ཅན།                               དཔེ།                                   

རྨ་ཀླུང་ནི་དར་སྔོན་བརྐྱངས་པ་བཞིན་རང་དགར་འཐེན་པ།

དཔེ་ཅན།                                དཔེ།                                   

གནམ་ལྕགས་ལྟ་བུའི་དཔའ་ངར།

   དཔེ་ཅན།                                དཔེ།                                  

ཐོར་རླུང་ལྟ་བུའི་དྲག་ཤུལ།

       དཔེ་ཅན།                                དཔེ།                                  

༡༣དཔེ་དང་དཔེ་ཅན་དབྱེ་བ་འབྱེད་དགོས།

     མཁས་གྲུབ་བུ་སྟོན་ཆོས་རྗེ་དེ་ཉིད་མཁྱེན་རབ་རྨད་ཏུ་བྱུང་བའི་གྲུ་གཟིངས་ལ་བརྟེན་ནས་མདོ་རྒྱུད་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བྱོན་ཏེ་དོན་གཉིས་ཀྱི་ནོར་བུ་བླངས།

དཔེ་ཅན།                                                                        

དཔེ།                                                                               

༡༤གཤམ་གྱི་ནང་དོན་ལ་དབྱེ་ཞིབ་བྱེད་དགོས།   

 

    བྲག་ཕུག་ཨང365པའི་ནང་ཏུ། ༄༅། །འཕྲུལ་གྱྀ་ལྷ་བཙན་པོ། །ཁྲི་གཙུག་ལྡེ་བཙན་གྱྀ་སྐུ་རིང་ལ། །…… སེམས་ཅན་ཐབས་ཅད་གི……སྒོས། །གཙུག་ལག་ཁང་འདི། །ཆུ་མོའི་བྱི་ལོའི་དཔྱིད་མགོ་བཙུགས་ཏེ། །ཤིང་ཕོ་སྟག་གི་ལོའྀ་སྟོན་ཚར། །སྟོན་ཟླ་འབྲང་པོ་ལ། །སྐུ་གཟུགས་སྤྱན་ཕྱེས་ཏེ། ཞལ་བསྲོས་སོ། …… ཧྭ་རྭ་དང་ལག་ཤིན་གཉིས་སྨོན་ལམ་དུ་གསོལ་པ……  ཞེས་བྲིས་འདུག

1བྲག་ཕུག་དེ་བོད་ཀྱི་བཙན་པོ་གང་གི་སྐབས་སུ་བཞེངས་པ་ཡིན། 

 

 

2དུས་ནམ་ཞིག་ལ་བཞེང་མགོ་བཙུགས་པ་དང་ནམ་ཞིག་ལ་བཞེངས་ཚར་བ་ཡིན།  

 

3དུས་ནམ་ཞིག་ལ་བཞེངས་གྲུབ་གྱི་ཆོ་ག་བྱས།

 

4སྨོན་ལམ་གསོལ་མཁན་སུ་ཡིན།

 

༡༥གཤམ་གྱི་ཚིག་བཀླགས་ཏེ་དཔེ་དང་དཔེ་ཅན་གང་ཡིན་ངོས་འཛིན་བྱེད་དགོས།

1    རླབས་ཀྱི་མེ་ཏོག་ཕོན་པོ་མཁའ་ལ་བརྩེགས་པའི་གཙང་ཆབ། དར་དཀར་ཡོལ་བ་ དགུང་ནས་འཐེན་པ་ལྟ་བུའི་རྦབ་ཆུ།

དཔེ་ཅན།                                                                         

དཔེ།                                                                                  

2    རྫ་རིའི་ཁྲོད་ཀྱི་དྭངས་གཙང་ཆུ་ཕྲན། དལ་གྱིས་རྒྱུ་བའི་ཡིད་འོང་གར་མཁན།

དཔེ་ཅན།                                                                       

དཔེ།                                                                            

3རྫ་རིའི་ཁྲོད་ནས་འབབ་པའི་ཆུ་ཕྲན་འདི་ལྟ་བུ་རེ་རེ་ནི་སྤྱི་ཕན་གྱི་ལྷག་བསམ་དཀར་པོ་འཆང་བའི་འབྱུང་འགྱུར་ཅན་བཞིའི་འཛུགས་སྐྲུན་གྱི་བྱ་བ་བྱེད་མཁན་གྱི་གངས་ལྗོངས་མི་དམངས་ཡིན།

དཔེ་ཅན།                                                                          

དཔེ།                                                                               

༡༦གཤམ་གྱི་ཚིགས་བཅད་ཤོ་ལོ་ཀའི་དཔེ་དང་དཔེ་ཅན་ངོས་འཛིན་དགོས་པ་མ་ཟད། དོན་ཅི་ཞིག་བསྟན་ཡོད་པ་འབྲི་དགོས།

བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ། །

སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །

རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །

ཁོ་བོ་དེའི་དྲུང་སྲིན་བུ་མེ་ཁྱེར་བཞིན། །

1    དཔེ་ཅན།                                                                             

དཔེ།                                                                                 

2    བསྟན་དོན་ནི                                                                

                                                                                         

                                                                                    

                                                                                     

                                                                                         

 

 

 

ས་བཅད་བརྒྱད་པ། ལྟ་ཀློག་དང་དབྱེ་ཞིབ་སྐོར། 

དང་པོ།

 

བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ། །

སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །

རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །

ཁོ་བོ་དེའི་དྲུང་སྲིན་བུ་མེ་ཁྱེར་བཞིན། །

བཻ་རོ་ཙ་ན་ཞེས་པ་བོད་སྐད་དུ་ཅི་ཟེར།

 

སྐ་ཅོག་རྣམ་གཉིས་ནི་གང་ཡིན།

 

ཚིགས་བཅད་འདིའི་རྩོམ་པ་པོ་ནི་སུ་ཞིག་ཡིན།

 

ཚིགས་བཅད་འདིའི་དཔེ་དང་དཔེ་ཅན་ནི་གང་ཡིན།

 

ཚིགས་བཅད་འདིའི་ནང་ཅི་ཞིག་བྲིས་ཡོད།

 

ཚིགས་བཅད་འདི་ལ་ཚེག་བར་ག་ཚོད་ཡོད།

 

 

གཉིས་པ།

 

མཆུ་ནི་དམར་ཞིང་གུག་པ་དང༌། །

གཤོག་པ་ལྗང་ཞིང་མཉེན་པ་དང༌། །

མགྲིན་པ་ཁ་དོག་སུམ་ཕྲེང་ཅན། །

ནེ་ཙོ་འདི་དག་ཚིག་འཇམ་ལྡན། །

ཚིགས་བཅད་འདི་ནི་གང་གི་དཔེར་བརྗོད་ཡིན།

 

ཁ་དོག་སུམ་ཕྲེང་ཅན་ཞེས་པས་ཁ་དོག་གང་དག་བསྟན་ཡོད།

 

གོང་གསལ་ཚིགས་བཅད་དུ་བརྗོད་པའི་ནེ་ཙོ་ལ་ཁྱད་ཆོས་གང་དག་ཡོད།

 

 

གསུམ་པ།

 

མགྲིན་སྔོན་ལག་ན་ཐོད་པ་ནི། །

གནས་པ་ཟླ་བའི་ཅོད་པན་དང༌། །

སྣུམ་ཞིང་དམར་བའི་རལ་པ་ཅན། །

ཁྱུ་མཆོག་རྒྱལ་མཚན་འཁྲུངས་པར་གྱུར། །

ཚིགས་བཅད་འདི་ནི་གང་གི་དཔེར་བརྗོད་ཡིན།

 

མགྲིན་སྔོན་ཞེས་པ་ནི་གང་གི་མངོན་བརྗོད་ཡིན།

 

གོང་གི་ཚིགས་བཅད་ཁྲོད་ཀྱི་ཁྱད་གཞི་དང་ཁྱད་ཆོས་གང་ཡིན།

 

འཁྲུངས་ཞེས་པས་དོན་གང་ཞིག་བསྟན་ཡོད།

 

བཞི་པ།

 

ཕྱོགས་མཚམས་གངས་ཀྱི་ས་འཛིན་ཕྲེང་བས་བསྐོར། །

དུས་བཞིར་དྲོ་སྐྱིད་ལྡན་པའི་ཉི་འོད་གསལ། །

རྣམ་མང་རིན་ཆེན་གཏེར་བརྒྱས་ཡོངས་ཕྱུག་པའི། །

བོད་ལྗོངས་ནོར་འཛིན་འཛམ་གླིང་སྤྱི་བོའི་རྒྱན། །

དཔེར་བརྗོད་འདི་ནི་གང་གི་རྒྱན་ཡིན།

 

དུས་བཞི་ནི་གང་དག་ཡིན།

 

སྤྱི་བོ་དང་ས་འཛིན་གྱི་དོན་ནི་ཅི་ཞིག་ཡིན།

 

 

 

ལྔ་པ།

 

རབ་དཀར་ཏི་སེའི་ལྷུན་པོར་འཇའ་མཚོན་གྱིས། །

འཁྱུད་ནས་སྒེག་པའི་གར་གྱིས་མྱོས་བྱེད་ཅིང༌། །

སྒྲ་འཛིན་སིམ་པའི་གླུ་དབྱངས་ལེན་ཤེས་ན། །

ངེས་པར་མས་ལན་ཧྥང་གི་རྗེས་སུ་འགྲོ། །

1དཔེར་བརྗོད་འདི་གང་གི་དཔེ་ཡིན།

 

2དཔེར་བརྗོད་འདིའི་དཔེ་དང་དཔེ་ཅན་གང་ཡིན།

 

3དཔེར་བརྗོད་དེའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་གང་ཡིན།

 

4དཔེ་དེ་ལ་ཁྱད་ཆོས་གང་དང་ལྡན་ཚེ་དཔེ་ཅན་དང་མཚུངས་པ་ཡིན།

 

 

དྲུག་པ།

 

བརྟན་ཅིང་བརྗིད་པ་མཚོན་བྱེད་དམ། །

གལ་ཏེ་སྐྱོན་དུ་འགྱུར་ཡང་རུང༌། །

ཁྱོད་ཀྱི་སྐུ་དང་རི་ཡི་དབང༌། །

མཚུངས་ཞེས་བརྗོད་འདོད་བདག་ལ་སྐྱེས། །

འདི་དཔེ་རྒྱན་གྱི་ནང་གསེས་གང་གི་དཔེར་བརྗོད་ཡིན།

 

དཔེར་བརྗོད་འདིའི་དཔེ་གང་དང་དཔེ་ཅན་གང་ཡིན།

 

འདིའི་ནང་གི་དཔེ་དེར་ཡོན་ཏན་དང་སྐྱོན་གང་དང་གང་ལྡན་རུང༌། དཔེ་ཅན་གང་ དང་མཚུངས་པར་བསྟན་ཡོད།

 

 

བདུན།

 

ཟམ་ཆེན་བརྒལ་ཏེ་མུ་མཐུད་དུ་སོང་བ་ན། སྔར་དབུས་གཙང་གི་ས་མཚམས་སུ་གྲགས་པའི་གམ་པ་ལ་མོར་ཐུག་པ་དང༌། ལ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་ལྔ་སྟོང་ལྷག་  ཙམ་ཡོད་པ་དང༌། རི་བོའི་གཏོས་ཀྱི་མཐོ་ཚད་ལ་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་ཡོད། རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་པའི་དཀན་གཟར་རི་བོའི་ལྡེབས་ཀྱི་གཡུང་དྲུང་གི་རི་མོ་དང་ འདྲ་བའི་ལམ་ཕྲན་རིང་མོ་མཐོང་བ་ཙམ་གྱིས་སྐྱི་གཡའ་བར་འགྱུར། སྔ་དུས་ཀྱི་དམངས་  གཞས་སུ་ཡངŸརི་དེ་གམ་པ་ལ་མོ། །བསོད་བདེ་ཡིན་ཡང་ཆེ་སོང༌། །དཔལ་དི་སྟོང་ཆེན་བཅོ་བརྒྱད། །མི་ཚེ་ཡིན་ཡང་རིང་བྱུང༌། །ཞེས་པ་ལྟར། སྐབས་དེར་རྒྱ་ཆེའི་ཞིང་འབྲོག་མང་     ཚོགས་ཀྱིས་ཁྲལ་འུལ་རྒྱུག་པའི་དུས་སུ་ལ་མོ་དེ་བརྒལ་བར་བཤུལ་ཐག་རིང་ལ་བགྲོད་མི་   བདེ་བའི་ལམ་དུ་དཀའ་སྡུག་ཇི་འདྲ་མྱོང་དགོས་པ་དམངས་གཞས་དེ་ལས་ཀྱང་གསལ་བོར་རྟོགས་ཐུབ།

     ལ་རྩེར་འབྱོར་བ་ན། དྭངས་གསལ་སྔོ་མེར་འཁྱིལ་བའི་ཡར་འབྲོག་གཡུ་ཡི་མཚོ་མོ་ཡིད་དུ་འོང་བ་དེ་མིག་ལམ་དུ་འཆར་ཐུབ། གཡུ་མཚོ་དེ་ནི་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་   མཛེས་རྒྱན་དུ་གྱུར་པའི་མཚོ་མ་ཕམ་དང༌། གནམ་མཚོ་ཕྱུག་མོ་སོགས་དང་འདྲ་བར་ཕྱི་ནང་གཉིས་ཀྱིས་རྩ་ཆེར་འཛིན་ཞིང་ཡུལ་གྲུ་ཀུན་ལ་སྙན་གྲགས་ཆེ། དེ་རྒྱུད་ཀྱི་ས་ནི་དུས་རབས་ བཅུ་གསུམ་པར་ས་སྐྱ་འགྲོ་མགོན་འཕགས་པའི་དུས་སུ་བཙུགས་པའི་བོད་ཁྲི་སྐོར་བཅུ་    གསུམ་གྱི་ཡ་གྱལ་ཡར་འབྲོག་སྟག་ལུང་ཁྲི་དཔོན་གྱི་མངའ་ཁོངས་སུ་གཏོགས། མཚོ་ཆེན་དེ་ནི་ཡར་འབྲོག་ཁོངས་སུ་ཆགས་པས་གནའ་མིང་དུའང་ཡར་འབྲོག་གཡུ་མཚོ་ཞེས་སུ་གྲགས།        

གཅིག གཤམ་གསལ་བརྗོད་དུམ་གྱི་དཔེ་དང་དཔེ་ཅན་ངོས་ཟུངས།

རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་པའི་དཀན་གཟར་རི་བོའི་ལྡེབས་ཀྱི་གཡུང་དྲུང་གི་རི་མོ་དང་འདྲ་བའི་ལམ་ཕྲན་རིང་མོ་མཐོང་བ་ཙམ་གྱིས་སྐྱི་གཡའ་བར་འགྱུར།  

དཔེ།                                                                                   

དཔེ་ཅན།                                                                                    

གཉིས། འགྲིག་མིན་བརྡར་ཤ་ཆོད།

ཡར་འབྲོག་གཡུ་མཚོ་ཞེས་པའི་མཚོ་མིང་དེ་ནི་ཡུལ་མིང་མཚོ་ལ་ཐོགས་པ་ཡིན། (       )

ཕྱི་ནང་གཉིས་ནི་ཕྱི་གཟུགས་དབྱིབས་དང་ནང་བསམ་པ་ལ་གོ་དགོས།(      )

རི་བོ་གམ་པ་ལ་མོ་ནི་སྔར་དབུས་གཙང་གཉིས་ཀྱི་ས་མཚམས་ཡིན་པར་གྲགས། (       )

གསུམ། ཁ་སྐོངས།

གམ་པ་ལ་མོའི་མཐོ་ཚད་ལ་རྒྱ་མཚོ་ངོས་ལས་སྨི                         ཡོད་པ་དང༌།  རི་བོའི་ལྡེབས་ཀྱི་ལམ་ཕྲན་ཀྱག་ཀྱོག་ཡིན་པའི་དཔེ་ལ                     བཀོད་ཡོད།

ལྔ། འདེམས་སྐོངས།

རི་དེ་གམ་པ་ལ་མོ། །བསོད་བདེ་ཡིན་ཡང་ཆེ་སོང༌། །དཔལ་དི་སྟོང་ཆེན་བཅོ་བརྒྱད། །  མི་ཚེ་ཡིན་ཡང་རིང་བྱུང༌། །ཞེས་པའི་དམངས་གཞས་འདི་ནི་ གོང་གི་ཚིག་དུམ་ནང      ཚུལ་དུ་དྲངས་ཡོད།

ཀ ལུང་འདྲེན་པ།    ཁ དཔེ་འགོད་པ།     ག བསྡུར་ཐབས།

དྲུག དྲི་བར་ལན་ཐོབས།

བོད་དུ་སྐད་གྲགས་ཆེ་བའི་མཚོ་ཆེན་བཞི་ནི་གང་དག་ཡིན།

 

 

 

བརྒྱད།

 

ལོ་དགུར་སོན་པའི་ཧྥན་ཁ·རུའུ་ཁོ་ཧྥུ་ཟླ་བ་གསུམ་གྱི་སྔོན་དུ་ལྷམ་བཟོ་བ་ཨ་ལི་ཡ་ཞི་ཉེ་ཡི་སློབ་ཕྲུག་བྱེད་པར་བཏང༌། ཡེ་ཤུའི་འཁྲུངས་སྐར་སྔོན་གྱི་དགོང་མོར། ཁོ་པས་གཉིད་མ་ ཉལ་བར་སྦྱིན་བདག་དང༌། སྦྱིན་བདག་གི་ཆུང་མ། ལག་གཡོག་པ་འགའ་བཅས་ཆོས་ཁང་དུ་ཕྱག་འཚལ་བར་ཕྱིན་ནས་ཕྱིར་ལོག་རྒྱུར་སྒུག་པའི་དུས། ཁོ་པས་སྦྱིན་བདག་གི་ཤུར་སྒམ་  ནང་ནས་སྣག་བུམ་ཆུང་ཆུང་ཞིག་དང་སྨྱུག་རྩེར་བཙའ་བརྒྱབ་པའི་ལྕགས་སྨྱུག་ཅིག་བླངས་ཤིང༌། ལྟེབ་མཉེད་ཐེབས་པའི་ཤོག་བུ་དཀར་པོ་ཞིག་སྙོམ་པོར་བཏིང་སྟེ་འཕྲིན་ཡིག་འབྲི་  འགོ་བརྩམས།

སྨྱུ་གུ་མ་བཙུགས་གོང་ལ། ཁོ་པས་སེམས་ཁྲལ་གྱིས་སྒོ་དང་སྒེའུ་ཁུང་གི་ཕྱོགས་སུ་ཐེངས་འགའ་བལྟས་པ་དང༌། དེ་ནས་ནག་ཐིང་ངེར་སྣང་བའི་ལྷ་སྐུ་ལ་མིག་ཟུར་གྱིས་ལྟ་ཙམ་བྱས། ལྷ་སྐུའི་གཞོགས་གཉིས་སུ་ཆ་སྒམ་བསྟར་ཕྲེང་རེ་བསྒྲིགས་ཡོད་ཅིང༌། དེའི་སྟེང་དུ་རྒྱང་འགོ་མང་པོ་བསྒྲིགས་ཡོད། ཁོ་པས་དབུགས་རིང་ཞིག་བཏང་རྗེས། སྟེགས་བུའི་མདུན་དུ་ཙོག་  པུར་བསྡད་ཅིང་ཤོག་བུ་དེ་སྟེགས་བུའི་སྟེང་དུ་བཏིང༌།

དགའ་ཞིང་གུས་པའི་སྤོ་བོ་ཁང་སི་ཐན་ཏིང·མ་ཁ་ལི་ཆི་ལགས་ཞེས་བྲིས་པ་དང༌། དེ་  ནས་མུ་མཐུད་དུ་ངས་ཁྱེད་ལ་འཕྲིན་ཡིག་ཅིག་བྲིས་ཏེ། ཁྱེད་ཉིད་ཡེ་ཤུའི་འཁྲུངས་སྐར་ལ་  སྐྱིད་པོ་ཡོང་བར་སྨོན། དཀོན་མཆོག་གིས་ཀྱང་སྐྱབས་འཇུག་གནང་བར་འཚལ། ཕ་མེད་མ་མེད་ཀྱི་བུ་ང་ལ་གཉེན་ཉེ་ཁྱེད་གཅིག་པུ་ལས་མེད་ཅེས་བྲིས།

གཅིག འདེམས་སྐོངས།

སྣག་བུམ་ཆུང་ཆུང་ཞིག་དང༌། སྨྱུག་རྩེར་བཙའ་བརྒྱབ་པའི་ལྕགས་སྨྱུག ལྟེབ་   མཉེད་ཐེབས་པའི་ཤོག་བུ་བཅས་ཀྱིས་ཧྥན་ཁའི་འཚོ་བར (          ) མཚོན།

ཀ རྒྱས་སྤྲས་ལོངས་སྤྱོད་མེད་པ།   ཁ བསྲི་ཚགས་ཆེ་བ།    ག ལོངས་སྤྱོད་ཕུན་  སུམ་ཚོགས་པ།

སྨྱུ་གུ་མ་བཙུགས་གོང་ལ། ཁོ་པས་སེམས་ཁྲལ་གྱིས་སྒོ་དང་སྒེའུ་ཁུང་གི་ཕྱོགས་སུ་ཐེངས་འགའ་བལྟས་པ་དང༌། དེ་ནས་ནག་ཐིང་ངེར་སྣང་བའི་ལྷ་སྐུ་ལ་མིག་ཟུར་གྱིས་ལྟ་ཙམ་བྱས། ཞེས་པས(        )མཚོན།

ཀ རྐུན་མ་ཡོང་བར་དོགས་པ།  ཁ འཕྲིན་ཡིག་འབྲི་སའི་ཁོར་ཡུག་མཚོན། ག སྦྱིན་    བདག་སོགས་ཀྱིས་ཤེས་བར་དོགས་པ།

གོང་གི་ཚིག་དུམ་ནང་ཧྥན་ཁའི་ལོ་ཚོད་དང༌། (         ) འཚོ་བའི་ཁོར་ཡུག་བཅས་གསུམ་ངོ་སྤྲོད་བྱས་ཡོད།

ཀ ཐོབ་ཐང༌།           ཁ གནས་ཡུལ།           ག སེམས་ཁམས།

གཉིས། འགྲིག་མིན་བརྡར་ཤ་ཆོད།

ཨ་ལི་ཡ་ཞི་ཉེ་ནི་ཧྥན་ཁའི་གཉེན་ཉེ་ཡིན།(         )

སྦྱིན་བདག་གི་ཤུར་སྒམ་ནང་ནས་སྣག་བུམ་ཆུང་ཆུང་ཞིག་དང་སྨྱུག་རྩེར་བཙའ་  བརྒྱབ་པའི་ལྕགས་སྨྱུག་ཅིག་བླངས་ཤིང༌། ལྟེབ་མཉེད་ཐེབས་པའི་ཤོག་བུ་དཀར་པོ་ཞིག་   སྙོམ་པོར་བཏིང་ཞེས་པའི་ཚིག་འདིའི་ནང་མི་སྣའི་བྱ་བྱེད་ཞིབ་འབྲི་བྱས་ཡོད།(         )

གསུམ། དྲི་བར་ལན་ཐོབས།

ཧྥན་ཁའི་གཉེན་ཉེ་གཅིག་པུ་དེའི་མཚན་ལ་ཅི་ཟེར།

 

ཧྥན་ཁས་རང་གི་སྦོ་བོ་ལགས་ལ་འཕྲིན་ཡིག་འབྲི་བའི་དུས་ཚོད་ནམ་ཡིན།

 

ཧྥན་ཁས་སྨྱུ་གུ་མ་བཙུགས་གོང་ལ། སེམས་ཁྲལ་གྱིས་སྒོ་དང་སྒེའུ་ཁུང་གི་ཕྱོགས་སུ་ ཐེངས་འགའ་བལྟ་དགོས་པའི་རྒྱུ་མཚན་གང་ཡིན།

 

 

དགུ་པ།

 

ཞོགས་པའི་ཉི་རྩེ་ས་ལ་ཤར་བ་ན། ལྷ་རྩེའི་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང༌། གདོང་ལ་དགའ་བའི་འཛུམ་མདངས་རྒྱས་བཞིན་མགར་བ་རྡོ་ རྗེའི་ཁྱིམ་གྱི་ཕྱོགས་སུ་འགྲོ་བཞིན་འདུག དེ་རིང་ནི་ང་ཚོའི་དགའ་ཞིང་གུས་པའི་ཨུ་ཡོན་  ཀྲང་གཞོན་པ་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་ལྷ་རྩེ་རྫོང་གི་ཞིང་འབྲོག་ ཐོན་སྐྱེད་དང༌། རིག་གནས་སློབ་གསོའི་བྱ་བར་སྤྱན་འབེབས་གནང་བར་ཕེབས་ནས་འདི་ གའི་མགར་བ་རྡོ་རྗེའི་ཁྱིམ་ལ་སྐུ་ངོ་མ་འཚམས་འདྲིར་ཕེབས་པའི་ཉིན་མོ་ཡིན།

     བཀྲ་ཤིས་པའི་ཉིན་མོ་དེར། ནམ་མཁའ་ནི་སྔོ་ཞིང་དྭངས་ལ། ཉི་འོད་ནི་དྲོ་ཞིང་འཇམ། བསང་གི་དུ་བ་དགུང་དུ་འཕྱུར་བ་དང༌། སྤོས་ཀྱི་དྲི་བསུང་གང་སར་འཐུལ། རིན་པོ་ཆེའི་  ཞལ་གྱི་དཀྱིལ་འཁོར་མཇལ་བའི་ཆེད་དུ་མི་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་གཅིག་རྗེས་གཉིས་མཐུད་ཀྱིས་འོངས་ཏེ། མགར་བ་རྡོ་རྗེའི་ཁྱིམ་གྱི་སྒོ་རའི་མཐའ་འཁོར་དུ་འདུས་པ་དང༌། རིམ་གྱིས་མི་ཇེ་མང་ནས་ཇེ་མང་དུ་སོང་སྟེ་མགར་བ་རྡོ་རྗེའི་ཁྱིམ་གྱི་སྒོ་འགྲམ་ནས་སྡེ་འདབས་བར་གྱི་ལམ་ཁ་དང་ཞིང་ཁར་མི་ཚོགས་ཀྱིས་ཁེངས་སོང༌། མི་རེ་རེའི་སེམས་ལ་ དད་པ་དང་གུས་པ། དགའ་བ་དང་རེ་བ་ཆེན་པོ་བཅངས་ཤིང༌། ལག་ཏུ་ཁ་བཏགས་དང་  བདུག་སྤོས་བཟུང་ནས་གྲག་འགུལ་མེད་པར་མདུན་ཕྱོགས་ཀྱི་ལམ་སྣེར་མིག་ཅེ་རེར་བལྟས་འདུག ད་ནི་ཁོ་ཚོས་ཡུན་རིང་རེ་སྨོན་བྱས་པའི་དུས་ཚོད་དེ་སླེབས་ལ་ཉེ་བས། ཁོ་ཚོའི་     སེམས་པ་ནི་ཅི་འདྲའི་དགའ་ཞིང་སྤྲོ་བ་དང༌། ཅི་འདྲའི་བདེ་ཞིང་སྐྱིད་པ་ཞིག་རེད་ཨང༌།

གཅིག ཁ་སྐོངས།

པཎ་ཆེན་རིན་པོ་ཆེ་མཆོག                    གི་ཞིང་འབྲོག་ཐོན་སྐྱེད་དང༌།           བྱ་བར་སྤྱན་འབེབས་གནང་བར་ཕེབས།

གོང་གི་ཚིག་དུམ་ནང་པཎ་ཆེན་རིན་པོ་ཆེའི་གོ་གནས་ནི                  ཡིན་པ་དང༌། འཚམས་འདྲིར་ཕེབས་སའི་གནས་ནི                           ཁྱིམ་ཡིན།

གཉིས། འདེམས་སྐོངས།

ལྷ་རྩེ་རྫོང་གི་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ལུས་ལ(           ) སྤྲས་ཏེ། (         )ཕེབས་པར(             )བྱས།

ཀ ཀུན་གཟིགས་པཎ་ཆེན།       ཁ གཟབ་མཆོར།       ག རེ་སྒུག

ལག་ཏུ(           )དང་བདུག་སྤོས་བཟུང་ནས(              )མེད་པར(            )ཀྱི་ལམ་སྣེར(            )བལྟས་འདུག

 ཀ ཁ་བཏགས།      ཁ མིག་ཅེ་རེར།      ག གྲག་འགུལ།     ང མདུན་ཕྱོགས།

བཀྲ་ཤིས་པའི་ཉིན་མོ་དེར། ནམ་མཁའ་ནི་སྔོ་ཞིང་དྭངས་ལ། ཉི་འོད་ནི་དྲོ་ཞིང་   འཇམ། བསང་གི་དུ་བ་དགུང་དུ་འཕྱུར། ཞེས་པའི་ཚིག་འདིས(           )ཞིབ་འབྲི་བྱས་  ཡོད།

ཀ སེམས་ཁམས།     ཁ གཏམ་གླེང༌།      ག བྱ་སྤྱོད།        ང  ཁོར་ཡུག

གསུམ། ལྡོག་ཚིག་ཕྲིས།

དྭངས                    འཇམ                  འདུས                      

སྤྲོ                        འགུལ                   རྒན                       

བཞི། དྲི་བར་ལན་འདེབས་པ།

པཎ་ཆེན་རིན་པོ་ཆེ་ལྷ་རྩེ་རྫོང་ལ་ཕེབས་སྐབས་མི་དམངས་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་དགོས་པའི་རྒྱུ་མཚན་ཅི་ཡིན།

 

གོང་གི་ཚིག་དུམ་ནང་རིན་པོ་ཆེ་མཆོག་ལ་མཇལ་བའི་ཆེད་དུ་མི་ཚོགས་མང་དུ་  སོང་བ་ཇི་ལྟར་ཞིབ་འབྲི་བྱས་ཡོད།

 

 

བཅུ་པ།

 

ངས་དེ་མུར་རྐུབ་སྟེགས་སྟེང་བསྡད་པ་ཡིན། སྐབས་དེར་ངའི་སེམས་པ་ཅུང་ཟད་ཞི་   ལྷོད་དུ་བབ་པ་དང༌། མིག་ལམ་དུ་ཡང་རྒྱུན་གཏན་དང་མི་འདྲ་བའི་རྣམ་པ་འདི་ལྟ་བུ་ཞིག་མཐོང་བྱུང་བ་སྟེ། དེ་རིང་ང་ཚོའི་རྒན་ལགས་ཀྱིས་གཟབ་སྤྲོས་སྐུ་སྟོད་ལྗང་མདོག་དེ་མཆོད་འདུག་ཅིང༌། མགུལ་ལ་ཀྲ་ཡེ་སུལ་ཅན་མ་ཞིག་དཀྲིས་འདུག གཟབ་མཆོར་དེ་ལྟ་བུ་ནི་སློབ་    གསོའི་སྐོར་ཞིབ་པ་རྣམས་གཟིགས་སྐོར་ལ་ཕེབས་སྐབས་སམ་གཟེངས་བསྟོད་གནང་བའི་ སྐབས་སུ་གཞི་ནས་མཆོད་ཀྱིན་ཡོད། དེ་རིང་གི་སློབ་ཁང་དེ་ཡང་རྒྱུན་གཏན་དང་མི་འདྲ་  བའི་སྒམ་ནན་གྱི་རྣམ་པ་ཞིག་གིས་ཁེངས་འདུག དེ་བས་ཡ་མཚན་ཆེ་བ་ཞིག་ལ། ནམ་རྒྱུན་  སྡོད་མཁན་མེད་པའི་རྒྱབ་ངོས་ཀྱི་རྐུབ་སྟེགས་སྟོང་པ་དེ་རྣམས་ཀྱི་སྟེང་དུ་གྲོང་སྡེའི་མི་མང་དག་ཅིག་བསྡད་འདུག་ཅིང༌། ཁོང་ཚོ་ཡང་ང་ཚོ་དང་འདྲ་བར་ཁུ་སིམ་མེར་བཞུགས་འདུག ཁོང་ཚོའི་ཁྲོད་དུ་བགྲེས་སོང་ཧོ་ཟོ་ཡོད་ཅིང༌། ཁོང་གིས་དབུ་ཞྭ་ཟུར་གསུམ་མ་དེ་བཞེས་    འདུག དེ་བཞིན་ད་དུང་སྡེ་དཔོན་ཟུར་པ་དང༌། སྦྲག་པ་རྙིང་པ། དེ་མིན་མི་གཞན་འགའ་  ཡང་འདུག་ཅིང༌། ཁོང་ཚོའི་གདོང་ལས་སྐྱོ་སྣང་གི་རྣམ་འགྱུར་མངོན་པར་བྱེད། བགྲེས་སོང་ཧོ་ཟོས་རྒྱབ་ཤ་ཟད་པའི་དམའ་རིམ་སློབ་དེབ་ཅིག་བསྣམས་ཡོད་པ་དེ་ཁ་ཕྱེ་ནས་རང་གི་  པུས་མོའི་ཐོག་བཞག་པ་དང༌། དེའི་སྟེང་ཁོང་རང་གི་སྤྱན་ཤེལ་དེ་ཕྲེད་ལ་བཞག་འདུག

གཅིག ཁ་སྐོངས།

གོང་གི་ཚིག་དུམ་འདི་ནིམཇུག་མཐའི་སློབ་ཐུན་གཅིགལས་བདམས་པ་དང༌།  དེའི་རྩོམ་པ་པོ་ནི་རྒྱལ་ཁབ                     ནས་ཡིན་པའི                      ཡིན།

ནམ་རྒྱུན་སྡོད་མཁན་མེད་པའི་རྒྱབ་ངོས་ཀྱི་རྐུབ་སྟེགས་སྟོང་པ་དེ་རྣམས་ཀྱི་སྟེང་དུ་བགྲེས་སོང                དང༌།                                  བཅས་དེ་མིན་མི་ གཞན་འགའ་ཡང་འདུག

གཉིས། འདེམས་སྐོངས།

རྒན་ལགས་ཀྱིས་གཟབ་སྤྲོས་སྐུ་སྟོད་ལྗང་མདོག་དེ་མཆོད་འདུག་ཅིང༌།  མགུལ་ལ་ཀྲ་ཡེ་སུལ་ཅན་མ་ཞིག་དཀྲིས་འདུག་ཅེས་པ་འདིའི་མི་སྣའི(        )ཞིབ་འབྲི་བྱས་ཡོད།

ཀ ཕྱིའི་རྣམ་པ།           ཁ གཏམ་བརྗོད།          ག བྱ་བྱེད།

རྒན་ལགས་ཀྱིས་གཟབ་སྤྲོས་སྐུ་སྟོད་ལྗང་མདོག་དེ་མཆོད་འདུག་ཅེས་པ་ནང་གི་  རྒན་ལགས་ནི (             )ཡིན།  

ཀ ཧྥུ་ལང་ཧྲེ།             ཁ ཧན་མེར།              ག ཧོ་ཟོ། 

གསུམ། ཞེ་ཚིག་ཕལ་སྐད་དུ་ཕོབས།

མཆོད                      མགུལ                       གཟིགས                       

བཞུགས                    དབུ                         སྤྱན                          

བཞི། དྲི་བར་ལན་ཐོབས།

རྒན་ལགས་ཀྱིས་ཉིན་དེར་གཟབ་མཆོར་སྤྲོས་དགོས་དོན་ཅི་ཡིན།

 

གོང་གི་ཚིག་དུམ་ནང་ནམ་རྒྱུན་དང་མི་འདྲ་བའི་དོན་གསུམ་བྲིས་ཡོད་པ་གང་ཡིན།

 

 

 

 

བཅུ་གཅིག

 

དཔྱིད་ཀ་ནི་གསར་སྐྱེས་ཀྱི་བྱིས་པ་དང་འདྲ་བར། མ་རྙིང་ལང་ཚོ་གསར་པ་ཀུན་ནས་ འཚར་དུ་ལོང་བཞིན་མཆིས།

དཔྱིད་ཀ་ནི་ན་ཆུང་གི་བུ་མོ་ཞིག་དང་འདྲ་བར། འཇོ་སྒེག་ཉམས་འགྱུར་རྫོགས་ཤིང་ དགོད་པའི་འཛུམ་དཀར་ངོམ་བཞིན་རྒྱུ།

དཔྱིད་ཀ་ནི་དར་བབས་ཀྱི་གཞོན་ནུ་དང་འདྲ་བར། སྟོབས་ལྡན་དཔུང་པ་བརྟན་པོས་ང་ཚོ་མདུན་དུ་ཁྲིད་དེ་སྐྱོད།

གཅིག དཔེ་དང་དཔེ་ཅན་ངོས་ཟུངས།

དཔྱིད་ཀ་ནི་གསར་སྐྱེས་ཀྱི་བྱིས་པ་དང་འདྲ།

དཔེ།                                         དཔེ་ཅན།                                                

དཔྱིད་ཀ་ནི་ན་ཆུང་གི་བུ་མོ་ཞིག་དང་འདྲ། 

དཔེ།                                         དཔེ་ཅན།                                   

དཔྱིད་ཀ་ནི་དར་བབས་ཀྱི་གཞོན་ནུ་དང་འདྲ།

དཔེ།                                         དཔེ་ཅན།                                              

གཉིས། དྲི་བར་ལན་ཐོབས།

གསར་སྐྱེས་ཀྱི་བྱིས་པ་དང་འདྲ། ཞེས་པའི་ཚིག་འདིས་དཔྱིད་ཀའི་གང་ལ་       བསྔགས་བརྗོད་བྱས་ཡོད།

 

ན་ཆུང་གི་བུ་མོ་ཞིག་དང་འདྲ། ཞེས་པའི་ཚིག་འདིས་དཔྱིད་ཀའི་གང་ལ་བསྔགས་    བརྗོད་བྱས་ཡོད།

 

དར་བབས་ཀྱི་གཞོན་ནུ་དང་འདྲ། ཞེས་པའི་ཚིག་འདིས་དཔྱིད་ཀའི་གང་ལ་     བསྔགས་བརྗོད་བྱས་ཡོད།

 

གོང་གི་ཚིག་དུམ་འདི་རྩོམ་ཡིག་གང་ལས་དྲངས་པ་དང༌། རྩོམ་པ་པོ་སུ་ཡིན།

 

 

བཅུ་གཉིས།

 

དེ་ཡང་དཀོན་ཅོག་འབངས་ཀྱི་སྐྱེ་རབས་ལས"ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །    གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་བ་གཡུ་ཡི་མཎྡྲལ་ཡོད། ། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ ཡོད། །དྲི་ཞིམ་པོ་སྨན་གྱི་ བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་ལོ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། ། ……"ཅེས་གསུངས་པ་ལྟར། ཁ་བའི་ལྗོངས་འདི་རི་མཐོ་ཞིང་ས་   གཙང་བ་དང༌། བསིལ་ལྡན་མཛེས་པ་ལྷ་ཡི་གཞལ་ཡས་ཁང་དང་འདྲ་བ། ། གངས་རིའི་ཕྲེང་བ་ཀུན་ནས་བསྐོར་བ། རྩི་ཤིང་དྲི་མཆོག་བཅུད་དང་ལྡན་པ་སོགས་ཀུན་གྱིས་བསྔགས་པར་མཛད་པའི་ཡུལ་འདིའི་སྣོད་བཅུད་ཀྱི་བཀོད་པ་ནི། སྟོད་མངའ་རིས་སྐོར་གསུམ་གཡའ་རི་ དང་གངས་ཀྱི་ཡུལ། བར་དབུས་གཙང་རུ་བཞི་ཡུར་དང་འདྲ་བ་བྲག་དང་སྤང་ལྗོངས་ཀྱིས་མཛེས་པ། སྨད་མདོ་ཁམས་སྒང་དྲུག་ལྗོན་པའི་ནགས་ཀྱིས་ཁྱབ་པར་བཤད། སྲིད་འདིར་  གྲགས་ཆེ་བའི་རི་ཆེན་གངས་དཀར་ཏི་སེ་དང༌། གངས་མཐོན་མཐིང་རྒྱལ་མོ། གནོད་སྦྱིན་ གངས་བཟང༌། གཉན་ཆེན་ཐང་ལྷ། ཨ་མྱེས་རྨ་ཆེན་སྤོམ་ར། མི་ཉག་གངས་དཀར་སོགས་  དང༌། ཕྱི་ནང་ཚང་མས་རྩ་ཆེན་འཛིན་པའི་མ་ཕམ་གཡུ་མཚོ་དང༌། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། མཚོ་ཁྲི་ཤོར་རྒྱལ་མོ། མཚོ་སྐྱ་རིང་དང་སྔོ་རིང་སོགས་ཚང་མ་གངས་ལྗོངས་མ་མཐོའི་ཐོག་ཏུ་གནས་ཡོད། རང་རྒྱལ་སྐད་གྲགས་ཆེ་བའི་འབྲི་ཆུ་དང་རྨ་ཆུའི་འབྱུང་རྩ་  ཡང་གངས་ལྗོངས་ས་མཐོར་ཐུག་ཡོད་པ་རེད།

གཅིག གཤམ་གསལ་སྟོང་ཆའི་ནང་འོས་འཚམ་གྱི་ནང་དོན་ཁ་སྐོང་བྱོས་ཤིག

གོང་གི་ཚིག་དུམ་ནང་བོད་དུ་ཡོད་པའི་མིང་གྲགས་ཆེ་བའི                     

དང༌།                    གཉིས་གཙོར་བཟུང་གིས་ཕྱི་སྣོད་ཀྱི་བཀོད་པའི་མཛེས་ལྗོངས་  ཞིབ་འབྲི་བྱས་ཡོད།

ཕྱི་ནང་ཚང་མས་རྩ་ཆེན་འཛིན་པའི་མ་ཕམ་གཡུ་མཚོ་ཞེས་པའི་ནང་གི་ཕྱི་ནང་  གཉིས་ནི                       དང༌།                     ཡིན། 

གངས་དཀར་ཏི་སེ་ཡི་མིང་གཞན་ལ་ཡོངས་གྲགས་སུ                   ཟེར་ལ། གངས་རི་ཧ་ཅང་དཀར་པོ་ཡིན་པའི་དཔེ་ལ                   བཞག་ཡོད།

རྨ་ཆུ་དང་འབྲི་ཆུའི་འབྱུང་ཁུངས་ནི་མཚོ                                     དང

                 གཉིས་ལ་ཐུག་ཡོད།

གཉིས། འདེམས་སྐོང༌།

སྟོད་མངའ་རིས་སྐོར་གསུམ་དང༌། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་  སྒང་དྲུག་གི་སྤྱི་མཚན་ལ(            )ཟེར། 

 ཀ བོད་ཁྲི་སྐོར་བཅུ་སུམ།  ཁ བོད་ཁ་གཡའ་དྲུག་ཟེར།  ག པུར་རྒྱལ་བོད་ཁམས།

"བསིལ་ལྡན་མཛེས་པ་ལྷ་ཡི་གཞལ་ཡས་ཁང་དང་འདྲ"ཞེས་པའི་ནང་གི་དཔེ་དོན་ངོས་འཛིན་ཚུལ་ཡང་དག་པ་ནི(         )

ཀ དཔེ་ནི་མཛེས་པ་དང་དོན་ནི་གཞལ་ཡས་ཁང་ཡིན།

  ཁ དཔེ་ནི་ལྷ་ཡི་གཞལ་ཡས་ཁང་དང༌།  དོན་ནི་བསིལ་ལྡན་མཛེས་པ་ཡིན།

ག བསིལ་ལྡན་མཛེས་པ་ནི་དོན་དང༌། གཞལ་ཡས་ཁང་དང་འདྲ་ཞེས་པ་ནི་དཔེ་ཡིན།

རི་བོ་གཉན་ཆེན་ཐང་ལྷ་ནི་ལྷ་ས་དང་ཐག་མི་རིང་བའི(       )རྫོང་ཁོངས་སུ་ཡོད།

ཀ སྣ་དཀར་རྩེ།      ཁ སྤུ་ཧྲེང༌།        ག འདམ་གཞུང༌།

གསུམ། རྣམ་གྲངས་འདྲེན་པ།

བོད་དུ་གྲགས་ཆེ་བའི་མཚོ་ཆེན་བཞི་ནི་གང་དག་ཡིན།

 

བར་དབུས་གཙང་རུ་བཞི་གང་དག་ཡིན།

 

 

བཅུ་བཞི།

 

ནེའུ་གསིང་གཡུ()མཎྜལ་ཕྱིས་འདྲར་སྔོ། །

མེ་ཏོག་ཕྲེང་མཛེས་སྐར་ཚོགས་བཞིན()བཀྲ། །

བུང་བ()མགྲིན་སྒྲ་རྒྱུད་མངས་ལྟར་སྙན་པའི། །

དཔྱིད()དུས་འདི་ལྷ་ཡུལ་ལྟ་བུར་མཛེས། །  

གཅིག གཤམ་གྱི་གུག་རྟགས་ནང་དུ་རྣམ་དབྱེའི་ཐོབ་ཐང་ལྟར་ཕྲད་སྐོང་དགོས།

                                                                 

གཉིས། དཔེ་དང་དོན། མཚུངས་པ་གསལ་བྱེད་ཀྱི་སྒྲ། མཚུངས་ཆོས་བཅས་ངོས་བཟུང་    དགོས།

ཚིག་རྐང་དང་པོའི་དཔེ་ནི                            ཡིན་ལ། མཚུངས་ཆོས་ནི

                   ཡིན།

ཚིག་རྐང་གསུམ་པའི་དོན་ནི                           ཡིན་ལ། མཚུངས་སྒྲ་ནི

                  ཡིན།

གསུམ། ཁ་སྐོངས།

གོང་གི་དཔེར་བརྗོད་ནི་དཔེ་རྒྱན་ནང་གསེས                  ཡི་དཔེར་བརྗོད་ཡིན་ལ། དེའི་རྩོམ་པ་པོ་ནི                      ཡིན།

གོང་གི་ཚིགས་བཅད་འདིའི་ནང་དུ་རྩོམ་པ་པོས                           དུས་ཀྱི                            མཚོན་པར་བྱས་ནས་དེར་བསྔགས་བརྗོད་བྱས་ཡོད།

དཔེ་དང་དཔེ་ཅན་གཉིས་ཀྱི་མིང་སྔོན་དུ་སྨོས་ཤིང༌། དེའི་རྗེས་སུ                   

སྦྱར་ཏེ། དཔེ་དང་དཔེ་ཅན་གཉིས་ཀྱི               འདྲ་བ་གཅིག་པའི་སྒོ་ནས་དེ་གཉིས་ མཚུངས་པར་སྟོན་པ་ནི་ཆོས་དཔེ་ཡིན།

བཅོ་ལྔ།

 

དཔྱིད་ཀའི་དྲི་བཞོན་དལ་བར་ལྡང་བས་འཛིན་མའི་དཀྱིལ་འཁོར་ཡོངས་ཀྱི་སྐྱེ་དངོས་སྣ་ཚོགས་གཏི་མུག་མནལ་ལས་སངས་ཏེ་གསོན་ཉམས་ལྡན་པར་གྱུར་པ་དང༌། སྔོ་བསངས་ལྷ་ལམ་ཡངས་པོས་རབ་དཀར་ཆུ་འཛིན་གྱི་གོས་བཟང་བཀླུབས་ཤིང༌། དབྱར་སྐྱེས་རྔ་སྒྲ་  ལྡིར་ལྡིར་བསྒྲགས་ཏེ་སྤྲིན་གྱི་མེ་ཏོག་ཟིམ་བུ་བབས་ནས་ས་འཛིན་མཐོན་པོའི་སྤོ་ལ་ན་བུན་ལང་ལོང་དུ་འཁྲིགས་པའི་སྐབས་དེར། དྲིན་ཆེན་མ་ཡུམ་ནི་ཞལ་རས་གསལ་ལ་ཉམས་     མདངས་རྒྱས་པ་དང༌།  སྤྱན་རས་ཟུང་ནི་ཐོ་རངས་སྐར་ཆེན་དང་འདྲ་ཞིང་སྨིན་མའི་དཀྱུས་རིང་བ། དཔྲལ་བའི་དབྱེས་ཆེ་ལ་མགོ་སྐྱེས་གནག་ཅིང་སྨུག་ཁ་ལྡན་པ། མཁུར་ཚོས་གཡས་ གཡོན་དུ་པད་མའི་མདངས་འཛིན་པ་དང་མཆུ་སྒྲོས་སྲབ་ཅིང་ཨུཏྤལ་གྱི་འདབ་མ་ལྟར་    འཇམ་ཞིང་མཉེན་པ། ཐགས་བཟང་ཚེམས་ནི་དཀར་ལ་ཞོ་ཐིག་ཆགས་པ་དང༌། མགུལ་དུ་ རིན་ཆེན་དོ་ཤལ་གྱིས་བརྒྱན་ཅིང༌། ལུས་ལ་ཟ་འོག་གི་ན་བཟའ་མནབས་པས། བུད་མེད་   གཞན་ལས་ལྷག་པར་མཛེས་ཤིང་ཕྱི་ནང་གི་དགེ་མཚན་ཡོངས་སུ་རྫོགས་པར་གསལ། འདི་ ནི་གཞན་མ་ཡིན་ཏེ་བུ་ཕྲུག་དུང་ཕྱུར་བཅུ་སྐྱོང་བའི་མ་ཡུམ་མེས་རྒྱལ་ལགས་སོ། །

གཅིག ཁ་སྐོངས།

གོང་གི་ཚིག་དུམ་འདི་ནི"མ་བུ་གཉིས་ཀྱི་མཛད་རྗེས"ལས་བཏུས་ཤིང༌། མ་ཡིས   

               མཚོན་པ་དང༌། བུ་ཡིས                   མཚོན་པར་བྱས་ཡོད།

ཚིག་དུམ་འདིའི་ནང་དུ་དུས་སྐབས་གསར་པའི་ནང་གི                     གྱི་མཛེས་པའི་བཞིན་རས་དང་འཇོ་སྒེག་གི་ཉམས་བརྗོད་དེ། མ་ཡུམ་གྱི་མཚོན་བྱ་ནི          

ཡིན་པ་དངོས་སུ་བསྟན་པ་དང༌། མ་ཡུམ་གྱི་མཛེས་སྡུག་གི་བཞིན་རས་བྲིས་པ་དེས་དུས་   སྐབས་གསར་པའི                            གྱི་རྣམ་པ་གསར་པ་མཚོན་པར་བྱས་ཡོད།

གཉིས། གཤམ་གསལ་མངོན་བརྗོད་དག་འོས་འཚམ་གྱིས་འདེམས་སྐོང་བྱོས་ཤིག

ས་འཛིན།   སྤྲིན་གྱི་མེ་ཏོག   འཛིན་མ།   དབྱར་སྐྱེས་རྔ།   དྲི་བཞོན།   ཆུ་འཛིན།

དལ་བུར་ལྡང་བའི                     ཡངས་ཤིང་རྒྱ་ཆེ་བའི                            

ལྡིར་ལྡིར་གྲགས་པའི                   ཟིམ་ཟིམ་བབས་པའི                        

མཐོ་ཞིང་བརྗིད་པའི                   མཁའ་ལ་འཁྲིགས་པའི                      

ལྔ། གཤམ་གསལ་བརྗོད་དུམ་གྱི་དཔེ་དོན་ངོས་བཟུང་དགོས།

སྤྱན་རས་ཟུང་ནི་ཐོ་རངས་སྐར་ཆེན་དང་འདྲ།

དཔེ།                                     དཔེ་ཅན།                                    

མཆུ་སྒྲོས་སྲབ་ཅིང་ཨུཏྤལ་གྱི་འདབ་མ་ལྟར་འཇམ་ཞིང་མཉེན་པ།

དཔེ།                                     དཔེ་ཅན།                                    

བཅུ་དྲུག

 

མས་ལན་ཧྥང་གི་བཞིན་དཔལ་ང་ཉིད་ལ། །

ཡོད་ཅེས་ཉ་གང་ཟླ་བ་སྙེམས་མ་བྱེད། །

མཚོ་རྫིང་དལ་བུར་འབབ་ལྡན་འགྲམ་སྐྱེས་པའི། །

དཀར་འཇམ་པདྨ་ལ་ཡང་ཡོད་ཕྱིར་རོ། །  

གཅིག དཔེ་དང་དཔེ་ཅན། མཚུངས་ཆོས་བཅས་ངོས་ཟུངས།

དཔེ་ནི                               དཔེ་ཅན་ནི                                                          

དཔེ་དང་དཔེ་ཅན་གཉིས་ཀྱི་མཚུངས་ཆོས་ནི                                                                  

གཉིས། འགྲིག་མིན་བརྡར་ཤ་གཅོད་དགོས། 

རབ་བཏགས་ནི་ཡོད་པ་ལ་མེད་པར་སྒྲོ་བཏགས་པ་ཡིན། (           )

རབ་བཏགས་ཀྱི་དཔེ་ལ་ངེས་པར་དུ་དཔེ་གཉིས་འགོད་དགོས། (         )

སྙེམས་ཞེས་པ་ནི་ང་རྒྱལ་དང་ཕྲག་དོག་ལ་གོ་དགོས། (         )

གསུམ། རབ་བཏགས་ཅེས་པའི་གོ་དོན་ཅི་ཡིན།

 

བཅུ་བདུན།

 

ང་ཤ་ཤེད་རྒྱས་ནས་ནར་སོན་ཐུབ་བམ།

ང་ནི་ཡ་རུ་ཞིག་ཡིན། དཔྱིད་ཀ་སླེབས་པ་དེས་དྲོ་སྐྱིད་ལྡན་པའི་ཉི་འོད་དང༌། བསིལ་ཞིང་འཇམ་པའི་དཔྱིད་རླུང༌། གཡུ་མདོག་གི་སྤང་ལྗོངས། ཁ་དོག་རྣམ་པར་བཀྲ་བའི་སྤང་རྒྱན་མེ་ཏོག དྭངས་ཤིང་ཡིད་དུ་འོང་བའི་ཆུ་མིག་སོགས་གནང་བ་ལས། ང་ལ་སྤྲོ་བ་ཚད་མེད་བསྐྱེད་ཅིང་ཡིད་ཀྱི་རེ་སྨོན་སྨིན་པར་བྱས། ཡིན་ན་ཡང་དཔྱིད་ཀས་ང་ལ་སྡུག་བསྔལ་ཡང་བསྐྱལ་  ཡོང༌།

   བཤད་བཤད་ན་ངའི་ལས་ནི་ངན་པ་ཞིག་རེད། ཨ་མས་ང་བཙས་ནས་ཡུན་རིང་མ་སོང་ བར་དགུན་ཁ་སླེབས་སོང༌། ཐོག་མར་ངས་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་མཐོང་ཚེ། མཚར་   སྣང་ཤིན་ཏུ་ཆེན་པོ་སྐྱེས་ཤིང་དགའ་སྤྲོ་ཆེན་པོའི་ངང་ནས་རྩེ་མཆོང་བྱས། ངས་ཁ་བ་ནི་   གནམ་གྱིས་ང་ལ་གནང་བའི་ཁ་ཟས་ཞིམ་པོ་ཞིག་རེད་སྙམ་ནས་མཉེན་ཞིང་འཇམ་པའི་རྩྭ་ ཟ་རྒྱུ་བཞག་ནས་ཉིན་གང་ཁ་བ་ལྡག་གིན་བསྡད་པ་ཡིན། ཡུན་རིང་མ་སོང་བར་ཁ་བ་ཇེ་   མཐུག་ཇེ་མཐུག་ཏུ་གྱུར་ནས་རི་རབ་ལྷུན་པོ་ཁ་བས་མནན་སོང༌། ང་གྲོད་པ་ལྟོགས་ནས་ཁ་ བ་ལྡག འོན་ཀྱང་ཁ་བའི་ནང་དུ་ས་རྡོ་མ་གཏོགས་གཞན་ཟ་རྒྱུ་མི་འདུག ཆུ་འགྲམ་དུ་སོང་ ཡང་ཆུ་བོ་ཐམས་ཅད་འཁྱགས་པས་བསྡམས་ནས་འཐུང་རྒྱུ་མེད་པར་གྱུར། ང་གྲང་བའི་   སྐབས་སུ་ནགས་ཚལ་དུ་སོང་ཡང་དགུན་ཁའི་གྲང་ངར་གང་སར་ཁྱབ་སྟབས་འཁྱགས་    གཡོལ་བྱེད་ས་མེད་པར་གྱུར། ངས་དེ་ལྟར་འཁྱགས་ལྟོགས་གཉིས་མནར་གྱི་སྡུག་བསྔལ་མྱོང་བཞིན་པའི་སྐབས་སུ་དེ་ལས་སྐྲག་དགོས་པའི་དོན་ཞིག་བྱུང་བ་སྟེ། རླུང་དམར་ཆེན་པོ་    འཚུབ་ཅིང་ཁ་བ་དང་ས་རྡུལ་འཐིབས་ནས་གནམ་སའང་མུན་པར་གྱུར། ང་ནི་དྲན་པ་ཐོར་བ་ལྟར་མགོ་ཡུ་འཁོར་ནས་རླུང་འཚུབ་ནང་དུ་ལུས།

    ཉི་མའི་འོད་ཀྱིས་རྒྱལ་ཁམས་རབ་ཏུ་དྲོས། །ཟླ་བའི་འོད་ཀྱིས་མུན་པ་རབ་ཏུ་གསལ། །  དཔྱིད་ཀྱི་འབྲུག་སྒྲས་ས་གཞི་གཉིད་ལས་བསླངས། །ནམ་མཁའ་སྔོན་པོས་དགའ་བའི་འཛུམ་མདངས་སྟོན། ། བྱ་དངོས་ཐམས་ཅད་ཀྱིས་རང་ལུས་མནན་པའི་སྡུག་གི་ཁུར་པོ་ཕར་ལ་   གཡུགས།

    དཔྱིད་ཀ་སླེབས་སོང༌། དཔྱིད་ཀ་སླེབས་སོང༌། ངས་དགའ་སྤྲོ་ཆེན་པོའི་ངང་ནས་ཕར་ མཆོང་ཚུར་མཆོང་བྱས་པ་དང༌། གྲོགས་པོ་རྣམས་ཀྱི་གྲས་སུ་སྤོབས་པ་ཆེན་པོའི་ཉམས་ཀྱིས་ཉིན་མཚན་མེད་པར་སྔོ་ལྗང་གི་རྩྭ་གསར་བཟས་ནས་བསྡད་པ་ཡིན།

གཉིས། སྟོང་ཆ་ཁ་སྐོངས།

གོང་གི་ཚིག་དུམ་ནང་ཐོག་མར"ང་ཤ་ཤེད་རྒྱས་ནས་ནར་སོན་ཐུབ་བམ།"ཞེས་    བཏོན་པའི་ཐབས་ལ་བརྟེན་ནས་གླེང་བསླངས་པའི་རྗེས་སུ། ཡ་རུ་ལ་ཤ་ཤེད་རྒྱས་མ་ཐུབ་  པའི་ཕྱི་ཡི                               གསལ་བཤད་བྱས་ཡོད།  

ཚིག་དུམ་འདིའི་ནང་དུ་རྩོམ་པ་པོས                རབ་རྟོག་གི་འབྲི་ཐབས་   བཀོལ་ནས། རང་གིས་བརྗོད་འདོད་ཀྱི་བསམ་པའི་ཀུན་སློང་དེ            ཞིག་གི་སྟེང་དུ་བཅོལ་བ་དང༌། མི་སྐད་སྨྲ་མི་ཤེས་པའི             ཞིག་ལ་མི་སྐད་སྨྲ་བའི་ནུས་པ་བྱིན་ཏེ་ ཀློག་པ་པོ                             སྒྲུང་ལྟ་བུའི་ཞིང་ཁམས་སུ་ཁྲིད།

གསུམ། འགྲིག་མིན་བརྡར་ཤ་གཅོད་དགོས།

ཚིག་དུམ་འདིའི་ནང་གི་ཡ་རུའི་མཚོན་དོན་ནི་རིག་གནས་སློབ་པའི་བསྐལ་བ་མ་  ཐོབ་པའི་གཞོན་ནུ་རྣམས་ཡིན། (      )

"དགུན་ཁའི་གྲང་ངར་གང་སར་ཁྱབ་སྟབས"ཞེས་པའི་ནང་གི་སྟབས་ནི་རྒྱུ་མཚན་  སྟོན་པ་ལ་འཇུག (      )

"ཐོག་མར་ངས་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་མཐོང་ཚེ། མཚར་སྣང་ཤིན་ཏུ་ཆེན་པོ་  སྐྱེས་ཤིང་དགའ་སྤྲོ་ཆེན་པོའི་ངང་ནས་རྩེ་མཆོང་བྱས།"ཞེས་པའི་ཚིག་འདི་ནི་ཟང་ཟིང་ལང་ལོང་གི"རིག་གནས་གསར་བརྗེ་ཆེན་པོའི"ལས་འགུལ་ལ་སྤྲོ་སྣང་ཆེ་བའི་བྱིས་པའི་སེམས་   ཁམས་མཚོན་པར་བྱས། (       )

"དཔྱིད་ཀ་སླེབས་སོང༌། དཔྱིད་ཀ་སླེབས་སོང༌། ངས་དགའ་སྤྲོ་ཆེན་པོའི་ངང་ནས་  ཕར་མཆོང་ཚུར་མཆོང་བྱས"ཞེས་པའི་ཚིག་འདིས་རིགས་གསར་མཇུག་སྒྲིལ་བ་མཚོན་པར་བྱས་ཡོད།  (      )

བཞི། འདེམས་སྐོངས།

"ཉི་མའི་འོད་ཀྱིས་རྒྱལ་ཁམས་རབ་ཏུ་དྲོས། །ཟླ་བའི་འོད་ཀྱིས་མུན་པ་རབ་ཏུ་    གསལ། །དཔྱིད་ཀྱི་འབྲུག་སྒྲས་ས་གཞི་གཉིད་ལས་བསླངས། །"ཞེས་པའི་ཚིག་འདིས་བསྟན་ དོན་ནི(       )མཚོན་ཡོད།

ཀ ཏང་གི་ཡང་དག་པའི་སྲིད་ཇུས།  ཁ དཔྱིད་ཀ་སླེབས་པ།

ག ཉི་ཟླའི་འོད་ཀྱིས་མུན་པ་སེལ་བ།

"ཡིན་ན་ཡང་དཔྱིད་ཀས་ང་ལ་སྡུག་བསྔལ་ཡང་བསྐྱལ་ཡོང༌།"ཞེས་པའི་ཚིག་འདིས་བསྟན་དོན་ནི(        )ཡིན།

ཀ  དཔྱིད་ཀ་རྩྭ་ཆུ་འཛོམས་པོ་མེད་པ། ཁ རིག་གསར་གྱི་སྐབས་སུ་རིག་གནས་ལ་    གཏོར་སྐྱོན་ཆེན་པོ་ཐེབས་པས་སླར་གསོའི་སྐབས་སུ་འཕྲད་པའི་དཀའ་གནད།  ག སྡུག་  བསྔལ་དེ་ནི་ལྡོག་ཚིག་སྤྲོ་བ་ལ་འཇུག་པ་ཡིན།

བཅོ་བརྒྱད།

 

ཕོ་བྲང་པོ་ཏ་ལ་ནི། ཐོག་མར་དུས་རབས་བདུན་པའི་མགོར་བོད་ཀྱི་མཁས་མཛངས་  ལྡན་པའི་ཆབ་སྲིད་པ་རྒྱལ་པོ་སྲོང་བཙན་སྒམ་པོས་གླང་པོ་ཆེ་བྲེས་ལ་ཉལ་བ་ལྟ་བུའི་རི་བོ་ འདིར་ཐོག་མར་སྒྲུབ་ཁང་ཞིག་བརྩིགས་ཏེ། སྤྱན་རས་གཟིགས་ཀྱི་སྒོམ་སྒྲུབ་ལ་བཞུགས།   རྗེས་སུ་བལ་བཟའ་ཁྲི་བཙུན་རྒྱལ་པོའི་བཙུན་མོར་ཕེབས་ནས་ཡུན་རིང་མ་སོང་བར། བློན་པོ་མགར་སྟོང་བཙན་ཕོ་ཉར་མངགས་ཏེ་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་གི་ཚ་མོ་  ཝུན་ཤིང་ཀོང་ཇོ་བཙུན་མོར་བླངས་ནས་བོད་དུ་འབྱོར་ལ་ཉེ་བའི་མཚམས་སུ། རྒྱལ་པོ་རང་ཉིད་བཞུགས་སའི་ཕོ་བྲང་ཞིག་བཏབ་པ་དེའི་མིང་ལ་ཕོ་བྲང་ཁྲི་རྩེ་དམར་པོའམ་པོ་ཏ་ལ་  ཟེར། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཕོ་བྲང་དམར་པོ་དེ་རྒྱལ་པོ་མང་སྲོང་མང་    བཙན་གྱི་དུས་མེར་བསྲེགས་པ་དང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཐོག་གིས་གཏོར་སྐྱོན་བྱུང་བ། དུས་རབས་བཅུ་གཉིས་པའི་སྐབས་སུ་བཀའ་གདམས་པའི་དགེ་བཤེས་ཁྱུང་པོ་   གྲགས་སེསཚད་མ་རྣམ་འགྲེལགྱི་འཆད་ཉན་བྱས་པ་དང༌། དེ་བཞིན་མཚུར་ཕུ་ཀརྨ་པ་   དང༌། རྗེ་ཙོང་ཁ་པས་ཀྱང་པོ་ཏ་ལར་ཆོས་འཆད་ཉན་གནང་བ་སོགས་ལོ་རྒྱུས་ཁག་གི་ནང་ དུ་གསལ་བ་ལྟར་ན། ཕོ་བྲང་ནས་ལྷ་ཁང་གི་རྣམ་པ་ལྟ་བུར་གྱུར་འདུག

གཅིག  གཤམ་གསལ་གྱི་སྟོང་ཆ་ཁ་སྐོང་བྱེད་དགོས།

ཕོ་བྲང་པོ་ཏ་ནི་དུས་རབས                   རྒྱལ་པོ                   ཡིས་  ཐོག་མར་ཕྱག་བཏབ་པ་ཡིན་ལ། མིང་གཞན་ལ་ཕོ་བྲང                          ཡང་ཟེར།

ཝུན་ཤིང་ཀོང་ཇོ་རྒྱལ་པོའི་བཙུན་མོར་སློང་དུ་འགྲོ་མཁན་ནི               ཡིན།

གླང་པོ་ཆེ་བྲེས་ལ་ཉལ་བ་ལྟ་བུའི་རི་བོ་དེའི་མིང་གཞན་ལ               ཡང་ཟེར།                                 

གཉིས། འདེམས་སྐོངས།

པོ་ཏ་ལ་ཞེས་པ་ལེགས་སྦྱར་གྱི་སྐད་ཡིན་ལ་བོད་སྐད་དུ (           )ཟེར།

རི་བོ་གྲུ་འཛིན།  དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།  བདེ་ཡངས་ཤར།

ཝུན་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་བརྫོངས་སྐལ་དུ་ཇོ་བོ(       )ཁྱེར་ཡོང་བ་ཡིན།

མི་བསྐྱོད་རྡོ་རྗེ།   ཤཱཀྱ་མི་ནེ།   ལོ་ཀེ་ཤྭ་ར། 

བཀའ་གདམས་པའི་དགེ་བཤེས་ཁྱུང་པོ་གྲགས་སེསཚད་མ་རྣམ་འགྲེལགྱི་འཆད་ཉན་སྤེལ་སའི་གནས་ནི (          )ཡིན།

   པོ་ཏ་ལ།  དགའ་ལྡན་དགོན་པ།  འབྲས་སྤུངས་དགོན་པ།

གསུམ། དྲི་བར་ལན་ཐོབས།

ཕོ་བྲང་པོ་ཏ་ལ་ཕོ་བྲང་ནས་ལྷ་ཁང་གི་རྣམ་པར་གྱུར་བ་གང་ནས་མཚོན་ཐུབ།

 

ཕོ་བྲང་དཀར་དམར་གཉིས་ཀྱི་མཚོན་དོན་ཅི་ཡིན།

 

བཅུ་དགུ

 

རབ་དཀར་ཏི་སེའི་ལྷུན་པོར་འཇའ་ཚོན་གྱིས། །

འཁྱུད་ནས་སྒེག་པའི་གར་གྱིས་མྱོས་བྱེད་ཅིང༌། །

སྒྲ་འཛིན་སིམ་པའི་གླུ་དབྱངས་ལེན་ཤེས་ན། །

ངེས་པར་མས་ལན་ཧྥང་གི་རྗེས་སུ་འགྲོ། །

གཅིག ཚིགས་བཅད་འདི་ནི་སྙན་ངག་གི་རྒྱན་གང་ཞིག་ཡིན།

 

གཉིས། ཚིགས་བཅད་འདིའི་དཔེ་དང་དཔེ་ཅན་སོགས་ངོས་འཛིན་བྱེད་དགོས།

དཔེ་ནི                                                ཡིན།

དཔེ་ཅན་ནི                                            ཡིན།

མཚུངས་པ་གསལ་བྱེད་ཀྱི་སྒྲ་ནི                     ཡིན།

གསུམ། དཔེ་གང་ཞིག་ལ་ཁྱད་ཆོས་གང་དང་ལྡན་ཚེ་དཔེ་ཅན་དང་མཚུངས་པ་ཡིན།

 

བཞི། མས་ལན་ཧྥང་གི་རྗེས་སུ་འགྲོ་ཞེས་པའི་དོན་ཅི་ཞིག་ཡིན།

 

 

 

ཉི་ཤུ།

 

དོགས་སློང་ནི་བསམ་གཞིག་གི་ཐོག་མ་དང༌། ཞིབ་འཇུག་གི་ཀུན་སློང་ཡིན། ཤེས་བྱ་མང་ཆེ་བ་ནི་དོགས་སློང་ལས་ཐོབ་པ་སྟེ། གསར་གཏོད་དང་གསར་སྐྲུན་བྱེད་པའང་དོགས་སློང་ལས་འགོ་བརྩམས་པ་ཡིན། དོགས་སློང་བྱེད་ནུས་པ་དང་དོགས་སློང་བྱེད་པར་དགའ་བའི་ མིའི་བསམ་བློ་ཉིན་བཞིན་ཕུན་སུམ་ཇེ་ཚོགས་དང་མིག་དབང་ཉིན་བཞིན་ཇེ་གསལ་དུ་འགྲོ་ ངེས་ཡིན། གཞན་གྱིས་བསམ་གཞིགས་བྱེད་མི་ཕོད་པའི་གནད་དོན་ལ་ཁོས་བློ་ཡུལ་ལས་   འདས་པའི་ལྟ་ཚུལ་འདོན་ཐུབ་པ་དང༌། གཞན་གྱིས་སྤྱིར་བཏང་དུ་ལྟ་བའི་བྱ་དངོས་ལས་  ཁོས་སྤྱིར་བཏང་མིན་པའི་གནས་ལུགས་མཐོང་ཐུབ། མི་འདི་འདྲ་ནི་གནའ་ནས་ད་ལྟའི་   བར་དུ་མེད་པ་ག་ལ་ཡིན།

   ཀུ་ཤུ་སར་ལྷུང་བ་ནི་ཆེས་རྒྱུན་གཏན་གྱི་དོན་དག་ཅིག་ཡིན་མོད། ཉིའུ་ཏུན་གྱིས་དེ་   མཐོང་རྗེས། དེའི་ལྷུང་རྐྱེན་ཅི་ཡིན་པར་དོགས་སློང་བྱས་ཏེ། མཐརཀུན་ལྡན་འཐེན་ཤུགསསྨྲ་བའི་སྲོལ་བཏོད་ནས། མིའི་རིགས་ཀྱི་བསམ་བློར་ཁ་ལོ་བསྒྱུར།

    ཁོག་ལྡིར་ནང་གི་ཆུ་ལྷོག་ལྷོག་ཏུ་འཁོལ་བ་ནི་སུས་ཀྱང་རྒྱུན་དུ་མཐོང་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་ལྦ་ཐེས་དེ་གནད་དོན་ཞིག་ཏུ་བཟུང་ནས་ཞིབ་འཇུག་བྱས་པར་བརྟེན།     མཐར་རླངས་སྒུལ་འཕྲུལ་འཁོར་གསར་གཏོད་བྱས་པས། མིའི་རིགས་ཀྱིས་ད་ལྟའི་བར་དུ་ དེའི་ཕན་ནུས་ལོངས་སུ་སྤྱོད་བཞིན་ཡོད།

    སྐྱེ་རྒ་ན་འཆི་ནི་ཆེས་སྤྱིར་བཏང་གི་འཇིག་རྟེན་སྣང་ཚུལ་ཞིག་ཡིན། ཤཱཀྱ་མུ་ནེས་དེའི་རྩ་བ་མཐར་ཕྱིན་པ་འཚོལ་ཕྱིར། རྒྱལ་གཞིས་དང་ཁྱིམ་གཞིས་རྩྭ་བཞིན་དོར་ནས་དཀའ་སྤྱད་ ཀྱིས་སྒྲུབ་པ་བརྒྱབ་པས། མཐར་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་བཏོད་ཐུབ་པ་བྱུང་བ་རེད།

    ངེད་ཅག་གི་ཀྲུང་གོའི་ཁུང་ཙིའང་དོགས་སློང་བྱེད་པར་སྤྲོ་བའི་མི་ཞིག་ཡིན། ཁོང་གིས་གོང་མའི་མཚུན་ཁང་ནས་མཐོང་བའི་བྱ་དངོས་ཡོད་ཚད་ལ་དོགས་སློང་གནང་ཞིང༌། ལའོ་ཙི་གནའ་བོའི་བསྟན་བཅོས་ལ་མཁས་པ་ཞིག་ཡིན་པ་མཁྱེན་ཏེ་ཁོང་ལ་བཀའ་འདྲི་ཞུས།   ཁུང་ཙི་མི་རབས་ནས་མི་རབས་བར་གུས་བཀུར་ཐོབ་པའི་སྐྱེས་ཆེན་དམ་པ་ཞིག་ཏུ་གྱུར་པ་དེ་ནི་ལྷན་སྐྱེས་ཤིག་ག་ལ་ཡིན།

གཅིག བརྗོད་དུམ་འདི་ནི་སློབ་ཚན་གང་ལས་དྲངས་པ་ཡིན་ལ། དེའི་རྩོམ་པ་པོ་ནི་སུ་ཞིག་ ཡིན།

 

གཉིས། གཤམ་གསལ་སྟོང་ཆའི་ནང་དུ་འོས་འཚམ་གྱི་ནང་དོན་ཁ་སྐོང་བྱོས་ཤིག

ཉིའུ་ཏུན་གྱིས་ཀུ་ཤུ་ས་ལ་ལྷུང་རྐྱེན་ཅི་ཡིན་པར་དོགས་སློང་བྱས་ཏེ། མཐར        སྨྲ་བའི་སྲོལ་བཏོད།

           ཀ ཀུན་ལྡན་འཐེན་ཤུགས།  ཁ དོགས་སློང་གི་སྙིང་སྟོབས།

ག སའི་གོ་ལའི་འཁོར་བསྐྱོད།

ལྦ་ཐེ་ཡིས་ཁོག་ལྡིར་ནང་གི་ཆུ་ལྷོག་ལྷོག་ཏུ་འཁོལ་བའི་གནད་དོན་ལ་ཞིབ་འཇུག་ བྱས་པར་བརྟེན། མཐར           གསར་གཏོད་བྱས་པ་རེད།

ཀ རྐང་འཁོར།  ཁ རླངས་སྒུལ་འཕྲུལ་འཁོར། ག ཀུན་ལྡན་འཐེན་ཤུགས།

གོང་གི་བརྗོད་དུམ་འདིའི་སློབ་ཚན་གྱི་རྩོམ་སྟངས་ནི           ཅིག་ཡིན།

        ཀ ཡིད་འགྱུར་མཚོན་པའི་རྩོམ་ཡིག ཁ སྙན་རྩོམ།  ག དགག་སྒྲུབ་རྩོམ་ཡིག

སྟོན་པ་ཤཱཀྱ་ཐུབ་པས            གསར་བཏོད་བྱས་པ་ཡིན།

ཀ སངས་རྒྱས་ཆོས་ལུགས། ཁ ཡེ་ཤེས་ཆོས་ལུགས། ག གནམ་བདག་ཆོས་ལུགས།

དོགས་སློང་གི་སྙིང་སྟོབས་ཟེར་བ་ནི          དེ་ཡིན།

  ཀ གཞན་གྱིས་ལྟ་བ་ཡོད་ཚད་ཁས་ལེན་བྱེད་པ།  ཁ སྔོན་ནས་བསམ་བློ་གཏོང་བ་ དང་རང་དགར་ཡིད་མི་ཆེས་པའི་རྣམ་འགྱུར་སྟོན་པ།   ག རང་གི་ལྟ་བ་ཁོ་ན་ ཁས་ལེན་བྱེད་པ།

ཉིའུ་ཏུན་གྱི་དོགས་སློང་དང༌། ཝ་ཐེའི་དོགས་སློང༌། ཤཱཀྱ་མུ་ནེའི་དོགས་སློང༌། ཁུང་ཙེའི་དོགས་སློང་བཅས་ནི        ཀྱི་བསྒྲུབ་བྱ་ཡིན།   

 ཀ  དྲང་ཕྱོགས།     ཁ  ལྡོག་ཕྱོགས།      ག  དྲང་ལྡོག་གཉིས།

གསུམ། འགྲིག་མིན་བརྡར་ཤ་གཅོད་དགོས།

ཉིའུ་ཏུན་དང༌། ལྦ་ཐེ། ཤཱཀྱ་ཐུབ་པ་སོགས་ནི་དོགས་སློང་བྱེད་པར་སྤྲོ་བའི་ཚབ་   བྱེད་མི་སྣ་ཡིན།      

ང་ཚོ་ན་གཞོན་རྣམས་ཀྱིས་དོགས་སློང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་མི་རིགས།      

ལའོ་ཙི་ནི་གནའ་བོའི་བསྟན་བཅོས་ལ་ཤིན་ཏུ་མཁས་པའི་ཤེས་ལྡན་པ་ཆེན་པོ་ཞིག་  ཡིན།     

དོགས་སློང་བྱེད་པ་ནི་ཤེས་བྱའི་གནས་ལ་འཇུག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།     

སྐྱེ་རྒ་ན་འཆི་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན།      

ཁུང་ཙི་མི་རབས་ནས་མི་རབས་བར་གུས་བཀུར་ཐོབ་པའི་སྐྱེས་ཆེན་དམ་པ་ཞིག་ཏུ་གྱུར་པ་དེ་ནི་ལྷན་སྐྱེས་ཀྱི་ཤེས་རབ་ཡིན།       

བཞི། ཁྱེད་ཀྱིས་བལྟས་ན་དོགས་སློང་ནི་ཅི་ཞིག་ཡིན་པ་དང༌། དོགས་སློང་ལ་ཕན་འབྲས་ཇི་འདྲ་ཡོད་པ་འབྲི་དགོས།

 

 

ཉེར་གཅིག

 

ཟླ་བའི་དཀྱིལ་འཁོར་མར་ངོར་བྲི། །

འདབ་མ་བརྒྱ་པ་མཚན་མོ་ཟུམ། །

དེ་དག་དང་ནི་ཁྱོད་ཀྱི་བཞིན། །

མཚུངས་པ་མ་ཟད་ཁྱད་དུ་འཕགས། །

གཅིག ཚིགས་བཅད་འདི་ནི་དཔེ་རྒྱན་གྱི་ནང་གསེས་གང་ཞིག་ཡིན།

 

གཉིས། ཚིགས་བཅད་འདིའི་དཔེ་གང་དང་དཔེ་ཅན་གང་ཡིན།

  དཔེ་ནི།                                                                                

དཔེ་ཅན་ནི།                                                                           

གསུམ། ཚིགས་བཅད་འདིའི་ནང་གི་དཔེ་གང་དང་གང་ལ་སྐྱོན་གང་ཡོད་པར་སྨད་ཅིང༌།  དེའི་སྐྱོན་དེ་དཔེ་ཅན་གང་ལ་མེད་པ་རྒྱུ་མཚན་དུ་བྱས་ནས་དཔེ་ལས་དཔེ་ཅན་ལྷག་པར་བརྗོད་ཡོད།

 

 

བཞི། གཤམ་གསལ་སྟོང་ཆའི་ནང་དུ་འདེམས་སྐོང་བྱོས་ཤིག

 འདབ་མ་བརྒྱ་པ་ནི          ཡིན།

ཀ ཟླ་བ།              ཁ ལྗོན་ཤིང༌།                 ག པདྨ།

ཟླ་བའི་དཀྱིལ་འཁོར་མར་ངོར་བྲི། །ཞེས་པའི་བྲི་ནི      དོན་ཡིན།

ཀ ཉམས་པའམ་རྒུད་པའི།   ཁ འཕེལ་བའམ་རྒྱས་པའི།   ག བྲིས་པའི།

མཚུངས་པ་ཞེས་པའི་དོན་ནི         ལ་གོ་དགོས།

   ཀ དཔེ་དང་དཔེ་ཅན་མཚུངས་པ། ཁ དཔེ་དང་དཔེ་མཚུངས་པ།

ག འབོད་པ་གསལ་བྱེད་ཀྱི་སྒྲ།

གོང་དུ་འཁོད་པའི་ཚིགས་བཅད་དེ་ནི         གྱི་ནང་གསེས་ཤིག་ཡིན།

   ཀ སྒྲ་རྒྱན།              ཁ དཔེ་རྒྱན།          ག གབ་ཚིག་གི་རྒྱན།

དཔེ་རྒྱན་ལ་ནང་གསེས་ནང་གསེས་དབྱེ་བ         ཡོད།

   ཀ ཉི་ཤུ།                ཁ སོ་ལྔ།              ག སོ་གཉིས།

ལྔ། འགྲིག་མིན་བརྡར་ཤ་གཅོད་དགོས།

འདབ་མ་བརྒྱ་པ་ཞེས་པ་ནི་ཡལ་འདབ་བརྒྱ་ཏག་ཏག་ཡོད་པས་གྲངས་ཀྱི་ཆ་ནས་    བཏགས་པ་ཞིག་ཡིན།        

འདབ་མ་བརྒྱ་པ་ནི་ཉིན་མོར་བཞད་པའི་མེ་ཏོག་ཅིག་ཡིན།       

མཚན་མོ་ཟུམ་ཞེས་པ་ནི་མཚན་མོ་ར་བཟི་བའི་དོན་ཡིན།     

དཔེ་རྒྱན་ནི་དོན་རྒྱན་གྱི་ནང་གསེས་ཤིག་ཡིན།        

སྙན་ངག་གི་དཔེ་བརྗོད་དེ་ནིསྙན་ངག་མེ་ལོངལས་དྲངས་པ་ཡིན།     

ཉེར་གཉིས་པ།

 

མོ་ཀོ་བྲག་ཕུག་འདི་འཛམ་བུ་གླིན(1)ལ་གྲགས་པའི་རྒྱུ་མཚན་ནི། ཕྲག(2)ཕུག་མང་བ་དང༌། ལྷ་སྐུ་གསོན་ཉམས་ལྡན་པ། སྡེབས(3)རིས་མཚར་སྡུག་བཀྲ་བའི་ཁྱད་ཆོས་ཡོད་པ་དེ་ཁོ་ནར་མ་ཟད་ཀྱི། གཏེར་མའི་ཕུག་པ་ལས་སྣ(4)རབས་ཀྱི་དཔེ་རྙིང་འབོར་ཆེན་བྱུང་བ་དེ་ཡང་ངོ། །གཏེར་མའི་ཕུག་པ་ཞེས་པ་ནི་བྲག་ཕུག་ཨང17པའི་ནང་ལོགས་སུ་མཆིས་ཤིང༌། མཐོ་ཚད་ལ་ཧ་ལམ་སྨི་གཅིག་དང་ལི་སྨི་གཉིས་ཙམ་ཡོད་པ་དང༌། ཞེང་ལ་སྨི་གཉིས་དང་ལི་སྨི་གཉིས་ལྷག་ཙམ་འདུག   ཕུག་པའི་ནང་ནང་དུ་མི་ཉག་གི་དུས་སུ་བཙུན་པ་ཚོ་མུག་ཕྱོལ(5)དུ་འགྲོ་ཁར་ཆོས་ལུགས་ཀྱི་དཔེ་ཆ་བྲིས་མ་དང༌། ལྷ་སྐུ། ཆོས་ལུགས་ཡོ་བྱད་སོགས་སྦས་ཡོད་པ་དང༌། རིག་གནས་ཀྱི་དངོས་རྫས་དེ་དག་གི་ནང་དུ་ལྦེ་རྒྱལ་རབས་བྱང་མའི་དུས་ནས་སུང་རྒྱལ་རབས་བར་གྱི་འབྲེལ་ཡོད་ཆོས་ལུགས་དང༌། མཚན་ཉིད། རིག་གནས། སྒྱུ་རྩལ། ལོ་རྒྱུས་སོགས་ཕྱོགས་མང་པོའི་ཡིག་རིགས་འདུས་ཡོད། འདི་ནི་འདུས(6)རབས་ཉི་ཤུ་པར་   མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་ ཐོག་གི་གཏེར་མ་གལ་ཆེན་ཞིག་ཡིན་སྟབས(7)། སྙན་   གྲགས་ཀྱི་དབྱར་སྔས(8)འཛམ་གླིང་རྒྱལ་ཁབ་སོ་སོའི་རིག་གནས་ཀྱི་བྱ་བ་ལ་བརྩོན་པའི་   མཁས་བང(9)བགྲང་ལས་འདུས(10)པ་ཞིག་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་    པར་གྱུར།

གཅིག བརྗོད་དུམ་འདི་ནི་སློབ་ཚན་གང་ལས་དྲངས་པ་ཡིན་ལ། སློབ་ཚན་དེའི་རྩོམ་སྟངས་ནི་གང་འདྲ་ཞིག་ཡིན།

གསུམ། གཤམ་གསལ་རྟགས་འཁོད་པའི་ཕྲད་རྣམས་ངོས་འཛིན་དགོས།

གཏེར་མའི་ཕུག་པ                    ནང་ལོགས་སུ་མཆིས།                 

བཞི། གོང་གསལ་བརྗོད་དུམ་ནང་དུ་ཨང་གྲངས་བཀོད་པའི་ཡི་གེའི་དག་ཆ་བཟོ་དགོས།

1          2            3            4           5      

6          7            8            9           10      

ལྔ། གཤམ་གསལ་གྱི་ཐ་སྙད་ལ་དོན་མཚུངས་ཀྱི་མིང་རེ་ཕྲིས་ཤིག

འབོར་ཆེན།———                             རིག་གནས།———       

བརྩོན་པ།———                               བཙུན་པ།———             

སྙན་གྲགས།———                             ཡོ་བྱད———

དྲུག བརྗོད་དུམ་ལས་འཕྲེད་ཐིག་བརྒྱབ་པ་ལས་གསལ་བཤད་བྱེད་ཐབས་གང་ཞིག་བེད་  སྤྱད་ཡོད།

 

 

བདུན། མོ་ཀོ་བྲག་ཕུག་འདི་འཛམ་གླིང་དུ་སྐད་གྲགས་ཆེ་བའི་རྒྱུ་མཚན་ཅི་ཞིག་ཡིན།

 

 

 

 

 

ཉེར་གསུམ་པ།

 

ཀ་ར་བུ་རམ་སྦྲང་རྩི་དང༌། །

བདུད་རྩིའི་རོ་བཞིན་མྱོང་གིན་དུ། །

ཇེ་ལེགས་ཇེ་བཟང་ཤེས་བྱ་ལ། །

དཀའ་བ་སྤྱོད་པ་དོན་དང་ལྡན། །

གཅིག ཚིགས་བཅད་འདི་ནི་སྙན་ངག་གི་རྒྱན་གང་ཞིག་ཡིན།

 

གཉིས། ཚིགས་བཅད་འདིའི་ཚེག་བར་ཆ་ཡ་འཁེལ་སྟངས་ཇི་འདྲ་ཞིག་ཡིན།

 

གསུམ། ཚིགས་བཅད་འདིའི་དཔེ་དང་དཔེ་ཅན་གང་འདྲ་ཞིག་ཡིན།

 

བཞི། འགྲིག་མིན་བརྡར་ཤ་གཅོད་པ།

གོང་གི་ཚིགས་བཅད་འདི་ནིསྙན་ངག་མེ་ལོངལས་དྲངས་པ་ཡིན།    

མང་བའི་དཔེ་ནི་དཔེ་ཅན་དེ་ལ་དཔེ་མང་པོ་བཀོད་པ་ཞིག་ཡིན།   

གོང་གི་ཚིགས་བཅད་འདི་ནི་གཟུགས་ཅན་གྱི་རྒྱན་ཞིག་ཡིན།     

གོང་གི་ཚིགས་བཅད་ལས་བདུད་རྩི་ཞེས་པ་ནི་བཏུང་བའི་རིགས་ཤིག་ཡིན།   

 

ཉེར་བཞི།

 

དྭངས་ཤིང་བསིལ་བའི་ཆུ་ཕྲན་ནི་རི་རབ་ལྷུན་པོའི་ལུས་ཀྱི་ཟུངས་ཁྲག་དང་འདྲ་བར་རྟག་ཏུ་རྒྱུ་ཞིང༌། དབྱིག་འཛིན་མའི་ལུས་ཀྱི་འཕར་རྩ་དང་འདྲ་བར་གཏན་དུ་ལྡང་ངོ༌། །

    གཅན་གཟན་གྱི་མཆེ་བ་མཁའ་ལ་གཟེངས་འདྲའི་རི་རྩེ་བསྣོལ་མར་སྡེབ་པའི་རི་ཚོགས་ཁྲི་འབུམ་གྱི་འཇིངས་དབུས་སུ་སླེབས་ཙ་ན། ལུང་པའི་ཕུ་མདའ་རེ་རེ་ན་བར་མེད་ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་མང་པོ་འདྲེན་བྱེད་ཀྱི་གསོས་སུ་འགྱུར་རོ། ། གཟིགས་དང༌། སྤང་ཁུག་ནས་བརྡོལ་བའི་ཆུ་མིག བྲག་ངོས་ནས་འབབ་པའི་རྦབ་ཆུ། གངས་རི་ལས་ཞུ་བའི་གངས་ཆུ་རྣམས་བརྗིད་པའི་ཉམས། སྙན་པའི་དབྱངས། གྱ་གྱུའི་འགྲོས་དང་བཅས་གངས་རིའི་སུལ་ དང་རྫ་རིའི་གསེང༌། སྤང་རིའི་ལྟོངས་དང་བྲག་རིའི་འདབས་བརྒྱུད་ནས་ལྷུང་ལྷུང་སྙན་   པའི་གླུ་ཆུང་དབྱངས་སུ་གྱེར། སྟོང་པའི་མཁའ་ལ་བསྙེགས་པའི་ལྷུན་པོའི་ཚོགས་རྨི་ལམ་སྒྱུ་མའི་ཞིང་ཁམས་མྱུལ་བའི་སྐབས་དག་ཏུ་རི་ཚོགས་རྐང་འཐུང་གི་ཚང་ཚིང་འཁྲིགས་འདྲའི་དབེན་གནས་སུ་ཁུ་སིམ་མེར་འབབ་པའི་ཉལ་འགྲོ་ཁོ་ན་ནི་དབྱིག་གི་བློ་གྲོས་མའི་བྲང་ངོས་སུ་མུ་ཏིག་གི་འཕྱང་འཕྲུལ་གྱི་ཚུལ་དུ་འབབ་པའི་ངང་ཚུལ་འདི་མཐོང་ཚེཆུ་ཤེལ་དབང་པོ་ཐང་ཤིང་གསེབ་ནས་འཛུམ། དྭངས་གསལ་ཆུ་མིག་གོར་མའི་ངོས་ནས་འབབཅེས་པའི་   སྙན་ངག་དེ་ཡིད་ལ་ལྦ་ལེར་འཆར་འོང༌། དེ་ནས་རྒྱང་རིང་ལ་བལྟས་ན་སྡོམ་རྒྱ་བཞིན་འབབ་པའི་ཆུ་ཕྲན་རྣམས་ནི་རབ་དཀར་དངུལ་གྱི་ཐག་པའི་དྲ་བ་དྲ་ཕྱེད་ལྟར་གཤང་གཤོང་མི་   སྙོམས་པའི་རི་འདབས་ཀུན་ཏུ་བསྣོལ་མར་བྲེས་པ་ནི་ལྟོ་འགྲོ་བགྲང་གིས་མི་ལང་བ་འཁྱུག་ འགྲོས་ཀྱིས་ཐུར་ནས་ཐུར་དུ་ནུར་བ་དང་ཀུན་ནས་མཚུངས་སོ། །

གཅིག བརྗོད་དུམ་འདི་ནི་སློབ་ཚན་གང་ལས་དྲངས་པ་ཡིན་ལ། སློབ་ཚན་དེའི་རྩོམ་པ་པོ་

སུ་ཞིག་ཡིན།

 

གཉིས། གཤམ་གསལ་མངོན་བརྗོད་ཀྱི་ནང་དོན་ཕྲིས་ཤིག

དབྱིག་འཛིན་མ།--                         ལྟོ་འགྲོ--     

   ལྷུན་པོ།--                                 རྐང་འཐུང༌།--               

ཉལ་འགྲོ--                                འདྲེན་བྱེད།--

དབྱིག་གི་བློ་གྲོས་མ།--                      ཆུ་ཤེལ་དབང་པོ།--

གསུམ། གཤམ་གསལ་གྱི་བརྗོད་དུམ་ལས་དཔེ་དང་དཔེ་ཅན་སོགས་འཚོལ་དགོས།

དྭངས་ཤིང་བསིལ་བའི་ཆུ་ཕྲན་ནི་རི་རབ་ལྷུན་པོའི་ལུས་ཀྱི་ཟུངས་ཁྲག་དང་འདྲ་བར་རྟག་ཏུ་རྒྱུ་ཞིང༌། དབྱིག་འཛིན་མའི་ལུས་ཀྱི་འཕར་རྩ་དང་འདྲ་བར་གཏན་དུ་ལྡང་ངོ༌། །

དཔེ                                       དཔེ་ཅན།                                     

མཚུངས་སྒྲ                                མཚུངས་ཆོས།                                  

གཅན་གཟན་གྱི་མཆེ་བ་མཁའ་ལ་གཟེངས་འདྲའི་རི་རྩེ།

དཔེ                                       དཔེ་ཅན།                                     

མཚུངས་སྒྲ                         

སྡོམ་རྒྱ་བཞིན་འབབ་པའི་ཆུ་ཕྲན།

དཔེ                                       དཔེ་ཅན།                                     

མཚུངས་སྒྲ                         

བཞི། འདེམས་སྐོང་བྱོས་ཤིག

 གོང་གི་བརྗོད་དུས་འདི་ནི      ཞེས་པའི་སློབ་ཚན་ལས་དྲངས་པ་ཡིན།

    ཀ རྫ་རིའི་ཆུ་ཕྲན།   ཁ བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན།     ག ལང་ཚོའི་རྦབ་ཆུ།

 སྤང་ཁུག་ནས་བརྡོལ་བའི    

ཀ རྒྱ་མཚོ།           ཁ རྦབ་ཆུ།           ག  ཆུ་མིག  

   བྲག་ངོས་ནས་འབབ་པའི    

 ཀ རྦབ་ཆུ།          ཁ རྒྱ་མཚོ།            ག མཚེའུ།

  ལྷུང་ལྷུང་སྙན་པའི་གླུ་ཆུང་དབྱངས      གྱེར།  

ཀ ཀྱི།          ཁ སུ།            ག གི

ལྔ། གཤམ་གྱི་བརྗོད་དུམ་བསྡུས་འབྲི་བྱོས་ཤིག

གཅན་གཟན་གྱི་མཆེ་བ་མཁའ་ལ་གཟེངས་འདྲའི་རི་རྩེ་བསྣོལ་མར་སྡེབ་པའི་རི་    ཚོགས་ཁྲི་འབུམ་གྱི་འཇིངས་དབུས་སུ་སླེབས།

 

རྒྱང་རིང་ལ་བལྟས་ན་སྡོམ་རྒྱ་བཞིན་འབབ་པའི་ཆུ་ཕྲན་རྣམས་ནི་རབ་དཀར་     དངུལ་གྱི་ཐག་པའི་དྲ་བ་དྲ་ཕྱེད་ལྟར་གཤང་གཤོང་མི་སྙོམས་པའི་རི་འདབས་ཀུན་ཏུ་བསྣོལ་མར་བྲེས་པ་ནི་ལྟོ་འགྲོ་བགྲང་གིས་མི་ལང་བ་འཁྱུག་འགྲོས་ཀྱིས་ཐུར་ནས་ཐུར་དུ་ནུར་བ་  དང་ཀུན་ནས་མཚུངས་སོ། །

 

 

 

 

 

ཉེར་ལྔ།

 

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི་བོད་ཀྱི་རབ་བྱུང་གསུམ་པའི་ཆུ་སྟག་ལོརསྤྱི་ལོ1182 ལོརཡབ་ས་སྐྱའི་དཔལ་ཆེན་འོད་པོ་ཆེ་དང༌། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་    གཉིས་ཀྱི་སྲས་སུ་འཁྲུངས་པ་དང༌། དགུང་ལོ་ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང༌། ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་   མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ། དགུང་ལོ་ཆུང་དུས་ནས་བཟུང་སྟེ། ཚད་མ་རིག་པ། བཟོ་རིག་པ། སྐར་རྩིས། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ།      མཛོད་སོགས་མདོ་ཕྱོགས་དང༌། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་ཤེས་པའི་རྐང་     གྲངས་ཙམ་མིན་པར་ལག་ལེན་ཐོག་འཁྱོལ་ཐུབ་པའི་མཁས་པར་གྱུར།

དེའི་སྙན་གྲགས་རྒྱ་གར་ཡུལ་ཀུན་ཏུ་ཁྱབ་པ་ན། རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་   མཁས་པ་འཕྲོག་བྱེད་དགའ་བོ་སོགས་སྟོན་པ་དྲུག་བོད་དུ་སངས་རྒྱས་ཆོས་ལུགས་ལ་ཚུར་ རྒོལ་བྱེད་དུ་འོངས། ཆོས་རྗེ་ས་སྐྱ་པཎྜི་ཏ་ཉིད་ཀྱང་མང་ཡུལ་སྐྱིད་གྲོང་གི་འཕགས་པ་ལྦ་ཏི་ བཟང་པོའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་ཚོང་འདུས་སུ་བཞུགས་པའི་སྐབས་ སུ་དེ་དག་འབྱོར་བ་རྩོད་གླེང་གི་སྒོ་ནས་ཕམ་པར་མཛད། དེའི་དཔང་རྟགས་ལ་ཁོའི་རལ་པ་བྲེགས་ནས་བསྣམས་ཕེབས་པ་སྔར་ས་སྐྱའི་དབུ་རྩེ་རྙིང་མའི་མགོན་ཁང་ནང་དུ་ཡོད་པར་ གྲགས། དགུང་ལོ་ཉེར་གསུམ་པ། བོད་ཀྱི་རབ་བྱུང་གསུམ་པའི་ཤིང་བྱིསྤྱི་ལོ1204ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་པ་དང་མཇལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།  ཁོང་གིས་བརྩམས་པའི་གསུང་རྩོམ་པོད་གསུམ་ཡོད་ཅིང༌། དེ་ལས་གྲགས་ཆེ་བ་ནིཐུབ་པའི་    དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོསདངལེགས་པར་བཤད་པ་རིན་པོ་ཆེའི་     གཏེར》《རོལ་མོའི་བསྟན་བཅོས》《མཁས་ལ་འཇུག་པའི་སྒོ》《སྒྲ་ལ་འཇུག་པ》《ཚིག་གི་      གཏེར》《ཚད་མ་རིགས་གཏེརལ་སོགས་པ་ཡིན་ཞིང༌། ཁོང་གིས་བསྟན་བཅོས་འདི་དག་      བརྩམས་ཤིང་འཆད་ཉན་རྒྱ་ཆེར་མཛད་དེ་བོད་ཀྱི་རིག་གནས་དར་སྤེལ་དུ་གཏོང་བར་    མཛད་རྗེས་རླབས་ཆེན་བཞག་ཡོད།

གཅིག བརྗོད་དུམ་འདི་ནི་སློབ་ཚན་གང་ལས་དྲངས་པ་ཡིན་ལ། སློབ་ཚན་དེའི་རྩོམ་པ་པོ་

སུ་ཞིག་ཡིན།

 

གཉིས། གཤམ་གྱི་ཞེ་ཚིག་རྣམས་ཕལ་སྐད་དུ་ཕབ་དགོས།

ཡབ།                      ཡུམ།                      གསོལ།              

མཚན།                  བཞུགས།                    ཕེབས།          

 མཇལ།                 གསུང༌།             

གསུམ། གཤམ་གྱི་ནང་དོན་དང་འབྲེལ་ནས་འདེམས་སྐོང་བྱོས་ཤིག

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཁུ་བོའི་མཚན་ལ      ཟེར།

   ཀ བརྩོན་འགྲུས་གཡུང་དྲུང༌།   ཁ གྲགས་པ་རྒྱལ་མཚན།   ག བསོད་ནམས་རྩེ་མོ།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི       གྲགས་ཅན་ཞིག་ཡིན།

    ཀ རྒྱ་གར་གྱི་མཁས་པ།         ཁ བལ་བོའི་མཁས་པ།     ག བོད་ཀྱི་མཁས་པ།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དགུང་ལོ་ཆུང་དུས་ཀྱི་མཚན་ལ    ཟེར།

ཀ དཔལ་ལྡན་དོན་གྲུབ།       ཁ ཡེ་ཤེས་དོན་གྲུབ།      ག ཀུན་དགའ་རྒྱལ་མཚན།

པཎྜི་ཏ་ཞེས་པ་ནི       ཡིན།

ཀ ལེགས་སྦྱར་སྐད།     ཁ བོད་སྐད།        ག རྒྱ་ནག་གི་སྐད།

བོད་ཀྱི་ལེགས་བཤད་ཐོག་མ་ནི        ཡིན།

ཆུ་ཤིང་བསྟན་བཅོས  ས་སྐྱ་ལེགས་བཤད   དགེ་ལྡན་ལེགས་བཤད

)《ལེགས་པར་བཤད་པ་རིན་པོ་ཆེའི་གཏེརཞེས་པ་ནི       ཡིན།

    དགེ་ལྡན་ལེགས་བཤད    ཆུ་ཤིང་བསྟན་བཅོས  ས་སྐྱ་ལེགས་བཤད 

བཞི། འགྲིག་མིན་བརྡར་ཤ་གཅོད་དགོས།

 པཎྜི་ཏ་ཞེས་པ་ནི་བོད་ཀྱི་མཁས་པ་གྲགས་ཅན་ཞིག་གི་མིང་ཡིན།  

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བོད་ཀྱི་རབ་བྱུང་གསུམ་པའི་ཤིང་བྱིསྤྱི་ལོ1204ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་པ་དང་མཇལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།    

བོད་ཀྱི་པཎྜི་ཏའི་ཐོག་མ་ནི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཡིན།   

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཕྱི་རོལ་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་སོགས་ལ་རྩོད་གླེང་བྱས་ནས་ཕམ་པ་རེད།    

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི་སྐབས་དེའི་བོད་མིའི་བདེ་འཇགས་ལ་སྲུང་  སྐྱོང་བྱེད་མཁན་དང༌། མེས་རྒྱལ་གོང་བུར་གཅིག་གྱུར་ཡོང་བར་མཛད་རྗེས་ཆེ་བའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན།     

ལྔ། གཤམ་གསལ་ནང་དོན་ལ་རྣམ་གྲངས་འདྲེན་དགོས།

 ས་སྐྱ་གོང་མ་རྣམ་ལྔ།                                                           

                                                                                         

གསང་སྔགས་རྒྱུད་སྡེ་བཞི།                                                     

                                                                                        

དྲུག གོང་གསལ་བརྗོད་དུམ་ལས་རྟགས་འཁོད་པའི་ནང་དོན་དང་འབྲེལ་ནས་གཤམ་གྱི་   སྟོང་ཆ་སྐོང་དགོས།

རིག་གནས་ཆེ་ཆུང་བཅུའི་ཁོངས་གཏོགས་ནི                                            

                                                                         བཅས་ཡིན།

གཞུང་བཀའ་པོད་ལྔའི་ཁོངས་གཏོགས་ནི                                       

                                                                         བཅས་ཡིན།

བདུན། གཤམ་གསལ་རྟགས་འཁོད་པའི་ཐ་སྙད་ཀྱི་ནང་དོན་ཕྲིས་ཤིག

གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་ཤེས་པའི་རྐང་གྲངས་ཙམ་མིན་པར་ལག་ལེན་ཐོག་འཁྱོལ་ཐུབ་པའི་མཁས་པར་གྱུར།                   

ཁོང་གིས་བསྟན་བཅོས་འདི་དག་བརྩམས་ཤིང་འཆད་ཉན་རྒྱ་ཆེར་མཛད་དེ་བོད་ཀྱི་རིག་གནས་དར་སྤེལ་དུ་གཏོང་བར་མཛད་རྗེས་རླབས་ཆེན་བཞག་ཡོད།            

དེའི་དཔང་རྟགས་ལ་ཁོའི་རལ་པ་བྲེགས་ནས་བསྣམས་ཕེབས་པ་སྔར་ས་སྐྱའི་དབུ་རྩེ་རྙིང་མའི་མགོན་ཁང་ནང་དུ་ཡོད་པར་གྲགས།             

ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་   མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ།           

བརྒྱད། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱན་མཚན་གྱི་གསུང་རྩོམ་གྲགས་ཆེ་བ་ནི་གང་དག་ཡིན་པ་ཕྲིས་ཤིག

ཉེར་དྲུག

 

སྒེག་ལྡེམ་ལུས་ཀྱི་ལྗོན་པ་རབ་རྒྱས་པར། །

མཛེས་སྡུག་ལང་ཚོའི་གཡུ་ཡི་ལོ་འདབ་རྒྱས། །

བཞིན་རས་འདབ་སྟོང་གྲོལ་བའི་འཛུམ་བག་ཅན། །

སྨིན་ལེགས་པད་དཀར་རྒྱས་པའི་ཚལ་འདི་སྤྲོ། །

གཅིག ཚིགས་བཅད་འདི་ནི་སྙན་ངག་གི་རྒྱན་གང་ཞིག་ཡིན།

 

གཉིས། དཔེ་ཅན་གང་དང་གང་ཞིག་དཔེ་གང་དང་གང་གི་གཟུགས་སུ་བཀོད་ཡོད།

ཚིག་རྐང་དང་པོར་                                              བཀོད་ཡོད།

ཚིག་རྐང་གཉིས་པར་                                             བཀོད་ཡོད།

ཚིག་རྐང་གསུམ་པར་                                            བཀོད་ཡོད།

ཚིག་རྐང་བཞི་པར་                                               བཀོད་ཡོད།

གསུམ། དཔེ་དང་དཔེ་ཅན་གང་དང་གང་གི་འབྲེལ་སྒྲ་བསྡུས་ཡོད་པ་དང་གང་དང་གང་གི་འབྲེལ་སྒྲ་བསྡུས་མེད།

 

 

 

 

 

ཉེར་བདུན།

 

ང་མི་ཐོད་གད་ཁ་ན་ཀློག་པའི་དུས་རྩའི་མདའ་རུ། སྐྱིད་སྟོན་གྱི་ཆང་ས་ཆེན་པོ་ཞིག་ བྱུང་བ་དེའི་གྲལ་དབུ་ལ་སློབ་དཔོན་སྤྱན་དྲངས་པའི་ཕྱག་ཕྱི་ལ་ང་ཡང་ཕྱིན། དེར་ཆང་ མང་བ་དང་སློབ་དཔོན་ལ་ཟུར་ནས་ཀྱང་ཆང་འདྲེན་མང་རབ་བྱུང་བ་ཀུན་ནས་       བཏུངས་པས་བཟི་བེར་སོང་ཡོད་པ་ལ། སློབ་དཔོན་གྱིས་ང་ལ་སྐྱོན་མ་རྣམས་བཀུར་ཏེ་ སྔོན་ལ་བརྫངས་པས། ཆང་གིས་བཟི་བ་དང༌། དེའི་ཉིན་གླུ་ལེན་མཁན་རྣམས་ལ་སེམས་འཕྲོས་ནས། གླུ་ལེན་སྙིང་འདོད་པ་ཞིག་བྱུང་བ་དང༌། གྲེ་བ་བདེ་མོ་ཞིག་ཡོད་པས། གླུ་  ལེན་ཞིང་འོངས་པས། ངེད་རང་གི་ཁང་པའི་མདུན་ན་ཡར་ལམ་ཡོད་པས་སྒོའི་ཐད་དུ་ སླེབས་རུང་གླུ་བླངས།

   ཨ་མ་ནང་ན་ཡོས་རྔོད་ཀྱིན་ཡོད་པས་ཐོས་ནས། ཅི་ཟེར་སྐད་འདི་ནི་ངའི་བུའི་སྐད་  ཡིན་པ་འདྲ། ངེད་མ་སྨད་བས་སྡུག་པ་ནི་ས་ཐོག་མེད་པས་ཁོ་ནི་གླུ་ལེན་མི་འཐད་སྙམ[1] ནས་ཡིད་མ་ཆེས་པར་བལྟས་པས། ང་ཡིན་པར་ཤེས་ནས་ཧ་ལས་ཏེ། སྐམ་པ་གཡས་སུ་བོར། ཡོས་དཀྲུགས་གཡོན་དུ་བོར། ཡོས་རྔོད་འཕྲོ་ཚིག་ཏུ་བཅུག ལག་པ་གཡས་སུ་ཡོག་པ་ཞིག་ འཁྱེར། གཡོན་དུ་ཐལ་བ་སྦར་གང་ཁྱེར། སྐས་རིང་བ་ལས་བབས། ཐུང་བ་ལས་མཆོངས་  ནས་ཕྱིར་ཐོན་བྱུང་སྟེ། ཐལ་བ་དེ་གདོང་ལ་བཏབ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ[2]ནས། ཡབ་མི་ལ་ཤེས་རབ་རྒྱལ་མཚན་ཁྱོད་ལ་བུ་འདི་འདྲ་ཞིག་སྐྱེས་སོ། ། ཁྱེད་རབས་ཆད་གདའ་བ། ངེད་མ་སྨད་ཀྱི་ལས་བསྐོས་ལ་གཟིགས་དང་ཟེར་ཨ་མ་ཡུད་ཅིག་བརྒྱལ་ནས་   འགྱེལ་འདུག་པའི་ཚེ། སྲིང་མོ་ཡང་ཐོན་བྱུང་སྟེ། ཨ་ཇོའི་བསམ་བློ་ལ་ཨ་མ་ལ་ལྟོས་དང་ཟེར་ངུ་ཞིང་འདུག་པ་ལ་བདེན་སྙམ་ནས། ང་རང་ཡང་མཆི་མ་མང་པོ་ཤོར། ངེད་མིང་སྲིང་    གཉིས་ཀྱིས་ངུ་བའི་ངང་ནས་ཨ་མའི་ལག་པ་མཉེད་བཞིན་བོས་པས་དར་ཅིག་ནས་བརྒྱལ་བ་སངས་ཏེ་ལངས་བྱུང་ནས། ངུ་བའི་གདོང་གིས་ང་ལ་ཅེ་རེ་བལྟས་ནས། བུ་རང་རེ་མ་སྨད་ལས་སྡུག་པ་ས་ཐོག་ན་མེད་པ་ལ་ཁྱོད་གླུ་ལེན་པ་དྲན་པ་རང་འདུག་གམ། ང་མ་རྒན་མོ་ནི་ བསམ་མནོ་གཏོང་གིན་ཡི་མུག་པ་དང་ངུ་བྲོ་བ་མིན་པ་མི་འདུག་ཟེར། སྨྲེ་སྔགས་འདོན་   ཞིང་ངེད་སྨད་གསུམ་ཀ་ངུས་སོ། །

གཅིག བརྗོད་དུམ་འདི་ནི་སློབ་ཚན་གང་ལས་དྲངས་པ་ཡིན་ལ། སློབ་ཚན་དེའི་རྩོམ་པ་པོ་ནི་སུ་ཞིག་ཡིན། རྩོམ་སྟངས་ནི་གང་འདྲ་ཞིག་ཡིན།

 

གཉིས། གཤམ་གསལ་ཐ་སྙད་ཀྱི་ནང་དོན་འབྲི་དགོས།

མི་ཐོད་གད་ཁ།——                       

ཕྱག་ཕྱི།——                     

སྐྱོན་མ།——           

ཡོག་པ།——                              

མཉེད།——                      

སྨྲེ་སྔགས་འདོན།——

 གསུམ། འདེམས་སྐོང་བྱོས་ཤིག

ང་མི་ཐོད་གད་ཁ་ན་ཀློག་པའི་དུས་རྩའི་མདའ་རུ།ཞེས་པའི་ནང་གིནི    ཡིན།

ཀ མི་ལ་རས་པ།      ཁ ཤེས་རབ་རྒྱལ་མཚན།     ག རུས་པའི་རྒྱན་ཅན།

སྒྲུང་གཏམ་ནི         གསར་བཞེངས་བྱ་རྒྱུར་གཙོ་གནད་དུ་འཛིན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན།

    ཀ བརྗོད་དོན།       ཁ བྱུང་རིམ།          ག མི་སྣའི་གཟུགས་བརྙན།

མི་ལ་རས་པའི་ཡབ་ཀྱི་མཚན་ལ              ཟེར།

      ཀ རུས་པའི་རྒྱན་ཅན།  ཁ ཤེས་རབ་རྒྱལ་མཚན།   ག རྒྱལ་མཚན་རྒྱ་མཚོ།

མི་ལ་རས་པའི་ཡུམ་གྱི་མཚན་ལ             ཟེར།

     ཀ མྱང་ཚ་དཀར་རྒྱན།   ཁ པེ་ཏ་མགོན་སྐྱིད།       ག མྱང་ཚ་མགོན་སྐྱིད།

བཞི། སྟོང་ཆ་ཁ་སྐོང་བྱོས་ཤིག

ངེད་མ་སྨད་གསུམ་པོ་ནི                             དང༌།                           

              བཅས་ཡིན།

)《ང་རང་བྱིས་པ་ཡིན་དུསཞེས་པའི་སྒྲུང་གཏམ་འདི་ནི་འབོད་པའི་ཐ་སྙད               

ལྟར་བྲིས་པ་ཞིག་ཡིན།

སྒྲུང་གཏམ་གྱི་གྲུབ་ཆ་གསུམ་ནི             དང༌།                        བཅས་ཡིན།

ལྔ། འགྲིག་མིན་ཁ་ཚོན་གཅོད་པ།

)《ང་རང་བྱིས་པ་ཡིན་དུསསློབ་ཚན་འདིའི་ནང་གི་མི་སྣ་གཙོ་བོ་ནི་ཨ་ཁུ་དང་ཨ་ནེ་གཉིས་ཡིན།    

ཡུམ་མྱང་ཚ་དཀར་རྒྱན་ནི་བརྙས་བཅོས་དང་དབང་ཡོད་ཀྱི་འོག་དཔའ་ཞུམ་ནས་སྡོད་མཁན་ཞིག་མ་ཡིན་པར་ཆགས་སྡང་གི་རང་བཞིན་མངོན་པར་གསལ་བའི་བུད་མེད་  ཅིག་ཡིན།     

མི་ལ་རས་པའི་ཨ་ཁུའི་མིང་ལ་རུས་པའི་རྒྱན་ཅན་ཟེར།     

)《ང་རང་བྱིས་པ་ཡིན་དུསཞེས་པའི་ང་རང་གིས་མི་ལ་རས་པ་མཚོན་ཡོད།     

དྲུག གོང་གི་རྩོམ་ཐུང་ནང་རྟགས་བརྒྱབ་པའི་ཚིག་དུམ[1][2]བཅས་ཀྱིས་མི་སྣའི་གང་ཞིག་  ཞིབ་འབྲི་བྱས་ཡོད།

[1]                                                                                         

[2]                                                                                          

 

ཉེར་བརྒྱད།

 

མང་དུ་ཐོས་པའི་རལ་ཁུར་རབ་ལྕི་ཞིང༌། །

གནས་ལྔ་རིག་པའི་ལུས་སྟོབས་རྣམ་པར་རྒྱས། །

མཁས་མང་གངས་རིའི་སྤོ་ལ་འགྱིང་མཛད་པ། །

དཔང་ལོ་ཁྱོད་ཀྱིས་བློ་ལྡན་དགའ་བ་བསྐྱེད། །   

གཅིག ཚིགས་བཅད་འདིའི་རྩོམ་པ་པོ་ནི་སུ་ཞིག་ཡིན་པ་དང༌། དེ་ནི་སྙན་ངག་གི་རྒྱན་གང་ལ་གཏོགས་པ་ཡིན།

                                                 

གཉིས། གཤམ་གྱི་ནང་དོན་དབྱེ་ཞིབ་བྱོས་ཤིག

མང་དུ་ཐོས་པའི་རལ་ཁུར་རབ་ལྕི་ཞིང༌། ། ཆ་ཤས་ནི                  དང༌།    དེའི་དཔེ་ནི                ཡིན།

གནས་ལྔ་རིག་པའི་ལུས་སྟོབས་རྣམ་པར་རྒྱས། ། ཆ་ཤས་ནི                 དང༌། དེའི་དཔེ་ནི               ཡིན།

མཁས་མང་གངས་རིའི་སྤོ་ལ་འགྱིང་མཛད་པ། ། ཆ་ཤས་ནི                 དང༌། དེའི་དཔེ་ནི               ཡིན།

གསུམ། སྟོང་ཆ་ཁ་སྐོང་བྱེད་དགོས།

གནས་ལྔ་རིག་པ་ནི                                                               

               བཅས་ཡིན།

གངས་རིའི་མིང་གཞན་ལ                          ཟེར།

བློ་ལྡན་གྱི་མིང་གཞན་ལ                                 ཟེར།

གསུམ། འགྲིག་མིན་བརྡར་ཤ་གཅོད་པ།

ཐོས་་དང༌། རིག་། རྣམ་། དགའ་་བཅས་ནི་བདག་སྒྲ་སྟོན་བྱེད་ཀྱི་ཚིག་   ཕྲད་ཡིན།      

བློ་ལྡན་དགའ་བ་བསྐྱེད་ཅེས་པའི་བསྐྱེད་ནི་རྒྱ་ཇེ་ཆེ་བཏང་བའི་དོན་ཡིན།   

དཔལ་ལོ་ཞེས་པ་ནི་ཆ་ཤས་ཅན་དེ་ཡིན།     

རབ་ལྕི་ཞིང་ཞེས་པའི་ལྕི་ནི་ཕྱུགས་ཀྱི་ལྕི་བ་ལ་གོ་དགོས།     

བཞི། ཚིགས་བཅད་འདིའི་ནང་དུ་མི་སྣ་སུ་ཞིག་གི་ཡོན་ཏན་དང་ཁྱད་ཆོས་བརྗོད་ཡོད།

 

 

 

 

ཉེར་དགུ།

 

ཚེམས་དཀར་ཀུན་ད་གསར་པའི་ཕྲེང་བ་དང༌། །

དཀྱུས་རིང་སྤྱན་ཟུང་གཡོ་བའི་ཨུཏྤལ་བཞད། །

མཚར་སྡུག་རྫི་མ་སྟུག་པོའི་གེ་སར་ཅན། །

ཁྱོད་ཞལ་མྱུར་དུ་མཇལ་བའི་སྐལ་བཟང་སྩོལ། །

གཅིག ཚིགས་བཅད་དེ་སྙན་ངག་གི་རྒྱན་གང་ཞིག་ཡིན།

  

གཉིས། གཤམ་གསལ་ཐ་སྙད་ལ་ལྡོག་ཟླའི་མིང་ཕྲིས་ཤིག

དཀར།              གསར།               རིང༌།        

དཀྱུས།             གཡོ།                   མྱུར།         

གསུམ། གཤམ་གསལ་སྟོང་ཆའི་ནང་དུ་འདེམས་སྐོང་བྱོས་ཤིག

    སྤྱན་ཟུང་ཞེས་པའི་ཟུང་ནི          ཡིན།

ཀ ཆའམ་གཉིས་ཀྱི་དོན།    ཁ སྟོབས་ཤུགས་ཀྱི་དོན།     ག བཟུང་ཞེས་པའི་དོན།

   སྐལ་བཟང་སྩོལ་ཞེས་པའི་སྩོལ་ནི         ཡིན།

ཀ རྩོད་པ་བྱས་པའི་དོན།    ཁ གནང་བའམ་སྦྱིན་པའི་དོན།    ག ལེགས་པའི་དོན།

  མཇལ་བ་ཞེས་པ་ནི        ཡིན།

ཀ རིང་ཐུང་འཇལ་བའི་དོན། ཁ འཇའ་ཚོན་གྱི་དོན། ག ཐུག་པའམ་འཕྲད་པའི་དོན།

བཞི། དཔེར་བརྗོད་འདིའི་ཆ་ཤས་དང་ཆ་ཤས་ཅན་གང་ཡིན་པ་འབྲི་དགོས།

ཆ་ཤས་ནི།                                                                                

ཆ་ཤས་ཅན་ནི།                                                                            

ལྔ། ཚིགས་བཅད་དེའི་དཔེ་ཅན་གང་ཞིག་དཔེ་གང་གི་གཟུགས་སུ་བཀོད་ཡོད།

  ཚིག་རྐང་དང་པོར                                                                            

  ཚིག་རྐང་གཉིས་པར                                                                        

ཚིག་རྐང་གསུམ་པར                                                                       

དྲུག ཆ་ཤས་གཟུགས་ཅན་དང་དང་ཆ་ཤས་ཅན་གྱི་གཟུགས་ཅན་གཉིས་ཀྱི་ཁྱད་པར་ཅི་   ཞིག་ཡིན།

 

 

 

སུམ་ཅུ།

 

   བདག་ནི་མུ་མཐའ་བྲལ་བའི་རྩྭ་ཐང་ཆེན་པོ་དགའ་ལ། གངས་རྒྱན་པདྨ་ལ་དེ་བས་ཀྱང་དགའ་འོ། །

  གྲོགས་པོ་ལགས། རི་མོའི་ཕྲེང་བ་འདི་དག་ཁྱོད་ཀྱི་འདྲེན་བྱེད་ལམ་དུ་རྒྱུ་ཚེ། འདི་ལྟ་བུའི་སྣང་བ་ཞིག་སེམས་ལ་དབང་མེད་དུ་འཆར་ངེས་རེད། འོ། ཁྱོད་ཀྱིས་བྲིས་པའི་རྩྭ་ཐང་ཟེར་ བ་དེ་མི་མེད་ལུང་སྐམ་ཞིག་རེད་ལ། གངས་རྒྱན་པདྨ་ཟེར་བ་དེ་ཡང་ལོ་མང་སྐྱེས་པའི་རྩྭ་   ལྡུམ་ཞིག་ལས་གཞན་ཅི། དེ་བས་མེས་རྒྱལ་ནང་ཁུལ་གྱི་མཛེས་ལྗོངས་ཤིག་བྲིས་ན། དེ་ལ་ངོ་  མཚར་རྨད་དུ་བྱུང་བའི་ཁྱད་ཆོས་དང་ཕུན་སུམ་ཚོགས་པའི་འཚོ་བའི་ཡོ་ལང་བཅས་འབྲི་ ཆོག་ལ། ལྷག་པར་དུ་རྩེ་མོར་བལྟས་ཚེ་ཞྭ་མོ་ལྟུང་བའི་ཐོག་ཁང་བགྲང་ལས་འདས་པ། ཉི་  གཞོན་ཕྱེ་མར་བཏགས་པ་ལྟ་བུའི་གློག་སྒྲོན་ནི་ཀུན་གསལ་དབྱིངས་ཀྱི་རྒྱུ་སྐར་དང་གཉིས་སུ་མེད་པ། རྣམ་ཐོས་སྲས་ཀྱི་དཀོར་མཛོད་ཀྱང་པྲེ་ཏའི་གྲོང་དུ་བྱེད་པའི་ནོམ་བརྒྱའི་ཚོང་ཁང་བློ་ལས་འགོང་བ། གཞུང་ལམ་སྡོམ་གྱི་དྲ་བ་བྲེས་བཞིན་གཞལ་དུ་མེད་པ། གཞན་ཡང་རི་   དྭགས་གླིང་ག་དང་མེ་ཏོག་གླིང་ག་སོགས་ལེགས་བྲིས་ཚལ་ལས་བླངས་པ་བཞིན་ངོ་མཚར་ ཞིང་ལྟ་ན་སྡུག་པ་སོགས་ནི། འབྲི་མཁན་མང་ལ་ལྟ་མཁན་ཡང་ཧ་ཅང་མང་པོ་འདུག རྩྭ་   ཐང་དང་གངས་རྒྱན་པདྨ་འབྲི་བ་ནི་འཇིག་རྟེན་ཁམས་ཀྱི་བླུན་རྨོངས་ཀྱི་གླེན་རྟགས་ཤིག་མ་རེད་དམ། ཡིན་ནའང༌། བདག་ནི་རྩྭ་ཐང་ལ་དགའ་བ་དང༌། གངས་རྒྱན་པདྨ་ལ་དེ་བས་ཀྱང་དགའ་བའི་བླུན་པོ་ཞིག་བསམ་བཞིན་དུ་བྱེད་པར་འདོད་དོ། །

གཅིག བརྗོད་དུམ་འདི་ནི་སློབ་ཚན་གང་ལས་དྲངས་པ་ཡིན་ལ། དེའི་རྩོམ་པ་པོ་ནི་སུ་ཞིག་ ཡིན།

 

གཉིས། གཤམ་གྱི་མངོན་བརྗོད་ལ་འགྲེལ་པ་བྱོས་ཤིག

འདྲེན་བྱེད།——                              རྣམ་ཐོས་སྲས།——            

པྲེ་ཏའི་གྲོང༌།——                             ལེགས་བྲིས་ཚལ།——        

ནོམ་བརྒྱའི་ཚོང་ཁང༌།——                    ཉི་གཞོན།——

གསུམ། འགྲིག་མིན་བརྡར་ཤ་གཅོད་དགོས།

དགའ་འོ། །ཞེས་པའི་འོ་ནི་རྫོགས་ཚིག་སྟོན་པའི་ཚིག་ཕྲད་ཡིན།        

དཀོར་མཛོད་ཅེས་པ་ནི་གངས་རྒྱན་པདྨ་བཞད་སའི་ཡུལ་གྱི་མིང་ཡིན།      

ལེགས་བྲིས་ཞེས་པ་ནི་ལྷ་ཐམས་ཅད་རྐང་པ་དང་ལག་པའི་སྟེང་དུ་བཀྲ་ཤིས་པའི་རི་མོ་ཡོད་པས་ན་དེ་ལྟར་བརྗོད་པ་ཡིན།         

འབྲི་མཁན་མང་ལ་ལྟ་མཁན་ཡང་ཧ་ཅང་མང་པོ་འདུག་ཅེས་པའི་ཧ་ཅང་ནི་ཚིག་རྒྱན་གསལ་བྱེད་ལ་འཇུག་པ་ཡིན།        

ལྔ། གཤམ་གསལ་སྟོང་ཆའི་ནང་དུ་འོས་འཚམ་གྱི་ནང་དོན་ཁ་སྐོང་བྱེད་དགོས།

རྩེ་མོར་བལྟས་ཚེ་ཞྭ་མོ་ལྟུང་བ་ཞེས་པའི་ལྟུང་ནི     དོན་ཡིན།

 ཀ ལྷུང་བའི། ཁ གྱོན་པའི།  ག མཛེས་པའི།

འཇིག་རྟེན་ཁམས་ཀྱི་བླུན་རྨོངས་ཀྱི་གླེན་རྟགས་ཤིག་མ་རེད་དམ། ཞེས་པའི་མ་རེད་དམ་ནི      ལ་འཇུག

           ཀ ཐེ་ཚོམ།           ཁ དྲི་བ།            ག རབ་བཏགས།

གོང་གི་དུམ་མཚམས་དང་པོའི་ནང་དུ་རྩོམ་པ་པོ           ལ་དགའ་བ་བརྗོད་ཡོད།

    ཀ གངས་ལྷ་མེ་ཏོག      ཁ རྩྭ་ལྡུམ།           ག གངས་རྒྱན་པདྨ།

གངས་རྒྱན་པདྨ་ཡིས       མཚོན་པར་བྱས་ཡོད།

 ཀ གངས་ལྗོངས་མི་དམངས།  ཁ རྒྱལ་ཡོངས་མི་དམངས། ག འཛམ་གླིང་གི་མི་དམངས།

དྲུག གཤམ་གསལ་བརྗོད་དུམ་ལས་དཔེ་དང་དཔེ་ཅན་ངོས་འཛིན་བྱེད་དགོས།

ཉི་གཞོན་ཕྱེ་མར་བཏགས་པ་ལྟ་བུའི་གློག་སྒྲོན་ནི་ཀུན་གསལ་དབྱིངས་ཀྱི་རྒྱུ་སྐར་དང་གཉིས་སུ་མེད་པ།

དཔེ་ནི།                                     དཔེ་ཅན།                                                     

རྣམ་ཐོས་སྲས་ཀྱི་དཀོར་མཛོད་ཀྱང་པྲེ་ཏའི་གྲོང་དུ་བྱེད་པའི་ནོམ་བརྒྱའི་ཚོང་ཁང་  བློ་ལས་འགོང་བ།

དཔེ་ནི།                                     དཔེ་ཅན།                                                     

གཞུང་ལམ་སྡོམ་གྱི་དྲ་བ་བྲེས་བཞིན་གཞལ་དུ་མེད་པ།

དཔེ་ནི།                                     དཔེ་ཅན།                                                      

བདུན། རྩོམ་པ་པོ་གངས་རྒྱན་པདྨ་ལ་དགའ་བའི་རྒྱུ་མཚན་ཅི་ཞིག་ཡིན།

 

 

 

སོ་གཅིག

 

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཟ་ཧོར་གྱི་གདུང་རྒྱུད་ལས་བལྟམས་པའི་མཁན་ཆེན་ཞི་བ་འཚོ་དང༌། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་རྗེས། མཁན་ཆེན་གྱིས་ས་དཔྱད་བརྟགས་ནས་གྲུབ་པར་གྲགས།

བསམ་ཡས་དགོན་པའི་ཕྱིའི་ལྕགས་རི་དང་བཅས་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ25000ཙམ་ཡོད་ཅིང༌།  ཕྱིའི་བཟོ་སྐྲུན་གྱི་བཀོད་པ་ནི་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་དང་བཅས་པ་ཡོངས་སུ་རྫོགས་པར་ཚང་བ་དང༌། ནང་གི་གཙུག་ལག་ཁང་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ6000ལྷག་ཙམ་ཡོད་ལ། དེ་ནི་ཐོག་རྩེག་རིམ་པ་གསུམ་དང་ལྡན་ པས་ཐོག་རྩེག་རེར་སྤྱིའི་ཆ་ནས་མཐོ་ཚད་སྨི5.5ནས་སྨི6བར་ཡོད།

དེའི་བཟོ་སྐྲུན་གྱི་བཀོད་པ་ནི་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་སྟེ། དེ་ཡང་ཆོས་ཀྱི་    འབྱུང་ཁུངས་རྒྱ་གར་ཡིན་པས་དབུ་རྩེ་ཡང་ཐོག་རྒྱ་གར་གྱི་ལུགས་སུ་ཤིང་ལས་གྲུབ་པ་དང༌། རྒྱ་ནག་ནི་ཞང་པོ་གཉེན་འབྲེལ་ཡོད་པས་བར་ཐོག་རྒྱ་ནག་གི་ལུགས་སུ་སོ་ཕག་ལས་གྲུབ་པ། བོད་རྣམས་ཆོས་ལ་འགུགས་པའི་ཆེད་དུ་འོག་ཐོག་བོད་ཀྱི་ལུགས་སུ་རྡོ་ལས་གྲུབ་པ་བཅས་ སུ་བཞེངས་པས་མཚན་ཡང༌། བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་སུ་གྲགས་ལ།  ནང་གི་བཀོད་པ་ནི་ཐོག་དཔངས་མཐོ་ལ་བར་ཁང་དང་སྟེང་ ཁང་རྣམས་དཀར་ཆ་དོད་པ། འཁོར་ས་ཕྱི་ནང་བར་གསུམ་དང་བཅས་ལྡེབས་རིས་དང་   བརྐོས་དཀྲོལ་གྱི་མཛེས་བཀོད་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡོད། ལྷག་  པར་དུ་སྟེང་ཐོག་ལ་ཆ་མཚོན་ན་ཕྱི་ལ་རྩིག་པ་མེད་པ། ནང་དུ་ཀ་བ་མེད་པ་སོགས་བཟོ་སྣ་  བཅུ་གསུམ་གྱི་ཁྱད་ཆོས་དང་བཅས་བསྐྲུན་པར་གྲགས་པ་ལྟར། ཤིང་སང་ཇེ་རིང་དང་གླང་སྣ་ཇེ་ཆེར་བཏང་སྟེ་ཐོག་བཀབ་ཡོད་པ་དེ། བོད་ཀྱི་འཛུགས་སྐྲུན་དངོས་པོ་གཞན་དང་མི་  འདྲ་བའི་སྒྱུ་རྩལ་དང་ལག་རྩལ་ཟུང་དུ་འབྲེལ་བ་ཞིག་ཡིན་པ་སྨོས་ཅི་དགོས།

བསམ་ཡས་གཙུག་ལག་ཁང་བཞེངས་པའི་རྗེས་སུ་མཁན་སློབ་ཆོས་གསུམ་ལྷན་ཅིག་  གིས་རྒྱ་གར་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས་སྦ་གསལ་སྣང་དང་བཻ་རོ་ཙ་ན་ལ་སོགས་པའི་སད་མི་བདུན་རབ་ཏུ་བྱུང་ནས་བོད་དུ་དགེ་  འདུན་གྱི་སྡེ་ཐོག་མར་བྱུང༌། དེ་ནས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་   བོད་མི་རིགས་རང་གི་སྐད་དུ་བསྒྱུར་རྒྱུ་གལ་ཆེ་བར་དགོངས་ཏེ། བསམ་ཡས་སུ་སྒྲ་བསྒྱུར་  གླིང་བཙུགས་པ་དེ་ནི་བོད་དུ་ཡིག་བསྒྱུར་ཁང་བཙུགས་པའི་ཐོག་མ་ཡིན་པ་དང༌། སློབ་    དཔོན་བཅུ་གསུམ་དང་སློབ་མ་ཉི་ཤུ་རྩ་ལྔ་ལས་སྒྲིག་འཛུགས་བྱས་པའི་ཆོས་ཀྱི་སློབ་གྲྭ་     དངོས་སུ་བཙུགས་པ་ནི་སྲིད་གཞུང་གིས་གཉེར་བའི་སློབ་གྲྭ་ཐོག་མ་ཡིན་ལ། བོད་དུ་ཆོས་  ལུགས་དང་རིག་གནས་སློབ་གསོ་དར་སྤེལ་གཏོང་སའི་གནས་གཞི་གཙོ་བོ་ཞིག་ཏུའང་གྱུར་པ་རེད།

གཅིག བརྗོད་དུམ་འདི་ནི་སློབ་ཚན་གང་ལས་དྲངས་པ་ཡིན་ལ། དེའི་རྩོམ་པ་པོ་ནི་སུ་ཞིག་ ཡིན།

 

གཉིས། འགྲིག་མིན་བརྡར་ཤ་གཅོད་དགོས།

  བསམ་ཡས་དགོན་པ་ནི་ཐོག་རྩེག་གསུམ་ལས་གྲུབ་པ་ཡིན།     

སློབ་དཔོན་པདྨ་འབྱུང་གནས་ནི་བོད་ཀྱི་མཁས་པ་མི་གསུམ་གྱི་གྲས་ཤིག་ཡིན།   

སྦ་གསལ་སྣང་ནི་སད་མི་བདུན་གྱི་ནང་གསེས་ཤིག་ཡིན།    

བསམ་ཡས་དགོན་པའི་ཕྱིའི་ལྕགས་རི་དང་བཅས་པའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་    སྙོམས་གྲུ་བཞི་མ25000ཙམ་ཡོད། ཅེས་པ་ནིདཔེ་བཀོད་ནས་གསལ་བཤད་བྱེད་ཐབས་ཡིན།    

བསམ་ཡས་གཙུག་ལག་ཁང་གི་འོག་ཐོག་བོད་ཀྱི་ལུགས་སུ་རྡོ་ལས་གྲུབ་དགོས་དོན་ནི། བོད་རྣམས་ཆོས་ལ་འགུགས་པའི་ཆེད་དུ་ཡིན།     

མཁན་ཆེན་ཞི་བ་འཚོའི་མཚན་གཞན་ལ་བྷོ་དྷི་སཱ་ཏྭ་ཟེར།     

གསུམ། གཤམ་གསལ་སྟོང་ཆའི་ནང་དུ་འོས་འཚམ་གྱི་ནང་དོན་ཁ་སྐོང་བྱོས་ཤིག

བསམ་ཡས་གཙུག་ལག་ཁང་ནི        བཞེངས་པ་ཡིན།

ཀ དུས་རབས་བརྒྱད་པའི་དུས་དཀྱིལ།  ཁ དུས་རབས་བརྒྱད་པའི་དུས་མགོ

    ག དུས་རབས་བརྒྱད་པའི་དུས་མཇུག

བོད་ཀྱི་ཡིག་སྒྱུར་ཁང་ཐོག་མ་ནི      ཞེས་པ་དེ་ཡིན།

  ཀ བསམ་ཡས་གཙུག་ལག་ཁང༌།  ཁ རིག་གནས་དར་སྤེལ་ཁང༌། ག སྒྲ་སྒྱུར་གླིང༌།

བོད་ཀྱི་སྲིད་གཞུང་གིས་གཉེར་བའི་སློབ་གྲྭ་ཐོག་མ་དེ་ནི       དུས་སུ་བཙུགས་པ་ཡིན།

  ཀ རྒྱལ་པོ་སྲོང་བཙན། ཁ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི། ག རྒྱལ་པོ་གླང་དར་མའི།

རྒྱ་ནག་གི་ལུགས་སུ་སོ་ཕག་ལས་གྲུབ་པ།          

       ཀ འབྲེལ་སྒྲ། ལ་དོན། འབྱུང་ཁུངས། ཁ འབྲེལ་སྒྲ། ལ་དོན། དགར་བ། 

ག འབྲེལ་སྒྲ ལ་དོན། སྡུད་པ།

མཁན་ཆེན་གྱིས་ས་དཔྱད་བརྟགས།ཞེས་པའི་མཁན་ཆེན་ནི      ཡིན།

       ཀ པདྨ་འབྱུང་གནས།        ཁ ཞི་བ་འཚོ།         ག བཻ་རོ་ཙ་ན།

སད་མི་བདུན་རབ་ཏུ་བྱུང་བ་ནས་བཟུང༌། བོད་དུ       ཐོག་མར་བྱུང༌།

      ཀ དགེ་འདུན་གྱི་སྡེ།         ཁ རྒྱལ་པོའི་སྡེ།         ག བློན་པོའི་སྡེ།

བཞི། གཤམ་གྱི་ཐ་སྙད་ལ་རྣམ་གྲངས་འདྲེན་དགོས།

མཁན་སློབ་ཆོས་གསུམ།                                                                           

                                                                          བཅས་ཡིན།

སད་མི་བདུན།                                                                

                                                                                    

                                                                        བཅས་སོ། །

 

ལྔ། བསམ་ཡས་གཙུག་ལག་ཁང་གི་མཚན་ཆ་ཚང་ལ་ཅི་ཟེར།

 

དྲུག བསམ་ཡས་གཙུག་ལག་ཁང་གི་བཟོ་སྐྲུན་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་གསུམ་ ཡོད་པ་གང་དག་ཡིན།

 

 

བདུན། བསམ་ཡས་གཙུག་ལག་ཁང་གསར་དུ་བཞེངས་པ་དེས་བོད་ཀྱི་རིག་གནས་ལ་འཕེལ་རྒྱས་གང་འདྲ་ཞིག་ཐོན་ཡོད།

 

 

 

 

སོ་གཉིས།

 

རབ་བརྗིད་ཏི་སེའི་གངས་ཀྱིས་ལྷ་ཡི་ལམ། །

རབ་མཛེས་ཐོར་ཅོག་སྔོན་པོར་བཀོད་བྱས་ནས། །

རབ་སྙན་རྒྱུད་མངས་སྒྲོག་ལ་ལྟ་བྱེད་ན། །

རབ་དཀར་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར། །

དཔེར་བརྗོད་འདི་ནི་གང་གི་རྒྱན་ཡིན། དཔེ་དང་དཔེ་ཅན་གང་ཡིན།

 

མཚུངས་པ་གསལ་བྱེད་ཀྱི་སྒྲ་ནི་གང་ཡིན།

 

དཔེ་དེ་ལ་ཁྱད་ཆོས་གང་དང་ལྡན་ཚེ་དཔེ་ཅན་དང་མཚུངས་པ་ཡིན།

 

 

 

 

སོ་གཉིས།

 

མཐིང་སྔོན་ནམ་མཁའི་ཁྱམས་ཀྱི་བླ་བྲེ་ལ། །

སྤྲིན་དཀར་ཤམ་བུ་གཡོ་བའི་དོ་ཤལ་ལས། །

དྲི་ཞིམ་སྤོས་ཆུ་མུ་ཏིག་དོག་པའི་ཆར། །

དུས་སུ་འབབ་པས་ཉམས་དགའ་བདེ་བ་ཅན། །

དཔེར་བརྗོད་དེ་གཟུགས་ཅན་གྱི་རྒྱན་གང་ཡིན།

 

 

དཔེ་ཅན་གང་དེ་དཔེའི་གཟུགས་སུ་བཀོད་སྟངས་ཅི་འདྲ་ཡིན།

 

 

 

སོ་གསུམ།

 

མཁས་པ་ཡོན་ཏན་མཛོད་འཛིན་པ། །

དེ་དག་ལེགས་བཤད་རིན་ཆེན་སྡུད། །

རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །

ཡིན་ཕྱིར་ཆུ་ཕྲན་ཐམས་ཅད་འབབ། །

1ཚིགས་བཅད་འདི་ལེགས་བཤད་གང་ལས་དྲངས་པ་ཡིན།

 

2    རྒྱན་གང་གི་དཔེར་བརྗོད་ཡིན།

 

3དཔེ་དང་དཔེ་ཅན་ངོས་འཛིན་བྱེད་དགོས།

 

སོ་བཞི།

 

དགོས་འདོད་ཀུན་འབྱུང་ནོར་གྱི་ཡང་རྩེ་དང༌། །

དཔག་བསམ་འཁྲི་ཤིང་རིན་ཆེན་འབྱུང་གནས་ཏེ། །

ནོར་གྱི་བློ་གྲོས་མ་བཞིན་བཤེས་གཉེན་ཁྱོད། །

ལེགས་བཤད་བདུད་རྩིས་ཐུགས་དགོངས་ཡོངས་སུ་ཕྱུག །

1    རྒྱན་གང་གི་དཔེར་བརྗོད་ཡིན།

 

2དཔེ་དང་དཔེ་ཅན་ངོས་འཛིན་བྱེད་དགོས།

 

 

ས་བཅད་དགུ་པ། ཕྱོགས་བསྡུས་རང་བཞིན་སློབ་སྦྱོང༌།

རྒྱུགས་ལེན་གྱི་ནང་དོན།

 

བཀོད་སྒྲིག་བྱས་པའི་ཡུལ་སྣང་དང་མཁོ་འདོན་བྱས་པའི་དཔྱད་གཞིར་གཞིགས་ ནས་བྱེད་སྒོ་སྟབས་བདེ་ཇུས་འགོད་ཐུབ་པ།

བླང་བྱར་གཞིགས་ནས་ཡི་གེ་དང་རི་མོའི་ཁྲོད་ཀྱི་ཆ་འཕྲིན་གལ་ཆེན་གྱི་རིགས་བསྡུ་ལེན་བྱེད་ཤེས་པ། མདོ་དོན་བསྡུས་ཏེ་རང་ཉིད་ཀྱིས་ངོས་འཛིན་རགས་པ་ཞིག་གྲུབ་ཐུབ་པ།

འཚོ་བའི་ཁྲོད་དུ་སྐད་ཡིག་ནུས་པ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་ཐུབ་པ།

 མདོར་ན། ཕྱོགས་བསྡུས་རང་བཞིན་གྱི་སློབ་སྦྱོང་འདི་ལས་སློབ་མའི་ཕྱོགས་བསྡུས་ཀྱི་ ཤེས་བྱ་དང་ནུས་པ་འཇལ་བ་ཡིན་པས།  ནང་དོན་གྱི་ཁྱབ་རྒྱ་ཆེ་ལ་རྣམ་པ་ཡང་ཅི་རིགས་སུ་བཏོན་ཆོག་པ་ཡིན། གཙོ་བོ་རྒྱུགས་གཞི་འདོན་མཁན་གྱི་དགོངས་གཞི་དང་མོས་པ་ལ་རག་ལས་པས། རྣམ་ཀུན་ནས་ཤེས་བྱ་གསོག་འཇོག་དང་རྒྱ་སྐྱེད། བསམ་གཞིག་ཡངས་པོ་དང་  ཟབ་པོ། ཉེར་སྤྱོད་མཁས་པོ་དང་ཡང་དག་ལ་འབད་རྒྱུ་ཤིན་ཏུ་ནས་གལ་ཆེའོ། །

 

༢༠༡༤༢༠༡༩ལོའི་འབྲིང་རྒྱུགས་ཀྱི་ཕྱོགས་བསྡུས་

རང་བཞིན་ཤེས་བྱའི་རྒྱུགས་གཞི།

༢༠༡༤ལོའི་རྒྱུགས་གཞིསྐར༥

མི་རེ་རེའི་སེམས་གཏིང་དུ་རང་གི་གོང་བཀུར་དང་ཡིད་སྨོན་བྱེད་སའི་མི་སྣ་འགའ་རེ་ཡོད་དེ། དེ་དག་ནི་ཕོ་རྩལ་སྣ་དགུ་འཛོམས་པའི་དཔའ་བོ་ཡིན་སྲིད་ལ། རིག་པའི་ཀློང་     བརྡོལ་བའི་མཁས་དབང་དང༌། སྐྱེས་ཐོབ་ཀྱི་ཤེས་རབ་འབར་བའི་གསར་གཏོད་པ། གཡུལ་འགྱེད་ཀྱི་ཐབས་ལ་མཁས་པའི་དམག་དོན་པ། སྲིད་སྐྱོང་ལས་ལ་བྱང་བའི་ཆབ་སྲིད་པ་    སོགས་ཡིན་ཡང་སྲིད། ཁོང་རྣམ་པའི་རི་བོ་བཞིན་བརྗིད་པའི་སྣང་བརྙན་དང་འོད་སྟོང་   འཕྲོ་བའི་བརྩམས་ཆོས་དག་དུས་ནམ་ཡང་ང་ཚོའི་སེམས་སུ་གནས་པ་དང༌། ཁོང་རྣམ་པའི་འཇིགས་པ་མེད་པའི་སྙིང་སྟོབས་དང་ཉམས་པ་མེད་པའི་མཛད་རྗེས་ཀྱིས་ང་ཚོ་མདུན་དུ་  བསྐྱོད་པར་དུས་ནམ་ཡང་སྐུལ་འདེད་ཀྱི་ནུས་པ་འདོན་བཞིན་ཡོད། དེས་ན། ཁྱོད་ཀྱིས་རང་ཉིད་དགའ་ཞིང་གུས་པར་བྱེད་སའི་མི་སྣ་གང་རུང་ཞིག་བདམས་ནས་ཁོང་ལ་གོང་བཀུར་  དང་ཡིད་སྨོན་བྱེད་པའི་རྒྱུ་མཚན་མདོར་བསྡུས་ཤིག་འབྲི་དགོས།

 

 

 

 

 

༢༠༡༥ལོའི་རྒྱུགས་གཞིསྐར༥

དུས་འདས་དང་མ་འོངས་གང་ཞིག་ལའང༌། ཁྱིམ་ཚང་དང༌། རྒྱལ་ཁབ། འཛམ་གླིང་  བཅས་ལ་མཚོན་ན། ཁོར་ཡུག་ནི་ང་ཚོའི་རྟག་བརྟན་གྱི་གྲོགས་པོ་ཡིན་ཞིང༌། གྲོགས་པོ་    འདི་ལ་ལྟ་སྟངས་ལེགས་པོ་ཞིག་གཟུང་རྒྱུ་ནི་རང་ཉིད་ལ་ལྟ་སྟངས་ལེགས་པོ་ཞིག་བཟུང་བ་དང་གཅིག་མཚུངས་ཡིན། ཡིན་ནའང༌། མི་འབོར་མང་དུ་སོང་བ་དང༌། ཐོན་ཁུངས་འཛད་པ་སོགས་ལས་སྐྱེ་ཁམས་མ་ལག་ལ་གཏོར་སྐྱོན་འཕོག་པས། མིའི་རིགས་ཀྱི་འཚོ་གནས་ལ་  ཉེན་ཁ་བཟོ་བཞིན་ཡོད། དེར་བརྟེན་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་འཛམ་གླིང་གི་གནད་ དོན་ཆེན་པོ་ཞིག་ཡིན་པ་མ་ཟད། མིའི་རིགས་ཀྱི་མ་འོངས་པའི་འཚོ་བའི་འགན་ལེན་ཡང་ ཡིན། དེས་ན་ཁྱེད་ཀྱིས་སླད་ཁོར་ཡུག་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པའི་ཐད་བསམ་    འཆར་མདོར་བསྡུས་ཤིག་བྲིས་དང༌།

 

 

 

༢༠༡༦ལོའི་རྒྱུགས་གཞིསྐར༥

དེ་ཡང་ས་སྐྱ་ལེགས་བཤད་ལས།

                      གཡོ་ཅན་བཟང་པོའི་ཚུལ་བཟུང་ན།  །

                      ཕྱི་ནས་དོན་ལ་བསླུ་བ་ཡོད།  །

                      རི་དྭགས་རྔ་མ་བསྟན་ནས་ནི།  །

                      ཁྲེལ་འདས་བོང་བུའི་ཤ་དག་འཚོང༌།  །

ཞེས་གསུངས་པ་ལྟར། མིའི་རིགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་      གཉིས་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བའི་དེ་རིང༌། བདག་ཅག་བོད་མི་རྣམས་ཀྱི་འཚོ་བ་ལའང་ གནམ་ས་བླ་འོག་གི་འགྱུར་ལྡོག་འབྱུང་བཞིན་ཡོད། འོན་ཀྱང་མི་སྒེར་གྱི་ཁེ་ཕན་ཆུང་ངུ་ཞིག་གི་ཆེད་དུ་གཡོ་རྫུན་གྱི་ཐབས་ལ་བརྟེན་ནས་བྱ་བ་སྒྲུབ་མཁན་རེ་འགས། ཐ་ན་མིའི་ནད་བཅོས་སྲོག་སྐྱོབ་ལ་སྤྱོད་པའི་སྨན་རྫས་ཀྱང་རྫུན་མ་བཟོས་ནས་འཚོང་གཉེར་བྱེད་བཞིན་ཡོད། སྤྱི་ཚོགས་དང་མིའི་རིགས་ལ་གནོད་འཚེ་ཆེ་བའི་བྱ་ངན་དེའི་རིགས་ལ་ཁྱོད་ཀྱིས་རང་གི་ལྟ་ཚུལ་མདོར་བསྡུས་ཤིག་བྲིས་དང༌།

 

 

 

 

 

༢༠༡༧ལོའི་རྒྱུགས་གཞིསྐར༥

དཔེ་དེབ་ཀློག་པ་ནི་མིའི་རིགས་ལ་དབང་བའི་དམིགས་བསལ་གྱི་ལོངས་སྤྱོད་ཅིག་ཡིན།  དེང་རབས་ཀྱི་དཔེ་དེབ་ཀློག་ཚེ། དེང་གི་མི་རྣམས་དང་བསམ་བློ་བརྗེ་རེས་བྱེད་ཐུབ་པ་དང༌།  གནའ་རབས་ཀྱི་དཔེ་དེབ་ཀློག་ཚེ་དམ་པ་གོང་མ་དག་གི་བློ་གྲོས་དང་ཤེས་རིག་གི་ཉིང་    བཅུད་ཤེས་རྟོགས་དང་རྒྱུད་འཛིན་བྱེད་ཐུབ། དེས་ན་དཔེ་དེབ་ཀློག་ཚེ་མིའི་རིགས་ཀྱི་རིག་གནས་དང་མཛད་རྗེས་མཐའ་དག་ཉམས་སུ་མྱོང་ཐུབ་པས། ཁྱེད་ཀྱིས་བཀླགས་མྱོང་བའི་ དཔེ་དེབ་ལས་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ལ་དྲང་ཕྱོགས་ཀྱི་ནུས་པ་ཐོན་པའི་དཔེ་   དེབ་གཉིས་ནས་གསུམ་བར་གྱི་དཔེ་མིང་བྲི་རྒྱུ་དང༌། ཆབས་ཅིག་ཏུ་དཔེ་དེབ་དེ་དག་ལས་ གང་རུང་ཞིག་གདམ་སྟེ་ལྟ་ཀློག་གི་མྱོང་ཚོར་མདོར་བསྡུས་ཤིག་བྲིས་དང༌།

 

 

 

 

 

 

 

༢༠༡༨ལོའི་རྒྱུགས་གཞིསྐར༥

ཆ་འཕྲིན་མཐོ་རླབས་འཕྱུར་བའི་དེང་གི་དུས་འདིར་ཁ་པར་དང་དྲ་རྒྱས་ཕྱོགས་གཅིག་ནས་ང་ཚོའི་འཚོ་བའི་ནང་ཆ་འཕྲིན་ཤེས་རྟོགས་དང༌། ཕན་ཚུན་འབྲེལ་འདྲིས་ལ་སྟབས་  བདེ་སྐྲུན་གྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་ང་ཚོའི་ལུས་ཁམས་དང༌།སེམས་ཁམས་བདེ་  ཐང་ལ་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད་པས་ཁྱེད་ཀྱིས་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་   པའི་བརྒྱུད་རིམ་ནང་ཐོན་པའི་སྣང་ཚུལ་དེ་དག་ལ་རང་གི་ལྟ་ཚུལ་རགས་ཙམ་གླེང་དང༌།

 

 

 

 

 

 

 

༢༠༡༩ལོའི་རྒྱུགས་གཞིསྐར༥

སློབ་དཔོན་ཐོན་མིས་བོད་ཀྱི་ཡི་གེ་ལ་དབྱངས་བཞི་དང་གསལ་བཤད་སུམ་ཅུ་གཏན་ལ་ ཕབ་པ་རྒྱུ་མཚན་དུ་བྱས་ཏེ་ལོ་རེའི་ཟླ༤པའི་ཚེས༣༠ཉིན་ནི་ཀྲུང་གོའི་ཡིག་གཟུགས་དུས་  ཆེན་དུ་གཏན་འཁེལ་བྱས་ནས་སློབ་གྲྭ་ཁག་དང་སྤྱི་ཚོགས་ལས་རིགས་མི་འདྲ་བའི་ནང་དུ་ ཡིག་གཟུགས་འགྲན་སྡུར་དང་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་མང་དག་སྤེལ་བཞིན་མཆིས།  དེས་ན། ཡིག་གཟུགས་དུས་ཆེན་གཏན་འཁེལ་གནང་ཞིང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བར་ དོན་སྙིང་གང་ལྡན་པ་དང༌། རྣམ་ཀུན་བོད་སྐད་ཡིག་སྦྱོང་སྤྱོད་ཀྱི་བརྒྱུད་རིམ་ནང་ཡིག་    གཟུགས་ལ་དོ་སྣང་ཇི་ལྟར་བྱེད་དགོས་པའི་ཐད་རང་ངོས་ཀྱི་ལྟ་ཚུལ་རགས་ཙམ་གླེངས་   དང༌།

 

 

 

 

 

 

 

 

ཕྱོགས་བསྡུས་རང་བཞིན་གྱི་ཤེས་བྱའི་དཔེ་གཞི།

    ལོ་གསར་ཞེས་པ་ནི་ལོ་གཅིག་གི་ལོ་མགོ་གསར་དུ་ཤར་བ་ལ་ཟེར་ཞིང༌། ཉིན་དེ་ནི་ལོ་  རྙིང་ཕར་ལ་བསྐྱལ་ཏེ་ལོ་གསར་པ་ཚུར་ལ་བསུ་བའི་ཉིན་མོ་ཞིག་ཡིན་པས། རྟེན་འབྲེལ་གྱི་ ཐོག་མ་དང༌། རེ་ལྟོས་ཀྱི་གཞི་མ་ཡིན། དེར་བརྟེན་བོད་མི་རྣམས་ཀྱིས་རང་གི་འཁོས་འབྱོར་ལ་གཞིགས་ཏེ། བོད་ཟླ་བཅུ་གཉིས་པ་ནས་བཟུང་སྟེ་ལོ་གསར་གྱི་ཉེར་མཁོའི་སྟ་གོན་རྣམས་རིམ་བཞིན་བྱེད་འགོ་ཚུགས་པས། ཁྱེད་ཀྱིས་ལོ་གསར་ལ་མཁོ་བྱེད་གང་དང་གང་གྲ་སྒྲིག་  དང་ཉོ་སྒྲུབ་བྱེད་དགོས་ཚུལ་མདོར་བསྡུས་ཤིག་བྲིས་དང༌།

 

 

 

 

 

 

ཆུང་ནས་ད་བར་ང་ཚོས་སྒྲུང་གཏམ་གྱི་རྩོམ་ཡིག་མང་པོ་ཞིག་བཀླགས་མྱོང་ཞིང༌། སྒྲུང་ གཏམ་དེ་དག་གིས་འཚོ་བའི་སློབ་དེབ་གཅིག་དང་འདྲ་བར། ང་ཚོར་ལམ་སྟོན་དང་འཇིག་རྟེན་ལ་ཤེས་རྟོགས་བྱེད་དུ་བཅུག་ཡོད་ལ། དེ་བས་སྒྲུང་གཏམ་ནང་གི་མི་སེམས་འགུལ་བའི་དོན་དག་དང༌། ངོ་མཚར་བའི་བྱུང་རིམ། རང་གཤིས་འབུར་དུ་ཐོན་པའི་མི་སྣ་སོགས་ཀྱིས་ ང་ཚོར་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད།

དེས་ན། ཁྱེད་ཀྱིས་སྦྱངས་ཟིན་པའི་བསླབ་གཞིའི་ནང་འཁོད་པའི་སྒྲུང་གཏམ་ལས།    རང་ལ་བག་ཆགས་ཟབ་ཤོས་ཐེབས་པའི་སྒྲུང་གཏམ་གང་རུང་ཞིག་ཕྱིར་དྲན་བྱས་ཏེ། སྒྲུང་གཏམ་གྱིས་རང་ཉིད་ལ་ཐེབས་པའི་ཤུགས་རྐྱེན་ནམ་བསམ་པའི་མྱོང་ཚོར་མདོར་བསྡུས་  ཤིག་ཕྲིས་དང༌།

 

 

 

 

 

 

 

 

འཇིག་རྟེན་འདིར་ངུ་སྐད་དང་པོ་གྲགས་པ་དང་མཉམ་དུ་ང་ཚོ་ཨ་མའི་སྐུ་ལུས་དང་   འབྲེལ་བའི་ལྟ་ཐག་བཅད་ན་ཡང༌། ཨ་མ་དང་འབྲེལ་བའི་ཁྲག་རྒྱུན་དེ་གཏན་ནས་གཅོད་  ཐབས་མེད་ལ། ཨ་མའི་བྱམས་བརྩེ་ཡི་དྲོད་འཁོལ་ནམ་ཡང་ཉམས་པ་མེད། ཨ་མས་ང་ཚོར་ སྦྱིན་པ་ནི་བརྩེ་བ་ཁོ་ན་མ་ཡིན་པར། མི་ཇི་འདྲ་ཞིག་བྱེད་དགོས་པ་དང༌། གནད་དོན་ལ་ལྟ་ ཚུལ་ཅི་འདྲ་ཞིག་འཛིན་དགོས་པ།  བྱ་བ་དང་སློབ་སྦྱོང་ལ་འབད་པ་ཇི་ལྟར་བྱེད་པ་དགོས་པ་སོགས་ཀྱི་བསླབ་བྱ་གནང་བ་ལ་གྲངས་ཀ་མེད།  དེས་ནས་ཁྱེད་ནས་ཨ་མའི་བརྩེ་བ་དང༌། ཨ་མའི་བཀའ་དྲིན་ལ་དྲན་བཞིན་ཨ་མ་དང་འབྲེལ་བའི་ལེགས་བཤད་ཤོ་ལོ་ཀ་གཅིག་གམ་ ཡང་ན། ཨ་མ་དང་འབྲེལ་གཏམ་དཔེ་གསུམ་བྲིས་དང༌།

 

 

 

ས་བཅད་བཅུ་པ། རྩོམ་ཡིག་འབྲི་སྦྱོང་གི་སྐོར།

རྒྱུགས་ལེན་གྱི་ནང་དོན།

 

རྩོམ་གྱི་ཁ་བྱང་དང་བླང་བྱར་འཚམ་པའི་རྩོམ་ཡིག་འབྲི་ཐུབ་པ་དང༌། དེའི་ཐད་ བརྗོད་སྙིང་ཁ་གསལ་ཞིང༌། གོ་རིམ་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ལྷད་མེད་དང༌། གསར་  གཏོད་ཀྱི་བསམ་བློ་མཚོན་ཐུབ་པ།

བརྗོད་བྱར་གཞིགས་ནས་ཚིག་སྦྱོར་འདེམ་ཐུབ་པ་དང༌། ནང་དོན་གྱི་གོ་རིམ་དང་རྒྱས་བསྡུས་བཀོད་སྒྲིག་འཚམ་པོ་དགོས་པ།

ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ན། ནང་དོན་བྱེ་བྲག་ཏུ་ཡོད་དགོས་པ་དང༌། གསལ་བཤད་རྩོམ་ཡིག་ཐུང་གྲས་འབྲི་ཐུབ་ན། ཁ་གསལ་དོན་གསལ་ཡིན་དགོས་པ། དགག་སྒྲུབ་རྩོམ་ཡིག་ཐུང་གྲས་འབྲི་ན་གང་ཐུབ་ཀྱིས་ལུང་རིགས་གཉིས་ཡོད་དགོས་པ། དེ་བཞིན་འཚོ་བའི་དགོས་མཁོར་གཞིགས་ནས་ཉེར་མཁོའི་རྩོམ་ཡིག་དང་ཉེར་སྤྱོད་ཡིག་རིགས་འབྲི་ཐུབ་དགོས།

 

འབྲིང་རྒྱུགས་བོད་སྐད་ཡིག་གི་རྩོམ་ཡིག་ལེགས་ཉེས་འབྱེད་པའི་

ཚད་འཛིན་སའི་རེའུ་མིག

རབ།འབྲིང༌།ཐ།སྐར40ནས25བར།སྐར25ནས10བར།སྐར10ནསOབར།

1ཁ་བྱང་གསོམ་ཉམས་ལྡན་མིན། སྐར5)(1ཁ་བྱང་ལེགས་ཙམ། སྐར3)(1ཁ་བྱང་གསལ་པོ་མེད་པའམ་   གནད་དུ་མ་འཁེལ་ན། སྐར1)(2བརྗོད་སྙིང་འབུར་དུ་ཐོན་མིན།སྐར10)(2བརྗོད་སྙིང་ཅུང་ཁ་གསལ་བ།  སྐར8)(2བརྗོད་སྙིང་ཁ་གསལ་བྱུང་མིན། སྐར3)(2བརྗོད་སྙིང་འབུར་དུ་ཐོན་མིན།སྐར11)(3རྗོད་བྱེད་ཅུང་སྙན་ན།སྐར3)(3རྗོད་བྱེད་སྙན་ཆ་ལྡན་མིན་ལ།  སྐར1)(4དུམ་མཚམས་ངེས་  ཅན་ཡོད་མེད།སྐར5)(4དུམ་མཚམས་ངེས་ཅན་ཡོད་ན། སྐར3)(4དུམ་མཚམས་ཁ་གསལ་ཡོད་    མེད་ལ།སྐར1)(5གོང་འོག་འབྲེལ་    ཆགས་ཤིང་ཚགས་དམ་པོ་བྱུང་ཡོད་མེད།སྐར5)(5གོང་འོག་འབྲེལ་ཆགས་ན།

སྐར3)(5གོང་འོག་འབྲེལ་ཆགས་མིན་ལ།སྐར1)(7དག་ནོར་རྩ་བ་ནས་ མེད་ན། སྐར5)(7དག་ནོར་རྩ་བའི་ཆ་ནས་མེད་ན།སྐར2)(7དག་ནོར་མང་ན།སྐར1

༢༠༡༧༢༠༡༩ལོའི་འབྲིང་རྒྱུགས་ཀྱི་

རྩོམ་འབྲིའི་རྒྱུགས་གཞི།

༢༠༡༧ལོའི་རྒྱུགས་གཞིསྐར༣༥

དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་བརྩམས་གནང་བའིདགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་པཞེས་པའི་ནང་དུབ་གླང་མི་ཁྱུ་མི་མཉམ་མཉམ”     ཞེས་པ་ལྟར་ང་ཚོ་དང་ཐོག་ཅི་ཡང་མི་ཤེས་པ་བ་གླང་དང་འདྲ་བ་དེ། ད་ལྟ་བྱེད་སྙིང་འདོད་ཙམ་ན་ཅི་ཡང་ཤེས་ཤིང་རིག་པ་དང་ལྡན་པ་མ་ཟད་ཐམས་ཅད་ཀྱི་གོང་དུ་བཏོན་ནས་ཕུད་དུ་ཁུར་བ་འདི་དགེ་རྒན་གྱི་བཀའ་དྲིན་ཡིན་ལ། འདྲ་མཉམ་གྱི་ན་གཞོན་མང་པོའི་ཁྲོད་དུ་ ལང་ཚོའི་དཔལ་དང་ལྡན་པ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཕ་མ་སྤུན་མཆེད་     རྣམས་ཀྱི་ཁ་ཞེ་གཉིས་མེད་ཀྱི་བཀའ་དྲིན་དང་ཁ་བྲལ་ཐབས་ག་ལ་ཡོད། དེར་བརྟེན་ང་ཚོས་རང་ལ་དྲིན་ཆེ་བའི་དགེ་རྒན་དང་ཕ་མ་སོགས་ཀྱི་བཀའ་དྲིན་སེམས་སུ་བཅངས་ཏེ། མ་    འོངས་པའི་ཕུགས་བསམ་གྱི་ཆེད་དུ་སློབ་སྦྱོང་ལ་བརྩོན་འགྲུས་བྱས་དང་བྱེད་མུས་ཡིན།    དེས་ན་ཁྱེད་ཀྱིས་གོང་གསལ་གྱི་ནང་དོན་ལ་བསམ་གཞིག་བྱས་ཏེ་རྩོམ་ཡིག་ཅིག་བྲིས་དང༌།

རྩོམ་འབྲིའི་རེ་འདུན།

1ནང་དོན་དང་འཚམ་པའི་ཁ་བྱང་སོ་སོས་གཏན་འཁེལ་བྱ་རྒྱུ།

2གོང་གི་དཔྱད་གཞིར་བསྟན་པའི་བརྗོད་བྱ་དང་མཐུན་པ།

3རྗོད་བྱེད་ཁ་གསལ་ལ་གོང་འོག་འབྲེལ་ཆགས་པ།

4མི་མིང་དང་ས་མིང་འབྲི་དགོས་ཚེ་མཚོན་རྟགསŸ××׏ཀྱིས་ཚབ་བྱེད་དགོས།

5ཤོག་ངོས་ཁམས་གཙང་ཞིང་ཡིག་གཟུགས་ལེགས་པ།  ཕྲད་དང་དག་ནོར་ཉུང་བ།

6ཡིག་འབྲུ400ལས་མི་ཉུང་བ་ཞིག་དགོས།

 

༢༠༡༨ལོའི་རྒྱུགས་གཞིསྐར༣༥

ས་པཎ་གྱིས་རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཡང༌། །སྐྱེ་བ་ཕྱི་བར་བཅོལ་བར་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་པ་དང༌། ཡོན་ཏན་ཅན་ལ་འཇིག་རྟེན་གུས། །ཡོན་ཏན་འབད་པའི་ཤུགས་ལ་གནས། །འབད་ནས་ཡོན་ཏན་མ་ འགྲུབ་པར། །གཞན་ལ་འཁངས་པས་ཅི་ཞིག་ཕན། །ཞེས་གསུངས་པ་དང༌། གཞན་ཁ་རྒྱུན་དུ་བརྩོན་འགྲུས་ཅན་ལ་རྒྱལ་ཁ་ཐོབ་ཅེས་པ་ལྟར་སློབ་སྦྱོང་བྱེད་པར་དུས་ཚོད་ལ་གཅེས་སྤྲས་ དང༌། བརྩོན་པ་ལྷོད་མེད་བྱ་རྒྱུ་ནི་སློབ་གཉེར་བ་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་  ཡིན། དེར་བརྟེན་ཁྱེད་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་བརྩོན་འགྲུས་ཆེན་པོས་སློབ་སྦྱོང་ བྱེད་དགོས་པའི་ནང་དོན་མཚོན་པའི་རྩོམ་ཡིག་ཅིག་བྲི་དགོས།

རྩོམ་འབྲིའི་རེ་འདུན།

1གོང་གི་དཔྱད་གཞིའི་ནང་དོན་དང་མཐུན་པའི་ཁ་བྱང་སོ་སོས་གཏན་འཁེལ་བྱ་རྒྱུ།

2མི་མིང་དང་ས་མིང་བྲི་དགོས་ཚེ་མཚོན་རྟགས×××”འདིས་ཚབ་བྱེད་དགོས།

3ཤོག་ངོས་ཁམས་གཙང་ཞིང་ཡིག་གཟུགས་ལེགས་པ། ཕྲད་དང་དག་ཆ་ནོར་འཁྲུལ་ཉུང་བ།

4བརྗོད་བྱ་ཁ་གསལ་ཞིང༌། རྗོད་བྱེད་ཚིག་སྦྱོར་སྙན་པ།

5བརྗོད་བྱ་ཁ་གསལ་ལ་རྗོད་བྱེད་ཚིག་སྦྱོར་ལེགས་པ།

6རྩོམ་ཡིག་ནང་དུ་དཔྱད་གཞིའི་ནང་དོན་ཇི་མ་ཇི་བཞིན་བཤུས་ན་འོས་འཚམ་གྱི་

སྐར་འཐེན་རྒྱུ།

༢༠༡༩ལོའི་རྒྱུགས་གཞིསྐར༣༥

26.མི་སུ་འདྲ་ཞིག་རུང་དགའ་སྐྱོ་འདྲེས་མའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་སྤྲོ་སྣང་དང་ བདེ་བས་མྱོས་པའི་བཞད་གད་ཀྱི་དགོད་སྒྲ་ཁོ་ན་མ་ཡིན་པར། དཀའ་སྡུག་གི་འཕྲང་དང་  འཕྲད་སྐབས་སྐྱོ་གདུང་གི་མིག་ཆུས་བརླན་པའང་ཡོང་སྲིད་པས། སྐབས་དེར་དྲིན་ཕ་མའི་ བྱམས་བརྩེ་དང་དགེ་བའི་བཤེས་གཉེན་གྱི་ལམ་སྟོན་ཕུད། གྲོགས་ཀྱི་བརྩེ་བ་དང་རོགས་   རམ་ནི་མེད་དུ་མི་རུང་བ་ཞིག་ཡིན། དེ་ཡང་འགྲོ་རོགས་དང་འདུག་རོགས། ཟ་རོགས་ཙམ་ མ་ཡིན་པར་སློབ་སྦྱོང་དང་འཚོ་བ་སོགས་གང་ཅིའི་ཐད་ནས་ཕན་ཚུན་སེམས་ཁུར་དང་   རོགས་རམ་བྱེད་པ་མ་ཟད། བཟང་ཕྱོགས་ལ་སྐུལ་འདེད་གཏོང་ཐུབ་ཅིང་བློ་གཏད་ཆོག་   པའི་གྲོགས་ཤིག་ཡིན་དགོས། ཁྱེད་ཀྱི་འཚོ་བའི་ནང་དུའང་གྲོགས་པོ་དང་མཉམ་དུ་སློབ་   སྦྱོང་དང་རོལ་རྩེད་སོགས་ལ་རོལ་བའི་བརྒྱུད་རིམ་ནང་དོན་སྙིང་ལྡན་ལ་བརྗེད་པར་དཀའ་བའི་དོན་དག་མི་ཉུང་ཞིག་ཡོད་ངེས་པས། ཁྱོད་ཀྱིས་དེ་དག་གི་ཁྲོད་ནས་བརྗེད་པར་དཀའ་བའི་དོན་དག་ཅིག་གམ། གྲོགས་བཟང་པོའི་ལ་རྒྱ་མཚོན་པའི་ཇི་བཞིན་བརྗོད་པའི་རྩོམ་   ཡིག་ཅིག་འབྲི་དགོས།

རྩོམ་འབྲིའི་རེ་འདུན།

(1) གོང་གི་དཔྱད་གཞིའི་ནང་དོན་དང་མཐུན་པའི་ཁ་བྱང་སོ་སོས་གཏན་འཁེལ་བྱེད་དགོས།

(2) མི་མིང་དང་ས་མིང་འབྲི་དགོས་ཚེ་མཚོན་རྟགས་ "x x x"འདིས་ཚབ་བྱེད་དགོས།

(3) ཤོག་ངོས་ཁམས་གཙང་ཞིང་ཡིག་གཟུགས་ལེགས་པ། ཕྲད་དང་དག་ཆ་ནོར་འཁྲུལ་     ཉུང་བ།

(4) བརྗོད་བྱ་གསལ་ལ་རྗོད་བྱེད་ཚིག་སྦྱོར་སྙན་པ།

(5) ཡིག་འབྲུ400ཡན་ལོན་པ་དགོས།

(6) རྩོམ་ཡིག་ནང་དུ་རྒྱུགས་ཤོག་སྟེང་གི་དཔྱད་གཞིའི་ནང་དོན་བཤུས་ན་སྐར་མི་ཐོབ།

 

 

རྩོམ་འབྲིའི་དཔེ་གཞི།

རྩོམ་འབྲིའི་རེ་བ།

དངོས་ཡོད་འཚོ་བ་དང་འབྲེལ་ནས་བརྗོད་དོན་མཚོན་ཤུགས་ཆེ་བ།

དག་ཆ་དང་ཡིག་ནོར་མེད་པ།

དུམ་མཚམས་དབྱེ་སྟངས་ལེགས་པ།

ཚིག་དོན་གོང་འོག་འབྲེལ་ཆགས་པ།

ཁ་བྱང་གསལ་བ།

ཡིག་གྲངས། ༥༠༠ཡན་འབྲི་དགོས།

ཁ་བྱང༌།

ཕ་མའི་བཀའ་དྲིན།

བདག་གི་དགེ་རྒན།

དམའ་འབྲིང་གི་འཚོ་བ།

ཕུགས་བསམ།

ཁོར་ཡུག་སྲུང་སྐྱོབ།

བོད་ཀྱི་སྐད་ཡིག

ཕ་ཡུལ་གྱི་འཕོ་འགྱུར།

ཏང་གི་བཀའ་དྲིན།

རང་བྱུང་གི་གནོད་འཚེ།

༡༠ཀྲུང་གོའི་ཕུགས་འདུན།

༡༡དྲིན་ཚོར།

༡༢ཕ་སྐད་ལ་བཅངས་བའི་བརྩེ་བ།     

༡༣ཀྲུང་གོའི་འདུན་མ།

༡༤ཕ་ཡུལ་གྱི་རི་ཆུ།

༡༥རང་ཉིད་ཆེས་དགའ་བའི                          

༡༦བཀའ་དྲིན་ཆེ་བའི                         

༡༧དུས་ནམ་ཡང་བརྗེད་དཀའ་བའི                            

 

 

 རྩོམ་པ་པོའི་མ་པར་པན་ཀྲི་ཏ་ཡིག་གཟུགས་ཕབ་ལེན་ས་གནས། http://www.teducn.com/d/file/2024/12/25/325e1bf129d0194b31ed8233bc871a33.zip

 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号