ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་ཐོན་ཁོངས།
༄༅། །སློབ་འབྲིང་གི་སློབ་མའི་སློབ་ཕྱིའི་ཀློག་དེབ།
སྤེལ་དུས།12-25  ཡོང་ཁུངས།  རྩོམ་པ་པོ།སངས་རྒྱས་ཚེ་རིང་དང་འཕྲིན་འས་སྒ

 གླེང་གཞི།

དེ་ཡང་ཁོ་བོས་རང་ཉིད་ཀྱི་སློབ་ཁྲིད་ཞོར་དུ་སློབ་གསེང་གི་དུས་ཚོད་མི་ཉུང་བ་ཞིག་བེད་སྤྱོད་བཏང་སྟེ། 《ཨ་མདོ་རྫོང་སློབ་འབྲིང་གི་བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགས》ཞེས་པ་དེ་རིང་གཞི་ནས་ལེགས་འགྲུབ་བྱུང་སོང༌། བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགས་འདི་ལ་ཁྱོན་བསྡོམས་དེབ་ཕྲེང་བཞི་ཡོད་དེ། 《དམའ་འབྲིང་བོད་སྐད་ཡིག་གི་འབྲིང་རྒྱུགས་ཚོད་གླེང》དང༌། 《དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དང་དབྱེ་ཞིབ》《དམའ་འབྲིང་བོད་སྐད་ཡིག་གི་འབྲིང་རྒྱུགས་ཡིག་ཚད་ཀུན་གསལ་མེ་ལོང》《ཨ་མདོ་རྫོང་སློབ་འབྲིང་གི་སློབ་མའི་སློབ་ཕྱིའི་ཀློག་དེབ》བཅས་ཡིན།
《ཨ་མདོ་རྫོང་སློབ་འབྲིང་གི་བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགས》འདིའི་ནང་དོན་སྤྱིའི་ཆ་ནས་རགས་ཙམ་གླེང་ན་འདི་ལྟར། དེབ་ཕྲེང་དང་པོ་སྟེ《དམའ་འབྲིང་བོད་སྐད་ཡིག་གི་འབྲིང་   རྒྱུགས་ཚོད་གླེང》ཞེས་པའི་ནང་དུ་གཙོ་བོ་ལོ་ངོ་དུ་མའི་བོད་རང་སྐྱོང་ལྗོངས་ཀྱི་འབྲིང་རིམ་རྒྱུགས་གཞིའི་ཁྱད་ཆོས་དང་རྣམ་པ། ནང་དོན་བཅས་ལ་དཔེར་བླངས་ནས་རང་གི་ནུས་ཚོད་ཀྱིས་ཀློག་ དེབ་ནང་གི་རྨང་གཞིའི་ཤེས་བྱ་རྣམས་ཕྱོགས་བསྡུས་ཀྱིས་བསྡུ་ལེན་གང་ཐུབ་བྱས་ཡོད་པ་ལས་   གཞན། ཁྱད་པར་དུ་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་རྣམས་ཀྱིས་འབྲིང་རྒྱུགས་ལ་གྲ་ སྒྲིག་དང་བསྐྱར་སྦྱོང་བྱེད་སྐབས། དུས་ཚོད་ཐུང་ངུའི་ནང་དུ་སློབ་མ་རང་ངོས་ནས་དམའ་འབྲིང་བོད་སྐད་ཡིག་གི་སློབ་དེབ་ཡོངས་ཀྱི་ནང་དོན་ཆ་ཚང་ཞིང་གོ་རིམ་ལྡན་པའི་སྒོ་ནས་བསྐྱར་སྦྱོང་ བྱེད་ཐུབ་པའི་ཁྱད་ཆོས་གནད་དུ་བཟུང་ནས་རྩོམ་སྒྲིག་བྱས་པ་ཡིན།    
དེབ་ཕྲེང་གཉིས་པ་སྟེ།《དམའ་འབྲིང་བོད་སྐད་ཡིག་གི་ལྟ་ཀློག་དང་དབྱེ་ཞིབ》ཞེས་པའི་ནང་དུ། དམའ་འབྲིང་བོད་སྐད་ཡིག་གི་སློབ་དེབ་དྲུག་པོའི་གཙོ་གནད་སློབ་ཚན་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་ལྟ་ཀློག་དང་དབྱེ་ཞིབ་ཀྱི་ཚུལ་དུ་སྒྲིག་བཟོ་བྱས་ཡོད། དཔེ་དེབ་འདི་ལ་ཁྱོན་བསྡོམས་ ས་བཅད་དྲུག་ཏུ་དབྱེ་ཡོད་ཅིང༌། ས་བཅད་རེ་རེའི་ནང་དུ་སྟོང་ཆ་ཁ་སྐོང་དང༌། འདེམ་སྐོང༌།     འགྲིག་མིན་བརྡར་ཤ་གཅོད་པ། སུམ་ཅུ་པའི་དཔེར་བརྗོད་ངོས་འཛིན། སྙན་ངག་གི་རྒྱན་ངོས་   འཛིན། དཔེ་དང་དཔེ་ཅན་ངོས་འཛིན། དྲི་བ་དྲིས་ལན། ཚིག་གྲོགས་སྦྱོར་བ། མངོན་བརྗོད་ངོས་ འཛིན། ཚིག་དོན་འགྲེལ་བཤད། བརྗོད་པ་རྒྱས་འབྲི་དང་བསྡུས་འབྲི་སོགས་ལྟ་ཀློག་དབྱེ་ཞིབ་ཀྱི་ རྒྱུགས་གཞིའི་རྣམ་པ་ལྟར་བཟོས་ཡོད།
དེབ་ཕྲེང་གསུམ་པ་སྟེ《དམའ་འབྲིང་བོད་སྐད་ཡིག་གི་འབྲིང་རྒྱུགས་ཡིག་ཚད་ཀུན་གསལ་མེ་ ལོང》ཞེས་པའི་ནང་དུ། ལོ་རིམ་དགུ་པའི་སློབ་ཐོན་སློབ་མ་རྣམས་ཀྱིས་བོད་སྐད་ཡིག་གི་འབྲིང་   རྒྱུགས་ཡིག་ཚད་ཀྱི་རྒྱུགས་གཞིའི་འདོན་སྟངས་དང༌། རྣམ་པ། ནང་དོན་བཅས་ལ་རྒྱུས་མངའ་ཡོང་ཕྱིར། སྤྱི་ལོ་ཉིས་སྟོང་བཅུ་ནས་བཅུ་དགུ་བར་གྱི་ལོ་ངོ་བཅུ་ལྷག་རིང་གི་བོད་རང་སྐྱོང་ལྗོངས་ཀྱི་ སྤྱིར་བཏང་འབྲིང་རིམ་ཆེད་ལས(མཐོ་འབྲིང)སློབ་གྲྭར་སློབ་མ་བསྡུ་བའི་བོད་སྐད་ཡིག་གི་      གཅིག་གྱུར་རྒྱུགས་གཞི་རྣམས་ཕྱོགས་སྒྲིག་བྱས་ཡོད་པས། སློབ་ཐོན་སློབ་མ་རྣམས་ཀྱིས་འབྲིང་   རྒྱུགས་ཡིག་ཚད་ལ་གྲ་སྒྲིག་དང་བསྐྱར་སྦྱོང་བྱེད་པར་ཆེས་མེད་དུ་མི་རུང་བའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཡིན།
དེབ་ཕྲེང་བཞི་པ་སྟེ《ཨ་མདོ་རྫོང་སློབ་འབྲིང་གི་སློབ་མའི་སློབ་ཕྱིའི་ཀློག་དེབ》ཞེས་པའི་ནང་དུ། རང་རེའི་སློབ་འབྲིང་གི་སློབ་མ་རྣམས་ཀྱི་སློབ་ཕྱིའི་བོད་སྐད་ཡིག་གི་སློབ་སྦྱོང་འཚོ་བ་ཕུན་   སུམ་ཇེ་ཚོགས་སུ་གཏོང་བར་དམའ་འབྲིང་བོད་སྐད་ཡིག་གི་ཆེས་རྩ་བར་གྱུར་པའི་རྨང་གཞི་ཤེས་བྱ་སྟེ། བོད་ཀྱི་བརྡ་སྤྲོད་དང༌། དག་ཡིག མངོན་བརྗོད། ལེགས་བཤད། བསླབ་བྱ། གཏམ་དཔེ།    ཤེས་བྱའི་རྣམ་གྲངས། རྩོམ་གྱི་རྨང་གཞིའི་ཤེས་བྱ། ཚིག་རྒྱན་རིག་པའི་ཤེས་བྱ། རྒྱུན་བཀོལ་ཞེ་ཚིག རྒྱུན་སྤྱོད་ཤེས་བྱ་སོགས་ནང་དོན་ས་བཅད་བཅུ་གཉིས་རུ་དབྱེ་ནས་བཀོད་ཡོད་པས། དམའ་    འབྲིང་སློབ་མ་རྣམས་ཀྱི་ཤེས་བྱའི་ཆུ་ཚད་ཀྱི་བློ་ཁ་དང་འཚམ་པར་བྱས་ཡོད།
མཇུག་མཐར། 《ཨ་མདོ་རྫོང་སློབ་འབྲིང་གི་བོད་སྐད་ཡིག་གི་སློབ་དཔྱོད་དཔེ་ཚོགས》འདི་   ལ་ཨ་མདོ་རྫོང་སློབ་གསོ་ཅུད་ཀྱི་ཅུད་ཀྲང་ཁྲ་སིལ་མཆོག་གཙོ་བྱས་ཏེ། ཅུད་ཀྲང་གཞོན་པ་བཀྲ་   ཤིས་དོན་གྲུབ་དང་སྐལ་བཟང་ཕུན་ཚོགས། རང་རེའི་སློབ་འབྲིང་གི་ཏང་ཨུད་ཧྲུའུ་ཅི་ཕུར་བུ་ཆུང་   བདག་དང༌། སློབ་གཙོ་དོན་གྲུབ་བཅས་ཀྱིས་རྩོམ་སྒྲིག་དང་པར་སྐྲུན་གྱི་མགོ་མཇུག་བར་གསུམ་ལ་མཛུབ་ཁྲིད་དང༌། ཐུགས་ཁུར། རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཙོ་སྒྲིག་པ་རང་ཉིད་ལ་མཚོན་ན། བོད་ཀྱི་རིག་གནས་ལ་འཇུག་པ་ཤིན་ཏུ་ཆུང་བའི་རྐྱེན་གྱིས་དཔེ་ཚོགས་འདི་རྩོམ་སྒྲིག་བྱས་པའི་གོ་རིམ་ཁྲོད་དུ་སྐྱོན་དང་ནོར་འཁྲུལ་གྱི་ཆ་མི་ཉུང་བ་ཞིག་ངེས་ པར་འབྱུང་སྲིད་པས། རྒྱ་ཆེ་བའི་དགེ་སློབ་ཀུན་གྱིས་ཡོ་བསྲང་དང་དག་བཅོས་གནང་བར་མཁྱེན་མཁྱེན་ཞེས་ཞུ་བའོ། ། ཞེས་སྤྱི་ལོ༢༠༡༩ལོའི་ཟླ༡༡ཚེས༡ཉིན་གཙོ་སྒྲིག་པས་བོད་ལྗོངས་ཨ་མདོ་རྫོང་སློབ་འབྲིང་ནས་སྦྱར་བའོ། །
 
 

དཀར་ཆག

 
གླེང་གཞི། …………………………………………………………………………(1)
 

ས་བཅད་དང་པོ། བརྡ་སྤྲོད་ཀྱི་སྐོར།

 
སུམ་ཅུ་པའི་རྩ་བ།………………………………………………………………(1)
ལེགས་བཤད་ལྗོན་དབང་གི་རྩ་བ།………………………………………………(3)རྟགས་འཇུག་གི་རྩ་བ།………………………………………………………………………………………(5)
དཀའ་གནད་གསལ་བའི་མེ་ལོང༌།………………………………………………(7)
ཚེག་ཤད་ཐོབ་ཚུལ་བཤད་པ།…………………………………………………(12)
 

ས་བཅད་གཉིས་པ། དག་ཡིག་གི་སྐོར།

 
དག་ཡིག་ངག་སྒྲོན། …………………………………………………………(13)
 

ས་བཅད་གསུམ་པ། མངོན་བརྗོད་ཀྱི་སྐོར།

 
མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས།……………………………………………(30)
གྲངས་ཀྱི་མངོན་བརྗོད། ……………………………………………………(43)
ཉེར་མཁོའི་མངོན་བརྗོད་ཕྱོགས་བསྡུས།………………………………………………(44)
 

ས་བཅད་བཞི་པ། ལེགས་བཤད་ཀྱི་སྐོར།

སྐྱེ་བོ་གསོ་ཐིགས།…………………………………………………………………(46)
བཤེས་སྤྲིངས། ……………………………………………………………………(46)
ས་སྐྱ་ལེགས་བཤད།……………………………………………………………(47)
དགེ་ལྡན་ལེགས་བཤད།………………………………………………………(48)
ཆུ་ཤིང་བསྟན་བཅོས།…………………………………………………………(48)
 

ས་བཅད་ལྔ་པ། བསླབ་བྱའི་སྐོར།

 
སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ།…………………………………………(50)
སློབ་མའི་བསླབ་བྱ།……………………………………………………………(51)
ཀ་ཕྲེང་དང་སྦྱར་བའི་བསླབ་བྱ་དྲི་ཟའི་གླིང་བུ།…………………………………(55)
 

ས་བཅད་དྲུག་པ། གཏམ་དཔེའི་སྐོར།

 
གཏམ་དཔེ་ཐོས་པ་དགའ་བསྐྱེད།………………………………………(57)
 

ས་བཅད་བདུན་པ། ཤེས་བྱའི་རྣམ་གྲངས་སྐོར།

 
གཉིས་ཚན།……………………………………………………………(63)
གསུམ་ཚན།………………………………………………………………(64)
བཞི་ཚན།………………………………………………………………………(67)
ལྔ་ཚན།…………………………………………………………………………(69)
དྲུག་ཚན།………………………………………………………………………(71)
བདུན་ཚན།…………………………………………………………………………(72)
བརྒྱད་ཚན།…………………………………………………………………………(73)
དགུ་ཚན།……………………………………………………………………………(74)
བཅུ་ཚན་ཡན།………………………………………………………………………(75)
 

ས་བཅད་བརྒྱད་པ། རྩོམ་གྱི་རྨང་གཞི་ཤེས་བྱའི་སྐོར།

 
རྩོམ་རིག་སྤྱི་བཤད།………………………………………………………………(77)
ཇི་བཞིན་བརྗོད་པའི་རྩོམ་ཡིག…………………………………………………(77)
གསལ་བཤད་རྩོམ་ཡིག………………………………………………………(79)
དགག་སྒྲུབ་རྩོམ་ཡིག…………………………………………………………………(80)
ལྷུག་རྩོམ།…………………………………………………………………………(81)
སྙན་རྩོམ།………………………………………………………………………(82)
སྒྲུང་གཏམ།…………………………………………………………………………(84)
ཀ་བཤད།……………………………………………………………………………(85)
ལེགས་བཤད།……………………………………………………………………(86)
རྣམ་ཐར།………………………………………………………………………(86)
ཡུལ་སྐོར་ཟིན་ཐོ།…………………………………………………………(87)
བསླབ་བྱ། …………………………………………………………………………(87)
བསྟན་བཅོས། ………………………………………………………………………(87)
ཟློས་གར་རྩོམ་རིག …………………………………………………………………(88)
མགུར་གླུ། …………………………………………………………………………(88)
དམངས་གཞས། ……………………………………………………………………(88)
གབ་ཚིག……………………………………………………………………………(88)
གཏམ་དཔེ། ………………………………………………………………………(89)
སྙན་ཞུའི་རྩོམ་རིག …………………………………………………………………(89)
བྱིས་སྒྲུང༌། ……………………………………………………………………………89)
རྣམ་ཐར། ……………………………………………………………………(90)
བྲོ་གར། …………………………………………………………………………(90)
གླུ་གར། ……………………………………………………………………(90)
བསྡུས་བརྗོད་ཀྱི་རྩོམ་ཐབས། …………………………………………………(91)
ཚིགས་བཅད།………………………………………………………………………(91)
 

ས་བཅད་དགུ་པ། ཚིག་རྒྱན་རིག་པའི་ཤེས་བྱའི་སྐོར།

 
སྙན་ངག་མེ་ལོང་མའི་འབྲེལ་ཡོད་ལོ་རྒྱུས་སྐོར།…………………………………(93)
ཚིག་རྒྱན་རིག་པའི་གོ་དོན་སྐོར།…………………………………………………………(93)
སྙན་ངག་གི་སྙན་སོ་སོའི་གོ་དོན་སྐོར། …………………………………………………(95)
ཚིག་རྒྱན་རིག་པའི་ནང་གསེས་དབྱེ་བའི་སྐོར།…………………………………(99)
སྔོན་བྱོན་མཁས་པའི་གསུང་རྒྱུན་སྐོར།………………………………………(101)
 

ས་བཅད་བཅུ་པ། རྒྱུན་བཀོལ་ཞེ་ཚིག་གི་སྐོར།

 
གཟུགས་པོའི་སྐོར།…………………………………………………………………(102)
ཞལ་ཟས་ཀྱི་སྐོར།………………………………………………………………(102)
གྱོན་ཆས་ཀྱི་སྐོར།………………………………………………………………(103)
རྒྱུ་རྫས་ཀྱི་སྐོར།…………………………………………………………………(104)
རྒྱན་ཆའི་སྐོར། …………………………………………………………………(105)
རིགས་རུས་དང་ལས་རིགས་ཀྱི་སྐོར། ………………………………………………(106)
བྱ་བྱེད་ཀྱི་སྐོར།……………………………………………………………………(106)
 

ས་བཅད་བཅུ་གཅིག་པ། སུམ་ཅུ་པའི་ནང་གསེས་ཀྱི་

 

གོ་དོན་སྐོར།

 
དབྱངས་ཡིག……………………………………………………………………………(110)
གསལ་བྱེད། ………………………………………………………………………………(110)
རྗེས་འཇུག………………………………………………………………………………(110)
སྔོན་འཇུག……………………………………………………………………………(110)
ཡང་འཇུག………………………………………………………………………………(110)
མིང་གཞི།…………………………………………………………………………………(110)
མིང་གཞི་རྐྱང་པའི་ཡི་གེ…………………………………………………………………(110)
མགོ་ཅན།…………………………………………………………………………………(111)
འདོགས་ཅན།……………………………………………………………………………(111)
སླར་བསྡུ།…………………………………………………………………………………(111)
རྣམ་དབྱེ་དང་པོ།…………………………………………………………………………(111)
མིང༌། ……………………………………………………………………………………(111)
ཨི་ལྡན། …………………………………………………………………………………(111)
འབྲེལ་སྒྲ། …………………………………………………………………………………(112)
བྱེད་སྒྲ། ……………………………………………………………………………………(112)
ལ་དོན། ……………………………………………………………………………………(112)
རྣམ་དབྱེ་གཉིས་པ་ལས་སུ་བྱ་བ།………………………………………………………(112)
རྣམ་དབྱེ་བཞི་དགོས་ཆེད།……………………………………………………………(112)
རྣམ་་བདུན་པ་གནས་གཞི། ………………………………………………………………(112)
དེ་ཉིད། ……………………………………………………………………………………(113)
ཚེ་སྐབས། …………………………………………………………………………………(113)
འབྱུང་ཁུངས། ………………………………………………………………………………(113)
དགར་བ། …………………………………………………………………………………(113)
སྡུད་པ། ……………………………………………………………………………………(113)
རྣམ་དབྱེ། …………………………………………………………………………………(113)
འབོད་སྒྲ། …………………………………………………………………………………(114)
རྒྱན་སྡུད། …………………………………………………………………………………(114)
མཐུན་པའི་ཚིག་རྒྱན།………………………………………………………………………(114)
མི་མཐུན་པའི་ཚིག་རྒྱན།……………………………………………………………………(114)
སྡུད་པ།……………………………………………………………………………………(114)
ལྷག་བཅས།…………………………………………………………………………………(114)
འབྱེད་སྡུད།…………………………………………………………………………………(114)
ནི་སྒྲ།………………………………………………………………………………………(114)
དང་སྒྲ།……………………………………………………………………………………(115)
དེ་སྒྲ།………………………………………………………………………………………(115)
སྤྱི་སྒྲ།…………………………………………………………………………………(115)
བདག་སྒྲ།…………………………………………………………………………………(115)
དགག་སྒྲ།…………………………………………………………………………………(116)
ཚིག་ཕྲད།…………………………………………………………………………………(116)
ཕྲད་འདུས་མ།………………………………………………………………………………(116)
མིང༌།………………………………………………………………………………………(116)
ཚིག ………………………………………………………………………………………(116)
 

ས་བཅད་བཅུ་གཉིས་པ། རྒྱུན་སྤྱོད་ཤེས་བྱའི་སྐོར།

 
རིགས་རུས་ཆོ་འབྲང་གི་སྐོར། …………………………………………………………(117)
དུས་ཀྱི་དབྱེ་བའི་སྐོར།………………………………………………………………119)
ཆེ་ཆུང་དང་རིང་ཐུང་གི་སྐོར། …………………………………………………(121)
འཇལ་འདེགས་ཀྱི་སྐོར།…………………………………………………………(122)
སྒོ་ཕྱུགས་ཀྱི་འབོད་མིང་སྐོར། ……………………………………………………(123)
བོད་ཀྱི་གྲངས་གནས་དྲུག་ཅུ་བརྩི་ཚུལ།……………………………………………(125)
གྲངས་ཀའི་དག་ཆ་འབྲི་ཚུལ། ……………………………………………………(129)
བོད་ཁུལ་གྱི་ས་མིང་ཤེས་བྱ། ………………………………………………………(130)
 
 
 

ས་བཅད་དང་པོ། བརྡ་སྤྲོད་ཀྱི་སྐོར།

 

སུམ་ཅུ་པའི་རྩ་བ།

 
སློབ་དཔོན་ཨ་ནུས་མཛད།
རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ ཞེས་བྱ་བ། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །གང་གིས་སྒྲ་དབྱངས་ཀུན་གསུང་བའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌། །བླ་མ་ལ་ཡང་ཕྱག་འཚལ་ནས། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་   སྦྱོར་བ་བཤད་པར་བྱ། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ ཤུའོ། །ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །དང་པོ་གསུམ་པ་བཞི་པ་     ལས། །མས་གཉིས་དྲུག་པའི་གསུམ་པ་དང༌། །བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་ བཅུ་རུ་འདོད། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་པ་དྲུག །བདུན་པ་རྣམས་ནི་སྔོན་དུའང་འཇུག །མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །དེ་ལ་དབྱངས་ཀྱི་བཞི་ལྡན་     ཡང༌། །གང་དུའང་འཇུག་མིན་སྦྱར་བའང་མིན། །རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་ མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང༌། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་   གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ ཤེས་པར་བྱ། །ཨཱ་ལི་ཕྱིས་ནི་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་མ་དང་    བཅས་པའོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །རྗེས་འཇུག་ཡི་གེ་ བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ནོ། །གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །གང་མིང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །མིང་གང་རུང་ བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང༌། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་ དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ ནོ། །གང་མིང་བརྗོད་པའི་དང་པོ་རུ། །དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་       འགྱུར། །གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་ སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཚིགས་སུ་བཅད་པའི་མཚམས་སྦྱར་རྣམས། །ཅུང་ ཟད་བསྡུས་པ་ཡོད་ན་ཡང༌། །དེ་ནི་དེ་བཞིན་སྦྱར་བར་བྱ། །སྔོན་འཇུག་ཡོད་དམ་མེད་ཀྱང་     རུང༌། །མིང་གཞིའི་ཡི་གེ་གང་ཡིན་ལ། །གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །ཨཱ་ལི་བཞི་ ལས་གང་ལྡན་ཡང༌། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །རྗེས་ འཇུག་བཅུ་ཡི་དོན་ཤེས་ན། །འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་ མེད་ཅིང༌། །འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་ སྦྱོར་བ་མ་མཐོང་ཡང༌། །དོན་དང་མཐུན་པའི་སྦྱོར་བ་ཤེས། །རྗེས་འཇུག་སྦྱོར་བ་མཁས་པ་ན། ། ལུང་གི་དོན་དང་སྦྱོར་བ་དང༌། །བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང༌། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་    བསམ་བསྟན་པའི་དོན་དུ་སྦྱར། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་   དབབས། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང༌། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱས་ཏེ། ། བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་མཉན། །སློབ་དཔོན་དེ་ཉིད་དུ་འཛིན་ ཅིང༌། །ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་   རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །ཅིག་ཤོས་དེ་ལས་ལྡོག་པའོ། །
 
 

ལེགས་བཤད་ལྗོན་དབང་གི་རྩ་བ།

 
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་ བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །     དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང༌། ། ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་ དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུ། །ས་སུ་ག་བ་དྲག་མཐར་ཏུ། ། ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་     འབྲེལ་སྒྲ་དང༌། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི།འ་དང་མཐའ་མེད་འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །འ་དང་མཐའ་མེད་འང་དང་ཡང༌། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །སྦྱོར་ ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། །རྐང་པ་མི་སྐོང་སྐོང་བའི་ ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། ། ནི་ནི་དགར་དང་བརྣན་པའི་སྒྲ། །དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་ གཉིས་ལ་འཇུག །ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །མ་མི་ མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱི་གསལ་བྱེད་ལའང༌། །ཚིག་ ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་མ་གཏོགས། །   ཤིང་ཤིག་ཤེ་འོ་ཤེ་ན་འཐོབ། །འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང༌། །ལྷུག་པའི་དོན་ མང་མིང་མཚམས་དང༌། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་   ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང༌། །ཚིགས་བཅད་རྐང་མཐར་ཉིས་ཤད་      འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང༌། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་    གཏོགས་ཡིག་ཤད་བར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་ པའི་རྡོ་རྗེས་སྤེལ། ། ། །
 
 
 
 
 
 
 

རྟགས་འཇུག་གི་རྩ་བ།

 
སློབ་དཔོན་ཨ་ནུས་མཛད།
རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒ་བ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་ཚན་ལྔ་རུ་ དྲིལ་བྱས་ནས། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །དེ་དག་རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་འཇུག་པ་བྱེད་ཅེ་ན། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཕོ་ནི་མ་ནིང་ ལ་མི་འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་ཕྲད་པ་ ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཇི་ལྟར་འཇུག་པར་བྱེད་ཅེ་   ན། །ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་   ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་ རོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །ཕོ་ལ་སྐྱེས་བུ་རབ་འབྲིང་       གསུམ། །མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་    འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་ཡི་གེ་ཐམས་ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །ཇི་ལྟར་ རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག །དྲག་པ་གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །དེ་ལའང་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་ཞན་གཉིས་སུ་དབྱེ། །མ་ནིང་གསུམ་དུ་གང་གཏོགས་པ། །དྲག་དང་ཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །གཉིས་ཀ་དག་དང་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །དེས་ན་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་འགྱུར་བ་དང༌། །ཕྱི་མ་ གང་ལྟར་འགྱུར་བའོ། །སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲང༌། །མོ་ཡིས་མོ་ཡི་མིང་མཐའ་དྲང༌། །མ་ནིང་གིས་ནི་མ་ནིང་ངོ༌། །མིང་མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང༌། །སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང༌། །གནས་དང་བོད་པའི་སྒྲ་ཡང་དྲང༌། །གཞན་ཡང་སླར་བསྡུ་ལྷག་ བཅས་དང༌། །འབྱེད་སྡུད་བསྣན་དང་བདག་པོ་དང༌། །དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །དེ་དག་སྔ་ཤུགས་འདྲེན་པས་འབྱུང༌། །དེ་དག་ནང་གསེས་གང་འཇུག་པ། །མཐའ་སྦྱར་འོག་མའི་མིང་དོན་ལས། །སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌། །ལས་བྱ་ བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའང༌། །གཞན་ཡང་ཚིག་དོན་འོག་མ་ལས། །བསྡུ་རྒྱུ་ཡོད་དང་མེད་པ་དང༌། །གོང་མ་ལས་ཀྱང་དེ་བཞིན་ཏེ། །རྣམ་གྲངས་དག་ཀྱང་བཀོད་པ་ལས། །བསྐྱར་བ་ཡོད་དང་མེད་པ་དང༌། །ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ན་ཡོད་མེད་དང༌། ། རྒྱན་དུ་གྱུར་པ་རྣམས་ལ་ཡང༌། །དོན་ལ་བསྙེགས་པ་ཡོད་མེད་དང༌། །བསྟན་བྱ་ལྷག་མ་ཡོད་མེད་དང༌། །ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །དེ་དག་ནང་གསེས་རྣམ་པར་དབྱེ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེའི་ཁོངས་ནས་མི་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་ དེ་དག་རྣམས་ལ་ཡང༌། །འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། ། མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་ རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཇི་ལྟར་འཇིག་རྟེན་སེམས་ཅན་ རྣམས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང༌། །རང་ཉིད་ ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌། ། རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་ སྨྲས་འདི་ཀུན་རྟོགས་གྱུར་ཅིག །བྱཱ་ཀ་ར་ཎ་ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང༌། །རྟགས་ཀྱི་འཇུག་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། ། སརྦ་མངྒ་ལམ། དགེའོ། །
 
 

དཀའ་གནད་གསལ་བའི་མེ་ལོང༌།

 
དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད།
ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད། །གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་བ། །རྗེ་བཙུན་བརྟན་པའི་འཁོར་ལོ་དང༌། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །མཁས་     མཆོག་ཐོན་མིའི་ཐུགས་མཚོ་ལས། །བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག །རྟགས་ཀྱི་འཇུག་པའི་སྙིང་པོའི་དོན། །མདོར་བསྡུས་ཚིག་གིས་གསལ་བར་བྱ། །སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །དེ་ཕྱིར་ཀཱ་ལི་སུམ་ཅུ་པོ། །ཕོ་ཡི་ཡི་གེ་འབའ་ཞིག་ལ། །ནང་གསེས་སྡེ་ཚན་ལྔར་དབྱེ་སྟེ། །ཀ་ཅ་ཏ་པ་ཙ་   རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང༌། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །སྔོན་འཇུག་ལྔ་ཡི་བ་ཡིག་ཕོ། །ག་ད་མ་ནིང་འ་མོ་ཡིག །མ་ནི་ཤིན་ཏུ་མོ་ཡིན་ནོ། །དེ་རྣམས་གང་ལ་གང་འཇུག་ནི། །ཕོ་ཡིག་བ་ནི་ཀ་ཅ་ཏ། །ཙ་ག་ང་ཇ་ཉ་ད་ན། །ཛ་ཞ་ཟ་ར་ཤ་སར་འཇུག །མ་ནིང་ག་ནི་ཅ་ཏ་ཙ། །ཉ་ད་ན་ཞ་ཟ་ཡ་ ཤ །སར་འཇུག་མ་ནིང་ད་ཡིག་ནི། །ཀ་པ་ག་བ་ང་མར་འཇུག །མོ་ཡིག་འ་ནི་ག་ཇ་ད། །བ་ཛ་ཁ་ཆ་ཐ་ཕ་ཚར། །ཤིན་ཏུ་མོ་ཡི་མ་ཡིག་ནི། །ཁ་ཆ་ཐ་ཚ་ག་ཇ་ད། །ཛ་ང་ཉ་ན་རྣམས་ལ་འཇུག །ཇི་ལྟར་ འཇུག་པར་བྱེད་ཅེ་ན། །ཕོ་ནི་སྒྲ་རྩོལ་དྲག་པར་འཇུག །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཐོག་མར་ འདི་ལྟར་ཤེས་དགོས་ཏེ། །ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །    དབང་དུ་བྱས་ནས་བྱེད་པོ་དང༌། །དེ་ཡི་བྱེད་པ་གཉིས་པོ་ནི། །དངོས་པོ་བདག་ཡིན་བྱ་ཡུལ་    དང༌། །བྱ་བ་གཉིས་པོ་དངོས་པོ་གཞན། །དེ་བཞིན་བྱེད་པ་པོ་གཞན་དང༌། །དངོས་སུ་འབྲེལ་   མིན་ཇི་ལྟར་ཡང༌། །བྱ་བ་བྱས་ཟིན་འདས་པ་དང༌། །བྱ་བ་བྱེད་འགྱུར་མ་འོངས་དང༌། །བྱེད་    བཞིན་པ་ནི་ད་ལྟ་བ། །དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་ བ་ཀུན་ལ་ཁྱབ་པ་ཡིན། །བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན་ཡང་བྱེད་པོ་དང༌། །བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། །མཛད་ནས་བདག་གཞན་དང་འབྲེལ་བའི། །བྱ་བྱེད་རྣམས་ཀྱང་དེ་ ཁོངས་བསྡུས། །དེས་ན་དུས་གསུམ་དུ་དབྱེ་བ། །བདག་གཞན་དབྱེ་བས་མ་ཁྱབ་པ། །བསྡུ་བའི་ དོན་དུ་ཤེས་དགོས་པར། །གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས། །བྱེད་ལས་ཙམ་དང་འབྲེལ་བ་ཡི། །དངོས་པོ་བདག་ལའང་འཇུག་པ་མཐོང༌། །དེ་ལྟར་ངེས་ནས་ཕོ་ཡིག་བ། །བསྒྲུབས་སོ་ལྟ་བུ་འདས་པ་དང༌། །བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ། །ཞེས་སོགས་དངོས་པོ་གཞན་ལ་འཇུག །མ་ནིང་ག་ད་གཉིས་པོ་ནི། །གཅོད་པ་པོ་དང་གཅོད་པར་བྱེད། །གཅོད་པར་འགྱུར་དང་དཀྲི་བ་པོ། །དཀྲི་བར་བྱེད་དང་དཀྲི་བར་འགྱུར། །ཞེས་སོགས་དངོས་པོ་བདག་དོན་དང༌། །གཅད་བྱའི་ཤིང་དང་གཅད་པར་བྱ། །དཀྲི་བྱའི་སྣལ་མ་དཀྲི་བར་བྱ། །ཞེས་སོགས་དངོས་པོ་གཞན་དོན་དང༌། ། གཅོད་བཞིན་པ་དང་དཀྲི་བཞིན་པ། །ཞེས་སོགས་ད་ལྟ་བསྒྲུབ་ཆེད་འཇུག །མོ་ཡིག་འ་ནི་འཆད་པ་པོ། །འཆད་པར་བྱེད་དང་འཆད་པར་འགྱུར། །ཞེས་སོགས་དངོས་པོ་བདག་དངོས་དང༌། །   འགྲོ་བ་པོ་དང་འགྲོ་བར་བྱེད། །ཅེས་སོགས་བདག་དོན་ཕལ་པ་དང༌། །འཁྱིལ་ལོ་ཞེས་སོགས་ད་ ལྟ་དང༌། །འཁྱིལ་བར་འགྱུར་སོགས་མ་འོངས་འཇུག །ཤིན་ཏུ་མོ་ཡི་མ་ཡིག་ནི། །བདག་གཞན་ དུས་གསུམ་མཉམ་པར་འཇུག །འོན་ཀྱང་བྱེད་པོ་གཞན་དངོས་དང༌། །འབྲེལ་བའི་འདས་ལ་   འའི་སྔོན་འཇུག །མེད་པར་ངེས་ཤིང་ག་ད་ཉུང༌། །ད་ལྟ་བ་ལ་བའི་སྔོན་འཇུག །ཉུང་ཞིང་མགོ་ ཅན་ད་ལྟ་བར། །བས་འཕུལ་མེད་པར་ངེས་པ་ཙམ། །གཞན་ཡང་བས་འཕུལ་ཅན་ཕལ་ཆེར། །   བྱེད་པ་པོ་ནི་ད་ལྟ་དང༌། །བྱ་ཡུལ་མ་འོངས་པར་བསྡུས་ནས། །འདས་ལ་བས་འཕུལ་ཡང་འཇུག་ཡོད། །ད་ལྟ་བ་ལ་གཉིས་ཀ་མེད། །མ་འོངས་འཕུལ་ཡོད་ཡང་འཇུག་མེད། །སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། །སྐབས་འགར་འདས་དང་སྐུལ་ཚིག་ལ། །ས་རྐྱང་སྦྱར་བས་འཐུས་པའང་ཡོད། །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །ག་ད་བ་ས་བཞི་རྣམས་ཕོ། །ང་མ་འ་གསུམ་མོ་ཡིན་ཅིང༌། །ན་ར་ལ་ གསུམ་མ་ནིང་སྟེ། །མིང་གཞིའི་ཡི་གེ་ཀུན་ལ་འཇུག །ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ། །དང་པོ་སྒྲ་ཡི་འཇུག་ཚུལ་ནི། །ཕོ་ཡི་ག་ཡིག་ཡང་འཇུག་ཅན། །སྐྱེས་བུ་རབ་དང་ཕོ་ཡིག་བ། །ཡང་འཇུག་ ཅན་ནི་སྐྱེས་བུ་འབྲིང༌། །ག་བ་ཡང་འཇུག་མེད་པ་དང༌། །ད་སའི་མཐའ་ཅན་ཐ་མ་སྟེ། །དྲག་པ་ཕོ་ལའང་ནང་གསེས་ཀྱིས། །དྲག་ཞན་བར་མ་གསུམ་དུ་དབྱེ། །དེ་བཞིན་ཞན་པ་མོ་ལ་ཡང༌། །ནང་ གསེས་དྲག་ཞན་གཉིས་དབྱེ་སྟེ། །ང་མ་ཡང་འཇུག་ཅན་མོ་དང༌། །ང་མ་ཡང་འཇུག་མེད་པ་     དང༌། །འ་མཐའ་ཅན་རྣམས་ཤིན་ཏུ་མོ། །བར་མ་མ་ནིང་ན་ར་ལ། །ཡང་འཇུག་ཡོད་དམ་མེད་   ཀྱང་རུང༌། །མིང་གཞི་ཕོ་ཡིག་མཐར་ཡོད་དང༌། །མིང་གཞི་མ་ནིང་རྗེས་སུ་ནི། །ཡང་འཇུག་དང་ བཅས་ཞུགས་པ་ན། །དྲག་དང་ཕྲད་པས་དྲག་པར་འགྱུར། །མིང་གཞི་མོ་ཡིག་རྗེས་སུ་ནི། །ཡང་ འཇུག་མེད་པར་ཞུགས་པ་ན། །ཞན་དང་འཕྲད་པས་ཞན་པར་འགྱུར། །དེ་གཉིས་འགྱུར་བ་མ་ ནིང་ཡིན། །མིང་གཞི་མོ་ཡིག་རྗེས་སུ་ནི། །ཡང་འཇུག་དང་བཅས་ཞུགས་པ་ན། །དྲག་ཞན་གཉིས་ཀའི་ཆ་ལྡན་ཕྱིར། །མཚན་གཉིས་མ་ནིང་ཞེས་སུ་གྲགས། །མིང་གཞི་མ་ནིང་རྗེས་སུ་ནི། །ཡང་    འཇུག་མེད་པར་ཞུགས་པ་ན། །དྲག་གཞན་གང་དུའང་མི་འགྱུར་བས། །མཚན་མེད་མ་ནིང་ཞེས་སུ་འདོད། །གཉིས་པ་དོན་ལ་གཉིས་ཡོད་པའི། །སྔ་མ་གང་ལྟར་འགྱུར་བ་ནི། །རྗེས་འཇུག་གང་ལ་ཞུགས་པ་ཡི། །མིང་དེས་བདག་གཞན་སོགས་གང་སྟོན། །ཕལ་ཆེར་མིང་དེའི་སྔོན་འཇུག་གི །   ནུས་པར་སྦྱར་ནས་རྟོགས་པར་བྱ། །ཕྱི་མ་ཇི་ལྟར་འགྱུར་བ་ནི། །རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི ། མིང་མཐའ་གཞན་དྲངས་དེ་བཞིན་དུ། །མོ་ཡིས་མོ་ཡི་མིང་མཐའ་དང༌། །མ་ནིང་གིས་ནི་མ་ནིང་དྲངས། །དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ། །བརྗོད་བདེ་འདྲེན་པའང་ཤིན་ཏུ་མང༌། །   གཞན་ཡང་མིང་མཐའ་དེ་ཉིད་ཀྱིས། །རྟགས་མཚུངས་པ་འམ་སྒྲ་མཐུན་པའི། །རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། །སྔ་མའི་ཤུགས་དང་མཐུན་པར་འདྲེན། །དེ་དག་ནང་གསེས་གང་འཇུག་ནི། །རྣམ་དབྱེའམ་ཕྲད་བཅས་མིང་ཚིག་དེའི། །མཐར་སྦྱར་མིང་དོན་ལས་ཤེས་བྱ། །དེ་ཡང་ཆོས་རྣམས་ངོ་བོ་ཙམ། །བརྗོད་པ་རྣམ་དབྱེ་དང་པོ་སྟེ། །དཔེར་ན་བུམ་པ་ཀ་བ་བཞིན། །གསལ་བྱེད་ བོད་ཀྱི་སྐད་ལ་ཉུང༌། །ལས་དང་བྱ་ཡུལ་དོན་གཅིག་སྟེ། །དེ་ལྟའི་བྱ་བའི་ཡུལ་ཞིག་ལ། །བྱ་བ་བྱས་པར་སྟོན་པ་ལ། །གཉིས་པ་ལས་སུ་བྱ་བ་དང༌། །གཉིས་པའི་ནང་ཚན་དེ་ཉིད་དང༌། །བཞི་པ་    དགོས་ཆེད་གསུམ་འདྲ་ཡང༌། །བྱ་བ་བྱས་པས་བྱ་བའི་ཡུལ། །དེ་འམ་དེ་དང་འབྲེལ་བ་ལ། །ཕན་ ཐོགས་མེད་ན་གཉིས་པ་སྟེ། །དཔེར་ན་ཤར་དུ་འགྲོ་ལྟ་བུ། །ཕན་ཐོགས་ཡོད་ན་བཞི་པ་སྟེ། །དཔེར་ན་སློང་ལ་སྦྱིན་ལྟ་བུ། །ཕན་ཐོགས་མེད་ཀྱང་བྱ་ཡུལ་དང༌། །བྱ་བ་ངོ་བོ་གཅིག་ཡིན་ན། །གཉིས་ པའི་ནང་ཚན་དེ་ཉིད་དེ། །དཔེར་ན་ལྷ་རུ་གསལ་ལྟ་བུ། །གང་ཞིག་གང་ལ་བརྟེན་པའམ། །གནས་དང་ཡོད་པའི་དོན་ཙམ་ལས། །བྱ་བ་གཏན་ནས་མི་བྱེད་ན། །རྣམ་དབྱེ་བདུན་པ་གནས་གཞི་སྟེ། །དཔེར་ན་སྟེང་དུ་མི་ཡོད་ལྟར། །ཚེ་སྐབས་གཉིས་དང་དོན་འདྲ་ན། །བདུན་པའི་ནང་ཚན་ཚེ་   སྐབས་ཏེ། །དཔེར་ན་མཆུ་ཟླ་ཤར་བ་ན། །ཆོ་འཕྲུལ་དུས་ཆེན་ཚུགས་ལྟ་བུ། །རྣམ་དབྱེ་གཉིས་བཞི་བདུན་པ་དང༌། །དེ་ཉིད་ཚེ་སྐབས་གསལ་བྱེད་སྒྲ། །སུ་ར་རུ་དུ་ན་ལ་ཏུ། །ཡིན་ཞིང་ཕལ་ཆེར་ལ་སྒྲ་དང༌། །མཐུན་པས་ལ་དོན་རྣམ་དབྱེའང་ཟེར། །འོན་ཀྱང་ན་ལ་དེ་ཉིད་ལ། །མི་འཇུག་སྨྲ་བའི་སྒོ་ ལས་གསུངས། །རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས། །ཉེ་འགྱངས་གང་དུ་བྱ་བ་ཞིག །བྱས་ན་གསུམ་པ་བྱེད་སྒྲ་སྟེ། །དཔེར་ན་བདག་གིས་བཤད་ལྟ་བུ། །བྱ་བ་གཏན་ནས་མི་བྱེད་པར། །སྔ་ཕྱི་འབྲེལ་ བྱེད་ཙམ་སྟོན་ན། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །དཔེར་ན་བདག་གི་མིག་ལྟ་བུ། །རྣམ་དབྱེ་   གསུམ་དྲུག་གསལ་བྱེད་སྒྲ། །ས་མཐའ་ཡོད་དང་མེད་པ་ཡི། །གི་ཀྱི་གྱི་འི་ཡི་ལྔ་ཡིན། །གང་ཞིག་   གང་ལས་བྱུང་བའམ། །བྱེ་དང་ལྷུང་བའི་དོན་ལྡན་ན། །རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཏེ། །དཔེར་ན་ཞལ་ནས་ཐོས་ལྟ་བུ། །གསལ་བྱེད་སྒྲ་ནི་ནས་ལས་ཏེ། །དགར་དང་སྡུད་པའང་ལྔ་པར་       གཏོགས། །གཞན་ཡང་ཚིག་དོན་གོང་འོག་ཏུ། །བསྡུ་རྒྱུ་ཡོད་ན་སྡུད་པའི་སྒྲ། །དང་དང་ཀྱང་ཡང་འང་སོགས་སྦྱོར། །རྣམ་གྲངས་དུ་མས་དོན་བསྐྱར་ན། །འབྱེད་སྡུད་སྒྲ་འཇུག་དགག་པ་དང༌། ། བདག་དོན་ཡོད་ན་ཐོག་མཐའ་རུ། །པ་སྡེའི་རྟགས་རྣམས་ཅི་རིགས་འཇུག །རྒྱན་དུ་གྱུར་པའི་ ཚིག་ཕྲད་ཀྱང༌། །དོན་ལ་བསྙེགས་པ་ཡོད་ན་སྦྱོར། །དེ་བཞིན་བསྟན་བྱ་ལྷག་ཡོད་ན། །ལྷག་བཅས་སྒྲ་སྦྱོར་ཚིག་དོན་ནི། །རྫོགས་ན་སླར་བསྡུའི་སྒྲ་རྣམས་སྦྱོར། །དགོས་པ་ཅི་ཕྱིར་འཇུག་ཅེ་ན། །མོ་ ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེ་ཕྱིར་དབྱངས་ལྔར་བཞེད་པ་བདེ། །ཕོ་ཡིག་དབྱངས་ལྡན་དེ་དག་ལའང༌། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །དོན་གྱི་ངོ་བོ་ ཙམ་སྟོན་པའི། །མིང་དང་དོན་གྱི་ཁྱད་པར་རྣམས། །སྟོན་པའི་ཚིག་དང་དོན་ལྡན་པའི། །ངག་གི་བརྗོད་པ་ཡོད་མིན་ཏེ། །ཡི་གེའི་ཁོངས་ནས་མིང་དབྱུང་ཞིང༌། །མིང་གི་ཁོངས་ནས་ཚིག་ཕྱུང་   ནས། །ཚིག་གིས་དོན་རྣམས་སྟོན་པས་སོ། །མིང་ཚིག་བརྗོད་པ་མེད་ན་ནི། །ཐུན་མོང་ཐུན་མོང་མ་ཡིན་པའི། །ཤེས་བྱ་སྟོན་པའང་མེད་པར་འགྱུར། །དེ་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི། །རྗེས་ སུ་འབྲངས་ནས་གསུངས་པ་འདི། །སྐྱེ་བོ་ཀུན་གྱིས་རྟོགས་གྱུར་ཅིག །ཚིག་གི་སྒྲ་ཙམ་འདྲ་ན་    ཡང༌། །དོན་ལ་ཁྱད་པར་ཤིན་ཏུ་ཆེ། །དེ་ཕྱིར་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བ་གཅེས། །དོན་ལ་མི་རྨོངས་རྨོངས་པ་ཡང༌། །ལུགས་འདིར་མཁས་མིན་གྱིས་བྱེད་དེ། །སྒྲ་ཤེས་ དོན་ལ་མི་རྨོངས་ཞེས། །མཁས་པའི་གསུང་ལ་ཡོངས་སུ་གྲགས། །འདི་ལ་མ་སྦྱངས་རྨོངས་ཚོད་ ཀྱིས། །འཆད་རྩོད་རྩོམ་པའི་གྲྭར་འཇུག་པ། །ཝ་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་འགྱུར། །དེ་ཕྱིར་བློ་གསལ་དོན་གཉེར་རྣམས། །རྟགས་འཇུག་དཀའ་གནད་   གཟུགས་བརྙན་ཀུན། །གསལ་བར་འཆར་བའི་མེ་ལོང་འདིར། །ལ་འུར་གཟིགས་མོར་སྐྱོན་དང་ ཀྱེ། །འདི་ལ་ནོངས་པའི་ཚོགས་མཆིས་ན། །གཟུར་གནས་མཁས་པའི་སྤྱན་སྔར་འཆགས། །ཅུང་ ཟད་འབད་ལས་ཐོབ་པའི་དགེས། །ཀུན་གྱིས་འདི་དོན་རྟོགས་པར་ཤོག ། ། །
 
 
 
 
 

༄༅། །ཚེག་ཤད་ཐོབ་ཚུལ་བཤད་པ།

 
ཡི་གེའི་མགོ་རྒྱན་དབུ་ཁྱུད་དེ། །དང་ཀྱོག་བེརྒ་ཞེས་ཀྱང་ཟེར། །ཤད་ལ་ཆིག་ཤད་ཕུར་ཤད་དང༌། །ཚེག་ཤད་ཉིས་ཤད་བཞི་ཤད་དང༌། །སྦྲུལ་ཤད་རིན་ཆེན་སྤུངས་ཤད་བདུན། །ཚིག་བཅད་མཐའ་ལ་ཉིས་ཤད་དེ། །ཀ་ག་ཤ་རྐང་ཤད་རེར་རྩི། །ང་མཐར་ཤད་གོང་ཕྱི་ཚེག་འབྲི། །འ་མཐར་ འབྲི་བའི་སྲོལ་མ་བྱུང༌། །ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། །ཕྱི་རྐང་ཅན་གསུམ་བྱུང་ན་ཡང༌། །སྤུངས་ཤད་བཅར་བའི་ཚུལ་གྱིས་བརྟེན། །ཡིག་   རྡོག་གཉིས་སམ་གསུམ་མཐའ་རུ། །བྲིས་ཚེ་དེ་ཡི་དགོས་པ་སྟོར། །ལྷུག་པའི་རྣམ་གྲངས་སོ་སོ་   དང༌། །དོན་ཚན་ཕལ་ཆེར་མཐའ་དང་ནི། །བོད་པའི་སྐབས་ལ་ཆིག་ཤད་དེ། །རྫོགས་ཚིག་མཐའ་རུ་ཉིས་ཤད་འཐོབ། །སྡེ་ཚན་ཆེ་བ་རྫོགས་པ་དང༌། །ལེའུའི་མཚམས་སུ་བཞི་ཤད་འབྲི། །འོ་འུ་འམ་འང་ཚེག་བར་ནི། །རྐང་པ་ཚང་དང་མ་ཚང་བའི། །དབང་གིས་འཐོབ་ཚུལ་སྐབས་དང་སྦྱར། །
དེ་ཡང་དབུ་ཁྱུད་ལ་འབྲི་སྲོལ་མི་འདྲ་བ་ནི། ༄། ༄༅། ། ༄༅༅། ། ། །སོགས་ཡོད་ལ། ཆིག་ཤད་ནི ། ཉིས་ཤད ། ། བཞི་ཤད ། ། ། ། ཚེག་ཤད ༌། སྦྲུལ་ཤད ༈ རིན་ཆེན་སྤུངས་ཤད ༑ གཏེར་ ཚེག ༔བཅས་སོ། །
 
 
 
 
 

ས་བཅད་གཉིས་པ། དག་ཡིག་གི་སྐོར།

 

དག་ཡིག་ངག་སྒྲོན།

 
དཔལ་ཁང་ལོ་ཙཱ་བས་མཛད།
(ཀ嗍
ཀ་བ་ཀ་ར་ཀ་ཏོ་ར། །ཀ་ཅི་ཀ་མད་ཀ་རྐྱང་ཡིན། །དཀའ་ལས་དཀའ་ངལ་ད་དཀའ་དང༌། ། བཀའ་མོལ་བཀའ་སློབ་བ་བཀའ་འོ། །ཡུར་བུའི་རྐ་ནི་ར་རྐ་དང༌། །གོས་ཀྱི་སྐ་རགས་ས་སྐ་ཡིན། །ལམ་སོགས་བཀག་པ་བ་བཀག་ལ། །ལོ་ཡི་སྐག་ནི་ས་སྐག་ཡིན། །སྣོད་སོགས་ཆུས་བཀང་བ་བཀང་དང༌། །རྐང་ལག་གཞི་རྐང་ར་རྐང་ངོ༌། །སྐད་རིགས་སྐད་ཆ་ས་སྐད་དང༌། །སྐས་འཛེག་སྐས་ལ་ རྗེས་འཇུག་ས། །ཁ་ཡི་རྐན་ནི་ར་རྐན་ལ། །རྒྱུག་པས་བཀན་པ་བ་བཀན་ཡིན། །རྐང་ལག་སྐུམ་པ་ ས་སྐུམ་མོ། །ཁེབས་སོགས་བཀབ་པ་བ་འཕུལ་དང༌། །གནས་སྐབས་སྐབས་འཕྲལ་ས་སྐབས་    ཡིན། །ཉི་མར་སྐམ་པ་ས་སྐམ་མོ། །ཁ་དོག་དཀར་པོ་ད་དཀར་དང༌། །ནམ་མཁའི་སྐར་མ་ས་སྐར་ཡིན། །སྐལ་བཟང་ས་སྐལ་སྔོན་འཇུག་མེད། །དུས་ཀྱི་བསྐལ་བར་སྔོན་འཇུག་བ། །ཀུ་ཤུ་ཀུ་ཅོ་ཀ་ རྐྱང་དང༌། །ལུས་ཀྱི་སྐུ་ནི་ས་སྐུ་ལ། །རྐུན་མའི་རྐུ་ནི་ར་རྐུ་ཡིན། །ཤིང་སོགས་བཀུག་པ་བ་བཀུག་ དང༌། །ལྐུགས་པ་དག་ནི་ལ་སྐུགས་ཡིན། །སྐུད་པའི་སྐུད་ནི་ས་སྐུད་དོ། །རྫུན་རྐུབ་རྐུབ་སྟེགས་ར་ རྐུབ་ཡིན། །བརྩི་བཀུར་བཀུར་བསྟི་བ་བཀུར་དང༌། །སྐུར་མ་སྐུར་བ་ས་སྐུར་ཡིན། །ལས་ཀ་སྐུལ་ དང་སྐུལ་ལྕག་དང༌། །སྐུལ་སློང་བྱེད་སོགས་ས་སྐུལ་ལོ། །གཡག་ཀོ་ཕག་ཀོ་ཀ་རྐྱང་ངོ༌། །ལས་     གནས་བསྐོ་གཞག་ས་བསྐོ་དང༌། །ས་རྡོ་རྐོ་བ་ར་རྐོ་ཡིན། །ཡིག་སྐོགས་མར་སྐོགས་ས་སྐོགས་     དང༌། །ལྐོག་གཡོ་ལྐོག་གྱུར་ལ་ལྐོག་ཡིན། །སྣོད་སོགས་ཀོང་ཀོང་ཀ་ཀོང་དང༌། །ཚིག་རྐང་ཁ་སྐོང་ ས་སྐོང་ཡིན། །འབྱོར་ཐོ་བཀོད་དང་བཀོད་སྒྲིག་སོགས། །བ་བཀོད་ཡིན་པ་ཤེས་པར་བྱ། །ལམ་བུ་ཀྱག་ཀྱོག་འཕུལ་མེད་དང༌། །སྣོད་སོགས་བཀྱག་པར་བ་ཡི་འཕུལ། །མི་གཙང་སྐྱག་པ་ས་སྐྱག་   ཡིན། །སྐྱ་རེངས་སྐྱ་བར་མགོ་ཅན་ས། །ས་ཆ་ཀྱོང་ཀྱོང་ཀ་ཀྱོང་དང༌། །རྐང་ལག་རྐྱོང་དང་གདན་ རྐྱོང་གདན། །ར་རྐྱོང་ཡིན་པ་ཤེས་པར་བྱ། །དྲིན་གྱིས་སྐྱོང་བ་ས་སྐྱོང་ངོ༌། །གཞན་དུ་སྐྱེལ་བ་ས་ སྐྱེལ་ལོ། །ཁེར་རྐྱང་རྐྱང་པོ་ར་རྐྱང་ཡིན། །ཐག་པས་བཀྱིགས་པ་བ་བཀྱིགས་སོ། །གཡར་བའི་སྐྱིན་པ་ས་སྐྱིན་ཡིན། །དབུས་ཀྱི་དཀྱིལ་ནི་ད་དཀྱིལ་ལོ། །སྐྱུག་བྲོ་སྐྱུག་མེར་ས་སྐྱུག་ལ། །བྲོ་བ་སྐྱུར་དང་གཡང་ལ་སྐྱུར། །ས་སྐྱུར་ཡིན་པ་ཤེས་པར་བྱ། །དཀྱུས་རིང་དཀྱུས་མ་ད་དཀྱུས་ཡིན། །སྐྱེས་མ་    ལེགས་སྐྱེས་ས་སྐྱེས་དང༌། །རྒྱ་བསྐྱེད་ཐོན་སྐྱེད་རྗེས་འཇུག་ད། །དངོས་པོ་སྐྱེལ་བ་ས་སྐྱེལ་ལོ། །ཆ་ རྐྱེན་མཐུན་རྐྱེན་ར་རྐྱེན་ཡིན། །རྐང་པ་ཀྱོག་ཀྱོག་ཀ་ཀྱོག་དང༌། །རག་སྐྱོགས་ཚལ་སྐྱོགས་ས་སྐྱོགས་ཡིན། །རྒྱབ་སྐྱོར་ལག་སྐྱོར་ས་སྐྱོར་རོ། །ཉེས་སྐྱོན་གནོད་སྐྱོན་ས་སྐྱོན་ཡིན། །བཀྲག་མདངས་     བཀྲག་རྩི་བ་བཀྲག་དང༌། །འཇིགས་སྐྲག་དངངས་སྐྲག་ས་སྐྲག་ཡིན། །ལུས་པོ་སྐྲངས་པ་ས་སྐྲངས་སོ། །ནད་ཀྱི་སྐྲན་ནི་ས་སྐྲན་ལ། །དངོས་པོ་བཀྲམ་པ་བ་བཀྲམ་ཡིན། །སྐུད་པ་དཀྲི་དང་འགན་དཀྲི་བ། །ད་དཀྲི་ཡིན་བ་བློ་རུ་ངེས། །ཆུ་ལ་བཀྲུས་པ་བ་བཀྲུས་ཡིན། །ཁམ་སྡོང་སྤྲུགས་སོགས་ས་སྤྲུགས་དང༌། །ཕན་ཚུན་དཀྲུག་པ་ད་དཀྲུག་ཡིན། །འོ་ཞོ་དཀྲོག་པ་ད་དཀྲོག་གོ། །ཀླ་ཀློའི་ཀླ་ནི་ཀ་ཀླ་    དང༌། །གླ་ཆ་གླ་རྩི་ག་གླ་འོ། །བླ་མ་བླ་མེད་བླ་སྲོག་ནི། །བ་བླ་ཡིན་པ་ཤེས་པར་བྱ། །གར་སླའི་སླ་ དང་ལས་སླ་པོ། །སླ་ང་ལ་སོགས་ས་སླ་དང༌། །རྐང་པའི་བརླ་ཤ་ར་བརླ་ཡིན། །ཀླད་ཀོར་ཀླད་པ་ཀ་ཀླད་དང༌། །རྗེས་མའི་སླད་དང་སླད་སྐྱོན་ནི། །ས་སླད་ཡིན་པ་ངེས་དགོས་སོ། །ལྷ་ཀླུའི་ཀླུ་ནི་ཀ་ཀླུ་དང༌། །གླུ་གཞས་གླུ་དབྱངས་ག་གླུ་ཡིན། །བླུ་ཉོ་བླུ་ཡོན་བ་བླུ་དང༌། །གཞན་སེམས་སླུ་བ་ས་སླུའོ། །རི་ཀླུང་ཆུ་ཀླུང་ཀ་ཀླུང་དང༌། །རླུང་འཁོར་རླུང་ལངས་ར་རླུང་ངོ༌། །ཡི་གེ་ཀློག་པ་ཀ་ཀློག་དང༌། ། གློག་བརྙན་ལ་སོགས་ག་གློག་གོ། །མགོ་རྟིང་སློག་དང་ས་སློག་པ། །ས་ལ་ལ་བཏགས་ཡིན་པར་   ངེས། །
(ཁ嗍
ཁ་བ་ཁ་མཆུ་ཁ་རྐྱང་ཡིན། །ལག་གི་འཁར་རྒྱུག་འ་འཁར་དང༌། །མཁར་རྫོང་མཁར་ནི་མ་   མཁར་རོ། །རྫ་མཁན་ཡིག་མཁན་མ་མཁན་དང༌། །དྲི་བཟང་འཁན་པ་འ་འཁན་ཡིན། །བལ་    སོགས་འཁལ་བར་འ་འཕུལ་དང༌། །ལུས་ཀྱི་མཁལ་མར་མ་འཕུལ་ཡོད། །འབྲུ་ཁལ་ཁལ་མར་    འཕུལ་མེད་དོ། །ལྟག་ཁུང་ས་ཁུང་ཡང་འཇུག་མེད། །ལས་ཁུངས་འབྱུང་ཁུངས་ཡང་འཇུག་ཡོད། །རྐང་ལག་འཁུམ་པ་འ་འཁུམ་དང༌། །ཁུར་པོ་འཁུར་བ་འ་འཁུར་རོ། །གཏན་ལ་འཁེལ་བ་འ་     འཁེལ་ཡིན། །མཁོ་བྱེད་མཁོ་འདོན་མ་མཁོ་འོ། །ཁོང་ཁྲོ་ཁོང་ཚོར་ཡང་འཇུག་མེད། །མངའ་     ཁོངས་ཁོངས་གཏོགས་ཡང་འཇུག་ཡོད། །བདེ་བར་འཁོད་དང་ཡི་གེར་འཁོད༌། །འ་འཁོད་ཡིན་པ་ཤེས་པར་བྱ། ཁོ་ར་ཁོར་ཡུག་འཕུལ་མེད་དང༌། །འཁོར་ལོ་འཁོར་བར་འ་འཕུལ་ཡོད། །མི་    འཁྱམ་སྤྲང་འཁྱམ་འ་འཁྱམ་དང༌། །ཁང་པའི་ཁྱམས་ལ་སྔོན་འཇུག་མེད། །ཆུ་སོགས་འཁྱིལ་བ་འ་འཁྱིལ་ཡིན། །ལུས་པོ་འཁྱོར་བ་འ་འཁྱོར་རོ། །ཁ་དོག་ཁྲ་ཁྲ་ཁ་ཁྲ་དང༌། །ཕྲ་སྦོམ་ཕྲ་མོ་ཕྲ་ཞིབ་    སོགས། །ཕ་ཕྲ་ཡིན་པ་ཤེས་པར་བྱ། །ཤ་ཁྲག་ཟུངས་ཁྲག་ཁྲ་ཁྲག་དང༌། །དཔུང་པའི་ཕྲག་པ་ཕྲག་ དོག་ཅན། །ཕ་ལ་ར་བཏགས་ཡིན་པར་ངེས། ། ཁྲལ་རིགས་ཁྲལ་པ་ཁ་ཁྲལ་དང༌། །ཕན་ཚུན་ཕྲལ་བ་ཕ་ཕྲལ་ཡིན། །སྐབས་འཕྲལ་འཕྲལ་ལ་འ་འཕུལ་ཡོད། །གར་སོགས་འཁྲབ་པ་འ་འཁྲབ་དང༌། །གོ་ཆའི་ཁྲབ་ལ་སྔོན་འཇུག་མེད། །གྲངས་ཀྱི་ཁྲི་སྟོང་ཁ་ཁྲི་དང༌། །ལས་ཀའི་འགན་འཁྲི་འ་འཁྲི་ ཡིན། །འགོ་ཁྲིད་སློབ་ཁྲིད་རྗེས་འཇུག་ད། །འགྲམ་གྱི་འཁྲིས་ལ་རྗེས་འཇུག་ས། །སྒྲིག་ཁྲིམས་རྩ་ ཁྲིམས་ཁ་ཁྲིམས་སོ། །འཐབ་མོའི་འཁྲུག་ནི་ཁ་འཁྲུག་དང༌། །སློབ་ཕྲུག་བུ་ཕྲུག་མིང་གཞི་ཕ། །ནོར་བ་འཁྲུལ་བ་ཁ་འཁྲུལ་དང༌། །འཕྲུལ་འཁོར་འཕྲུལ་ཆས་ཕ་འཕྲུལ་ཡིན། །དངོས་པོ་མཁྲེགས་པོ་མ་མཁྲེགས་སོ། །ལྕགས་རིགས་ཁྲོ་དང་ཁོང་ཁྲོ་སོགས། །ཁ་ཁྲོ་ཡིན་ལ་སྔོན་འཇུག་མེད། །འོད་ཟེར་ འཕྲོ་དང་འཕྲོ་བརླག་སོགས། །ཕ་འཕྲོ་ཡིན་ལ་སྔོན་འཇུག་འ། །གཞན་ནོར་འཕྲོག་པ་ཕ་འཕྲོག་ དང༌། །གྲོད་ཁོག་འཁྲོག་པ་ཁ་འཁྲོག་ཡིན། །དུར་ཁྲོད་རི་ཁྲོད་དམངས་ཁྲོད་སོགས། །ཁ་ལ་ར་    བཏགས་ཡིན་པ་དང༌། །ལག་ཏུ་འཕྲོད་དང་འཕྲོད་བསྟེན་སོགས། །ཕ་འཕྲོད་ཡིན་ལ་སྔོན་འཇུག་འ། །
(ག嗍
    གུས་པ་གུས་ཞབས་རྗེས་འཇུག་ས། །ཉམས་རྒུད་དར་རྒུད་རྗེས་འཇུག་ད། །གོམ་བགྲོད་གོམ་སྟབས་ཡང་འཇུག་མེད། །གོམས་གཤིས་གོམས་འདྲིས་ཡང་འཇུག་ཡོད། །གྲངས་གནས་གྱ་གཅིག་གྱ་གཉིས་ནས། །གྱ་དགུ་ལ་སོགས་གྱ་རྐྱང་ངོ༌། །རྒྱ་མཚོ་རྒྱ་ལྕོག་རྒྱ་ཁྱོན་དང༌། །རྒྱ་བསྐྱེད་རྒྱ་ཕིབས་ར་མགོ་ཡོད། །གྲངས་ཀྱི་བརྒྱ་ལ་སྔོག་འཇུག་བ། །སློབ་གྲྭ་གྲྭ་པར་ཝ་ཟུར་ཡོད། །གྲ་རྒྱས་གྲ་སྒྲིག་སྙེ་མའི་གྲ། །པགས་སྤུའི་གྲ་ལ་ཝ་ཟུར་མེད། །སྐད་གྲགས་སྙན་གྲགས་ག་གྲགས་ཡིན། །ཞི་དྲག་དྲག་ ཞན་ད་དྲག་དང༌། །མཐོ་དྲགས་དམའ་དྲགས་མང་དྲགས་པ། །ཐལ་བའི་དྲགས་ལ་ཡང་འཇུག་ ཡོད། །བྲག་རྡོ་བྲག་ཕུག་བ་བྲག་ཡིན། །ཆུ་སོགས་གྲང་མོ་ག་གྲང་དང༌། །བགྲང་བྱའི་གྲངས་ལ་ཡང་འཇུག་ཡོད། །དྲང་པོ་དྲང་བཞག་ད་དྲང་དང༌། །ཟས་སོགས་དྲངས་པར་ཡང་འཇུག་ཡོད། །ཕོ་ བྲང་བླ་བྲང་བྲང་ཁོག་སོགས། །བ་བྲང་ཡིན་པས་ཤེས་པར་བྱ། གྲལ་བསྟར་གྲལ་རིམ་ག་གྲལ་    དང༌། །ཐོག་གི་དྲལ་མ་ད་དྲལ་ཡིན། །ཁ་བྲལ་ལྷུ་བྲལ་བ་བྲལ་ལོ། །རིམ་གྲས་ལ་སོགས་ག་གྲས་    དང༌། །རས་སོགས་དྲས་པ་ད་དྲས་ཡིན། །རལ་གྲི་གློ་གྲི་ག་གྲི་དང༌། །དྲི་བ་དྲི་མ་ད་དྲི་ལ། །ཡི་གེ་བྲི་རྒྱུ་བ་བྲི་ཡིན། །བསྐྱངས་པའི་དྲིན་ནི་ད་དྲིན་ནོ། །སྤྱང་གྲུང་གྲུང་ནི་ག་གྲུང་དང༌། །སྐུ་དྲུང་དྲུང་ ཡིག་ད་དྲུང་ཡིན། །སྒྲུང་གཏམ་སྒྲུང་དཔེར་ས་མགོ་ཡོད། །ཁྲོན་པ་བྲུས་པ་བ་བྲུས་དང༌། །ས་ལ་   དྲུས་པ་ད་དྲུས་ཡིན། །བརྩོན་འགྲུས་འགྲུས་ནི་ག་འགྲུས་སོ། །མགྲིན་པའི་གྲེ་བ་ག་གྲེ་དང༌། །འཇལ་བྱེད་བྲེ་ནི་བ་བྲེ་ཡིན། །གྲོ་ཞིབ་གྲོ་མ་ག་གྲོ་དང༌། །དྲོ་སྐྱིད་དྲོ་པོ་ད་དྲོ་འོ། །ཟས་ཀྱི་བྲོ་བ་འཁྲབ་བྱའི་བྲོ། །བ་བྲོ་ཡིན་པས་མ་ནོར་ཅིག །གྲོག་རོང་གྲོག་མར་ཡང་འཇུག་མེད། །གྲོགས་པོའི་གྲོགས་ལ་ ཡང་འཇུག་ཡོད། །གྲོང་ཁྱེར་གྲོང་གསེབ་ག་གྲོང་དང༌། །ཤི་བའི་གྲོངས་པར་ཡང་འཇུག་ཡོད། ། གྲོས་མོལ་ག་གྲོས་རྗེས་འཇུག་ས། །ལུས་ཀྱི་གྲོད་པར་རྗེས་འཇུག་ད། །ཉི་མའི་དྲོད་ནི་ད་དྲོད་     དང༌། །བྲོས་བྱོལ་བྲོས་ནི་བ་བྲོས་ཡིན། །གྲོན་ཆུང་འགྲོ་གྲོན་ག་གྲོན་ནོ། །གནད་འགག་འགག་སྒོར་སྔོན་འཇུག་འ། །གལ་འགངས་འགངས་ནི་འ་འགངས་དང༌། །རི་སྒང་སྒང་གཤོངས་ས་སྒང་ལ། །ལྒང་བུ་ལྒང་བཞུ་ལ་ལྒང་ཡིན། །གད་མོ་བགད་པ་བ་བགད་དང༌། །ལོ་ན་རྒས་པ་ར་རྒས་ཡིན། ། འགན་འཁུར་འགན་སྲུང་འ་འགན་དང༌། །དགེ་རྒན་རྒན་རབས་ར་རྒན་ནོ། །ལྕགས་སྒམ་ཤིང་ སྒམ་ས་སྒམ་ཡིན། །དགའ་སྤྲོ་དགའ་སྟོན་ད་དགའ་དང༌། །རྟ་སྒ་ཁལ་སྒ་ས་སྒ་ལ། །འགའ་ཤས་   འགའ་ཞིག་འ་འགའ་ཡིན། །ལྕགས་བཟོ་མགར་བ་མ་མགར་དང༌། ། དམག་སྒར་བཞུགས་སྒར་ས་སྒར་ཡིན། །སྒལ་པ་སྒལ་ཚིགས་ས་སྒལ་དང༌། །ཁྲིམས་འགལ་རྒྱབ་འགལ་འ་འགལ་ལ། །ཆུ་སོགས་རྒལ་བ་ར་རྒལ་ཡིན། །སེམས་པ་མགུ་བ་མ་མགུ་དང༌། །གྲངས་ཀྱི་དགུ་ནི་ད་དགུ་ཡིན། །ཉིན་     དགུང་དགུང་ལོ་ད་དགུང་ངོ༌། །དབྱར་དགུན་དགུན་ནི་ད་དགུན་དང༌། །ཤིང་ཏོག་རྒུན་འབྲུམ་ར་རྒུན་ནོ། །གཡོ་འགུལ་ལས་འགུལ་འ་འགུལ་དང༌། །མགྲིན་པའི་མགུལ་ནི་མ་མགུལ་ཡིན། །དགེ་ སྐྱོན་དགེ་ནི་ད་དགེ་དང༌། །ཁང་པའི་སྒེའུ་ཁུང་ས་སྒེ་ཡིན། །དགོང་མོ་དགོང་ཚོགས་ད་དགོང་   དང༌། །དགོངས་ཞུ་ཐུགས་དགོངས་ཡང་འཇུག་ཡོད། །ལམ་གྱི་འགྲུལ་པ་ག་འགྲུལ་དང༌། །སྲོག་ ཆགས་སྦྲུལ་ནི་བ་སྦྲུལ་ལོ། །བྱ་རྒོད་ས་རྒོད་རྟ་རྒོད་མ། །མི་རྒོད་ལ་སོགས་ར་མགོ་ཡོད། །འགྲུལ་   པའི་ལམ་རྒྱགས་ཤ་རྒྱགས་པར། །ཡང་འཇུག་ཡོད་ལ་སྔོན་འཇུག་མེད། །གཡོ་སྒྱུ་སྒྱུ་མ་ས་སྒྱུ་དང༌། །ནང་ཁྲོལ་རྒྱུ་མ་ར་རྒྱུ་ཡིན། །སྒྱུར་བཅོས་ཡིག་སྒྱུར་ས་སྒྱུར་དང༌། །འབྱུང་འགྱུར་ཉམས་འགྱུར་འ་ འགྱུར་ཡིན། །མི་རྒྱུད་རིགས་རྒྱུད་རྗེས་འཇུག་ད། །ལོ་རྒྱུས་ལམ་རྒྱུས་རྗེས་འཇུག་ས། །སྒྲ་གདངས་སྒྲ་སྙན་ས་སྒྲ་དང༌། །དགྲ་བོའི་དགྲ་ནི་ད་དགྲ་ཡིན། །འདེམས་སྒྲུག་སྒྲུག་ནི་ས་སྒྲུག་དང༌། །འབྲུག་སྐད་འབྲུག་པ་འ་འབྲུག་ཡིན། །མིང་ཚིག་འགྲེལ་བཤད་མིང་གཞི་ག །མཉམ་དུ་འབྲེལ་བར་མིང་གཞི་བ། །འབྲས་དང་འབྲས་བུ་མིང་གཞི་བ། །ཞེ་འགྲས་འཁོན་འགྲས་མིང་གཞི་ག །གླང་ཆེན་བ་གླང་ག་གླང་དང༌། །བླང་བྱ་བླང་དོར་བ་བླང་ཡིན། །
(ང嗍
 བང་མི་མངགས་པ་མ་མངགས་དང༌། །བསྔགས་བརྗོད་བསྟོད་བསྔགས་ས་བསྔགས་ཡིན། ། དངངས་སྐྲག་དངངས་འཚབ་ད་དངངས་སོ། །སྟེར་བའི་རྔན་པ་ར་རྔན་ནོ། །འདོད་རྔམ་ཟིལ་ རྔམ་ར་རྔམ་ཡིན། །མངའ་ཁོངས་མངའ་ཐང་མངའ་འབངས་དང༌། །ཐུགས་ལ་མངའ་བ་མ་    མངའ་ལ། །གྲངས་ཀྱི་ལྔ་ནི་ལ་ལྔ་དང༌། ། རྔ་དང་རྔ་མ་ར་རྔ་ཡིན། །སྔ་དྲོ་སྔ་མོ་ས་སྔ་འོ། །བྲོ་བ་   མངར་བ་མ་མངར་དང༌། །ཚར་དུ་དངར་བ་ད་དངར་ཡིན། །སྔས་མགོའི་སྔས་ནི་ས་སྔས་དང༌། ། སྟོན་ཐོག་བརྔས་པ་ར་བརྔས་སོ། །ལུས་ཀྱི་རྔུལ་ཆུ་ར་རྔུལ་དང༌། །གསེར་དངུལ་དངུལ་ལོར་ད་   དངུལ་ཡིན། །ཡོས་སོགས་རྔོ་བ་ར་རྔོ་དང༌། །ཁ་དོག་སྔོ་བ་ས་སྔོ་ཡིན། །གྲི་ཡི་དངོ་ནི་ད་དངོ་འོ། ། མངོན་སུམ་མངོན་གསལ་མ་མངོན་དང༌། །དུས་ཀྱི་སྔོན་མ་ས་སྔོན་ཡིན། །རི་དྭགས་རྔོན་པ་ར་   རྔོན་ནོ། །དངོས་འབྲེལ་དངོས་གཞི་དངོས་ཡོད་དང༌། །དངོས་པོ་ལ་སོགས་ད་དངོས་ཡིན། །
(ཅ嗍
རྟ་ལྕག་སྐུལ་ལྕག་ལ་ལྕག་དང༌། །ལྕགས་དང་ལྕགས་རིར་ཡང་འཇུག་ཡོད། །རྫ་སོགས་བཅག་ པ་བ་བཅག་གོ །ཡིད་ལ་བཅངས་པ་བ་བཅངས་དང༌། །ལྕང་ལོ་ལྕང་མ་ལ་ལྕང་ཡིན། །རིག་པ་སྤྱང་དང་སྤྱང་ཀི་ལ། །ས་ཡི་མགོ་ཅན་ཡོད་པར་ཤེས། །ཤིང་སོགས་བཅད་པར་བ་འཕུལ་དང༌། །བརྟག་དཔྱད་དཔྱད་གཞི་ད་དཔྱད་ཡིན། །གཅན་གཟན་གཅན་ནི་ག་འཕུལ་དང༌། །སྤྱན་བསྟར་སྤྱན་ གཟིགས་ས་མགོ་ཅན། །སྤུན་མཆེད་ལྕམ་སྲིང་ཁང་པའི་ལྕམ། །ལྕམ་ཆུང་ལ་སོགས་ལ་ལྕམ་ཡིན། །རྡོ་གཅལ་པང་གཅལ་ག་གཅལ་ལོ། །ཕྱུགས་ཀྱི་ལྕི་བ་ལ་ལྕི་དང༌། །ལུས་ཀྱི་དཔྱི་མགོ་ད་དཔྱི་ལ། །སྤྱི་རྫས་སྤྱི་ཚོགས་ས་སྤྱི་ཡིན། །ཁ་ཅིག་ལྷན་ཅིག་ཆབས་ཅིག་དང༌། །སྐད་ཅིག་ལ་སོགས་འཕུལ་མེད་ ཅིང༌། །གྲངས་ཀྱི་གཅིག་ལ་ག་འཕུལ་ཡོད། །ཐག་པས་བཅིངས་པ་བ་བཅིངས་སོ། །དྲི་ཆུ་གཅིན་པ་ག་གཅིན་དང༌། །སྦྱོར་བྱེད་སྤྱིན་ནི་ས་སྤྱིན་ཡིན། །གྲངས་ཀ་བཅུ་ལ་བ་འཕུལ་ཡོད། །སུམ་ཅུ་དྲུག་ ཅུ་བདུན་ཅུ་དང༌། །བརྒྱད་ཅུ་བཅས་ལ་བ་འཕུལ་མེད། །ཅུང་ཟད་ཅུང་ལ་འཕུལ་མེད་དང༌། །   གཅུང་པོ་གཅུང་མོར་ག་འཕུལ་ཡོད། །ཟས་བཅུད་རོ་བཅུད་བ་འཕུལ་དང༌། །ཆུ་སོགས་གཅུས་པ་ག་འཕུལ་ཡིན། །ཁའི་ལྕེ་མེ་ལྕེ་ལ་ལྕེ་འོ། །གཅེས་སྐྱོང་གཅེས་སྤྲས་ག་གཅེས་ཡིན། །ལས་ཀ་ལྕོགས་ དང་མི་ལྕོགས་ནི། །ལ་ལྕོགས་ཡིན་ལ་ཡང་འཇུག་ཡོད། །ཁང་པའི་ལྕོག་དང་མགོ་ལྕོག་ལྕོག །ལ་ ལྕོག་ཡིན་ལ་ཡང་འཇུག་མེད། །གཟུགས་པོ་གཅོང་པོ་ག་གཅོང་དང༌། །སྦལ་ཕྲུག་ལྕོང་མོ་ལ་ལྕོང་ ཡིན། །དོན་གཅོད་མཚམས་གཅོད་ག་གཅོད་དང༌། །བཟོ་བཅོས་སྨན་བཅོས་བ་བཅོས་སོ། །བེད་ སྤྱོད་ཀུན་སྤྱོད་ས་སྤྱོད་ཡིན། །དགྲ་བོ་བཅོམ་དང་འཕྲོག་བཅོམ་སོགས། །བ་ཡིས་འཕུལ་བ་ཤེས་ པར་བྱ། །བཅའ་ཁྲིམས་བཅའ་སྡོད་བ་འཕུལ་དང༌། །དཔྱ་ཁྲལ་ད་འཕུལ་ཡིན་པར་ངེས། །
(ཆ嗍
    ཆ་རྐྱེན་ཆ་ཚང་ཆ་རྐྱང་དང༌། །འཕྱ་སྨོད་འཕྱ་ནི་འ་འཕྱ་ཡིན། །ཆག་སྐྱོན་ཆག་སྒོར་ཡང་     འཇུག་མེད། །སེམས་ཆགས་ཆགས་སྡང་ཡང་འཇུག་ཡོད། །གད་སྙིགས་ཕྱགས་དང་ཕྱགས་མ་ནི། །ཕ་ཕྱགས་ཡིན་ལ་ཡང་འཇུག་ཡོད། །ལག་པའི་ཕྱག་དང་ཕྱག་བྲིས་སོགས། །ཡང་འཇུག་མེད་པ་ ངེས་དགོས་སོ། །བཏུང་བྱའི་ཆང་ལ་འཕུལ་མེད་དང༌། །ལག་པས་འཆང་བར་འ་འཕུལ་ཡོད། ། སྐུད་པ་ཆད་དང་ཆད་ལྷག་དང༌། །སྔོན་ཆད་ཕྱིན་ཆད་རྗེས་འཇུག་ད། །ལྟོ་ཆས་འཕྲུལ་ཆས་རྗེས་ འཇུག་ས། །མིག་གི་མཆི་མ་མ་མཆི་དང༌། །མི་རྟག་འཆི་བ་འ་འཆི་འོ། ཕྱི་རྒྱལ་ཕྱི་ནང་ཕ་ཕྱི་ཡིན། །འདུམ་འགྲིགས་ཆིངས་ཡིག་ཆ་ཆིངས་དང༌། །ཕྱིང་ཞྭ་ཕྱིང་གུར་ཕ་ཕྱིང་ཡིན། །གཙང་མར་ཕྱིས་པ་རྗེས་འཇུག་ས། །གངས་འཕྱིད་འཁྱགས་འཕྱིད་རྗེས་འཇུག་ད། །ཁ་ཡི་མཆིལ་མ་བྱིའུ་མཆིལ་པ། ། མ་འཕུལ་ཡིན་པ་བློ་རུ་ངེས། །རྦ་རླབས་ཆིལ་ཆིལ་སྔོན་འཇུག་མེད། །ནང་ཁྲོལ་མཆིན་པ་མ་མཆིན་དང༌། །ལམ་དུ་ཕྱིན་དང་མཐར་ཕྱིན་པ། །ཕྱིན་ཅི་ལོག་སོགས་ཕ་ཕྱིན་ནོ། །གྱོན་བྱའི་ཕྱུ་པ་ཕ་ཕྱུ་ དང༌། །གཙང་ཆུ་རྒྱུགས་ཆུ་ཆུ་རྐྱང་ལ། །གྱོད་གཞི་ཁ་མཆུ་ཁ་ཡི་མཆུ༌། །མ་མཆུ་ཡིན་པ་བློ་རུ་ངེས། །ཕྱུག་པོའི་ཕྱུག་ལ་ཡང་འཇུག་མེད། །སྒོ་ཕྱུགས་ཕྱུགས་ལ་ཡང་འཇུག་ཡོད། །ཁ་ནང་མཆེ་བ་མ་མཆེ་དང༌། །རྒྱགས་ཕྱེ་སྨན་ཕྱེ་ཕྱེ་མ་ལེབ། །ཕ་ཕྱེ་ཡིན་པ་ངེས་དགོས་སོ། །ཆེད་མངགས་ཆེད་བརྗོད་ཆ་ རྐྱང་དང༌། །ཤ་ཉེ་སྤུན་མཆེད་མ་མཆེད་ཡིན། །ཕྱེད་ཀའི་ཕྱེད་ནི་ཕ་ཕྱེད་དོ། གསེར་འོད་ཆེམ་ཆེམ་ཡང་འཇུག་མེད། །འཆི་ཁའི་ཁ་ཆེམས་ཡང་འཇུག་ཡོད།ཆོག་དང་མི་ཆོག་འཕུལ་མེད་དང༌། །    ལེགས་པའི་མཆོག་ལ་མ་འཕུལ་ཡོད། །ཁ་ཕྱོགས་ཕྱོགས་ལྷུང་ཕྱོགས་སྡོམ་སོགས། །ཕ་ཕྱོགས་ཡིན་པ་ཤེས་པར་བྱ། །དབྱེ་བ་ཆོད་སོགས་རྗེས་འཇུག་ད། ཁྱད་ཆོས་ཆོས་ལུགས་རྗེས་འཇུག་ས། །ལས་ཕྱོད་ཕྱོད་ནི་ཕ་ཕྱོད་ཡིན། །ཇ བཏུང་བྱའི་ཇ་ནི་ཇ་རྐྱང་དང༌། །ནམ་མཁའི་བྱ་ནི་བ་བྱ་ཡིན། ཇི་ ལྟར་ཇི་སྲིད་ཇ་ཇི་དང༌། །བྱི་བ་བྱི་ལ་བ་བྱི་ཡིན། །ཇེ་མང་ཇེ་ཞན་ཇེ་རྐྱང་དང༌། །གྲངས་གནས་བྱེ་ བ་བྱེ་ཐང་སོགས། །བ་བྱེ་ཡིན་པས་ཤེས་པར་བྱ། །ངོ་མཇལ་མཇལ་དར་མ་མཇལ་དང༌། །ཁྲལ་   སོགས་འཇལ་བ་འ་འཇལ་ཡིན། །འཇིག་རྟེན་འཇིག་ལ་ཡང་འཇུག་མེད། །འཇིགས་སྐྲག་ཆུས་   འཇིགས་ཡང་འཇུག་ཡོད། །ལུས་ཀྱི་མཇིང་པ་མ་མཇིང་ངོ༌། །མཇུག་མ་མཇུག་སྒྲོ་མ་འཕུལ་དང༌། །རྗེས་སུ་འཇུག་པ་འ་འཕུལ་ཡིན། །དགོངས་འཇགས་བདེ་འཇགས་འ་འཇགས་དང༌། །རོ་འཛིན་ལྗགས་ནི་ལ་ལྗགས་སོ། །འཇིམ་བརྙན་འཇིམ་བཟོ་འ་འཇིམ་མོ། །ལྟོ་ཆས་འཇུ་དང་ལག་པས་    འཇུ། །ཁྱི་ཤིག་འཇུ་བ་འ་འཇུ་ཡིན། །བོད་ལྗོངས་ཡུལ་ལྗོངས་ལ་ལྗོངས་དང༌། །གཟུགས་དབྱིབས་འཇོང་འཇོང་འ་འཇོང་ཡིན། །འགྲུལ་པ་འབྱོར་བ་འ་འབྱོར་རོ། །རྗེད་ངས་རྗེད་ཐོར་རྗེས་འཇུག་ད། །བྱས་རྗེས་སྔོན་རྗེས་རྗེས་འཇུག་ས། །དངོས་པོ་བརྗེས་པར་སྔོན་འཇུག་བ། སེམས་ཀྱིས་བརྗེད་པར་རྗེས་འཇུག་ད། །ལོ་ཏོག་ལྗང་པ་མདོག་ལྗང་ཁུ། །ལ་ལྗང་ཡིན་པ་ཤེས་པར་བྱ། །ལྗིད་ཚད་ལྗིད་འདེགས་ལ་ལྗིད་དང༌། །བརྗིད་ཆགས་གཟི་བརྗིད་ར་བརྗིད་ཡིན། །
(ཉ嗍
ཆུ་ནང་ཉ་མོ་ཉ་རྐྱང་དང༌། རྐང་པའི་ཉྭ་ལ་ཝ་ཟུར་ཡོད། །ཉམ་ཆུང་ཉམ་ཐག་ཡང་འཇུག་    མེད། །ཉམས་འགྱུར་ཉམས་རྒུད་ཉམས་མྱོང་དང༌། །ཉམས་ལེན་སོགས་ལ་ཡང་འཇུག་ཡོད། །   སྙན་ངག་སྙན་གྲགས་སྒྲ་སྙན་པོ། སྙན་སྒྲོན་ལ་སོགས་ས་སྙན་དང༌། གཟུགས་བརྙན་ར་བརྙན་བ་འཕུལ་ཡོད། །མཇིང་པའི་གཉའ་དང་གཉའ་གནོན་དང༌། །གཉའ་ཤིང་ལ་སོགས་ག་གཉའ་འོ། ། དོ་མཉམ་འདྲ་མཉམ་མཉམ་ལས་ཁང༌། །མ་མཉམ་ཡིན་པ་ཤེས་པར་བྱ། །ཆང་སོགས་བསྙལ་བ་ས་བསྙལ་ལོ། །ཉལ་བའི་གཉིད་ལ་རྗེས་འཇུག་ད། །གྲངས་ཀ་གཉིས་ལ་རྗེས་འཇུག་ས། །ཀོ་བ་མཉེད་པར་རྗེས་འཇུག་ད། །དགའ་བའི་མཉེས་ལ་རྗེས་འཇུག་ས། །ལུས་སོགས་མཉེན་པོ་མ་འཕུལ་    དང༌། །དགྲ་གཉེན་གཉེན་ཚན་ག་འཕུལ་ཡིན། །ཅ་ལག་རྙིང་པ་ར་རྙིང་ལ། །ནང་ཁྲོལ་སྙིང་དང་ སྙིང་རུས་དང༌། །སྙིང་གཏམ་སྙིང་རྗེ་ས་སྙིང་ཡིན། །དུས་ཀྱི་སྙིགས་དང་གད་སྙིགས་སོགས། །ས་ སྙིགས་ཡིན་པ་ཤེས་པར་བྱ། །
(ཏ嗍
པོ་ཏ་ལ་ནི་ཏ་རྐྱང་དང༌། །འཇིག་རྟེན་ལྟ་བ་ལ་ལྟ་ལ། །ཅང་ཤེས་རྟ་ནི་ར་རྟ་ཡིན། །ཤིང་གཅོད་སྟ་རེ་ས་སྟ་འོ། །ཁྱི་སོགས་བཏགས་པ་བ་བཏགས་དང༌། རྒྱལ་རྟགས་རྟགས་མཚན་ར་རྟགས་    ཡིན། །ལྟག་ཁུང་ལྟག་སྒོ་ལ་ལྟག་དང༌། །གཅན་གཟན་སྟག་དང་ཤིང་སྟག་མ། །ས་སྟག་ཡིན་པས་མ་ནོར་ཅིག །ནན་ཏན་ཡོན་ཏན་འཕུལ་མེད་དང༌། །ལས་ཀ་གཏན་འཁེལ་དུས་གཏན་དུ། །ག་     གཏན་ཡིན་པ་ཤེས་པར་བྱ། །སྲ་ཞིང་བརྟན་པ་ར་བརྟན་དང༌། །སངས་རྒྱས་བསྟན་པ་མིག་ལ་   བསྟན། །ས་བསྟན་ཡིན་པ་ཤེས་པར་བྱ། །སྦྱིན་པ་བཏང་དང་རླངས་འཁོར་བཏང༌།བཏང་སྙོམས་ལ་སོགས་བ་བཏང་ངོ༌། །གདན་སོགས་བཏིང་བ་བ་བཏིང་དང༌། །རྒྱ་མཚོའི་གཏིང་ནི་ག་གཏིང་ ངོ༌། །སྔ་རྟིང་རྐང་རྟིང་ར་རྟིང་ཡིན། །ཁྲིམས་ལ་གཏུགས་དང་མཐར་གཏུགས་པ། །ཐོད་པ་      གཏུགས་སོགས་ག་གཏུགས་དང༌། །འོག་རླུང་རྟུག་དྲི་ར་རྟུག་ལ། །ནགས་ཚལ་སྟུག་པོ་ས་སྟུག་   ཡིན། །ཇ་ཆང་བཏུངས་པ་བ་བཏུངས་སོ། །སྐབས་བསྟུན་སྟབས་བསྟུན་ས་བསྟུན་ཡིན། །ཉེས་ཅན་གཏེ་པོ་གཟུགས་གཏེ་པོ། །ག་གཏེ་ཡིན་པ་ཤེས་དགོས་ལ། །ལུས་ཀྱི་ལྟེ་བ་ལ་ལྟེ་ཡིན། །གོང་དུ་     བཏེགས་པ་བ་བཏེགས་དང༌། །ཀ་སྟེགས་རྐུབ་སྟེགས་ས་སྟེགས་ཡིན། །འཇིག་རྟེན་རྟེན་འབྲེལ་ར་རྟེན་དང༌། །སྨན་པ་བསྟེན་སོགས་ས་བསྟེན་ཡིན། །ལྕགས་གཏེར་ལ་སོགས་ག་གཏེར་རོ། །ཁོངས་སུ་གཏོགས་པ་ག་གཏོགས་དང༌། །རྟོག་ཞིབ་རྟོག་དཔྱོད་ར་རྟོག་ལ། །གོ་རྟོགས་ཤེས་རྟོགས་ཡང་ འཇུག་ཡོད། །བང་མི་གཏོང་སོགས་ག་གཏོང་དང༌། །གྲངས་ཀྱི་སྟོང་སོགས་ས་སྟོང་ཡིན། །སྟོད་ སྨད་སྟོད་ཐུང་ས་སྟོད་དང༌། །བསྟོད་བསྔགས་གཟེངས་བསྟོད་སྔོག་འཇུག་བ། །གསར་གཏོད་   རྒྱབ་གཏོད་ག་གཏོད་དང༌། །ཉིན་མཚན་ལྟོས་མེད་ལ་ལྟོས་ཡིན། །སངས་རྒྱས་སྟོན་པ་སློབ་སྟོན་ དང༌། །དུས་ཀྱི་སྟོན་ཁ་སྟོན་ཐོག་སོགས། །སྟོན་མོ་ལ་སོགས་ས་སྟོན་ནོ། །བློ་སྟོབས་སྟོབས་འབྱོར་ས་སྟོབས་ཡིན། །གཏོར་བརླགས་གཏོར་བཤིག་ག་གཏོར་རོ། །
(ཐ嗍
ཐ་ཤལ་ཐ་མ་ཐ་སྙད་དང༌། །ཐ་ཐོར་ལ་སོགས་ཐ་རྐྱང་ཡིན། །མཐའ་མཚམས་མཐའ་འཁྱོལ་མ་ཡིས་འཕུལ། །ཐག་པ་ཐག་ཉེ་འཕུལ་མེད་དང༌། །སྣམ་བུ་འཐག་དང་རྩམ་པ་འཐག །འཁལ་     འཐག་ལ་སོགས་འ་འཕུལ་ཡོད། །ཐབས་ཤེས་ཐབས་རྡུགས་ཡང་འཇུག་དང༌། །ཐབ་ཚང་ཐབ་ ཀར་ཡང་འཇུག་མེད། །དགྲ་ལ་འཐབ་པ་འ་འཐབ་ཡིན། །ཆུ་ཡི་ཐིགས་པར་ཡང་འཇུག་ཡོད། ། ཐིག་ཚད་ཐིག་ཤིང་ཡང་འཇུག་མེད། །ཐག་པ་འཐེན་པ་འ་འཐེན་ནོ། །མུན་པ་འཐིབ་པར་འ་   འཕུལ་ཡོད། །ཕན་ཚུན་ཐུག་ཕྲད་ཡང་འཇུག་མེད། །ཐུགས་དགོངས་ཐུགས་བསུན་ཡང་འཇུག་ ཡོད། །གོས་སོགས་མཐུག་པོར་སྔོན་འཇུག་མ། །ལས་ཀ་འཐུས་ཚང་འཐུས་ཤོར་དང༌། །ཚབ་ཀྱི་ འཐུས་མི་འ་འཐུས་ཡིན། །ཆད་ནས་མཐུད་པ་མ་མཐུན་དང༌། །བཟའ་བྱའི་ཐུད་ལ་སྔོན་འཇུག་ མེད། །ཐོ་རེངས་ཐོ་བ་ཐ་རྐྱང་དང༌། །ལག་པའི་མཐོ་དང་མཐོ་ཚད་ནི། །མ་མཐོ་ཡིན་པ་ངེས་     དགོས་སོ། །ཁང་པའི་ཐོག་དང་དུས་ཐོག་མར། །ཡང་འཇུག་སྔོན་འཇུག་གང་ཡང་མེད། །ལག་ཏུ་ཐོགས་པར་ཡང་འཇུག་ཡོད། །ཞིང་ཆས་ཐོང་གཤོལ་ཐ་རྐྱང་དང༌། །མིག་གིས་མཐོང་བར་མ་    འཕུལ་ཡོད། །ཕྱོགས་ཐོན་ཐོན་སྐྱེད་འཕུལ་མེད་དང༌། །རི་བོ་མཐོན་པོར་མ་ཡིས་འཕུལ། །རྣ་བར་ཐོས་པ་རྗེས་འཇུག་ས། །མགོ་བོའི་ཐོད་པར་རྗེས་འཇུག་ད། །
(ད嗍
    སྡུག་བསྔལ་སྡུག་རུས་ས་སྡུག་གོ། །ཁང་པའི་གདུང་མ་ག་གདུང་དང༌། །མཚོན་ཆ་མདུང་ནི་མ་མདུང་ལགས། །རྡུང་རྡེག་ཉེས་རྡུང་ར་རྡུང་ཡིན། །དུད་འགྲོ་དུད་ཚང་རྗེས་འཇུག་ད། །དུས་ཚོད་ནམ་དུས་རྗེས་འཇུག་ས། །གྲལ་གྱི་མདུན་ནི་མ་འཕུལ་དང༌། །སེམས་ཀྱི་འདུན་པར་འ་འཕུལ་   ཡོད། །བདེ་ཐང་བདེ་སྐྱིད་བ་བདེ་དང༌། །ཡུལ་སྡེ་སྡེ་ཚན་ས་སྡེ་འོ། །རྗེས་འདེད་སྐུལ་འདེད་འ་   འཕུལ་དང༌། །མེ་མདའི་མདེལ་ནི་མ་འཕུལ་ཡིན། །གྱང་གི་ལྡེབས་ནི་ལ་ལྡེབས་དང༌། །སྡེབ་སྦྱོར་ མཉམ་སྡེབ་ས་སྡེབ་ཡིན། །ཤིང་གི་འདབ་མ་འ་འདབ་དང༌། །རི་ཡི་འདབས་ལ་ཡང་འཇུག་ཡོད། །གྲངས་ཀྱི་ལྡབ་ནི་ལ་ལྡབ་ཡིན། །ཚེ་འདས་དུས་འདས་འ་འདས་དང༌། །ས་ལ་བསྡད་པ་ས་བསྡད་ཡིན། །ལུང་པའི་མདའ་དང་འཕེན་བྱའི་མདའ། །མ་ཡིས་འཕུལ་བ་ཤེས་པར་བྱ། །ནམ་མཁར་   ལྡིང་བ་ལ་ལྡིང་དང༌། །ས་ཆའི་སྡིངས་ནི་ས་སྡིངས་ཡིན། །མེ་ཏོག་ལྡུམ་རྭར་ལ་ལྡུམ་དང༌། །བར་ འདུམ་འདུམ་འགྲིག་འ་འདུམ་ཡིན། །རྒྱ་མ་དོ་དང་འབྲུ་དོ་པོ། །དོ་ཟླ་བྲལ་བ་ད་རྐྱང་ངོ༌། །བྲག་རྡོ་གཏེར་རྡོ་ར་རྡོ་དང༌། །ལུང་པའི་མདོ་ནི་མ་མདོ་ཡིན། །ཚོན་གྱི་མདོག་ནི་མ་འཕུལ་དང༌། །མིང་ སོགས་འདོགས་པ་འ་འཕུལ་ཡིན། །ལྕགས་མདོང་ཇ་མདོང་མ་འཕུལ་དང༌། །ངོ་གདོང་གདོང་ ལེན་ག་ཡིས་འཕུལ། །ཤིང་གི་སྡོང་པོ་ས་སྡོང་ཡིན། །འདོད་ཡོན་རེ་འདོད་འ་འཕུལ་དང༌། །སྡོད་ གནས་སྡོད་ཁང་ས་སྡོད་ཡིན། །ཡི་གེ་འདོན་པ་འ་འདོན་དང༌། །གདོན་འདྲེའི་གདོན་ནི་ག་གདོན་ཡིན། །འཇལ་ཚད་འདོམ་ལ་ཡང་འཇུག་མེད། །བཀོད་འདོམས་འདོམས་ལ་ཡང་འཇུག་ཡོད། ། གྲངས་ཀ་བསྡོམས་པ་ས་བསྡོམས་ཡིན། །
(ན嗍
    གནའ་དུས་གནའ་ནི་ག་གནའ་དང༌། །མནའ་མའི་མནའ་ནི་མ་མནའ་ཡིན། །ཉན་བྱེད་རྣ་བ་ར་རྣ་དང༌། །སྣ་ཚོགས་སྣ་ཁུང་ས་སྣ་འོ། །ཁ་དོག་ནག་པོར་ཡང་འཇུག་མེད། །ནགས་ཚལ་ནགས་ ལ་ཡང་འཇུག་ཡོད། །གནག་ཕྱུགས་གནག་སེམས་ག་གནག་དང༌། །སྣག་ཚ་སྣག་བུམ་ས་སྣག་    ཡིན། །བཀའ་མོལ་གནང་སོགས་ཡང་འཇུག་མེད། །གནངས་ཉིན་གནངས་དགོང་ཡང་འཇུག་ ཡོད། །ཞིང་གི་རྣང་མར་ར་རྣང་དང༌། །སེམས་ཀྱི་སྣང་བར་ས་སྣང་ཡིན། །གནད་འགག་གནད་ དོན་རྗེས་འཇུག་ད། །གནས་སྐབས་གནས་ཚུལ་རྗེས་འཇུག་ས། །འོག་ཏུ་མནན་པར་མ་མནན་ དང༌། །གྲངས་ཀ་བསྣན་པར་ས་བསྣན་ཡིན། །ནམ་མཁའ་ནམ་ཞིག་ཡང་འཇུག་མེད། །བསོད་   ནམས་ནམས་ལ་ཡང་འཇུག་ཡོད། །རྣམ་གྲངས་རྣམ་འགྱུར་ཡང་འཇུག་མེད། །མང་པོའི་རྣམས་ ལ་ཡང་འཇུག་ཡོད། །གནམ་གྲུ་གནམ་གཤིས་ག་གནམ་དང༌། །གྱོན་ཆས་སྣམ་བུར་ས་སྣམ་ཡིན། །ནད་ཀྱིས་མནར་བར་མ་མནར་དང༌། །མཇུག་མ་བསྣར་བར་ས་བསྣར་རོ། །མནོ་བསམ་མནོ་ནི་མ་མནོ་དང༌། །གྲི་ཡི་རྣོ་ནི་ར་རྣོ་ཡིན། །གནོད་སྐྱོན་གནོད་འཚེར་ག་འཕུལ་དང༌། །ཟས་སྣོད་ཆང་   སྣོད་ས་མགོ་ཡོད། །གཉའ་གནོན་གནོན་ཤུགས་ག་གནོན་དང༌། །ཁ་སྣོན་ཤུགས་སྣོན་ས་སྣོན་    ཡིན། །
(པ嗍
རེས་གཟའ་པ་སངས་པ་རྐྱང་དང༌། །རི་ཤིང་སྤ་མ་སྐྲའི་སྤ་ལོ། །པ་ལ་ས་ཡི་མགོ་ཅན་ཡོད། ། དཔའ་བོ་དཔའ་མོར་ད་འཕུལ་ལོ། །སྟག་ལྤགས་གཟིག་ལྤགས་ལ་ལྤགས་དང༌། །བཟའ་བྱའི་    སྤགས་ནི་ས་སྤགས་ཡིན། །པང་གདན་པང་ལེབ་པ་རྐྱང་དང༌། །སྤང་རི་སྤང་གཤོངས་ས་སྤང་ལ། །སྤངས་བླང་སྤངས་ལ་ཡང་འཇུག་ཡོད། །དཔང་པོའི་དཔང་ནི་ད་དཔང་དང༌། །མཐོ་དམའི་    དཔངས་ལ་ཡང་འཇུག་ཡོད། །འབྲུ་སོགས་སྤུངས་པ་ས་སྤུངས་དང༌། །ཕྲག་པའི་དཔུང་དང་    དམག་དཔུང་ནི། །ད་དཔུང་ཡིན་པ་བློ་རུ་ངེས། །རྐང་པའི་པུས་མོར་པ་རྐྱང་དང༌། །དངོས་པོའི་ སྤུས་ཀ་ས་སྤུས་ཡིན། །རེས་གཟའ་སྤེན་པ་ས་སྤེན་ནོ། །དར་སྤེལ་ལེགས་སྤེལ་ས་སྤེལ་ཡིན། །ཡི་གེ་ དཔོད་པ་ད་དཔོད་དང༌། །གནས་སོགས་སྤོས་པར་ས་སྤོས་ཡིན། །
(ཕ嗍
    ཕག་དང་ས་ཕག་ཕག་རྐྱང་དང༌། །ཁྱད་དུ་འཕགས་པར་འ་འཕགས་ཡིན། །ཕངས་སེམས་ ཕངས་ལ་འཕུལ་མེད་དང༌། །མདའ་སོགས་འཕངས་པར་འ་འཕུལ་ཡོད། །ཕར་ཕྱོགས་ཕར་རྒོལ་སྔོན་འཇུག་མེད། །གྲངས་འབོར་འཕར་བར་སྔོན་འཇུག་ཡོད། །བྲག་ཕུག་ཕུག་རོན་ཡང་འཇུག་ མེད། །ཕུགས་བསམ་ཕུགས་རེར་ཡང་འཇུག་ཡོད། །ཕུར་བུ་ལྕགས་ཕུར་སྔོན་འཇུག་མེད། །ནམ་ མཁར་འཕུར་བར་སྔོན་འཇུག་འ། །ཕྱག་ཏུ་ཕུལ་བར་སྔོན་འཇུག་མེད། །སྔོན་འཇུག་འཕུལ་ཡིག་འ་འཕུལ་ཡོད། །གོང་འཕེལ་འཕེལ་རྒྱས་འ་འཕེལ་ལོ། །བང་མི་ཕོ་ཉར་ཕ་རྐྱང་དང༌། །ལས་ཀའི་ འཕོ་འགྱུར་འ་འཕོ་ཡིན། ཕོག་ཐུག་ཕོག་ལ་ཡང་འཇུག་མེད། །གླ་ཕོགས་ཕོགས་ལ་ཡང་འཇུག་ ཡོད། །རླུང་འཕྲིན་འཕྲིན་ཡིག་འཕྲིན་ལས་སོགས། །འ་འཕུལ་ཡོད་མེད་གདམ་ང་འོ། །
(བ嗍
    དབུ་སྐྲ་དབུ་བརྙེས་ད་ཡིས་འཕུལ། །ཨུ་ཚུགས་ཨུ་ནི་ཨུ་རྐྱང་ཡིན། གཡང་གཟར་གཡང་ལུག་ག་གཡང་དང༌། །ཡི་གེའི་དབྱངས་དང་གླུ་དབྱངས་ནི། །ད་དབྱངས་ཡིན་པ་ཤེས་པར་བྱ། །དུས་ཀྱི་དབྱར་ནི་ད་དབྱར་དང༌། །དངོས་པོ་གཡར་བར་ག་གཡར་ཡིན། །གཟུགས་ཀྱི་དབྱིབས་ནི་ད་    དབྱིབས་སོ། །བག་གཡེང་ལྷོད་གཡེང་ག་གཡེང་ངོ༌། །མངའ་འབངས་སྤྱི་འབངས་འ་འབངས་   དང༌། །ཆང་གི་སྦང་མར་ས་སྦང་ངོ༌། །ཐོན་འབབ་ཡོང་འབབ་འ་འབབ་དང༌། །རི་ཡི་རྦབ་རྡོར་ར་རྦབ་ཡིན། །འབོད་སྐུལ་འབོད་སྒྲར་འ་འབོད་དང༌། །གྲོད་ཁོག་སྦོས་པར་ས་སྦོས་ཡིན། །གྲངས་ཀྱི་འབོར་ནི་འ་འབོར་རོ། །ཆུ་ཡི་རྦ་རླབས་ར་རྦ་དང༌། །ཤིང་རིགས་སྦ་ནི་ས་སྦ་ལ། །སྐེ་ཡི་ལྦ་བར་ལ་ ལྦ་ཡིན། །ཆུ་ཡི་ལྦུ་བར་ལ་ལྦུ་དང༌། །འབུ་སྲིན་འབུ་ནི་འ་འབུ་ཡིན། །བློ་ཐག་རྦད་བཅད་ར་རྦད་ དང༌། །འབད་བརྩོན་འབད་འབུངས་འ་འབད་ལ། །དངོས་པོ་སྦས་པར་ས་སྦས་ཡིན། །ཕྱི་ལ་    འབུད་པར་འ་འབུད་དང༌། །མེ་གཏོང་སྦུད་པར་ས་སྦུད་ཡིན། །ཆར་ཟིམ་སྦྲང་ཆར་འབུ་སྦྲང་མ། །ས་སྦྲང་ཡིན་པ་བློ་རུ་ངེས། །
(མ嗍
ལྟ་བྱེད་མིག་ལ་རྗེས་འཇུག་ག །མགྲིན་པའི་མིད་པར་རྗེས་འཇུག་ད། མེས་རྒྱལ་མེས་པོར་རྗེས་འཇུག་ས། །ཡོད་མེད་མེད་ལ་རྗེས་འཇུག་ད། ། དམག་དཔུང་དམག་ནི་ད་དམག་དང༌། །མུན་པའི་སྨག་རུམ་ས་སྨག་གོ །དམངས་གཙོའི་དམངས་ནི་ད་དམངས་དང༌། །རྨང་གཞིའི་རྨང་ནི་ར་རྨང་ཡིན། །མཆོག་དམན་དམན་ཤར་ད་དམན་དང༌། །སྨན་པ་སྨན་བཅོས་ས་སྨན་ཡིན། །ངོ་མཚར་ རྨད་བྱུང་ར་རྨད་དང༌། །ལུས་ཀྱི་སྨད་སོགས་ས་སྨད་ཡིན། །རིམ་པ་དམའ་དང་དམའ་འབེབས་ དང༌། །རིན་གོང་དམའ་སོགས་ད་འཕུལ་ཡོད། །རྨ་དང་རྨ་བྱར་ར་རྨ་དང༌། །སྐད་ཆ་སྨྲ་བར་ས་སྨྲ་ཡིན། །ཉལ་བའི་རྨི་ལམ་ར་རྨི་འོ། །དམིགས་ཡུལ་དམིགས་བསལ་ད་དམིགས་དང༌། །རྟ་ཡི་རྨིག་ པར་ར་རྨིག་ཡིན། །ལོ་ཏོག་སྨིན་པར་ས་སྨིན་ནོ། །ཁྱི་ཡིས་རྨུགས་པར་ར་རྨུགས་དང༌། །ཚོས་གཞི་ སྨུག་དང་སྨུག་པ་ནི། །ས་སྨུག་ཡིན་པས་མ་ནོར་ཅིག །ས་ཞིང་རྨོ་བ་ར་རྨོ་ལགས། །རྨོངས་པ་མགོ་ རྨོངས་ར་རྨོངས་སོ། །སྨོན་ཚིག་སྨོན་འདུན་ཡིད་སྨོན་ནི། །ས་སྨོན་ཡིན་པས་ཤེས་པར་བྱ། །
(ཙ嗍
གཙང་མ་གཙང་ཆུར་སྔོན་འཇུག་ག །བཀའ་བཙན་ཁུངས་བཙན་བཙན་ཤེད་དང༌། །བཙན་འཛུལ་སོགས་ལ་བ་འཕུལ་ཡོད། །ཕྲན་ཙམ་ལེགས་ཙམ་ཙ་རྐྱང་དང༌། །བཟའ་བྱའི་རྩམ་པར་ར་ རྩམ་ཡིན། །རྩ་བ་རྩ་རྒྱུས་ར་རྩ་དང༌། །གཟན་རྩྭའི་རྩྭ་ལ་ཝ་ཟུར་ཡོད། །གླ་རྩི་སྦྲང་རྩིར་འཕུལ་མེད་དང༌། བརྩི་བཀུར་བརྩི་འཇོག་བ་འཕུལ་ཡོད། །གཡག་གི་རྩིད་པར་རྗེས་འཇུག་ད། །གྲངས་ཀྱི་   རྩིས་ལ་རྗེས་འཇུག་ས། །མགོ་བོའི་སྤྱི་གཙུག་ག་གཙུག་དང༌། །ཤིང་སོགས་བཙུགས་པ་བ་བཙུགས་ཡིན། །བཙུན་པ་བཙུན་མོར་བ་བཙུན་ནོ། །ཚིག་རྩུབ་གདུག་རྩུབ་ར་རྩུབ་ཡིན། །རི་ཡི་རྩེ་མོ་ར་རྩེ་ དང༌། །བརྩེ་དུང་བརྩེ་བར་བ་འཕུལ་ཡོད། །གཙོ་བོ་གཙོ་འཛིན་ག་གཙོ་དང༌། །གསེར་སྦྱང་བཙོ་མ་བ་བཙོ་ཡིན། །བཙོན་པ་བཙོན་ར་བ་བཙོན་དང༌། །བརྩོན་འགྲུས་སྦྱང་བརྩོན་ར་བརྩོན་ཡིན། །
(ཚ嗍
ཉི་མ་ཚ་དང་སྤུན་ཚ་བོ། །ན་ཚ་ལ་སོགས་ཚ་རྐྱང་ངོ༌། །བཟའ་བྱའི་ཚྭ་ལ་ཝ་ཟུར་ཡོད། །ལུས་ཀྱི་མཚང་རར་མ་འཕུལ་དང༌། །ཁྱིམ་ཚང་དུད་ཚང་འཕུལ་མེད་ཅིང༌། །གོས་ཀྱི་བར་འཚང་འ་འཕུལ་ཡིན། །རྟགས་མཚན་མཚན་མོ་མ་མཚན་དང༌། །སྡེ་ཚན་ནང་ཚན་སྔོན་འཇུན་མེད། །ཚབས་ཆེ་ གནོད་ཚབས་ཡང་འཇུག་ཡོད། །སྐྱིན་ཚབ་ངོ་ཚབ་ཡང་འཇུག་མེད། །བྲེལ་འཚབ་འཚབ་ནི་འ་ འཚབ་བོ། །ངོ་མཚར་མཚར་སྡུག་མ་མཚར་དང༌། །ལས་ཀ་ཚར་བར་སྔོན་འཇུག་མེད། །ལས་ཀ་ མཚམས་འཇོག་མཚམས་སྤྲིན་དང༌། །བར་མཚམས་ལ་སོགས་མ་མཚམས་ཡིན། །རིང་ཐུང་འཚམ་པ་འ་འཚམ་མོ། །ཚོས་གཞི་མཚལ་ཀར་སྔོན་འཇུག་མ། །ནགས་ཚལ་སྐྱེད་ཚལ་སྔོན་འཇུག་མེད། །ལྷུ་ཚིགས་ཚིགས་ལ་ཡང་འཇུག་ཡོད། །མིང་ཚིག་ཚིག་ལ་ཡང་འཇུག་མེད། །མེ་ཡིས་འཚིགས་པ་འ་འཚིགས་སོ། །གྲོང་པ་ཁྱིམ་མཚེས་མ་མཚེས་དང༌། །ཚེས་གྲངས་ཚེས་ལ་སྔོན་འཇུག་མེད། །ཕྱུགས་ཟོག་འཚོ་བ་འ་འཚོ་དང༌། །རྒྱ་མཚོའི་མཚོ་ནི་མ་མཚོ་འོ། །མཚོན་ཆ་མཚོན་རྟགས་མ་མཚོན་     དང༌། །ཚོན་རྩི་ཚོན་ཁྲར་སྔོན་འཇུག་མེད། །ཐེ་ཚོམ་ཚོམ་བུར་འཕུལ་མེད་དང༌། །དགོངས་པ་    འཚོམ་པར་འ་འཕུལ་ཡོད། །
(ཛ嗍
མཛའ་བརྩེ་མཛའ་མཐུན་མ་མཛའ་དང༌། །རྫ་ཁོག་རྫ་གཡམ་ར་རྫ་ཡིན། །མཁས་མཛངས་ མཛངས་མར་མ་འཕུལ་དང༌། །ལག་པ་འཛངས་པ་འ་འཛངས་ཡིན། །མཛད་འཕྲིན་མཛད་རྗེས་མ་མཛད་དང༌། །འཛད་སྤྲོད་འཛད་སྤྱོད་འ་འཛད་ཡིན། །འཐབ་འཛིང་འཛིང་ནི་འ་འཛིང་    དང༌། །ཆུ་ཡི་རྫིང་བུ་ར་རྫིང་ཡིན། །ལག་ཏུ་འཛིན་དང་འཁོན་འཛིན་ནི། །འ་འཛིན་ཡིན་པ་ཤེས་ པར་བྱ། །རྫུ་འཕྲུལ་ན་རྫུར་ར་རྫུ་དང༌། །རྫུན་གཏམ་རྫུན་པ་རྗེས་འཇུག་ན། །ཞལ་འཛུམ་འཛུམ་ དམུལ་འ་འཛུམ་མོ། །ནང་དུ་འཛུལ་བ་འ་འཛུལ་ཡིན། །ཟས་སོགས་འཛེམ་པ་འ་འཛེམ་མོ། །    མཛེས་པོ་མཛེས་སྡུག་མ་མཛེས་དང༌། །གོས་སོགས་བརྫེས་པ་ར་བརྫེས་ཡིན། །མཛོ་དང་མཛོ་མོ་མ་མཛོ་འོ། །ཡོངས་སུ་རྫོགས་པ་ར་རྫོགས་ཡིན། །ཆུ་མཛོད་མཛོད་ཁང་མ་མཛོད་ལ། །མཉམ་དུ་    འཛོམ་པ་འ་འཛོམ་ཡིན། །
(ཝ嗍
ཝ་སྐྱེས་ཝ་ལེར་ཝ་རྐྱང་ངོ༌། །
(ཞ嗍
   རྐང་ལག་ཞ་བོ་ཞ་རྐྱང་དང༌། །མགོ་ཡི་ཞྭ་མོར་ཝ་ཟུར་ཡོད། །ཉིན་ཞག་ཞག་ཚིར་ཡང་འཇུག་ མེད། །ཐག་པའི་ཞགས་པར་ཡང་འཇུག་ཡོད། །ས་ལ་བཞག་པ་བ་བཞག་དང༌། །སློབ་གསོའི་བྱ་ གཞག་ག་གཞག་གོ །མེ་ཏོག་བཞད་པ་བ་བཞད་དང༌། །གླུ་གཞས་གཞས་ནི་ག་གཞས་ཡིན། །སྤུས་ཀ་ཞན་པར་སྔོན་འཇུག་མེད། །རང་གཞན་གཞན་ལ་སྔོན་འཇུག་ག །ཞར་བྱུང་ཞར་ཞོར་སྔོན་ འཇུག་མེད། །སྐྲ་སོགས་བཞར་བར་སྔོན་འཇུག་བ། །ཞི་དྲག་ཞི་བདེར་སྔོན་འཇུག་མེད། གྲོས་གཞི་རྨང་གཞིར་སྔོན་འཇུག་ག །མདའ་ཡི་གཞུ་ནི་ག་གཞུ་དང༌། །མར་ཁུ་བཞུ་བ་བ་བཞུ་ཡིན། །ལམ་གྱི་གཞུང་དང་སྲིད་གཞུང་སོགས། །ག་གཞུང་ཡིན་པ་བློ་རུ་ངེས། །ཉི་མ་བཞུད་པ་བ་བཞུད་དང༌། ། ལྕག་ཚན་གཞུས་པ་ག་གཞུས་ཡིན། །གདན་ནས་བཞེངས་པ་བ་བཞེངས་དང༌། །ཁ་ཞེང་ཞེང་ལ་ སྔོན་འཇུག་མེད། །ཕྱག་ཏུ་བཞེས་པར་རྗེས་འཇུག་ས། །དགོངས་པའི་བཞེད་པར་རྗེས་འཇུག་ད། །ཟས་རིགས་ཞོག་ཁོག་ཡང་འཇུག་མེད། །སྔ་དྲོའི་ཞོགས་པར་ཡང་འཇུག་ཡོད། །བཤུ་གཞོག་ཤིང་གཞོག་སྔོན་འཇུག་ག །གཞོགས་འདེགས་གཞོགས་ལ་ཡང་འཇུག་ཡོད། །ས་ཆ་ཞོང་ཞོང་སྔོན་   འཇུག་མེད། །ཤིང་གཞོང་ལ་སོགས་སྔོན་འཇུག་ག །རྟ་སོགས་བཞོན་པར་བ་བཞོན་དང༌། །ན་སོ་གཞོན་པར་ག་གཞོན་ནོ། །
(ཟ嗍
ཁོང་ཁྲོ་ཟ་དང་ཟ་མ་དང༌། །ཟ་རུ་ལ་སོགས་ཟ་རྐྱང་ཡིན། །གཟའ་འཁོར་གཟའ་འཛིན་ག་    གཟའ་དང༌། །བཟའ་ཚང་ན་བཟའ་བ་བཟའ་ཡིན། །ལྕགས་རིགས་ཟངས་ལ་འཕུལ་མེད་དང༌། ། མི་བཟང་ལས་བཟང་བ་འཕུལ་ཡོད། །ཚེ་སོགས་ཟད་པར་རྗེས་འཇུག་ད། །ཁ་ཟས་ཟས་ལ་རྗེས་ འཇུག་ས། །སེམས་ལ་གཟན་པ་ག་གཟན་དང༌། །ནང་ཟན་མར་ཟན་འཕུལ་མེད་ཡིན། །གཟབ་ མཆོར་གཟབ་རྒྱས་ག་གཟབ་དང༌། །གཏིང་ཟབ་ཟབ་བརླིང་སྔོན་འཇུག་མེད། །ཆང་གིས་བཟི་བ་བ་བཟི་དང༌། །གཟི་བརྗིད་མིག་གཟིར་ག་གཟི་ཡིན། ། གཅན་གཟན་གཟིག་ལ་ཡང་འཇུག་མེད། །སྤྱན་གྱི་གཟིགས་པར་ཡང་འཇུག་ཡོད། །སྐྲ་སོགས་ཟིང་པར་སྔོན་འཇུག་མེད། །གྲུ་གཟིངས་     གཟིངས་ལ་སྔོན་འཇུག་ག གཟིམ་ཁང་གཟིམ་ཤག་ག་གཟིམ་དང༌། །ཆར་ཟིམ་རླུང་ཟིམ་སྔོན་   འཇུག་མེད། །གཟུགས་བརྙན་གཟུགས་དབྱིབས་སྔོན་འཇུག་ག །ན་ཟུག་ཟུག་ལ་སྔོན་འཇུག་    མེད། །ཐབས་ཤེས་ཟུང་འབྲེལ་ཡང་འཇུག་མེད། །ལུས་ཀྱི་ཟུངས་ཁྲག་ཡང་འཇུག་ཡོད། །མེ་ཏོག་ ཟེ་འབྲུ་ཟེ་རྐྱང་ངོ༌། །ཉི་མའི་འོད་ཟེར་འཕུལ་མེད་དང༌། །ལྕགས་གཟེར་ཟུག་གཟེར་སྔོན་འཇུག་ ག །གཟེངས་ཐོན་སྤུ་གཟེངས་ག་གཟེངས་སོ། །བཟོ་ལས་བཟོ་པ་བ་བཟོ་དང༌། །དྲིན་དུ་གཟོ་བ་ག་གཟོ་ཡིན། །ཤིང་བཟོའི་གཟོང་ནི་ག་འཕུལ་དང༌། །ནོར་གྱི་ཟོང་ནི་འཕུལ་མེད་ཡིན། །བཟོད་སྒོམ་བཟོད་བསྲན་བ་བཟོད་དང༌། །ད་གཟོད་གཟོད་ནི་ག་གཟོད་ཡིན། །
(འ嗍
   འོད་ཟེར་འོད་མདངས་རྗེས་འཇུག་ད། །འོས་འགན་འོས་བབ་རྗེས་འཇུག་ས། །ཡིད་དུ་འོང་ བར་ཡང་འཇུག་མེད། །མ་འོངས་འོངས་ལ་ཡང་འཇུག་ཡོད། །
(ཡ嗍
 ཁུར་པོ་ཡང་པོར་ཡང་འཇུག་མེད། །གུ་ཡངས་ཡངས་ལ་ཡང་འཇུག་ཡོད། ། ཡམ་མེ་ཡོམ་མེར་ཡང་འཇུག་མེད། །ནད་ཡམས་སོགས་ལ་ཡང་འཇུག་ཡོད། །ཡི་གེ་ཡི་རངས་ཡི་རྐྱང་དང༌། །བོད་ ཡིག་རྒྱ་ཡིག་རྗེས་འཇུག་ག །ཡོང་འབབ་ཡོང་རྐྱེན་ཡང་འཇུག་མེད། ། ཡོངས་རྫོགས་ཡོངས་ཁྱབ་ཡང་འཇུག་ཡོད། །ཡོད་མེད་ཡོད་ལ་རྗེས་འཇུག་ད། །གྲོ་ཡོས་ནས་ཡོས་རྗེས་འཇུག་ས། །
(ར嗍
ར་ལུག་ར་སྤྲོད་ར་རྐྱང་དང༌། །ཕྱུགས་ཀྱི་རྭ་ཅོར་ཝ་ཟུར་ཡོད། །རག་ཤན་རག་སྐྱོགས་ཡང་   འཇུག་མེད། །ཆུ་རགས་རགས་ལ་ཡང་འཇུག་ཡོད། །རིག་གནས་རིག་གཞུང་ཡང་འཇུག་མེད། ། མི་རིགས་ལས་རིགས་ཡང་འཇུག་ཡོད། །གོ་རིམ་རིམ་ལ་ཡང་འཇུག་མེད། །ནད་རིམས་རིམས་ལ་ཡང་འཇུག་ཡོད། །
(ལ嗍
ལ་ཀླུང་ལ་རྒྱར་ལ་རྐྱང་དང༌། །གྱོན་གོས་ལྭ་བར་ཝ་ཟུར་ཡོད། །རྗེས་ཟློས་ལད་མོར་རྗེས་འཇུག་ད། ལས་དོན་ལས་ཀ་རྗེས་འཇུག་ས། ། ར་ལུག་ལུག་ལ་ཡང་འཇུག་མེད། །ལུགས་སྲོལ་ལུགས་ལ་ ཡང་འཇུག་ཡོད། །ཁ་ལུད་སྣ་ལུད་ཞིང་ཁའི་ལུད། །ཐུག་པ་ལུད་པར་རྗེས་འཇུག་ད། །གཟུགས་ པོའི་ལུས་དང་རྗེས་སུ་ལུས། །རྗེས་འཇུག་ས་ཡིན་བློ་རུ་ངེས། །ལོག་ལྟ་ལོག་སྤྱོད་ཡང་འཇུག་མེད། ། ལོགས་སྐད་ལོགས་བཞག་ཡང་འཇུག་ཡོད། །ལོང་བའི་ལོང་ལ་ཡང་འཇུག་མེད། །ལོངས་སྤྱོད་   ལོངས་ལ་ཡང་འཇུག་ཡོད། །
 
(ཤ嗍
ཚག་ཤ་ལུག་ཤར་ཤ་རྐྱང་དང༌། །ཤྭ་འོད་ཤྭ་བར་ཝ་ཟུར་ཡོད། །ཤིང་སོགས་གཤགས་པ་ག་    གཤགས་དང༌། །འགྱོད་བཤགས་བཤགས་ནི་བ་བཤགས་སོ། །ཡིག་ཤད་བལ་ཤད་རྗེས་འཇུག་ད། །ཆ་ཤས་འགའ་ཤས་རྗེས་འཇུག་ས། །སྒོ་ཡི་ཤམ་བུར་སྔོན་འཇུག་མེད། །གཤམ་འོག་གཤམ་གསལ་ག་གཤམ་དང༌། །སྟོན་མོ་བཤམས་པ་བ་བཤམས་ཡིན། །ལུས་པོའི་ཤིག་ལ་སྔོན་འཇུག་མེད། །གྱང་སོགས་བཤིགས་པར་སྔོན་འཇུག་བ། །ཞིང་ས་གཤིན་པོ་ག་གཤིན་ནོ། །དཔུང་པ་མཉམ་གཤིབས་ག་གཤིབས་ཡིན། །ཤིང་རིགས་ཤུག་པར་ཡང་འཇུག་མེད། །སྟོབས་ཤུགས་སེམས་ཤུགས་ཡང་   འཇུག་ཡོད། །ཕྱུགས་ཀྱི་ཤ་ཤེད་རྗེས་འཇུག་ད། །ཤེས་བྱ་ཤེས་ཡོན་རྗེས་འཇུག་ས། །ཡུལ་གྱི་གཤེད་མ་ག་གཤེད་དང༌། །གཉེན་བཤེས་མཛའ་བཤེས་བ་བཤེས་ཡིན། །ཤོག་བུའི་ཤོག་ལ་སྔོན་འཇུག་ མེད། །བྱ་ཡི་གཤོག་པར་སྔོན་འཇུག་ག །ཡག་ཤོས་སྡུག་ཤོས་རྗེས་འཇུག་ས། །སྟེང་ཤོད་ཤོད་ལ་ རྗེས་འཇུག་ད། །གྲབས་གཤོམ་ལྐོག་གཤོམ་ག་གཤོམ་ཡིན། །ཐོང་གཤོལ་ལྕགས་གཤོལ་ག་གཤོལ་ དང༌། །གོམ་པ་ཕྱི་བཤོལ་བ་བཤོལ་ཡིན། །
(ས嗍
ས་བོན་ས་བཀྲ་ས་རྐྱང་དང༌། །སྲ་བརྟན་སྲ་མཁྲེགས་ར་བཏགས་ཡོད། །སང་ཉིན་སང་ལ་ཡང་འཇུག་མེད། །མུན་པ་སངས་ལ་ཡང་འཇུག་ཡོད། །ཡོ་བསྲང་བས་འཕུལ་ར་བཏགས་དང༌། །བྲེ་ སྲང་སྲང་ལམ་འཕུལ་མེད་ཡིན། །གཉིད་སད་སད་སེར་འཕུལ་མེད་དང༌། །ལུག་སོགས་བསད་ པར་བ་འཕུལ་ཡོད། །ཁ་གསབ་གུན་གསབ་ག་གསབ་དང༌། །རྟ་ཡི་སྲབ་དང་གདན་སྲབ་པོ། །ས་ལ་ར་བཏགས་ཡོད་པར་ཤེས། །གསལ་བསྒྲགས་གསལ་ནི་ག་གསལ་དང༌། །དམིགས་བསལ་བསལ་ ནི་བ་བསལ་ཡིན། །སྲིན་བལ་འབུ་སྲིན་རྗེས་འཇུག་ན། །སྤུན་མཆེད་སྲིང་མོར་རྗེས་འཇུག་ང༌། ། ལྷགས་བསིལ་བསིལ་གྲིབ་བ་བསིལ་དང༌། །སིལ་མ་སིལ་ཚོང་སྔོན་འཇུག་མེད། །སུ་ཞིག་སུ་འདྲར་འཕུལ་མེད་དང༌། །དགའ་བསུ་ཕེབས་བསུར་བ་འཕུལ་ཡོད། །རུལ་སུང་སུང་ནི་ས་རྐྱང་སུང༌། །སྒོ་སྲུང་ཉེན་སྲུང་སྲུང་སྐྱོབ་སོགས། །ས་ལ་ར་བཏགས་ཡོད་པར་ཤེས། །བཀའ་མོལ་གསུང་ནི་ག་    གསུང་དང༌། །དྲི་བསུང་བསུང་ནི་བ་བསུང་ཡིན། །ཡི་གེ་བསུབ་པ་བ་བསུབ་དང༌། །སེར་ཁའི་   སྲུབས་དང་ཇ་སྲུབས་མར། །ས་ལ་ར་བཏགས་ཡོད་པར་ཤེས། །གྲངས་ཀྱི་གསུམ་ནི་ག་གསུམ་    དང༌། །སུམ་ཅུ་སུམ་བརྒྱར་སྔོན་འཇུག་མེད། །རི་དྭགས་སེང་གེར་སྔོན་འཇུག་མེད། །གུང་གསེང་བར་གསེང་སྔོན་འཇུག་ག །གྲོང་གསེབ་ནགས་གསེབ་ག་གསེབ་བོ། །ཁ་དོག་སེར་དང་སེར་སྣ་ ཆེ། །སྲུབས་ཀྱི་སེར་ཁ་ས་རྐྱང་ཡིན། །རིན་ཆེན་གསེར་དང་སྨན་གསེར་ཏིག །ག་ཡིས་འཕུལ་བ་ ཤེས་པར་བྱ། །ཆ་གསེས་ནང་གསེས་ག་གསེས་དང༌། །བལ་སོགས་བསེད་པ་བ་བསེད་ཡིན། །སོ་ དང་སོ་ནམ་ས་རྐྱང་དང༌། །གསོ་སྐྱོང་སེམས་གསོར་ག་འཕུལ་ཡོད། །ལག་པའི་སོག་པ་སོག་ལེ་   དང༌། །སོག་རིགས་ལ་སོགས་ཡང་འཇུག་མེད། །མང་ཚིག་སོགས་ལ་ཡང་འཇུག་ཡོད། །བླ་སྲོག་ཚེ་སྲོག་སྲོག་ཤིང་ལ། །ས་ལ་ར་བཏགས་ཡོད་པར་ཤེས། །ནར་སོན་མཐར་སོན་འཕུལ་མེད་དང༌། ། འཆི་གསོན་གསོན་ལ་ག་འཕུལ་ཡོད། །ཐེ་ཚོམ་སོམ་ཉིར་སྔོན་འཇུག་མེད། །ཤིང་རིགས་གསོམ་ལ་སྔོན་འཇུག་ག །ཤིང་སོལ་རྡོ་སོལ་སྔོན་འཇུག་མེད། །གསོལ་རས་གསོལ་སྟོན་སྔོན་འཇུག་ག །
(ཧ)
ཧ་ཅང་ཧ་ལམ་ཧ་རྐྱང་དང༌། །ཧྭ་ཤང་ཧྭ་ལ་ཝ་ཟུར་ཡོད། །ཡི་གེ་ཧྲལ་ཧྲལ་རྩབས་ཧྲལ་སོགས། །ཧ་ལ་ར་བཏགས་ཡོད་པར་ཤེས། ། ལྕགས་ཧྲེང་མི་ཧྲེང་ཡང་འཇུག་མེད། །ཀོ་བ་ཧྲེངས་པར་ཡང་འཇུག་ཡོད། །ལྷག་པར་ལྷག་མར་ཡང་འཇུག་མེད། །རླུང་བུའི ལྷགས་པར་ཡང་འཇུག་ཡོད། །   འདྲེས་ལྷད་ལྷད་ལ་རྗེས་འཇུག་ད། །ལྷས་མའི་ལྷས་ལ་རྗེས་འཇུག་ས། །
(ཨ)
ཉོན་ཨང་གསོན་ཨང་བྲིས་ཨང་སོགས། །རྗེས་འཇུག་ཡོད་པར་མ་ནོར་གཅེས། །སྒྲ་མཚུངས་གོ་སླའི་དག་ཡིག་འདི། །བློ་གསར་རྣམས་ཀྱི་ཆེད་དུ་བསྒྲིགས། །དགེའོ། ། ། །
 
 
 
 
 

ས་བཅད་གསུམ་པ། མངོན་བརྗོད་ཀྱི་སྐོར།

 

མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས།

 
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །གཙུག་ན་ཟླ་བ་རང་བྱུང་པད་དཀར་མིག །སྤྲིན་ལ་ཞོན་དང་མ་   གཉིས་ཀརྟཱི་ཀ །མེ་ཟླུམ་ཆ་གཏེར་གཙུག་གི་ནོར་བུའི་ཁྲིར། །ཞབས་སེན་འགོད་མཛད་ཟས་     གཙང་སྲས་ལ་འདུད། །མཚན་དཔེའི་དཔལ་འབར་ཟླ་ཞུན་ཕུང་པོའི་སྐུ། །ཨིནྡྲ་ནཱི་ལའི་ཟུར་ཕུད་ལྔས་མཛེས་པ། །ཅུང་ཟད་དྲན་པ་ཡིས་ཀྱང་རྨོངས་པའི་མུན། །ཕམ་མཛད་གསུང་གི་དབང་ཕྱུག་ལ་ཕྱག་འཚལ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས་ཀྱི་གླུ། །རྒྱུད་མང་སྒྲ་ལས་དྲངས་ནས་སྙན་པའི་དཔྱིད། །འཇོ་མཛད་དྲི་ཟའི་སྒེག་མོ་དབྱངས་ཅན་མས། །མི་ཟད་སྤོབས་པའི་དངོས་པོ་དེང་    འདིར་སྩོལ། །འཁོར་འདས་བརྟན་གཡོའི་དངོས་པོ་རེ་རེར་ཡང༌། །བརྡ་དང་ཐ་སྙད་མིང་ཚུལ་ མཐའ་ཡས་ཕྱིར། །སར་གནས་དཔའ་བོ་ཁོ་ནའི་སྤྱོད་ཡུལ་ལས། །ཉམ་ཆུང་བྱིས་བློའི་གཞལ་བྱ་ག་ལ་ཡིན། །འོན་ཏེ་འབབ་ཆུའི་རྒྱུན་ལས་ཆ་ཤས་ཙམ། །བཏུངས་ཀྱང་སྐྱེས་བུའི་སྐོམ་སྲེད་སེལ་བ་ ལྟར། །མངོན་བརྗོད་རྒྱ་མཚོའི་དབུས་ནས་ཆུ་ཐིགས་ཙམ། །ཐོས་བརྩོན་ཀུ་ཤའི་རྩེ་མོས་བླངས་ཏེ་བརྗོད། །
   རྒྱལ་བ་བདེ་གཤེགས་ལྷ་རྣམས་དང༌། །ཕྱོགས་དང་ནམ་མཁའ་གཟའ་རྒྱུ་སྐར། །དུས་དང་   བསྐལ་པ་ཡན་ལག་བཅས། །མཐོ་རིས་སྡེ་ཚན་འདིར་བཤད་བྱ། །ཁ་སྦྱོར་བདུན་ལྡན་རིགས་    བརྒྱའི་བདག །དྲུག་པ་རྡོ་རྗེ་འཆང་གི་མཚན། །རྒྱལ་བ་བདེ་གཤེགས་ཀུན་མཁྱེན་དང༌། །རྣམ་   འདྲེན་དཔལ་སྟུག་རྐང་གཉིས་གཙོ། །གཉིས་མེད་གསུང་དང་བཅོམ་ལྡན་འདས། །སྟོབས་བཅུ་ མངའ་བ་སངས་རྒྱས་མཚན། །བུ་རམ་ཤིང་པ་ཉི་མའི་གཉེན། །གཽ་ཏ་མ་དང་ཟས་གཙང་སྲས། །མི་མཇེད་བདག་པོ་ཤཱཀྱའི་རྒྱལ། །ལྷ་ཡི་ལྷ་རྣམས་ཤཱཀ་ཐུབ་མཚན། །རྒྱལ་སྲས་རྒྱལ་བའི་མྱུ་གུ་དང༌། །འཕགས་མཆོག་བྱང་སེམས་སྤྱི་ཡི་མཚན། །རྒྱལ་ཚབ་མི་ཕམ་མགོན་པོ་དང༌། །ས་བཅུའི་དབང་ ཕྱུག་བྱམས་པའི་མཚན། །བརྟན་པའི་འཁོར་ལོ་སྨྲ་བའི་རྒྱལ། །ཟུར་ཕུད་ལྔ་པ་བློ་ཡི་གཏེར། །ཡེ་ ཤེས་མེ་ལོང་འཇམ་དབྱངས་མཚན། །འཇིག་རྟེན་དབང་ཕྱུག་གྲུ་འཛིན་བདག །ཕྱག་ན་པད་མ་ སྤྱན་རས་གཟིགས། །ལག་ན་རྡོ་རྗེ་གསང་བའི་བདག །མཐུ་སྟོབས་བདག་པོ་ཕྱག་རྡོར་མཚན། ། རྒྱལ་ཡུམ་མྱུར་སྐྱོབ་ཞི་མ་དང༌། །ཆོས་ཀྱི་དཔལ་མོ་སྒྲོལ་མའི་མཚན། །སྒྲ་དབྱངས་ལྷ་མོ་ཚངས་   སྲས་མ། །ཟླ་བའི་སྲིང་མོ་མཚོ་བྱུང་མ། །ཤེས་རབ་ལྷ་མོ་དབྱངས་ཅན་མཚན། །ཆུ་ཡི་དབང་པོ་   རྨུགས་འཛིན་དང༌། །ནོར་གྱི་དབང་ཕྱུག་འཛམ་ལྷའི་མཚན། །སངས་རྒྱས་འབྲིང་པོ་རྐྱེན་གཅིག་རྟོགས། །བསེ་རུའི་རྒྱལ་བ་རང་རྒྱལ་མཚན། །ཐུབ་དབང་གསུང་སྐྱེས་ཐོས་སྒྲོག་པ། །བརྟུལ་ཞུགས་དབང་པོ་ཉན་ཐོས་མཚན། །རྒྱལ་བ་དང་བྱང་སེམས་ལ་སོགས་པའི་རབ་ཏུ་བྱེད་པའོ། །
    མཐོ་རིས་ས་བླ་སྐབས་གསུམ་གནས། །སུམ་རྩེན་དལ་འཛིན་ལྷ་ཡུལ་མིང༌། །ལེགས་བྲིས་འཆི་མེད་སྐབས་གསུམ་པ། །མཁར་ཉལ་ཚིགས་བཟང་ཚིག་མདའ་ཅན། །མེ་ཞལ་རྣམ་སད་ལྷ་སྤྱིའི་ མིང༌། །གྲགས་པའི་མུ་ཁྱུད་སྤྲིན་ལ་ཞོན། །མཆོད་སྦྱིན་བརྒྱ་པ་མིག་སྟོང་ཅན། །ལྷ་དབང་གྲོང་    འཇོམས་བརྒྱ་བྱིན་མིང༌། །པུ་ལོའི་སྲས་མོ་བདེ་སོགས་མ། །ལེགས་བརྗོད་བརྒྱ་བྱིན་བཙུན་མོའི་ མིང༌། །རང་བྱུང་གསེར་མངལ་སྐྱེ་དགུའི་བདག །མེས་པོ་གདོང་བཞི་མི་མཇེད་བདག །དགའ་བ་བརྒྱ་པ་ཚངས་པའི་མིང༌། །ཐིག་ལེ་དྲུག་པ་ཐ་གུའི་ལྟོ། །འཇུག་པ་བཅུ་པ་གོས་སེར་ཅན། །ཉེ་     དབང་དཔལ་བདག་པད་དཀར་མིག །མི་ཡི་སེང་གེ་ཁྱབ་འཇུག་མིང༌། །པད་མ་ཅན་དང་འཕྲོག་བྱེད་ཡུམ། །དཔལ་མོ་ཁྱབ་འཇུག་བཙུན་མོའི་མིང༌། །ཡིད་སྲུབས་བདག་པོ་ཉ་ཡི་ཏོག །མེ་ཏོག་ མདའ་ཅན་མདའ་ལྔ་པ། །ལུས་མེད་ཆུ་སྲིན་རྒྱལ་མཚན་ཅན། །དགའ་རབ་དབང་ཕྱུག་འདོད་ ལྷའི་མིང༌། །སྐྱ་རེངས་ནུ་བོ་སྐར་མིག་བུ། །མཁའ་འགྲོའི་དབང་ཕྱུག་བྱ་ཁྱུང་མིང༌། །གཙུག་ན་ཟླ་ བ་མགྲིན་སྔོན་ཅན། །དཔལ་མགྲིན་བདེ་འབྱུང་ཕྱུགས་བདག་དང༌། །དྲག་པོ་དབང་ཕྱུག་ཆེན་ པོའི་མིང༌། །ཨུ་མ་གཽ་རཱི་དཀའ་ཟློག་མ། །རི་སྐྱེས་དབང་ཕྱུག་བཙུན་མོའི་མིང༌། །མཆེ་བ་གཅིག་པ་གླང་པོའི་གདོང༌། །རྡོ་རྗེའི་མཆུ་ཅན་མ་གཉིས་པ། །ལོག་འདྲེན་ཚོགས་བདག་གླང་སྣའི་མིང༌། །མ་དྲུག་གཞོན་ནུ་ལྷའི་དམག་དཔོན། །བཅུ་གཉིས་མིག་ལྡན་གདོང་དྲུག་མིང༌། །ཚངས་དབང་སྲས་མོ་ར་ལ་ཞོན། །གསེར་གྱི་ཐིག་ལེ་སྦྱིན་སྲེག་ཟ། །རྟ་དམར་ཅན་རྣམས་མེ་ལྷའི་མིང༌། །འཁྱོག་འབར་བི་ཤྭ་ན་རའི་བུ། །རླུང་གི་གྲོགས་པོ་ལམ་ནག་ཞུགས། །ནོར་ལས་རྒྱལ་རྣམས་མེ་ཡི་མིང༌། །ཆོས་ཀྱི་རྒྱལ་པོ་མཚུན་གྱི་ལྷ། །ཡ་མུ་ན་སྤུན་ལྔ་པའི་བདག །ཉི་བུ་མཚུངས་འཇུག་གཤིན་རྗེའི་མིང༌། །    ལངྐའི་བདག་པོ་མགྲིན་བཅུ་པ། །བདེན་བྲལ་བདག་པོ་སྲིན་པོའི་མིང༌། །འབོད་སྒྲོག་མཚན་རྒྱུ་ཤ་རྗེན་ཟ། །རོ་ཟན་སྲིན་པོ་སྤྱི་ཡི་མིང༌། །མཆོག་སེམས་ཆུ་བདག་ལྕེ་བརྒྱ་པ། །ཞགས་པ་ཅན་རྣམས་ ཆུ་ལྷའི་མིང༌། ། སྣ་ཚོགས་རྟ་ཅན་སྟོབས་ཀྱི་ལྷ། །གཡོ་བྱེད་མགོན་པོ་རླུང་ལྷའི་མིང༌། །དྲི་བཞོན་ རྟག་འགྲོ་མ་མོས་འཕེལ། །རྡུལ་གྱི་ཁ་ལོ་རླུང་སྤྱིའི་མིང༌། །མིག་སྐྱ་གསང་བདག་གནོད་སྦྱིན་རྒྱལ། །ངལ་བསོས་ལུས་ངན་རྣམ་སྲས་མིང༌། །བདེན་དཔང་ཕག་གི་ཤིང་རྟ་ཅན། །བདུད་ལ་སྐྱེངས་སྟེར་བསྟན་མའི་མིང༌། །སྦྱིན་སྐྱེས་གཞུ་རྒྱལ་དབང་པོའི་དགྲ། །ཁུ་བའི་སློབ་མ་བཅུད་མི་ལྡན། །སྔོན་གྱི་ལྷ་རྣམས་ལྷ་མིན་མིང༌། །ཀུན་ཁྱབ་འཕྲོག་བྱེད་ཕྱོགས་སྤྱིའི་མིང༌། །ལྷ་དང་ཕྱོགས་ལ་སོགས་པའི་ རབ་ཏུ་བྱེད་པའོ། །
    ལྷ་ལམ་སྤྲིན་ལམ་རྒྱུ་སྐར་ལམ། །ཀུན་གསལ་ཆུ་མཐོང་ལྷའི་རྫིང་རིང༌། །གནམ་དགུང་ཀུན་ ཁྱབ་ནམ་མཁའི་མིང༌། །ཆུ་འཛིན་སྒྲ་ལྡན་ཚ་ཟེར་འཇོམས། །ཆུ་ཁུར་མཁའ་གླང་སྤྲིན་གྱི་མིང༌། ། འཇུག་པ་བརྒྱ་པ་གཞི་སྔོན་སྐྱེས། །ལུས་ཕྲ་བདེ་འཐུང་གློག་གི་མིང༌། །སྤྲིན་གྱི་སྒྲ་དང་དབྱར་སྐྱེས་རྔ། །སྒྲ་བརྒྱ་པ་རྣམས་འབྲུག་སྐད་མིང༌། །མེ་ཆར་གནམ་ལྕགས་སྤྲིན་གྱི་འོད། །རི་འཇོམས་ལྕེ་    འབབ་ཐོག་གི་མིང༌། །སྐྱིན་ཐང་སྤྲིན་རུས་ལོ་ཐོག་གཤེད། །རྡོ་ཆར་ཆུ་མཁྲེགས་སེར་བའི་མིང༌། །གྲུ་ཆར་སྦྲང་ཆར་སྤྲིན་བཅུད་དང༌། །སྤྲིན་གྱི་མེ་ཏོག་ཆར་པའི་མིང༌། །རླུང་གི་རྒྱལ་མཚན་རྒན་པོའི་ ཐིག །ང་འཁྱོག་གཞུ་རིས་བརྒྱ་བྱིན་གཞུ། །སོས་ཀ་བཞད་རྣམས་འཇའ་ཚོན་མིང༌། །མདོང་སེལ་ བུམ་སྐྱེས་ཆུ་ལྷའི་བུ། །ཨ་གསྡ་རྣམས་རི་བྱིའི་མིང༌། །མཐོ་རིས་སྣང་བྱེད་མུན་པ་ཅན། །སྲིད་གསུམ་རྣམ་རྒྱལ་རཱ་ཧུ་ལ། །སེང་གེའི་བུ་མོ་སྒྲ་གཅན་མིང༌། །བཅུ་གཉིས་བདག་པོ་འོད་སྟོང་ལྡན། །ནམ་ མཁའི་ནོར་བུ་པད་མའི་གཉེན། །རྟ་བདུན་བདག་པོ་རྟ་ལྗང་ཅན། །སྣང་བྱེད་མེ་ཟླུམ་ཉི་མའི་   མིང༌། །བརླ་མེད་འོད་སྲུང་ཁྱུང་སྔོན་སྐྱེས། །ཉི་མའི་ཁ་ལོ་སྐྱ་རེངས་མིང༌། །བདེ་འབྱུང་གཙུག་རྒྱན་རི་བོང་འཛིན། །རྒྱུ་སྐར་རྒྱལ་པོ་ཀུ་མུད་གཉེན། །གཉིས་སྐྱེས་རྒྱལ་པོ་བསིལ་སྦྱིན་མཁན། །འོད་ དཀར་ཅན་དང་བཅུ་དྲུག་ཆ། །ཆ་གཏེར་ཀུན་ཕན་ཟླ་བའི་མིང༌། །ས་སྐྱེས་འོད་ཟེར་དགུ་པ་     དང༌། །བཀྲ་ཤིས་ཞེས་པ་མིག་དམར་མིང༌། །གསལ་ལྡན་ཟླ་བུ་སྣར་མ་སྐྱེས། །གསེར་ལྡན་ལུས་   གཅིག་ལྷག་པའི་མིང༌། །བློ་ལྡན་དབྱངས་བདག་མེ་བཞི་སྐྱེས། །ལྷ་ཡི་བླ་མ་ཕུར་བུའི་མིང༌། །ཁུ་བ་དཀར་པོ་ངན་སྤོང་བུ། །ལྷ་མིན་བླ་མ་པ་སངས་མིང༌། །འོད་ཟེར་བདུན་པ་གོས་སྔོན་ཅན། །ཚངས་སྐྱེས་ཉི་བུ་སྤེན་པའི་མིང༌། །ནམ་མཁའ་དང་གཟའ་སྐར་ལ་སོགས་པའི་རབ་ཏུ་བྱེད་པའོ། །
   བགྲང་བྱ་སླར་བྱུང་ཡང་དག་འགྲོ། །དུས་སྤྱིའི་མིང་ཡིན་ཉིན་མོ་ལ། །གདུགས་དང་མུན་གསལ་བདུད་འཇོམས་ཟེར། །བྱ་བྲལ་སྣང་མེད་མེལ་ཚེ་ཅན། །སྔོ་སངས་ཆགས་དུས་མཚན་མོའི་མིང༌། །དགའ་བཟང་རྒྱལ་སྟོང་རྫོགས་པ་ལྔ། །ཟླ་བའི་ཕྱོགས་རེར་ལན་གསུམ་འཁོར། །དཀར་ཕྱོགས་   གང་ཕྱོགས་ཕྱོགས་སྔ་མ། །ཞི་དང་རྒྱས་ཕྱོགས་ཡར་ངོའི་མིང༌། །ནག་ཕྱོགས་དམར་ཕྱོགས་ཕྱོགས་ཕྱི་མ། །དབང་དང་དྲག་ཕྱོགས་མར་ངོའི་མིང༌། །འཇལ་བྱེད་དབུགས་སྐྱེས་ལོའི་ཡན་ལག །ཕྱོགས་ཅན་དུས་ཀྱི་ཟླ་བའི་མིང༌། །བཟོད་ལྡན་མ་དང་ལོའི་ཐོག་མ། །ཧོར་ཟླ་བཅུ་གཅིག་པ་ཡི་མིང༌། ། ཚིམ་བྱེད་ནུས་ཟླ་རྒྱལ་ཟླའི་མིང༌། །དཀའ་ཐུབ་ཟླ་བ་མཆུ་ཟླའི་མིང༌། །འབྲས་ཟླ་དབོ་ཟླའི་མིང་དུ་གྲགས། །འདོད་དུས་ནག་པ་ཟླ་བའི་མིང༌། །མེ་ཏོག་ཅན་དང་སྦྲང་དུས་ནི། །ས་གའི་མིང་ཡིན་སྣྲོན་ཟླ་ལ། །འདོད་འཕེལ་དག་བྱེད་ཟླ་བ་ཟེར། །ཆུ་སྟོད་ཧོར་ཟླ་དྲུག་པའི་མིང༌། །མཁའ་སྤྲིན་ཅན་ནི་ གྲོ་བཞིན་མིང༌། །སྤྲིན་བཟང་ཁྱུ་མཆོག་ཁྲུམས་ཟླའི་མིང༌། །ལྟད་མོའི་ཟླ་བ་ཐ་སྐར་མིང༌། །གླུ་     དབྱངས་ཟླ་བ་མང་པོ་འཛིན། །སྨིན་དྲུག་ཟླ་བའི་མིང་དུ་གྲགས། །གྲང་རེག་ཅན་དང་བསིལ་ལྡན་མ། །ཁ་བའི་དུས་རྣམས་དགུན་གྱི་མིང༌། །དྲི་ཞིམ་དྲོད་འབེབས་འདོད་པའི་དུས། །མེ་ཏོག་ལྡན་ དུས་དཔྱིད་གྱི་མིང༌། །བདེ་བྱེད་ངེས་སྲེག་ཚ་གདུང་ཅན། །སོས་ཀའི་མིང་ཡིན་ཆར་འབབ་དུས། །སྤྲིན་འབྱུང་ཆར་ལྡན་དབྱར་གྱི་མིང༌། །འབྲས་ལྡན་དུས་ཀྱི་ལྔ་པ་དང༌། །མདའ་སྦྱིན་སྟོན་གྱི་མིང་དུ་གྲགས། །འགྲོ་འོང་འདོར་བྱེད་ཟླ་བའི་ཕྲེང༌། །བགྲང་གཞི་བགྲང་བྱ་ལོ་ཡི་མིང༌། །རབ་བྱུང་རྣམ་བྱུང་དཀར་པོ་དང༌། །རབ་མྱོས་སྐྱེས་བདག་ཨིངྒ་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །    འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང༌། །སྣ་ཚོགས་ཉི་མ་ཉི་ སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང༌། །བོང་བུ་ དགའ་བ་རྣམ་རྒྱལ་དང༌། །རྒྱལ་བ་མྱོས་བྱེད་གདོང་ངན་དང༌། །གསར་བྱུང་རྣམ་འཕྱང་སྒྱུར་བྱེད་དང༌། །ཀུན་ལྡན་འཕར་བ་དགེ་བྱེད་དང༌། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང༌། །ཞི་བ་ཐུན་མོང་འགལ་བྱེད་དང༌། །ཡོངས་འཛིན་བག་མེད་ཀུན་དགའ་དང༌། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་   དམར་ཁྲོ་བོ་ཟད་པ་རྣམས། །མེ་ཡོས་ལ་སོགས་དྲུག་ཅུའི་མིང༌། །ཡོངས་གྱུར་སྤྱད་ཟིན་ལོའི་ཕུང་ པོ། །བསྐལ་པའི་མིང་དུ་གྲགས་པ་ཡིན། །དུས་དང་བསྐལ་བ་ལ་སོགས་པའི་རབ་ཏུ་བྱེད་པའོ། ། མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ཞེས་བྱ་བ་ལས་མཐོ་རིས་ཀྱི་སྡེ་ཡན་ལག་དང་བཅས་པ་བཤད་ཟིན་ཏོ། །
   ས་འོག་གདེངས་ཅན་དམྱལ་བ་དང༌། །ཡི་དྭགས་ཆུ་དང་ཆུའི་སྲོག་ཆགས། །གཟིངས་དང་ཆུ་ སྐྱེས་སོགས་དབྱེ་བ། །ཡན་ལག་དང་བཅས་འདིར་བཤད་བྱ། །བཅུ་འོག་རྐང་འོག་སྟོབས་ལྡན་ གནས། །ཀླུ་ཡི་འཇིག་རྟེན་ས་འོག་མིང༌། །རབ་རིབ་སྨག་རུམ་མཁའི་པགས་པ། །ཤེ་མུན་ལྡོངས་ བྱེད་མུན་པའི་མིང༌། །རི་གནས་གདེངས་ཅན་ཀ་དྲུའི་བུ། །ན་ག་ཀླུ་ཡི་མིང་དུ་བཤད། །རྐང་སྦས་ ལྟོ་འཕྱེ་མིག་གིས་ཐོས། །ལྕེ་གཉིས་བྲང་འགྲོ་རླུང་ཟས་ཅན། །དུག་འཛིན་འཁྱོག་འགྲོ་སྦྲུལ་གྱི་    མིང༌། །ནག་པོ་བརྩེགས་པ་ཚངས་པའི་བུ། །བེའུའི་ལྟེ་བ་དུག་གི་མིང༌། །འདོད་པའི་འབྲས་བྲལ་ ངན་འགྲོའི་མཐིལ། །བདེ་མེད་དམྱལ་བའི་མིང་དུ་གྲགས། །ངན་ཁྱབ་དཔལ་མིན་ཕུན་ཚོགས་   མིན། །ཆུ་བོ་རབ་མེད་ཡི་དྭགས་མིང༌། །བརྣག་དཀའ་ཟུག་རྔུ་བྲོ་འཚལ་བ། །མནར་བ་གདུང་བ་ སྡུག་བསྔལ་མིང༌། །ཆུ་སྤེལ་ཆུ་གཏེར་ཟླ་བས་འཕེལ། །རིན་ཆེན་འབྱུང་གནས་སིནྡྷུའི་བདག །ཟླ་ བའི་མ་མ་རྒྱ་མཚོའི་མིང༌། །དག་བྱེད་ངན་སེལ་འབྲུ་ཕན་དང༌། །བཏུང་བྱ་ཉལ་འགྲོ་ཆུ་ཡི་མིང༌། །ཛ་ཧུའི་བུ་མོ་གསེར་ལྡན་མ། །ལམ་གསུམ་ལྷ་ཆུ་གངྒའི་མིང༌། །རྩོད་ཅན་ཉི་མའི་བུ་མོ་དང༌། །ཞི་ བའི་སྲིང་མོ་པཀྵུའི་མིང༌། །རྩེད་འཇོའི་ཆུ་བོ་ཟླ་བ་སྐྱེས། །སྔོན་གྱི་གང་གཱ་སིནྡྷུའི་མིང༌། །ཁྲག་     འབབ་བརྒྱ་གྱེས་སྲིད་སྒྲུབ་མ། །ལག་པའི་ཆུ་བོ་སི་ཏ་མིང༌། །འཛུམ་དཀར་ཆུ་སྦུར་ལྦུ་བ་སྟེ། །ཆུ་ འཁྱགས་ཆབ་རོམ་འཁྱགས་པའི་མིང༌། །ཤཾ་ཀ་ཆུ་སྲིན་གཤེད་དུང་སྟེ། །སྐྱེ་བ་ལྔ་པ་གཡས་འཁྱིལ་ མིང༌། །མུ་ཏིག་འབྱུང་གནས་ཉ་ལྕིབས་ཏེ། །ན་ཀྲ་འཛིན་ཁྲི་ཆུ་སྲིན་མིང༌། །གསེར་མིག་ཅན་དང་ མིག་མི་འཛུམ། །ཆུར་ཉལ་རྒྱབ་རིང་ཉ་ཡི་མིང༌། །འགྲམ་སྐྱོང་བུལ་འགྲོ་ངན་ཤུབས་ཅན། །ཡན་ ལག་ལྔ་པ་རུས་སྦལ་མིང༌། །ལྕེ་མེད་འཕར་འགྲོ་སྦལ་བ་སྟེ། །ཆོ་ལོའི་ས་བོན་འགྲོན་བུ་མིང༌། །ཉ་ འཛིན་ཆུའི་སྤྲེའུ་སྐད་ཅིག་དབུགས། །འུག་པ་མཆོད་བྱེད་སྲམ་གྱི་མིང༌། །ཆུ་གཏེར་ལམ་ནི་      གཟིངས་ལ་སྟེ། །ཞོ་ཤ་རྣམ་བདུན་དེད་དཔོན་མིང༌། །རྟགས་གསུམ་སྒྲོལ་བྱེད་རྟ་མགོ་ཅན། །ཆུ་ཡི་ཤིང་རྟ་གྲུ་ཡི་མིང༌། །མཉན་པ་གདོས་དང་རྣ་བ་འཛིན། །སྐྱ་བ་འཛིན་རྣམས་གྲུ་མཁན་མིང༌། །   དཔལ་གོས་འདབ་བརྒྱ་ཆུའི་ལང་ཚོ། །ཆུ་སྐྱེས་འདམ་སྐྱེས་པད་མའི་མིང༌། །དབང་མཆོག་སྟེང་ འཐུང་མིག་གི་གཉེན། །ས་ཡི་གདུ་བུ་ཨུད་པལ་མིང༌། །སྟེང་འཐུང་དཀར་པོ་མཚན་མོ་བཞད། །ས་མོས་ས་དགའ་ཀུནྡའི་མིང༌། །ཞེས་པ་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ཞེས་བྱ་ བ་ལས་ས་འོག་གི་སྡེ་ཚན་ཡན་ལག་དང་བཅས་པ་བཤད་ཟིན་ཏོ། །
   ས་གཞི་ཡུལ་དང་ས་འཛིན་གྲོང༌། །ནགས་ཚལ་སྨན་དང་རི་དྭགས་ཚོགས། །མི་རིགས་དབྱེ་བ་བྱེ་བྲག་གཞན། །འདིར་ནི་ཡན་ལག་དང་བཅས་བརྗོད། །ནོར་འཛིན་འཛིན་མ་གསེར་ལྡན་མ། ། ཀུན་བཟོད་ནོར་གྱི་བློ་གྲོས་མ། །རྒྱ་མཚོའི་གོས་ཅན་ས་གཞིའི་མིང༌། །དབུས་འགྱུར་འཆང་དང་ སའི་སྙིང་པོ། །འཕགས་པའི་ཡུལ་གནས་རྒྱ་གར་མིང༌། །ནེ་པ་ལ་ནི་བལ་པོ་སྟེ། །མོངྒོ་ཞེས་པ་སོག་པོའི་མིང༌། །སྟོང་ཁུན་མ་ཧཱ་ཙི་ན་ནི། །རྒྱ་ནག་མིང་ཡིན་བོད་འདི་ལ། །བྷོ་ཊ་གངས་ཅན་བསིལ་ ལྗོངས་ཟེར། །ལམ་སྲོལ་བགྲོད་བྱ་འཇུག་བྱ་དང༌། །བཤུལ་ལམ་ཤེས་པ་ལམ་གྱི་མིང༌། །རིན་ཆེན་ བརྩེགས་པ་རི་ཡི་མཆོག །རི་རབ་ལྷུན་པོའི་མིང་དུ་གྲགས། །ཁོར་ཡུག་མུ་ཁྱུད་རྩེ་གསུམ་པ། །རྡོ་ རྗེའི་རི་རྣམས་ལྕགས་རིའི་མིང༌། །འགྲོ་མེད་གྱེན་འཕྱུར་མི་གཡོ་བ། །ས་འཛིན་ཆུ་སྐྱོབ་རི་སྤྱིའི་   མིང༌། །ཁ་བའི་རྡུལ་བརྩེགས་ཀེ་ལ་ཤ །ས་འཛིན་དཀར་པོ་གངས་རིའི་མིང༌། །སྦེད་བྱེད་གོར་མ་ བཅོག་པོ་དང༌། །ཇུ་བོ་གཏུན་རྣམས་རྡོ་བའི་མིང༌། །རྡུལ་དམར་ཕྱེ་དམར་ཞ་ཉེ་སྐྱེས། །སིན་དྷུ་ར་རྣམས་ལི་ཁྲིའི་མིང༌། །ས་འོག་འཕྲེང་བ་སྣ་ཚོགས་མདོག །བྱི་ལའི་མིག་རྣམས་བ་བླའི་མིང༌། །བལ་ཡུལ་སྐྱེས་དང་གླུ་ལྕེ་བ། །གར་མཁན་མ་རྣམས་ལྡོང་རོས་མིང༌། །སྔོན་པོ་དང་ནི་རྨ་བྱ་ཅན། །རྩེ་ ཅན་མགྲིན་རྣམས་སྤང་མའི་མིང༌། །མིག་སྨན་སྔོན་པོ་བྱ་ཁྱུང་རྡོ། །དུས་ཀྱི་མེ་ཏོག་མཐིང་གི་     མིང༌། །མེ་ལྕེ་ལེ་བརྒན་མེ་ཏོག་དང༌། །ཚོན་ཆེན་བཙག་སྟེ་རྡོ་ཐལ་ནི། །ས་དཀར་མིང་དུ་བཤད་པ་མཐོང༌། །སྐྱོང་བྱེད་རྒྱལ་ལམ་ཕོ་བྲང་འཁོར། །འཇིགས་མེད་གནས་རྣམས་གྲོང་སྤྱིའི་མིང༌། །     གནས་གཞི་རྟེན་གཞི་བླ་གབ་ཅན། །ཁྱིམ་དང་ཁབ་རྣམས་ཁང་པའི་མིང༌། །གནྡྷོ་ལ་དང་དྲི་གཙང་ཁང༌། །ཀུན་དགའ་ར་བ་གཙུག་ལག་ཁང༌། །འདུ་ཁང་དཀོན་མཆོག་ཕོ་བྲང་མིང༌། །དབེན་གནས་ཞི་གྲོང་བསམ་གཏན་ཁང༌། །ཆོས་ཀྱི་འདུན་ས་དགོན་པའི་མིང༌། །གཡུང་དྲུང་འཁྱིལ་བ་བ་གམ་ ཅན། །རྒྱལ་ཁབ་རྒྱལ་པོའི་ཕོ་བྲང་མིང༌། །ཁྲིམས་མུན་ཕྱག་སྦལ་འཕྲུལ་འཁོར་ཁྱིམ། །ཏིལ་མར་ར་བ་བཙོན་རའི་མིང༌། །ཡང་ཐོག་ཡ་ཕུབ་ཆུ་སྐྱོབ་ནི། །ཐོག་གི་མིང་སྟེ་ཆུ་སྐྱོར་ལ། །པུ་ཤུ་མདའ་ཡབ་ལན་ཀན་ཟེར། །རླུང་སྒོ་དྲ་མིག་བ་ལང་མིག །སྐར་ཁུང་མིང་སྟེ་སྐས་ཀ་ལ། །ཡ་གད་ཐེམ་སྐས་   འཛེགས་རྟེན་ཟེར། །ཆབ་སྒོ་སྒོ་འཕར་སྒོ་གླེགས་ཏེ། །ར་བ་ཡོངས་བསྐོར་ལྕགས་རིའི་མིང༌། །ས་ གཞི་དང་རི་གྲོང་ལ་སོགས་པའི་རབ་ཏུ་བྱེད་པའོ། །
ནགས་ཀླུང་དང་ནི་ཚང་ཚིང་ཅན། །འཐིབས་པོ་ཤིང་ལྡན་ནགས་ཚལ་མིང༌། །ལྗོན་ཤིང་ལྡུམ་ར་བཅོས་མའི་ནགས། །ཉེ་བའི་ཚལ་རྣམས་སྐྱེད་ཚལ་མིང༌། །ཁྱེའུ་ཁ་དང་སྟེང་དུ་འཐེན། །ཞ་ལུ་ སྐྱེས་རྣམས་མྱུ་གུའི་མིང༌། །འདབ་ལྡན་རྐང་འཐུང་ཡལ་ག་ཅན། །རླན་སྐྱེས་ས་སྐྱེས་ཆུར་མི་ལྷུང༌། །རྩེ་མོ་ཅན་རྣམས་ལྗོན་ཤིང་མིང༌། །འབྲས་བུས་འཇིག་དང་ཨེ་རཎྜ། །ཆུ་ཤིང་སྨྱུག་མའི་མིང་དུ་   གྲགས། །སྡོང་པོའི་སོར་མོ་ཡལ་ག་སྟེ། །ལྟུང་བྱེད་སྒྲིབ་བྱེད་ལོ་འདབ་མིང༌། །ཡིད་དགའ་པུཥྤ་མེ་ ཏོག་སྟེ། །སྙེ་མ་གང་བུ་འབྲས་བུ་མིང༌། །ཡམ་ཤིང་བུད་ཤིང་ཚིམ་བྱེད་ཤིང༌། །སྲེག་ཤིང་སྦྱིན་སྲེག་ཤིང་གི་མིང༌། །ཨ་ཤ་ཏྭ་དང་གླང་པོའི་ཟས། །ཤིང་དབང་བྱང་ཆུབ་ལྗོན་ཤིང་མིང༌། །ཡོངས་འདུ་ གསེར་ཤིང་རྔ་ཡབ་ཅན། །ས་བརྟོལ་དཔག་བསམ་ཤིང་གི་མིང༌། །བདུད་འཇོམས་ཨུ་དུམ་ཝ་ར་ སྟེ། །སྔོ་སངས་དང་ནི་ཙན་དན་མཆོག །ཧ་རི་ཙན་དན་བ་གླང་མགོ །ས་མཆོག་ཟེར་རོ་དམར་པོ་ལ། །ཙནྡ་སྦྲུལ་གྱི་སྙིང་པོའི་མིང༌། །དཔལ་དུམ་མ་ལ་ཡར་སྐྱེས་ནི། །ཙནྡ་སྤྱི་སྟེ་དཀར་པོ་ལ། །     འདབ་ལུས་ཚོས་བྱེད་སྣུམ་ལྡན་ཟེར། །སཱ་ལ་སྤོས་དཀར་ཤིང་ལ་སྟེ། །ནགས་ཀྱི་ཙནྡན་ཨ་ག་རུའོ། །ལྷ་ཤིང་ཐང་ཤིང་ཤུག་པ་སྟེ། །རྐང་མཛེས་འདྲེ་འཇིགས་གུ་གུལ་ལོ། །འཛག་བྱེད་ཙཱུ་ཏ་ཨ་མྲ་སྟེ། ། རྐང་མཛེས་མྱ་ངན་མེད་ཀྱི་མིང༌། །ནུས་ལྡན་བནྡྷུན་ཀ་ལ་སྟེ། །དྲི་ལྡན་བ་ཀུ་ལ་ཡི་མིང༌། །རོ་མངར་བཅུད་འཛིན་བུར་ཤིང་སྟེ། །རོ་ལྡན་རྒུན་འབྲུམ་ཤིང་གི་མིང༌། །པཱ་ལ་ཤ་དང་ཀེ་ཤུ་ཀ །འདབ་   གསུམ་རྒྱ་སྐྱེགས་ཤིང་གི་མིང༌། །དམར་པོ་ལེན་པ་ཞུ་མཁན་ཏེ། །ལེ་བརྒན་བཙོད་ཀྱི་མིང་དུ་     གྲགས། །མདོག་མཛེས་ཡུང་བ་ལྒ་སེར་ཏེ། །ཤིང་སེར་དུས་སྐྱེས་སྐྱེར་པའི་མིང༌། །བྱིས་པའི་ནུ་མ་གླུ་ལེན་མ། །སེང་ལྡེང་མིང་སྟེ་གསོམ་ལ་ནི། །ཐང་ཤིང་བཅུད་འཛིན་ཟེར་བ་ཡིན། །ཏི་ལྡུ་སྟར་ག་ནག་པོ་སྟེ། །རྒྱ་ཤུག་རས་བལ་ཤིང་གི་མིང༌། །མྱུག་རྒོད་ལས་ཤིང་ཤུན་པ་མཁྲེགས། །ཚིགས་བརྒྱ་པ་   རྣམས་འོད་མའི་མིང༌། །སྲིན་ཅན་སྦུབས་ལྡན་གླིང་བུའི་ཤིང༌། །རླུང་གི་སྒྲ་སྒྲོག་སྨྱུག་མའི་མིང༌། ། གྲོ་ག་ཤུན་འཇམ་རེ་ཥ་འདབ། །ཡི་གེའི་གཞི་ཅན་སྟག་པའི་མིང༌། །གཞོན་ནུའི་འཕྲེང་ཅན་མ་ལ་ཏི། །སྣ་མའི་མེ་ཏོག་ཛཱ་ཏིའི་མིང༌། །དཔལ་གྱི་མིང་ཅན་ལྷའི་མེ་ཏོག །སྤོས་ཀྱི་རྒྱལ་པོ་ལི་ཤིའི་     མིང༌། །རྩ་བ་བརྒྱ་པ་ཁ་ཆེ་སྐྱེས། །གུར་ཀུམ་མིང་སྟེ་སུག་སྨེལ་ལ། །ཐུམ་གསུམ་ལུས་ངན་མ་ཞེས་ ཟེར། །མི་རྒན་སེན་མོ་ན་གི་སྟེ། །ཟླ་བའི་བྱེ་མ་ཀ་ཀོ་ལའོ། །དྲི་སྲས་སྤུ་ཅན་སྤང་སྤོས་ཏེ། །སྟོན་གྱི་མེ་ཏོག་སྤང་རྒྱན་མིང༌། །ཀུན་དོང་རོ་ལྡན་ལྷ་མིན་ཁྲག །ཀླ་ཀློའི་སྤོས་རྣམས་སྒོག་པའི་མིང༌། །འདབ་གསུམ་གཏུན་ཤིང་ངང་པའི་རྐང༌། །ལ་ཕུག་མིང་ཡིན་ཀུ་ཤ་ལ། །དག་བྱེད་རྩྭ་མཆོག་ཁྲུས་རྩྭ་ཟེར། །ནགས་དང་སྨན་ལ་སོགས་ཀྱི་རབ་ཏུ་བྱེད་པའོ། །
   འཕྲོག་བྱེད་གདོང་ལྔ་རལ་བ་ཅན། །སྡེར་ཆགས་རྒྱལ་པོ་སེངྒེའི་མིང༌། །ལུས་བཀྲ་དྲི་སྣོམ་ངར་སྐད་ཅན། །ནགས་ཀྱི་ཤྭ་ན་སྟག་གི་མིང༌། །གཅན་གཟན་གཏུམ་པོ་དོམ་ལ་སྟེ། །རི་དྭགས་ཟ་བ་   དྲེད་ཀྱི་མིང༌། །མང་སྐྱེ་ས་འཇོམས་ངུར་སྒྲ་ཅན། །མཆུ་རིང་སྤུ་རིང་ཕག་པའི་མིང༌། །མཚའ་དང་ ཀོ་པ་འཕར་བ་སྟེ། །ས་མྱོས་ཅེ་སྤྱང་ཝ་སྐྱེས་མིང༌། །གྲོང་སྤྲེའུ་ཁྲུས་མཁན་བྱི་ལ་ནི། །ཞུམ་བུའི་མིང་སྟེ་མ་ཧེ་ལ། །ས་ཉལ་མིག་དམར་ཁྱུ་མཆོག་ཟེར། །ཁྲི་གཉན་ས་ལུས་རླུང་གི་སྲོག། འཕྲོག་བྱེད་རི་ དྭགས་སྤྱི་ཡི་མིང༌། །བསེ་དང་རྭ་གཅིག་གཅིག་པུར་གནས། །བསེ་རུའི་མིང་སྟེ་སྤྲེའུ་ལ། །ཡལ་གའི་རི་དྭགས་གཉེར་མའི་གདོང༌། །འཕར་འགྲོ་ས་ཡི་མཇུག་མ་ཟེར། །རྐུན་པོ་རྐོ་བྱེད་བྱི་བ་སྟེ། །གཤིན་རྗེའི་བུ་ནི་གྲོག་མའི་མིང༌། །བལ་ཅན་ཐགས་མཁན་སྡོམ་ལ་སྟེ། །མར་གྱིས་ཉམས་བྱེད་སྡིག་རྭའི་ མིང༌། །སྒོང་སྐྱེས་ཚངས་སྐྱེས་གཉིས་སྐྱེས་དང༌། །ཡན་ལག་དྲུག་པ་ནམ་མཁའི་རྟ། །མཁའ་འགྲོ་ འདབ་ཆགས་བྱ་སྤྱིའི་མིང༌། །མིག་མཛེས་དབྱངས་སྙན་གཞན་གྱིས་གསོས། །དཔྱིད་ཀྱི་ཕོ་ཉ་ཁུ་ བྱུག་མིང༌། །སྤྲིན་སྒེག་མགྲིན་སྔོན་འདབ་བརྒྱ་པ། །མདོངས་མཐའ་གཙུག་ལྡན་སྤྲིན་ལ་དགའ། ། འབྲུག་སྒྲས་མངལ་འཛིན་རྨ་བྱའི་མིང༌། །འཐོར་བྱེད་ཡིད་གཞུངས་ལྕེ་གཉིས་པ། །འཇམ་ལྗང་ ཚིག་འཇམ་ནེ་ཙོའི་མིང༌། །རིང་འཕུར་རླུང་སྤྱོད་བྱ་རྒོད་མིང༌། །མཇུག་ནག་མགྲིན་རིང་ཁྲུང་ཁྲུང་མིང༌། །ལུས་དཀར་གྲོང་འཇོམས་འཁོར་ལོའི་ལག། །དྲ་བའི་རྐང་ལྡན་ངང་པའི་མིང༌། །གཉིས་ གཉིས་སྤྱོད་དང་མཚན་མོ་འབྲལ། །འདབ་ལྡན་གསེར་ལྡན་ངུར་པའི་མིང༌། །གངས་སྦལ་མཛའ་མོ་ཀ་དམ་པ། །ཆུ་སྐྱར་མིང་སྟེ་ཕུག་རོན་ལ། །དིག་སྙན་རྡོ་ཡི་ཟས་ཅན་ཟེར། །ནོར་བུའི་མགྲིན་   ཅན་ཟངས་ཟེ་ཅན། །མཚན་མོ་རིག་པ་ཆུ་བྱའི་མིང༌། །སྣ་རིང་མཚན་སྤྱོད་བྱ་རོག་དགྲ། །ཉིན་མོ་ ལོང་བ་འུག་པའི་མིང༌། །འགལ་འདུའི་རྫུན་ཅན་འབྱུང་པོའི་བྱ། །གད་མོའི་དབྱངས་ལྡན་སྲིན་ བྱའི་མིང༌། །འཁྲིག་སྦེད་གཞན་གསོས་མདོག་གཅིག་པ། །ཁ་ཏྭ་ཐོས་སྒྲོག་བྱ་རོག་མིང༌། །འོལ་བ་ཙི་ལ་ནེ་ལེ་སྟེ། །ཀ་ལནྡ་ཀ་མཆིལ་པའི་མིང༌། །པགས་བྱེའུ་མཚན་རྒྱུ་ཕ་ཝང་སྟེ། །ཆ་ག་ཕྱེ་ལེབ་ཅོ་ཀའི་མིང༌། །རྐང་དྲུག་བུང་བ་བྷྲ་མ་ར། །ར་ཡིག་གཉིས་པ་མེ་ཏོག་འཐུང༌། །སྦྲང་རྩིའི་བརྟུལ་ཞུགས་གེ་སར་སྤྱོད། །འཁོར་འགྲོ་བཅུད་འཛིན་སྦྲང་མའི་མིང༌། །སྦུབས་ཤུབས་མཛོད་རྣམས་སྒོ་ང་སྟེ། །   འགེབས་བྱེད་ལུས་འདེགས་འདབ་གཤོག་དང༌། །རི་དྭགས་དང་བྱ་ལ་སོགས་པའི་རབ་ཏུ་བྱེད་ པའོ། །
གང་ཟག་ཤེད་བུ་མ་ནུའི་བུ། །རྐང་གཉིས་ཤེས་ལྡན་མི་སྤྱིའི་མིང༌། །སྐྱེ་རྒྱལ་ལྔ་སྐྱེས་བགྲོད་བྱེད་དང༌། །ཁུ་བའི་བདག་ཉིད་སྐྱེས་པའི་མིང༌། །སྐྱེ་དམན་སྟོབས་མེད་འཆིང་བྱེད་མ། །གཡོན་མ་    བགྲོད་བྱ་བུད་མེད་མིང༌། །ཡན་ལག་མཆོག་མ་གླང་ཆེན་འགྲོས། །ལུས་ཕྲ་སྒེག་མོ་སྐེད་མེད་མ། །རི་དྭགས་མིག་ཅན་མཛེས་མའི་མིང༌། །མཆིས་འབྲང་ཆུང་མ་ཁྱིམ་འཛིན་མ། མནའ་མ་རིགས་སྐྱོང་བག་གསར་མིང༌། །འཕགས་མ་རྒྱལ་མོ་ས་སྤྱོད་མ། །བཙུན་མོའི་མིང་སྟེ་རྗེ་མོ་དང༌། །ཇོ་མོ་སྐྱེ་    དགུའི་བདག་མོའང་ཟེར། །འཕྱོན་མ་གཡེམ་མ་གཟུགས་འཚོང་མ། །གཟུགས་ཀྱི་སྙེ་མ་ལྕུག་ལྡན་མ། །འཇུད་མཐུན་རེས་མ་སྨད་འཚོང་མིང༌། །འཁྲིག་པ་ལོག་གཡེམ་དགའ་མགུར་སྤྱོད། །ཤེ་སྦྱོར་གསང་སྤྱོད་གྲོང་པའི་ཆོས། །ལག་བསྡམས་མི་ཚངས་སྤྱོད་ཀྱི་མིང༌། །རྡུལ་དང་མེ་ཏོག་ཟླ་མཚན་ ཏེ། །མངལ་ཆགས་ལུས་ལྕི་སྦྲུམ་མའི་མིང༌། །བལྟམས་པ་བཙས་པ་སྐྱེས་པ་སྟེ། །ཞོ་འཐུང་བྱིས་པ་ བུས་པའི་མིང༌། །སྐྱེད་བྱེད་ཕ་དང་ཡབ་ལ་སྟེ། །རབ་བསྐྲུན་སྐྱེད་མ་མ་དང་ཡུམ། །ཁྱོ་ཤུག་ཁྱིམ་   ཐབ་བཟའ་ཚོ་སྟེ། །ཐོར་བུ་ལང་ཚོ་གཞོན་ནུའི་མིང༌། །སྨིན་དང་ལོ་མང་ཁུར་ལྡན་དང༌། །བཞི་   བའི་གནས་སྐབས་རྒན་པོའི་མིང༌། །དུས་ཆོས་ལྔ་བ་བལྟ་བའི་མཐའ། །ཚེ་འདའ་ཚེ་འཕོ་འཆི་བའི་མིང༌། །འཇིགས་གནས་རོ་གནས་ཕ་མེས་གནས། །ཞི་བའི་གནས་རྣམས་དུར་ཁྲོད་མིང༌། །གསུམ་པའི་རང་བཞིན་ཟ་མ་ནི། །མ་ནིང་མིང་སྟེ་འོག་མེད་ལ། །རལ་གུ་ཅན་དང་ཉུག་རུམ་ཟེར། །མཉེས་གཤིན་མཛའ་བཤེས་རྩ་ལག་དང༌། །ཉེ་འབྲེལ་ཉེ་དུ་གཉེན་སྤྱིའི་མིང༌། །སྔོན་སྐྱེས་ཕུ་བོ་གཅེན་   རྣམས་ནི། །ཇོ་ཇོའི་མིང་ཡིན་ནུ་བོ་ལ། །ཕྱིས་སྐྱེས་གཅུང་པོ་ཐ་ཆུང་དང༌། །སྲིང་མོར་ཆེ་ཞེ་ལྕམ་མོ་ཟེར། །ཟག་ཕུང་ཉེར་ལེན་ཕུང་པོ་གཟུགས། །ཚོགས་པ་སྐུ་ལུས་སྤྱི་ཡི་མིང༌། །མིག་འཛིན་དབུ་དང་ཡན་ལག་མཆོག། །མགོ་བོའི་མིང་སྟེ་སྐྲ་ལ་ནི། །རལ་བ་ཐོར་ཚུགས་སླར་སྐྱེ་དང༌། །གཙུག་ཕུད་མགོ་ཉལ་ལན་བུ་ཟེར། །ཡལ་ག་ལྔ་བ་དཔུང་པའི་འདབ། །སུག་པ་འཛིན་བྱེད་ལག་པའི་མིང༌། །ལག་ པའི་ཡལ་ག་སོར་མོ་སྟེ། །ལག་སྐྱེས་སྡེར་མོ་སེན་མོའི་མིང༌། །རྒྱུ་བྱེད་བགྲོད་བྱེད་རྐང་པ་སྟེ། །སྒྲོ་བ་འབྲས་བུ་རླིག་པའི་མིང༌། །ཕོ་རྟགས་དྲན་ཀ་མྱོས་བྱེད་ཤིང༌། །འདོམས་ཀྱི་སྦ་བ་ཕོ་མཚན་མིང༌། །ཆོས་འབྱུང་པདྨ་མེ་ཏོག་ལམ། །ཆུ་གཉེར་སྲིད་ལམ་གཉིས་དགའི་ཁྱིམ། །དགའ་བའི་བུ་ག་མོ་    མཚན་མིང༌། །ཤ་མཆོག་སྲོག་གནས་ཙིཏྟ་ཐུགས། །སེམས་ཀྱི་ཁང་པ་སྙིང་གི་མིང༌། །རཀྟ་རྨ་སྐྱེས་ ཤའི་ས་བོན། །ཁྲག་གི་མིང་སྟེ་ཤ་ལ་ནི། །མཾ་ས་ལུས་ཟུངས་གསུམ་པ་ཟེར། །ཞག་དང་སྣུམ་བག་   ཚིལ་ལ་སྟེ། །རུས་པར་གདུང་དང་ཀེང་རུས་ཟེར། །ཁུ་བ་ས་བོན་ཁམས་དཀར་པོ། །དྭངས་མ་ཀུནྡ་ཐིག་ལེའི་མིང༌། །རུས་འཆིང་འདབ་ལྡན་རྩ་ལ་སྟེ། །ཁྲག་འཛིན་རུས་གཟེབ་པགས་པའི་མིང༌། ། ལུས་སྐྱེས་པགས་པའི་མྱུ་གུ་དང༌། །པགས་པའི་མེ་ཏོག་བ་སྤུའི་མིང༌། །ལྟ་བྱེད་འདྲེན་བྱེད་ལྷའི་ སྒྲོན་མེ། །སྣང་བྱེད་ཙཀྴུ་སྤྱན་མིག་མིང༌། །སྒྲ་འཛིན་ཐོས་འཛིན་ཉན་བྱེད་སྙན། །རྣ་བའི་མིང་སྟེ་ སྣོམ་བྱེད་ཤངས། །དྲི་འཛིན་དྲི་ལེན་སྣ་ཡི་མིང༌། །བཅུད་མ་རོ་འཛིན་ངག་གི་འདབ། །སྨྲ་བའི་   འབབ་སྟེགས་ལྗགས་ལྕེའི་མིང༌། །ལྡད་བྱེད་མཆེ་བ་ཚེམས་གཉིས་སྐྱེས། །སོ་སྟེ་སོ་གོས་སྒྲོ་དམར་ མཆུའོ། །གདོང་ཞལ་ཟ་བྱེད་སྨྲ་བའི་སྒོ། །གཏམ་གྱི་འབྱུང་གནས་ཁ་ཡི་མིང༌། །གྲེ་བ་མགྲིན་མགུལ་མགུར་སྐེ་སྟེ། །གསུས་པ་དཀུ་དག་ལྟོ་བའི་མིང༌། །བྲང་སྐྱེས་འོ་འཛིན་ལང་ཚོའི་མཚན། །འདོད་ པའི་མྱོས་བུམ་ནུ་མའི་མིང༌། །བཤང་ལམ་འོག་སྒོ་འཕོངས་རྐུབ་སྟེ། །དཔྱི་དང་སྟ་ཟུར་དཔྱི་མགོའི་མིང༌། །རྒྱུན་འབབ་དྲི་ཆུ་གཅིན་ལ་སྟེ། །བཤང་བ་ཕྱི་ས་དྲི་ཆེན་མིང༌། །རིད་སྐེམ་ཤ་སྲབ་སྟོབས་ ཆུང་སྟེ། །འཚག་ལྡན་ཤ་རྒྱས་སྟོབས་ལྡན་མིང༌། །ཚིག་ཉམས་ངག་དབུལ་ལྐུགས་པ་སྟེ། །གླེན་པ་ རྨོངས་པ་བླུན་པོའི་མིང༌། །གྲིམ་གྲུང་སྒྲིན་པོ་སྤྱང་ལ་སྟེ། །ནད་ལ་བྲོ་འཚལ་འདུ་བ་འཁྲུགས། །ཟུག་རྔུ་ཅོང་དང་སྙུན་ཞེས་ཟེར། །རྩི་སྨན་ནད་སེལ་རྐྱེན་སྨན་རྣམས། །སྨན་ཏེ་སྨན་པར་འཁྱུད་དཔྱད་པར། །འཚོ་བྱེད་སྐྱོན་ཤེས་ཚེ་རིག་ཟེར། །བཀོད་དང་སྤྲས་དང་སྤུད་དང་སྤ། །བརྒྱན་པའི་མིང་སྟེ་དབུ་བརྒྱན་ལ། །ཅོད་པན་པྲོག་ཞུ་རྩེ་ཕྲན་ཟེར། །འཁྱིལ་བ་ཅན་ནི་རྣ་རྒྱན་ཏེ། །མགུལ་ན་སྤ་བ་   མགྲིན་རྒྱན་མིང༌། །ཕྱང་ཕྲུལ་ཞེས་པ་དོ་ཤལ་ཏེ། །འོག་པག་སྐ་རགས་རྒྱན་ཅན་མིང༌། །ཁ་བ་བྱེ་མ་ཟླ་བའི་ཐལ། །ནུས་ལྡན་སྤྲིན་སྙིང་ག་བུར་མིང༌། །རི་དྭགས་ལྟེ་བ་སྦྲུལ་སྐྲག་བྱེད། མྱོས་པའི་མཚན་མ་གླ་རྩིའི་མིང༌། །ཀུན་མཐོང་བཞིན་སྣོད་མ་ཀུ་ར། །བྱི་དོར་མེལ་ཚེ་མེ་ལོང་མིང༌། །ཁྱིམ་གྱི་ནོར་བུ་སྣུམ་ཟ་དང༌། །སྣང་གསལ་སྒྲོན་མེ་མར་མེའི་མིང༌། །བགོ་བ་དགབ་བྱ་གཅེར་སྐྱོབ་དང༌། །ན་     བཟའ་གོས་ཀྱི་མིང་དུ་གྲགས། །མི་ལ་སོགས་པ་རབ་ཏུ་བྱེད་པའོ། །ས་བོན་ལས་བྱུང་གདུང་དང་ རུས། །ཆོ་འབྲང་ཤ་ཉེ་རྣག་ལས་སྐྱེས། །རིགས་བརྒྱུད་མིང་ཡིན་འཕགས་རིགས་ལ། །ཚངས་སྤྱོད་ ནགས་གནས་དགེ་སློང་ཟེར། །སྔོན་སྐྱེས་གཉིས་སྐྱེས་ཚངས་པའི་བུ། །ཁ་སྐྱེས་མགྲིན་སྐུད་བྲམ་ ཟེའི་མིང༌། །སྡོམ་བརྩོན་ཐུབ་པ་དཀའ་ཐུབ་སྤྱོད། །བདེན་སྨྲ་གཙང་གནས་ཀུན་ཏུ་རྒྱུ། །མི་སྨྲ་ངག་བཅད་དྲང་སྲོང་མིང༌། །བློ་ལྡན་སེམས་ཤེས་དུས་ཡིག་ཅན། །དཔྱོད་ལྡན་རྣམ་གསལ་དྲན་པའི་ དབང༌། །གསལ་སྒོ་ཀུན་རིག་གྲངས་ཅན་མཛངས། །རིག་པའི་དཔའ་བོ་མཁས་པའི་མིང༌། །ལམ་སྟོན་བླ་མ་སློབ་དཔོན་ཏེ། །གྲྭ་བ་ཉེ་གནས་སློབ་མའི་མིང༌། །ཚོགས་པ་འདུས་པ་འཁོར་ལ་སྟེ། །   བརྟུལ་ཞུགས་གསོ་སྦྱོང་བསྙེན་གནས་མིང༌། །རྒྱུད་བདུན་པ་དང་མཐོ་རིས་དོན། །སྦྱིན་སྲེག་ཅེས་པ་མཆོད་སྦྱིན་ཏེ། །གསར་འོངས་གློ་བུར་འོངས་པ་ནི། །མགྲོན་པོའི་མིང་ཡིན་ཡོན་ལ་ནི། །མཆོད་པ་དང་ནི་མེ་ཏོག་ཟེར། །ཕུལ་དང་དབུལ་བ་འབུལ་བ་སྟེ། །སྦྱིན་དང་གཏོང་བ་བྱིན་པའི་མིང༌། ། ཉེ་རེག་ཞལ་བསིལ་ཁ་བཤལ་ཏེ། །འཐོར་འཐུང་མཆོད་ཡོན་ཡོན་ཆབ་མིང༌། །ས་སྐྱོང་མི་རྗེ་དཔུང་པ་སྐྱེས། །དམའ་སྐྱོབ་ས་སྤྱོད་སྐྱེ་དགུའི་བདག། །ས་བདག་མི་དབང་རྒྱལ་པོའི་མིང༌། །མིའི་ལྷ་    གནམ་བསྐོས་འཁོར་སྒྱུར་ཏེ། །ཁམས་རྒྱལ་སྡེ་དཔོན་རྒྱལ་ཕྲན་མིང༌། །བཀའ་དབང་གྲོས་སྣོད་ མདུན་ན་འདོན། །ཕྱིང་སོང་སྣ་ཆེན་བློན་པོའི་མིང༌། །མཛོད་པ་ནོར་སྐྱོང་ལྡེ་མིག་པ། །མིག་གི་ཆོས་ཅན་གཉེར་པའི་མིང༌། །དུས་ཤེས་མཚན་མཁན་སྐར་དཔྱད་པ། །གྲངས་ཤེས་ལྟས་མཁན་རྩིས་ པའི་མིང༌། །སྨྱུག་ཅན་འབྲི་མཁན་ཡིག་མཁན་ཏེ། །ཕོ་ཉ་ཉན་རྣ་བྱ་མ་རྟ། །གཏམ་སྐྱེལ་འཕྲིན་སྐྱེལ་བང་ཆེན་མིང༌། །གདམས་པ་རྗེས་གནང་བཀའ་ལུང་སྟེ། །ནོངས་པ་སྐྱོན་ཅན་ཉེས་པའི་མིང༌། ། ལུགས་དང་ཡུལ་ཆོས་རྒྱལ་ཁྲིམས་ཏེ། །རྣམ་བཞག་ཕྱག་རྟེན་འབུལ་བའི་མིང༌། །གཡར་ཁྲལ་ཤོ་ གམ་སྡུད་པ་དཔྱ། །ཁྲལ་རིགས་མིང་ཡིན་གདུགས་ལ་ནི། །ཚད་སྐྱོབ་ཐུར་མ་བརྒྱ་པ་ཟེར། །བ་དན་བྷ་ཛ་རྒྱལ་མཚན་ཏེ། །གཡོ་བྱེད་བསིལ་བྱེད་རྔ་ཡབ་མིང༌། །མ་ཎི་ཞེས་པ་ནོར་བུ་སྟེ། །རཏྣ་རིན་པོ་ཆེ་ཡི་མིང༌།རྡོ་རྗེའི་རིགས་ནི་ཕ་ལམ་སྟེ། །སྤྲིན་ཆེན་གཞོན་སྐྱེས་བེཌཱུཡ་མིང༌། །ནོར་བུའི་སྙིང་པོ་ ཨིནྡྲ་སྙིལ། །དབང་སྔོན་མཐོན་ཀ་ཆེན་པོའི་མིང༌། །རིན་ཆེན་དམར་པོ་པད་རག་སྟེ། །ནོར་བུ་སེར་པོ་ཀེ་ཏ་ཀའོ། །མཁའ་ལྡིང་གཤོག་པ་རྡོའི་སྙིང་པོ། །ནོར་བུ་ལྗང་ཁུ་མརྒད་མིང༌། །མན་ཤེལ་ཟླ་   འོད་མིག་ལ་ཕན། །ནོར་བུ་དཀར་པོ་ཆུ་ཤེལ་མིང༌། །ས་ཟླ་མདོག་བཟང་ས་ལེ་སྦྲམ། །རིན་ཆེན་   དང་པོ་གང་གཱ་སྐྱེས། །ཧེ་མ་ཟོང་མཆོག་གསེར་གྱི་མིང༌། །མཚོན་ཅན་མདོག་ངན་ཁརྫུ་རཾ། །རིན་ ཆེན་གཉིས་པ་དངུལ་གྱི་མིང༌། །མཚལ་སྐྱེས་མེས་འཆིང་དངུལ་ཆུ་སྟེ། །རི་སྙིང་གར་བུ་ལྕགས་ཀྱི་ མིང༌། །ལྗོན་དམར་ཀླ་ཀློ་ཁ་ཟངས་ཏེ། །ཟངས་སྐྱེས་བསིལ་སྐྱེས་འཁར་བའི་མིང༌། །གསེར་ཅན་ རྩིབས་བརྩེགས་ར་གན་ཏེ། །སྐུད་འདྲེན་ལེན་པོ་ཁབ་ལེན་མིང༌། །རྡོ་ཡི་རྒྱལ་པོ་གཡུ་ལ་སྟེ། །གྲོལ་ བ་ཅན་ནི་མུ་ཏིགམིང༌། །ལུས་དམར་འདབ་དང་དཔལ་མེ་ཏོག །རིན་ཆེན་སྡོང་པོ་བྱུ་རུའི་མིང༌། །ལག་ལྡན་གཉིས་འཐུང་མྱོས་བུམ་ཅན། །སོ་ལྡན་ཉི་བུ་སོ་གཉིས་པ། །དབྱུག་པའི་སྣ་ཅན་གླང་   པོའི་མིང༌། །མགྱོགས་འགྲོ་རྒྱབ་འཛིན་རྟག་ཏུ་ཟ། །དཔལ་བུ་རྔ་ཡབ་མཇུག་མ་ཅན། །རླུང་སྐྱེས་ བང་ལྡན་རྟ་སྤྱིའྀ་མིང༌། །ཅང་ཤེས་ལེགས་འགྲོ་རླུང་གཤོག་ཅན། །རིགས་ལྡན་གྱི་ལིང་རྟ་མཆོག་ མིང༌། །ལམ་བགྲོད་སྒྲ་ལྡན་ཤིང་རྟ་སྟེ། །ཁྱོགས་དང་ཐེག་པ་བཞོན་པའི་མིང༌། །མཚོན་ཆས་འཚོ་བ་དཔུང་བུ་ཆུང༌། །ལུས་ཀྱི་རྒོལ་བ་རྐང་དམག་མིང༌། །མདའ་རྟེན་མདའ་ཟ་མདའ་སྣུན་བྱེད། །    མདའ་བསྐྱེད་གནམ་རུ་གཞུ་ཡི་མིང༌། །ཉག་ཕྲན་འབིགས་བྱེད་རྩེ་མོ་ཅན། །སྒྲོ་ལྡན་དྲང་འགྲོ་    མདའ་ཡི་མིང༌། །ཤང་ལང་རྡེག་ཆ་རྗེས་སུ་གཅོད། །དཔལ་གྱི་སྙིང་པོ་རལ་གྲིའི་མིང༌། །འཁྲུག་གོས་མཚོན་སྐྱོབ་ལྕགས་གོས་དང༌། །གོ་ཆ་ཁྲབ་སྟེ་རྨོག་ལ་ནི།ལྕགས་ཞུ་མགོ་སྐྱོབ་ཡ་ལད་ཟེར། །རུ་བ་ དཔུང་ཚོགས་དམག་དཔུང་དང༌། །ཡན་ལག་བཞི་བ་དམག་ཚོགས་མིང༌། །སྟོབས་ཆེན་གྱད་མི་ཕ་རོལ་གནོན། །བརྟུལ་ཕོད་བསྙེངས་བྲལ་གཡུལ་ངོར་བརྟན། །གཏུམ་པོའི་དཔུང་ཅན་དཔའ་བོའི་མིང༌། །དཔུང་གི་ཁྱུ་མཆོག་རལ་གྲིའི་གཉེན། །དམག་གི་འདྲེན་པ་དམག་དཔོན་མིང༌། །འཁྲུག་ འཛིང་འཐབ་རྩོད་གཡུལ་འགྱེད་དེ། །ཞོགས་འུར་བྱེར་འཁྱུས་བྲོས་པའི་མིང༌། །སྡང་བྱེད་མཛའ་བྲལ་ཕ་རོལ་པོ། །ཕྱིར་རྒོལ་ཕས་རྒོལ་དགྲ་ཟླའི་མིང༌། །བརྒྱལ་མྱོས་བོག་རྨོངས་འཇིགས་སྐྲག་སྟེ། །བསྒྲལ་བ་བཀུམས་པ་བསད་པའི་མིང༌། །སྲོག་བྲལ་ཕུང་པོ་རོ་ལ་སྟེ། །བྱུས་ལེགས་གཡུལ་ལས་རྒྱལ་བའི་མིང༌། །ཡིད་གཅུགས་མཛའ་བཤེས་ཁོན་མེད་ཟུན། །གྲོགས་པོ་བློ་ཉེ་རང་ཕྱོགས་མིང༌། །བྲམ་ཟེ་དང་རྒྱལ་རིགས་ལ་སོགས་རབ་ཏུ་བྱེད་པའོ། །
   བརླ་སྐྱེས་ཇོ་བོ་རྗེའུ་རིགས་ཏེ། །འཚོ་ཚིས་འཇུག་བྱེད་སོ་ནམ་མིང༌། །འབྲུ་སྐྱེས་ས་རྨོས་ཞིང་པ་སྟེ། །རྨོ་བྱེད་ས་འཇོམས་ཐོང་གཤོལ་མིང༌། །གཤོལ་མདའ་གཉའ་ཕུར་གཉའ་ཤིང་སྟེ། །འཇོར་   དང་རྐོ་བྱེད་ཏོག་ཙེའི་མིང༌། །གཅོད་བྱེད་རྔ་བྱེད་ཟོར་བ་སྟེ། །བཙུགས་སྐྲུན་བསྐྱེད་གདབ་བཏབ་པའི་མིང༌། །འབྲུ་དཀར་པ་ཏ་ལ་འབྲས་སྟེ། །ཆུ་མ་རྩི་དཀར་ནས་ཀྱི་མིང༌། །ཡིད་ལེགས་ཡིད་     བཟང་གྲོ་ལ་སྟེ། །ཚོགས་ཅན་འཕྲོག་བྱེད་ཙ་ན་ཀ། །ནས་ཀྱི་འཁྲི་ཤིང་སྲན་མའི་མིང༌། །དོན་གྲུབ་ ཟས་གཙང་ཡུངས་ཀར་ཏེ། །ཚ་བའི་སྣུམ་ཅན་པད་ཁའི་མིང༌། །སྔོན་སྐྱེས་ནག་མོ་ལྷ་མིན་མོ། །   ཡུངས་ཀར་རྒྱལ་པོ་སྐེ་ཚེའི་མིང༌། །དོག་པ་ཞེས་པ་སྙེ་མ་སྟེ། །སྦུན་པ་ཕུབ་མ་ཕྱི་སྐོགས་མིང༌། །སྔོ་ སངས་ངེས་སྒྲིབ་ལྗང་པ་སྟེ། །སོ་མ་རྨ་མེད་སྲུས་ཀྱི་མིང༌། །གཡོས་མ་ལག་བདེ་ཕྱག་ཚང་བ། །ཐབ་ཀ་པ་སྟེ་ཐབ་ཚང་ལ། །གཡོས་ཁང་གསོལ་ཁང་བསྲོ་ཁང་ཟེར། །མེ་ཐབ་སྒྱེད་པུ་ཐབ་ཀ་སྟེ། །རྔོད་ གཞི་ཐེར་པོ་སླ་ངའི་མིང༌། །ཁོལ་མ་གཡོ་སྣོད་ཕྲུ་བ་སྟེ། །སྐྱོགས་དང་ལ་སྐྱོགས་གཟར་བུའི་མིང༌། །ཁམ་ཕོར་ཞེས་པ་རྫ་ཕོར་ཏེ། །ཡོལ་གོ་ཞེས་པ་སྣོད་སྤྱོད་མིང༌། །བཞེས་པ་ཟས་ལྟོ་ཁ་ཟས་ཏེ། །བྱ་ན་སྐྱོ་ཚ་ཚོད་མའི་མིང༌། །ཆུ་རོ་འགྱུར་བྱེད་དཔྱིད་དུས་ཆགས། །ལན་ཚའི་མིང་ཡིན་འདོད་ཞེན་ལ། །གདུང་བ་ཆགས་པ་སྲེད་པ་ཟེར། །ཁ་སྐམ་ཆུ་འདོད་སྐོམ་པ་སྟེ། །བྲུ་བ་ཚ་བ་ལྟོགས་པའི་མིང༌། ། ཕྱུགས་སྐྱོང་ཕྱུགས་ལྡན་འབྲོག་པ་སྟེ། །ལྐོག་ཤལ་ནོག་ཅན་བ་ལང་མིང༌། །བཟང་པོ་ཁྱུ་མཆོག་གླང་ལ་སྟེ། །གྲུས་མ་འབབ་བྱེད་བ་ཡི་མིང༌། །མཆུ་འཕྱང་རླུང་དགའ་རྔ་མོང་སྟེ། །ལྦ་འཕྱང་ཚེ་ཚེ་ར་ཡི་མིང༌། །ལྟོ་འཕྱང་གཡང་མོ་ལུག་ལ་སྟེ། །ནུ་སྐྱེས་འོ་མ་རབ་ཆགས་ཞོའོ། །རྩི་བཅུད་བསྲུབས་སྐྱེས་ མར་ལ་སྟེ། །ཆུ་སྐྱ་ཆབ་སྐྱ་དར་བའི་མིང༌། །ལམ་འགྲོན་ཟོང་འཚོ་ཚོང་ལ་སྟེ། །བརྗེ་དང་བསྒྱུར་བ་ཉོ་ཚོང་མིང༌། །འཇལ་བྱེད་ཉ་ག་སྲང་ལ་སྟེ། །འདེགས་བྱེད་སྙོམ་བྱེད་ན་རའི་མིང༌། །ནོར་རྫས་ཡོ་བྱེད་ཟང་ཟིང་དཀོར། །ཀ་ཅ་དབྱིག་རྣམས་དངོས་པོའི་མིང༌། །འདྲེས་མ་ཀུན་གཏུམ་རིགས་ཀྱི་ ཐ། །ཕྱིས་སྐྱེས་རྐང་སྐྱེས་དམངསརིགས་མིང༌། །འཕྲེང་ལྡན་མེ་ཏོག་གིས་འཚོ་བ།ཕྲེང་རྒྱུད་མཁན་ཏེ་རྫ་མཁན་ལ། །འཁོར་ལོས་འཚོ་དང་བུམ་མཁན་ཟེར། །མཚོན་ཆ་མཁན་དང་རྡེག་ཆ་མཁན། །མགར་བའི་མིང་སྟེ་རི་མོ་བར། །པིར་ཐོགས་བཀྲ་བྱེད་ཚོན་འཚོ་ཟེར། །འདྲ་འབག་ལྡེར་བཟོ་སྣང་བརྙན་དང༌། །སླར་གཟུགས་སློང་བྱས་སྐུ་གཟུགས་མིང༌། །ལྷ་ཡིས་འཚོ་བ་སྐུ་གཉེར་ཏེ།།གོས་བཟོ་ཚེམ་བུ་མཁན་གྱི་མིང༌། །ཀོ་པགས་མཁན་ནི་ལྷམ་བཟོ་སྟེ། །རྩེ་རྣོ་ཀོ་འབིགས་སྙུང་བུའི་མིང། །   འབྱར་བྱེད་སྣག་ཚ་འཕེལ་བྱེད་སྤྱིན། །ཡིན་ཏེ་ལྷམ་ལ་ཚེར་མ་སྲུང༌། །ཞབས་ཕྱགས་མཆིལ་ལྷམ་ བཅག་ལྷམ་ཟེར། །ཤིང་མཁན་ཞེས་པ་ཤིང་བཟོ་སྟེ། །བཙོ་བླག་མཁན་ནི་ཚོས་མཁན་མིང༌། །ཟླ་ འཛིན་སྐྲ་མཁན་འདྲེག་མཁན་ཏེ། །མིག་འཕྲུལ་བྱེད་པ་སྒྱུ་མའི་མིང༌། །ཟློས་གར་མཁན་ནི་གར་པ་སྟེ། །མྱོས་བྱེད་ཟོང་ཅན་ཆང་མའི་མིང༌། །མྱོས་བྱེད་མྱོས་འགྱུར་ཆུ་བདག་སྐྱེས། །ཡང་འབབ་ཆུ་མ་ཅ་ཅོ་བྱེད། །ལྷ་མིན་ཉིང་ཁུ་ཆང་གི་མིང༌། །མངར་ལྡན་སྤྲ་ཚིལ་སྦྲང་རྩི་སྟེ། །གླ་རྔན་བྱ་དགའ་ཡོན་གྱི་མིང༌། །ཡུང་པོ་འདོལ་བ་རིགས་ངན་ཏེ། །གསོད་པོ་གཤེད་མ་ཤ་བ་རི། །བཤན་པ་ལིང་པ་རྔོན་པའི་མིང༌། །འཆིང་བྱེད་དྲ་བ་རྙི་རྒྱ་སྟེ། །སྲད་བུ་ཐག་པ་ཞགས་པའི་མིང༌། །གྲོང་གི་གཅན་གཟན་སེངྒེ་རིགས། །ནོར་སྲུང་རྡོ་རྗེའི་མཇུག་མ་ཁྱིའོ། །མགྲིན་བཟང་རྣ་ཆེན་ཤུགས་འགྲོ་བ། །བཟོད་   པའི་མུ་ཁྱུད་བོང་བུའི་མིང༌། །རྩེ་རྒོད་བྲན་ཁོལ་མངག་གཞུག་འབངས། །ཞབས་འབྲིང་གཞན་ གསོས་ཕྱག་བརྙན་དང༌། །བཀའ་ཉན་ཅི་བགྱི་གཡོག་གི་མིང༌། །ཨར་པ་ཇག་པ་འཇབ་བུ་བ། །འོག་རྒྱུ་གཡས་མ་ཆོམ་རྐུན་མིང༌། །བཀྲེན་པོ་དབུལ་པོ་སྒྲུབ་ངན་དང༌། །ཕོངས་པ་ནོར་མེད་མིང་དུ་ གྲགས། །ལག་རྐྱོང་ལམ་པ་མུ་ལྟོ་བ། །འ་རི་དྲ་རྣམས་སྤྲང་པོའི་མིང༌། །ཆ་འཛིན་གཉའ་པོ་དཔང་ པོ་སྟེ། །ཆོ་ལོ་ཟ་རྒྱན་ཤོ་ཡི་མིང༌། །རྗེ་རིགས་དང་དམངས་རིགས་ལ་སོགས་པའི་རབ་ཏུ་བྱེད་    པའོ། །
 
 

གྲངས་ཀྱི་མངོན་བརྗོད།

 
ཀླད་ཀོར།——ནམ་མཁའ།         གཅིག——བསེ་རུ།      གཉིས།——ལག་པ་དང་མིག
གསུམ།——འཇིག་རྟེན།            བཞི།——ཆུ་བོ།         ལྔ།——དབང་པོ།
དྲུག——བྲོ་བ།                     བདུན།——གཟའ།     བརྒྱད།——བཀྲ་ཤིས།
དགུ།——བུ་ག                     བཅུ།——ཕྱོགས།
 རང་བཞིན་གཟུགས་དང་བསེ་རུ་དང༌། །ཟླ་བ་འོད་དཀར་རི་བོང་ཅན། །འདི་རྣམས་གཅིག་གི་མིང་དུ་གྲགས། །ལག་མིག་ཟུང་བགྲོད་ཐབས་ཤེས་དང༌། །འཁྲིག་སྤྱོད་གཤིན་རྗེ་མཚེ་མ་      གཉིས། །འཇིག་རྟེན་ཚ་བ་ཡོན་ཏན་མེ། །སྲིད་པ་རྩེ་མོ་ཅན་རྣམས་གསུམ། །རྒྱ་མཚོ་ཆུ་གཏེར་ཆུ་བོ་བདུད། །རིག་བྱེད་སྡེ་བ་ཟུང་ལྡན་བཞི། །འདོད་ཡོན་ཉེར་སྤྱོད་ཕུང་པོ་མདའ། །འབྱུང་བ་དབང་བོ་ལྔ་ཡི་མིང༌། །རོ་དང་བྲོ་བ་དུས་དང་ནི། །བཟང་པོ་རྒྱན་རྣམས་དྲུག་གི་མིང༌། །རིན་ཆེན་ས་    འཛིན་ཐུབ་པ་གླིང༌། །དྲང་སྲོང་རེས་གཟའ་རྟ་རྣམས་བདུན། །ལྷ་ཀླུ་བཀྲ་ཤིས་གདེངས་ཅན་    སྦྲུལ། །ལྟོ་འགྲོ་ནོར་ལྷ་ནོར་དབྱིག་བརྒྱད། །སྲིན་པོ་བུ་ག་གཏེར་རྩ་དགུ །འཇུག་པ་ཁྲོ་བོ་སྒྲ་སྒྲོགས་ཕྱོགས། །འབྱོར་པ་སྟོབས་དང་སོར་མོ་བཅུ། །དྲག་པོ་དབང་ཕྱུག་བདེ་བྱེད་དང༌། །བདེ་འབྱུང་ འཕྲོག་བྱེད་བཅུ་གཅིག་གོ །ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། །གདུགས་རིམ་སྣ་ཚོགས་ལུས་   མེད་དང༌། །འདོད་པ་མྱོས་བྱེད་བཅུ་གསུམ་མིང༌། །མ་ནུ་ཤེད་བུ་ཡིད་སྲིད་པ། །སྲིད་པའི་གནས་ རྣམས་བཅུ་བཞིའོ། །ཚེས་ཞེས་བྱ་བ་བཅོ་ལྔའི་མིང༌། །ཆ་ཤས་དང་ནི་རྒྱལ་པོ་དང༌། །མི་བདག་   ཅེས་པ་བཅུ་དྲུག་གོ །ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་དོ། །རྒྱལ་བ་ཡུལ་ནི་ཉེར་བཞིའོ། །དེ་ ཉིད་ཉི་ཤུ་རྩ་ལྔ་སྟེ། །སྐར་མ་འཁོར་ལོ་ཉེར་བདུན་མིང༌། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །   སྟོང་པ་ནམ་མཁའ་ཐིག་ལེ་སྟེ། །གྲངས་ཀྱི་མིང་གི་རྣམ་གྲངས་སོ། །
 
 

ཉེར་མཁོའི་མངོན་བརྗོད་ཕྱོགས་བསྡུས།

 
འདྲེན་བྱེད།——མིག་གི་མངོན་བརྗོད།      སུམ་རྩེན།——ལྷ་ཡུལ་གྱི་མངོན་བརྗོད།
དྲི་འཛིན།——སྣ་བའི་མངོན་བརྗོད།        མ་ཧཱ་ཙི་ན།——རྒྱ་ནག་གི་མངོན་བརྗོད།
ཐོས་འཛིན།——རྣ་བའི་མངོན་བརྗོད།      བྷོ་ཊ།——བོད་ཡུལ་གྱི་མངོན་བརྗོད།
གཉིས་སྐྱེས།——སོ་དང་བྱ་ཡི་མངོན་བརྗོད། འཕགས་ཡུལ།——རྒྱ་གར་གྱི་མངོན་བརྗོད།
རོ་འཛིན།——ལྕེ་ཡི་མངོན་བརྗོད།          ཉག་ཕྲན།——མདའ་ཡི་མངོན་བརྗོད།
རྐང་གཉིས།——མི་ཡི་མངོན་བརྗོད།        ལན་བུ།——སྐྲ་ཡི་མངོན་བརྗོད།
ས་སྐྱོང༌།——རྒྱལ་པོའི་མངོན་བརྗོད།       ཏམ་བུ་ར།——སྒྲ་སྙན་གྱི་མངོན་བརྗོད།
ཆུ་ཡི་ཤིང་རྟ།——གྲུ་གཟིངས་ཀྱི་མངོན་བརྗོད། མགྱོགས་འགྲོ།——རྟ་ཡི་མངོན་བརྗོད།
མགྲིན་བཟང༌།——བོང་བུའི་མངོན་བརྗོད། རལ་པ་ཅན།——སེང་གེའི་མངོན་བརྗོད།
དཔྱོད་ལྡན།——མཁས་པའི་མངོན་བརྗོད། ཀུན་ཁྱབ།——ནམ་མཁའི་མངོན་བརྗོད།
ཆུ་ཤེལ་ཅན།——ཟླ་བའི་མངོན་བརྗོད།    ནགས་ཀྱི་རྒྱལ་པོ།——སྟག་གི་མངོན་བརྗོད།
གཉིས་འཐུང༌།——གླང་ཆེན་གྱི་མངོན་བརྗོད། སྤྲིན་གྱི་སྒྲ།——འབྲུག་སྒྲའི་མངོན་བརྗོད།
གནམ་ལྕགས།——ཐོག་གི་མངོན་བརྗོད།     ཏ་མ་ལ།——སྤྲིན་གྱི་མངོན་བརྗོད།
སྤྲིན་གྱི་མེ་ཏོག——ཆར་པའི་མངོན་བརྗོད།   གཉེར་མའི་གདོང༌།——སྤྲེའུ་མངོན་བརྗོད།
ལྟོ་འགྲོ།——སྦྲུལ་གྱི་མངོན་བརྗོད།           གསེར་མིག་ཅན།——ཉའི་མངོན་བརྗོད།
དལ་འགྲོ་མ།——ཆུའི་མངོན་བརྗོད།         ག་བུར་རྡུལ།——ཁ་བའི་མངོན་བརྗོད།
འཕར་འགྲོ།——སྦལ་བའི་མངོན་བརྗོད།     འུག་པ་མཆོད་བྱེད།——སྲམ་གྱི་མངོན་བརྗོད།
ལྕེ་གཉིས་པ།——ནེ་ཙོའི་མངོན་བརྗོད།      དཔྱིད་ཀྱི་ཕོ་ཉ།——ཁུ་བྱུག་གི་མངོན་བརྗོད།
སྲེག་བྱེད།——མེ་ཡི་མངོན་བརྗོད།           དབྱིག་འཛིན།——ས་གཞིའི་མངོན་བརྗོད།
ཆུ་གཏེར།——རྒྱ་མཚོའི་མངོན་བརྗོད།       ཀེ་ལ་ཤ——གངས་རིའི་མངོན་བརྗོད།
དཔྱིད་ཀྱི་ཕོ་ཉ།——ཁུ་བྱུག་གི་མངོན་བརྗོད། མགྲིན་རིང༌།——ཁྲུང་ཁྲུང་གི་མངོན་བརྗོད།
ཉིན་མོ་ལོང་བ།——འུག་པའི་མངོན་བརྗོད།   ཆུ་སྐྱེས།——མེ་ཏོག་པདྨའི་མངོན་བརྗོད།
ཁ་ཆེ་སྐྱེས།——གུར་གུམ་གྱི་མངོན་བརྗོད།    ཡན་ལག་ལྔ་པ།——རུས་སྦལ་གྱི་མངོན་བརྗོད།
རྐང་དྲུག——བུང་བའི་མངོན་བརྗོད།        ཐགས་མཁན།——སྡོམ་གྱི་མངོན་བརྗོད།
རྐང་འཐུང༌།——ལྗོན་ཤིང་གི་མངོན་བརྗོད།   སྙེ་མ།——འབྲས་བུའི་མངོན་བརྗོད།
འཚོ་བྱེད།——སྨན་པའི་མངོན་བརྗོད།        དག་བྱེད།——ཆུ་དང་མེའི་མངོན་བརྗོད།
རྒྱུ་སྐར་ལམ།——ནམ་མཁའི་མངོན་བརྗོད།    སྒོང་སྐྱེས།——འདབ་ཆགས་ཀྱི་མངོན་བརྗོད།
ཡལ་ག་ཅན།——ལྗོན་ཤིང་གི་མངོན་བརྗོད།    པདྨའི་གཉེན།——ཉི་མའི་མངོན་བརྗོད།
རྒྱུ་སྐར་རྒྱལ་པོ།——ཟླ་བའི་མངོན་བརྗོད།      ཆུ་འཛིན།——སྤྲིན་གྱི་མངོན་བརྗོད།
བལ་ལྡན།——ལུག་གི་མངོན་བརྗོད།          འདམ་སྐྱེས།——མེ་ཏོག་པདྨའི་མངོན་བརྗོད།
མི་དབང༌།——རྒྱལ་པོའི་མངོན་བརྗོད།         སྲིན་བྱ།——འུག་པའི་མངོན་བརྗོད།
ས་ལེ་སྦྲམ།——གསེར་གྱི་མངོན་བརྗོད།         ན་བུན།——སྤྲིན་གྱི་མངོན་བརྗོད།
མངལ་སྐྱེས།——མིའི་མངོན་བརྗོད།            དྲི་བཞོན།——རླུང་གི་མངོན་བརྗོད།
ལྷ་རྗེ།——སྨན་པའི་མངོན་བརྗོད།              གསེར་ལྡན།——ས་གཞིའི་མངོན་བརྗོད།
ཆུ་ཤེལ་དཀྱིལ་འཁོར།——ཟླ་བའི་མངོན་བརྗོད། བསིལ་ཟེར།——ཟླ་བའི་མངོན་བརྗོད།
རི་སྐྱེས།——རི་དྭགས་ཀྱི་མངོན་བརྗོད།       རྟ་བདུན་དབང་པོ།——ཉི་མའི་མངོན་བརྗོད།
རི་བོང་ཅན།——ཟླ་བའི་མངོན་བརྗོད།       སུམ་རྩེན།——ལྷ་ཡུལ་གྱི་མངོན་བརྗོད།
མེ་ཟླུམ།——ཉི་མའི་མངོན་བརྗོད།         དཔྱིད་ཀྱི་རྒྱལ་མོ།——ཁུ་བྱུག་གི་མངོན་བརྗོད།
གཉིས་འཐུང༌།——གླང་ཆེན་གྱི་མངོན་བརྗོད། དབེན་གནས།——དགོན་པའི་མངོན་བརྗོད།
ཞི་མི།——བྱི་ལའི་མངོན་བརྗོད།              ཅང་ཤེས།——རྟའི་མངོན་བརྗོད།
རྐང་བཞི།——ཕྱུགས་ཀྱི་མངོན་བརྗོད།        ས་འཛིན།——རི་བོའི་མངོན་བརྗོད།
གདོང་ལྔ་པ།——སེང་གེའི་མངོན་བརྗོད།     ལུས་སྐྱེས།——སྤུའི་མངོན་བརྗོད།
 
 
 

ས་བཅད་བཞི་པ། ལེགས་བཤད་ཀྱི་སྐོར།

 

སྐྱེ་བོ་གསོ་ཐིགས།

嗌ཚན་བཤུས། 嗍
 
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད།
དགོས་པ་མེད་པའི་ཚིག་རྩུབ་ནི། །ནམ་ཡང་བརྗོད་པར་མི་བྱ་སྟེ། །བདག་ལ་མི་ཕན་གཞན་   གནོད་པ། །དཔེར་ན་ནེ་ཙོའི་རྫུན་ཚིག་བཞིན། །རྫུན་གྱི་ཚིག་རྣམས་བརྗོད་མི་བྱ། །རྫུན་གྱི་ཚིག་     རྣམས་བརྗོད་བྱས་ན། །མྱུར་བར་གཞན་གྱིས་ཤེས་འགྱུར་ཏེ། །དཔེར་ན་བྱི་ལའི་རྫུན་ཚིག་བཞིན། ། གནོད་སེམས་ཅན་གྱི་ཚིག་མི་མཉན། །དེ་ཡི་ཚིག་རྣམས་ཉན་བྱེད་ན། །བདག་ལ་ཕན་པ་མི་འབྱུང་སྟེ། །ཝ་ནི་སྲེག་པས་ཕུང་བ་བཞིན། །ཕྱུག་པོ་ཀླ་ཀློ་ལ་ཡང་ཡོད། །དཔའ་བོ་དུད་འགྲོ་ལ་ཡང་ཡོད། ། དོན་དང་མཐུན་པའི་གཏམ་སྨྲ་བ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །དེ་ཕྱིར་ཡོན་ཏན་དག་ལ་ནི། །སྲོག་དང་བསྡོས་ཏེ་འབད་པར་བྱ། །གང་ཞིག་ཡོན་ཏན་མི་སློབ་པ། །དེ་ནི་བླུན་པོ་ཕྱུགས་ལྟ་བུ། །ཡོན་ཏན་མེད་པའི་ཁ་ཉིད་ནི། །ས་ཡི་བུ་ག་དག་དང་མཚུངས། །ཡོན་ཏན་རབ་ཀྱི་བརྒྱན་པ་ཡི། །ཁ་ ནི་པད་མ་ཡིད་འོང་ལྡན། །གཞོན་པའི་དུས་སུ་རིག་པ་བསླབ། །ཞོ་འདོད་བ་ནི་དགུན་ནས་གསོས། །དྲོད་གཤེར་ལྡན་དུས་ས་བོན་གདབ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །
 

བཤེས་སྤྲིངས།

嗌ཚན་བཤུས། 嗍
 
མགོན་པོ་ཀླུ་སྒྲུབ་ཀྱིས་མཛད།
མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པ་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །འཇིག་རྟེན་མཁྱེན་པས་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་ དང༌། །ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང༌། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤང༌། །རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་ དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །
 
 

ས་སྐྱ་ལེགས་བཤད།

嗌ཚན་བཤུས། 嗍
 
ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད།
མཁས་པ་ཡོན་ཏན་མཛོད་འཛིན་པ། །དེ་དག་ལེགས་བཤད་རིན་ཆེན་སྡུད། །རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །སྐྱེ་བོ་ཡོན་ཏན་ཡོད་མེད་པའི། །བླང་དོར་བློ་གྲོས་ལྡན་པ་མཁས། །རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། །ཁབ་ལེན་རྡོ་ཡིས་ལེན་པར་ཤེས། །ལེགས་ བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་ པོའི་བྱ་རྣམས་ལོང་བར་འགྱུར། །ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསོད་པར་ནུས་ཀྱི་ཁྭ་ཏས་མིན། །མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུག་གུས་མ་བསྣུན་པ། །དེ་སྲིད་གཞན་དང་ཁྱད་ཅི་ ཡོད། །རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་ འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །མཁས་པ་ཡོན་ཏན་ དཔག་མེད་ཀྱང༌། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་    ཐམས་ཅད་མཁྱེན་པར་འགྲོ། །མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང༌། །བླུན་པོ་འཇུག་པའི་ལམ་མི་ འགྲོ། །ཆར་འདོད་བྱེའུ་སྐོམ་ན་ཡང༌། །ས་ལ་བབས་པའི་ཆུ་མི་འཐུང༌། །ཤེས་རབ་ལྡན་པ་མགོ་བསྐོར་ཡང༌། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །སྲོག་ཆགས་གྲོག་མ་མིག་མེད་ཀྱང༌། །མིག་ལྡན་གཞན་ལས་ ལྷག་པར་མགྱོགས། །བླུན་པོའི་ཡོན་ཏན་ཁར་འབྱིན་ཏེ། །མཁས་པའི་ཡོན་ཏན་ཁོང་དུ་སྦེད། །སོག་མ་ཆུ་ཡི་སྟེང་ན་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་འབྱིང༌། །ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །མཁས་ པར་གྱུར་ན་དུལ་བར་གནས། །ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོ་ཅ་ཅོ་ག་ལ་སྒྲོགས། །གཡོན་ཅན་   སྙན་པར་སྨྲ་བ་ནི། །རང་དོན་ཡིན་གྱི་གུས་ཕྱིར་མིན། །སྲིན་བྱ་སྙན་ནས་དགོད་པ་ནི། །ལྟས་ངན་    གཏོད་ཀྱི་དགའ་ནས་མིན། །
 
 

དགེ་ལྡན་ལེགས་བཤད།

嗌ཚན་བཤུས། 嗍
 
མཁས་པ་ཞེས་བྱ་འཇིག་རྟེན་དང༌། །ཆོས་ཀྱི་ཚུལ་ལ་མཁས་པ་སྟེ། །རྣམ་པ་གཉིས་གསུངས་དེ་བཞིན་དུ། །བླུན་པོ་ཡང་ནི་གཉིས་སུ་བཤད། །མཁས་པ་མཁས་པའི་དྲུང་ན་མཛེས། །ཡོན་ཏན་ཇི་   བཞིན་མཐོང་བས་ཡིན། །རིན་ཐང་མེད་པའི་ནོར་བུ་དེ། །དེད་དཔོན་ལག་ཏུ་མཛེས་ལ་ལྟོས། །བླུན་ པོ་མཁས་པའི་ངག་མི་ཉན། །དེ་ལས་ཉེས་སྐྱོན་འོས་པ་འཐོབ། །ངང་བའི་ངག་བཞིན་མ་ཉན་པས། །རུས་སྦལ་མཁའ་ལས་ལྷུང་ཞེས་གྲགས། །མཁས་པ་ལུས་སྟོབས་ཆུང་ན་ཡང༌། །རྣམ་དཔྱོད་རྩལ་གྱིས་དགྲ་ལས་རྒྱལ། །རི་བོང་བློ་དང་ལྡན་པ་ཡིས། །རི་དྭགས་རྒྱལ་པོ་བསད་ཅེས་གྲགས། །བླུན་པོ་ལན་ ཅིག་ཕམ་པ་ན། །གཉེན་ལ་འཁང་ཞིང་དགྲ་བློ་ཞི། །ཁྱི་ངན་ལ་ནི་རྡོ་ཕོག་ན། །འཁང་ནས་ཉལ་བའི་ སྤྱོད་ཚུལ་ལྟོས། །མཁས་པ་མང་དུ་འདུས་པ་ན། །བློ་གྲོས་བསྡུས་བས་ལེགས་ལ་སྦྱོར། །གླང་བོ་ལ་    སོགས་སྲོག་ཆགས་བཞི། །འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས། །བླུན་པོ་བྱ་བ་གང་བརྩམས་ ཀྱང༌། །ཕྱིས་སུ་འཚེངས་པ་གཅིག་ཀྱང་མེད། །ཁྱེའུ་མེ་སྐྱེས་ཕ་ཡིས་ནི། །བུད་མེད་ལྟོ་བ་མཉེས་ལ་    ལྟོས། །
 
 

ཆུ་ཤིང་གི་བསྟན་བཅོས།

嗌ཚན་བཤུས། 嗍
 
གུང་ཐང་བསྟན་པའི་སྒྲོན་མེས་མཛད།
གཟུར་གནས་རིག་པར་ལྡན་པ་དེས། །གཞན་གྱི་ཡོན་ཏན་ལེན་པར་བྱེད། །སྤང་ལྗོངས་གཙང་ མའི་དལ་འགྲོ་མ། །ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ། །ཡོན་ཏན་དང་པོར་སློབ་དཀའ་ལ། །ཤེས་     བཞིན་མེད་ན་ཉམས་པ་སླ། །ཆུ་ཐིགས་བསགས་པས་འགེངས་དཀའ་ཡང༌། །བོ་ན་ཅིག་ཅར་ཉིད་དུ་འཛད། །དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན། །བྱ་བ་གང་ཡང་དཀའ་བ་མེད། །ཆུ་ཡི་ནང་དུ་ཞུགས་པ་དེར། །ཆར་གྱིས་ལྷག་པར་གནོད་མི་འགྱུར། །རྒྱུན་ཆགས་བརྩོན་པ་མ་བཏང་བར། །བགས་ཀྱིས་    བསྒྲུབས་ན་ཅི་ཡང་འགྲུབ། །ཆུ་བོ་དལ་གྱིས་འབབ་པ་ཡིས། །ཡངས་པའི་ས་ཆེན་བསྐོར་ནས་འགྲོ། ། བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ། །ངང་ཐུང་འབད་པས་མཐར་མི་ཕྱིན། །རླུང་ཆེན་དལ་ཡང་རིང་འགྲོ་ལ། །རྦ་རླབས་དྲག་ཀྱང་ཆེར་མི་འགྲོ། །དཔག་བསམ་ཤིང་ལ་བརྟེན་བྱས་ན། །དགོས་འདོད་ཐམས་ ཅད་ཆར་དུ་བསྙིལ། །དེ་བཞིན་བཤེས་གཉེན་དམ་པ་ལ། །བརྟེན་ན་ལེགས་ཚོགས་ལྷུན་གྱིས་གྲུབ། ། བཤེས་ལ་མི་གུས་སྐྱེ་བོ་དེས། །གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར། །ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང༌། །ལོ་འདབ་སྐྱེ་བ་སྲིད་ན་མེད། །དུག་དང་སྨན་གྱི་མྱུ་གུ་ལས། །འབྲས་བུ་འཆོལ་བ་འགར་ཡང་ མེད། །དགེ་དང་མི་དགེའི་ལས་ལས་ཀྱང༌། །འབྲས་བུ་གཞན་འབྱུང་གནས་མ་ཡིན། །ཤིང་གཞན་   འབྲས་བུ་བླངས་པས་འཛད། །དཔག་བསམ་ཤིང་འབྲས་ཟད་པ་མེད། །དགེ་བ་གཞན་འབྲས་སྤྱད་ པས་འཛད། བྱང་ཆུབ་སེམས་དགེ་ཕྱིར་ཤིང་འཕེལ། །ཚེར་མ་ཟུག་པའི་ལན་དུ་སླར། །ཁུ་ཚུར་རྡེག་པ་བཞད་གད་རྒྱུ། །གནོད་བྱེད་ལ་ཡང་སླར་ཁྲོ་བ། །རང་ཉིད་ཉམས་པའི་རྒྱུ་རུ་ཟད། །རྒྱུ་དུས་བརྩོན་པ་མང་བཏང་ན། །འབྲས་དུས་ཡོན་ཏན་ཐམས་ཅད་སྐྱེ། །རྩ་བ་རླན་དང་མ་བྲལ་ན། །རྩེ་མོར་ལོ་འབྲས་སྨིན་པར་འགྱུར། །
 
 
 

ས་བཅད་ལྔ་པ། བསླབ་བྱའི་སྐོར།

 

སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ།

嗌ཚན་བཤུས། 嗍
 
གུང་ཐང་བསྟན་པའི་སྒྲོན་མེ།
ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང༌། །རྒྱུས་མེད་ ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །འོངས་དོན་ ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང༌། །ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་ བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་   ཚེས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང༌། །དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་ཀྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ ཨང༌། །གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང༌། །དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང༌། ། ནེ་ཚོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། །བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། །དོན་ལ་    བརྟགས་དཔྱད་ཞིབ་མོ་གྱིས་ཤིག་ཨང༌། །ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང༌། །སྐྱོན་ཡོན་བླང་དོར་རང་གིས་མི་བྱེད་པར། །གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང༌། །ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ། ། ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས། །བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང༌། །རང་རང་གཞུང་གི་ བརྗོད་བྱ་དགོས་དོན་སོགས། །མ་མཐོང་ཤག་འགྱེད་ཚིག་འཁྲི་སྐམ་པོ་དང༌། །རིགས་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི། །ཕམ་བཤད་འདིས་ཀྱང་བརྡར་ཤ་མི་ཆོད་པས། །གོ་རིགས་ཟུང་དུ་འབྲེལ་བར་སྐྱོངས་ཤིག་ཨང༌། །
 
 

སློབ་མའི་བསླབ་བྱ།

 
སློབ་མའི་བསླབ་བྱ་འདི། །འཕགས་པའི་སྐྱེ་བོའི་གསུང༌། །སྲི་ཞུ་གུས་བཀུར་དང༌། །བག་ཡོད་   ཡིད་རྟོན་བྱ། །ཀུན་ལ་བྱམས་པས་སྐྱོང༌། །བཤེས་གཉེན་དམ་པ་བསྟེན། །ད་དུང་སྒྲུབ་ནུས་ན། །ཤེས་བྱ་གཞན་ཀྱང་སློབ། །
 

ནང་དུ་ཕ་མར་སྲི་ཞུའི་སྐོར།

 
ཕ་མས་འབོད་པའི་དུས། །མྱུར་དུ་ཨ་ལན་བྱ། །ཕ་མས་མངག་པའི་ལས། །ཕྱིར་འགྱངས་མེད་པར་བསྒྲུབ། །ཕ་མའི་བསླབ་བྱ་དག །གུས་པས་མཉན་པར་བྱ། །ཕ་མས་བཀའ་བཀྱོན་སྐབས། །བཀུར་ བས་དང་ལེན་བྱ། །དབྱར་དགུན་ཕ་མ་ལ། །དྲོད་བསིལ་གང་དགོས་སྦྱིན། །ནངས་ནུབ་ཕ་མ་ལ། །   ཁམས་འདྲི་བསྙེན་བཀུར་ཞུ། །ཕར་འགྲོ་ཕ་མར་ཞུ། །ཚུར་སླེབས་སྙན་གསན་དབུལ། །སྡོད་གནས་ གཏན་འཁེལ་དང༌། །ལས་ཀ་བརྟན་པོ་བྱ། །བྱ་བ་ཆུང་ན་ཡང༌། །རང་དགར་བྱེད་མི་རུང༌། །རང་   དགར་བྱས་གྱུར་ན། །ཡ་རབས་ལུགས་དང་འགལ། །དངོས་པོ་ཆུང་ན་ཡང༌། །རང་དགར་སྦ་མི་     རུང༌། །རང་དགར་སྦས་གྱུར་ན། །ཕ་མའི་སེམས་པ་གསོད། །ཕ་མ་དགའ་བའི་གནས། །ཅི་ནུས་     བསྒྲུབ་པར་བྱ། །ཕ་མ་མི་དགའི་རིགས། །བག་ཡོད་སྒོ་ནས་འདོར། །ལུས་ལ་སྙད་བྱུང་ན། །ཕ་མས་ སེམས་ཁྲལ་བྱེད། །ཀུན་སྤྱོད་ཉམས་གྱུར་ན། །ཕ་མར་ངོ་ཚ་སྐྱེ། །ཕ་མ་དགའ་ན་བདག །བཀུར་སྟི་ཅི་ཞིག་དཀའ། །ཕ་མ་སྡང་ཡང་བདག །གུས་བཀུར་དེ་ནི་མཆོག །ཕ་མའི་ཉེས་སྐྱོན་ལ། །ཞི་དུལ་འཛུམ་མདངས་བཅས། །འཇམ་པོའི་ངག་ཚིག་གིས། །བསྐུལ་ཏེ་བཅོས་པར་བྱ། །སྐྱོན་དངོས་མི་ལེན་ན། །ཕ་མ་དགའ་བའི་དུས། །ངུས་ཏེ་སླར་ཡང་ཞུ། །བརྡུང་ཡང་འཁོན་མི་བྱ། །ཕ་མ་ན་བའི་དུས། །སྨན་བྲོ་ རང་གིས་བལྟ། །ཉིན་མཚན་བསྙེན་བཀུར་ཞུ། །གམ་ནས་འབྲལ་མི་བྱ། །ཕ་མ་གཤེགས་རྗེས་སུ། །   ལོ་གསུམ་མྱ་ངན་བྱེད། །འཚོ་བ་སྟབས་བདེའི་ངང༌། །ཤ་ཆང་སོགས་མི་བསྟེན། །ལྷག་བསམ་དག་   པའི་ངང༌། །སྲོལ་བཞིན་འདས་མཆོད་བྱ། །འདས་རྗེས་བྱ་གཞག་རྣམས། །འཚོ་གཞེས་སྐབས་ལྟར་བྱ། །
 

རྒན་ལ་གུས་བཀུར་གྱི་སྐོར།

 
ཕུ་བོས་ནུ་བོ་སྐྱོང༌། །ནུ་བོས་ཕུ་བོར་གུས། །ཕུ་ནུ་ནང་མཐུན་ན། །ཕ་མའི་སྲི་ཞུ་ལགས། །ནོར་ལ་ ཞེན་ཆུང་ན། །འཁོན་པ་གང་ནས་འབྱུང༌། །གཏམ་ངན་ལ་བཟོད་ན། །ཁྲོ་སེམས་རང་སར་ཞི། །     བཟའ་བཏུང་བྱེད་པ་དང༌། །འགྲོ་འདུག་སོགས་ཀྱང་རུང༌། །རྒན་རབས་སྔོན་ལ་སྟེ། །གཞོན་པས་   རྗེས་ནས་བྱ། །རྒན་པས་གཞན་འབོད་ན། །མྱུར་དུ་འཚོལ་རོགས་བྱ། །མི་དེ་མེད་གྱུར་ན། །རང་ཉིད་དེའི་ཚབ་འགྲོ། །རྒན་ལ་ཞེ་ས་བགྱི། །ཐད་ཀར་མིང་མི་གཟུང༌། །རྒན་རབས་དག་གི་མདུན། །རང་ཆེ་གདོན་མི་བྱ། །ལམ་འཕྲད་རྒན་རབས་ལ། །མྱུར་དུ་གུས་འདུད་ཞུ། །གསུང་གླེང་མེད་གྱུར་ན། །གུས་ པས་གམ་ནས་གཟུར། །རྒན་རབས་ལ་འཕྲད་སྐབས། །ཁྱོགས་རྟ་སོགས་ལས་འབབ། །གོམ་བརྒྱ་ཙམ་ཕེབས་རྗེས། །གཟོད་ནས་ལམ་དུ་ཞུགས། །རྒན་པ་བཞེངས་པའི་དུས། །གཞོན་པ་འདུག་མི་རུང༌། ། རྒན་པ་བཞུགས་པའི་རྗེས། །གནང་ན་གཟོད་ནས་འདུག །རྒན་པ་རྣམས་ཀྱི་དྲུང༌། །སྐད་སྒྲ་ཆེ་མི་   རུང༌། །ཆུང་ནས་མི་ཐོས་པ། །དེ་ཡང་མ་ཡིན་ནོ། །མདུན་ལ་མྱུར་བོས་གཅར། །དལ་གྱིས་ཕྱིར་ལ་    འོངས། །ཐད་ཀར་དྲིས་ལན་ལྡོན། །ལྟ་སྟངས་བསྒྱུར་མི་བྱ། །ཉེ་བའི་རྒན་རབས་ལ། །རང་གི་ཕ་ལྟར་བཀུར། །ཉེ་བའི་སྤུན་ཟླ་ལ། །རང་གི་སྤུན་ལྟར་གཅེས། །
 

བག་ཡོད་ཚུལ་མཐུན་གྱི་སྐོར།

 
ཞོགས་པར་སྔ་ནས་ལངས། །དགུང་མོར་ཕྱི་ནས་ཉལ། །རྒ་བ་འོང་སླ་བས། །དུས་ལ་གཅེས་སྤྲས་བྱ། །སྔ་མོར་ཡར་ལངས་ཏེ། །ངོ་འཁྲུད་ཁ་བཤལ་ཞིང༌། །བཤང་གཅི་དོར་བའི་རྗེས། །ལག་པ་བཀྲུ་ བར་བྱ། །ཞྭ་མོ་དྲང་མོར་གྱོན། །སྒྲོག་གུ་ལེགས་པར་སྒྲོག །གོས་ལྷམ་ཆ་འགྲིག་པོ། །འོས་འཚམས་ཡིད་འོང་བྱ། །ཞྭ་གོས་སོགས་ཕུད་རྗེས། །གཏན་ཁེལ་གནས་སུ་འཇོག །གང་མོས་སར་གཡུག་ན། །དེ་ལས་བཙོག་པར་འགྱུར། །གོས་ནི་གཙང་བ་གཙོ། །ཁྲ་བོ་སོགས་མ་ཡིན། །རང་གི་ཐོབ་ཐང་དང༌། །ཁྱིམ་གྱི་རྒྱུ་ལ་བསྟུན། །བཟའ་བཏུང་སྤྱོད་པའི་དུས། །འདེམ་ག་བྱེད་མི་རུང༌། །ཟས་སྤྱོད་རན་པ་ལས། །ཚད་ལས་འདས་པ་མིན། །ན་ཚོད་གཞོན་དུས་ནས། །ཆང་ནི་བཏུང་མི་རུང༌། །ཆང་གིས་བཟི་བའི་མིའི། །ཀུན་སྤྱོད་ཆེས་ཐ་ཆད། །འགྲོ་ན་གོམ་སྟབས་རན། །འགྲེང་དུས་ལུས་པོ་དྲང༌། །ཕྱག་ལ་ལུས་སྒུར་ཏེ། །གུས་འདུད་བརྩི་བཀུར་བྱ། །སྒོ་ཐེམ་ཐོག་མི་བརྫི། །རྐང་གཅིག་གིས་འགྲེང་དང༌། །རྐང་གཉིས་བགྲད་དེ་འདུག ། བརླ་གཡུག་སོགས་མི་བྱ། །ཡོལ་བ་དལ་གྱིས་ཕྱེ། །སྒྲ་ཆེན་སོགས་མི་འབྱིན། །ཁ་འཁོར་ རྒྱང་ནས་བསྐོར། །སྣེ་ཟུར་ཕོག་མི་བྱ། །སྣོད་སྟོང་གཟུང་བའི་སྐབས། །བཅུད་ལྡན་གཟུང་བཞིན་    གཟབ། །ཁང་སྟོང་ནང་ཞུགས་དུས། །ཁྱིམ་བདག་ཡོད་བཞིན་བྱ། །བྱ་བ་བྲེལ་མི་རུང༌། །བྲེལ་ན་ནོར་འཁྲུལ་འབྱུང༌། །དཀའ་ལ་སྐྲག་པ་དང༌། །སླ་ལ་བརྙས་མི་བྱ། །འཐབ་རྩོད་གཡེང་བའི་གནས། །ནམ་ཡང་འགྲོ་མི་རུང༌། ། ཚུལ་མིན་ལོག་པའི་དོན། །ནམ་ཡང་འདྲི་མི་བྱ། །གཞན་ཁྱིམ་འགྲོ་བའི་དུས། ། ཁྱིམ་བདག་ཡོད་མེད་འདྲི། །ཁང་པར་ཞུགས་པའི་ཚེ། །སྐད་བརྡ་གཏོང་བར་བྱ། །བདག་པོས་ཚུར་ འདྲི་ན། །རང་གི་མིང་ནས་བརྗོད། །ང་ཡིན་ཞེས་པའི་སྒྲས། །སུ་ཡིན་འབྱེད་མི་ནུས། །གཞན་ནོར་ལ་སྤྱོད་ན། །དྲིས་ཏེ་གནང་བ་དགོས། །མ་དྲིས་བཞིན་སྤྱད་ན། །བརྐུས་དང་ཁྱད་པར་མེད། །བདག་གིས་གཡར་བའི་ནོར། །དུས་ཐོག་ཕར་ལ་སྤྲད། །གཞན་ལ་གཡར་དགོས་ན། །སེར་སྣ་མེད་པས་གཡར། །
 

ཡིད་རྟོན་དྲང་བདེན་གྱི་སྐོར།

 
སྐད་ཆ་གང་བཤད་ཀྱང༌། །དྲང་བདེན་ཡིད་རྟོན་གཙོ། །རྫུན་དང་གཡོ་སྒྱུའི་ཚིག །ནམ་ཡང་སྨྲ་མི་བྱ། །འཆོལ་གཏམ་མང་བ་ལས། །སྐད་ཆ་ཉུང་ན་དགའ། །ཁ་ཚིག་དོན་གནས་ལས། །བསླུ་ཚིག་སྨྲ་མི་བྱ། །ཁ་ཡག་ཚིག་སྙན་དང༌། །མ་རབས་ཐ་ཆད་པའི། །གྲོང་ཚིག་གཏམ་ངན་སོགས། །ནམ་ཡང་སྨྲ་མི་བྱ། །གནས་ལུགས་མ་མཐོང་བར། །གང་འདོད་བཤད་མི་རུང༌། །ཁུངས་དག་མ་ཤེས་པར། །གཞན་ལ་བསྒྲག་མི་བྱ། །ཡང་དག་མིན་པའི་དོན། །རང་དགར་ཁས་མི་བླངས། །རང་དགར་ཁས་བླངས་ན། ། འཇུག་ལྡོག་གཉིས་ཀ་དཀའ། །སྐད་ཆ་འཆད་པའི་དུས། །གསལ་དག་ལྷོད་ཆགས་དགོས། །ཧ་ཅང་ མགྱོགས་པ་དང༌། །ལྡབ་ལྡིབ་སོགས་མི་བྱ། །འདི་བཟང་འདི་ངན་ཞེས། །སྐྱོན་ཡོན་མི་བརྗོད་ཅིང༌། །རང་དང་འབྲེལ་མེད་པའི། །བྱ་བར་འཇུག་མི་བྱ། །གཞན་ཡོན་མཐོང་བའི་ཚེ། །དེ་ཡི་རྗེས་བསྙེག་   བསམ། །ད་དུང་ཐག་རིང་ཡང༌། །རིམ་གྱིས་དེ་རྗེས་ཟིན། །གཞན་སྐྱོན་མཐོང་བའི་ཚེ། །རང་ལ་ཡོད་མེད་བརྟག །རང་སྐྱོན་ཡོད་ན་བཅོས། །མེད་ན་བག་ཟོན་བྱ། །སྤྱོད་བཟང་ཤེས་རིག་དང༌། །ལག་རྩལ་ཡོན་ཏན་རྣམས། །གཞན་ལྟར་མི་ལྡན་ན། །རང་ལ་བསྐུལ་ཏེ་བསྐྲུན། །ལུས་ཀྱི་ཆས་གོས་དང༌། །     བཟའ་བཏུང་ཡོ་བྱད་སོགས། །གཞན་ལྟར་མི་ལྡན་ན། །སེམས་པ་སྐྱོ་མི་བྱ། །སྨད་ན་ཁྲོ་འགྱུར་ཞིང༌། །བསྟོད་ན་དགའ་འགྱུར་བའི། །མི་ལ་གྲོགས་ངན་འདུ། །གྲོགས་བཟང་བྲེད་ནས་འགྲོ །བསྟོད་ན་སྐྲག་འགྱུར་ཞིང༌། ། སྨད་ན་དགའ་འགྱུར་བའི། །མི་ལ་དམ་པ་རྣམས། །རིམ་གྱིས་འདུ་བར་འགྱུར། །མ་ བརྟགས་བྱ་ངན་བྱས། །དེ་ལ་ནོར་འཁྲུལ་ཟེར། །བསམ་བཞིན་བྱ་ངན་བྱས། །དེ་ནི་མི་དགེ་ཡིན། །   རང་སྐྱོན་བཅོས་གྱུར་ན། །ཡོན་ཏན་འཕེལ་བར་འགྱུར། །རང་སྐྱོན་བཀབ་གྱུར་ན། །ཉེས་པ་ཇེ་ཆེར་ འགྲོ །
 
 

ཀུན་ལ་བྱམས་སྐྱོང་གི་སྐོར།

 
གང་ཟག་སུ་ཡིན་ཡང༌། །ངེས་པར་བྱམས་པས་སྐྱོང༌། །ས་སྟེང་གནམ་འོག་ན། །མཉམ་དུ་གནས་ པས་སོ། །སྤྱོད་བཟང་ལྡན་པའི་མིའི། །མཚན་སྙན་ངང་གིས་འཕེལ། །མི་རྣམས་དེ་ལ་གུས། །མཛེས་ པའི་གཟུགས་ཀྱིས་མིན། །ཤེས་ཡོན་ལྡན་པའི་མིའི། །མཚན་སྙན་ངང་གིས་རྒྱས། །མི་རྣམས་དེ་ལ་   དགའ། །རང་བསྟོད་བསྔགས་པས་མིན། །རང་གི་ཡོན་ཏན་གྱིས། །རང་དོན་བསྒྲུབ་མི་བྱ། །གཞན་གྱི་ཡོན་ཏན་ལ། ། ཁྱད་གསོད་བྱེད་མི་རུང༌། །ཕྱུག་པོར་ངོ་བསྟོད་དང༌། །དབུལ་པོར་ཁེངས་དྲེགས་    མིན། །གྲོགས་རྙིང་འདོར་བ་སྤང༌། །གྲོགས་གསར་དགའ་ཞེན་མིན། །གཞན་དག་བྲེལ་བའི་དུས། ། ལས་འགོག་བྱེད་མི་རུང༌། །གཞན་སེམས་སྐྱོ་བའི་དུས། །གཏམ་ཉོག་སྨྲ་མི་བྱ། །གཞན་གྱི་སྐྱོན་ཆ་    རྣམས། །ངེས་པར་བསྒྲག་མི་རུང༌། །གཞན་གྱི་གསང་བ་རྣམས། །ནམ་ཡང་སྨྲ་མི་བྱ། །གཞན་གྱི་ཡོན་ཏན་རྣམས། །བརྗོད་ན་དགེ་བ་ཡིན། །གཞན་གྱིས་ཤེས་པའི་རྗེས། །བརྩོན་པས་ཇེ་བཟང་འགྲོ །    གཞན་གྱི་ཉེས་སྐྱོན་རྣམས། །བསྒྲགས་ན་མི་དགེའི་ལས། །བརྗོད་པ་ཐལ་དྲགས་ན། །ཉེར་འཚེ་རང་ལ་འབྱུང༌། །གྲོགས་ལ་ཕན་ཚུན་བསྐུལ། །མཉམ་དུ་ཤེས་ཡོན་བསྐྲུན། །ཚུལ་མིན་ལམ་ཞུགས་ན། །ཐ་མ་ གཉིས་ཀ་ཕུང༌། །དངོས་རྫས་གཏོང་ལེན་ལ། །དབྱེ་འབྱེད་གསལ་བོར་བྱ། །ཕར་གཏོང་མང་བ་     དང༌། །ཚུར་ལེན་ཉུང་ན་ལེགས། ། གཞན་ལ་བཅོལ་པའི་ལས། །ཐོག་མར་རང་ལ་འདྲི། །རང་གིས་མི་འདོད་ན། །མྱུར་དུ་མཚམས་འཇོག་བྱ། །དྲིན་ལ་གཟོ་སེམས་དང༌། །འཁོན་ལ་བརྗེད་སེམས་དགོས། །གནོད་ལན་ཡུན་ཐུང་ཙམ། །དྲིན་ལན་ཡུན་རིང་གཟོ། །རང་གི་གཡོག་འཁོར་ལ། །དྲང་བདེན་སྤྱོད་ པས་སྐྱོང༌། །དྲང་ཞིང་བདེན་ལས་ཀྱང༌། །བྱམས་བརྩེ་ཁོག་ཡངས་གཙོ། །དབང་ཆས་གཞན་མནན་ན། །སྙིང་ནས་དང་ལེན་མེད། །རྒྱུ་མཚན་ལྡན་གྱུར་ན། །དེ་ལ་ལེ་བརྡ་མེད། །
 

སྐྱེ་བོ་དམ་པ་བསྟེན་པའི་སྐོར།

 
མི་རྣམས་འདྲ་ན་ཡང༌། །རིགས་ལ་སྣ་ཚོགས་ཡོད། །ཐ་ཤལ་དམན་པ་མང༌། །དམ་པའི་སྐྱེ་བོ་    ཉུང༌། །ཤེས་ལྡན་དམ་པ་ལ། །ཐམས་ཅད་གུས་ཤིང་སྐྲག །དེས་ཀྱང་རྫུན་ཚིག་དང༌། །གཡོ་སྒྱུས་བསླུ་མི་སྲིད། །དམ་པ་བསྟེན་བྱས་ན། །ལེགས་ཚོགས་དཔག་མེད་འབྱུང༌། །ཡོན་ཏན་ཉིན་བཞིན་འཕེལ། །ཉེས་སྐྱོན་ཉིན་བཞིན་འགྲིབ། །དམ་པ་དོར་གྱུར་ན། །ཉེས་ཚོགས་དཔག་མེད་འབྱུང༌། །དམན་པས་ གླགས་རྙེད་ནས། །དོན་ཀུན་བརླག་པར་འགྱུར། །
 

ཤེས་ཡོན་བསླབ་པའི་སྐོར།

 
ལག་བསྟར་མི་བྱེད་པའི། །རིག་པ་སློབ་པ་ཙམ། །གསོབ་པའི་རང་བཞིན་ལས། །བཟང་པོར་     འགྱུར་མི་སྲིད། །ལག་ལེན་ཁོ་ན་ལས། །རིག་པ་མི་སློབ་ན། །རང་ལྟ་མཁྲེགས་བཟུང་དེས། །གནས་   ལུགས་མཐོང་མི་སྲིད། །ཡི་གེ་སློབ་པའི་སྐབས། །གནད་གསུམ་ཚང་དགོས་ཏེ། །སེམས་གཏད་མིག་ གིས་བལྟ། །ཁ་ནས་གདོན་པར་བྱ། །དཔེ་གང་ཀློག་པའི་ཚེ། །དཔེ་གཞན་བཀླག་མི་བྱ། །འདི་ཉིད་མ་རྫོགས་པར། །དེ་ཉིད་འགྲུབ་མི་འགྱུར། །སློབ་ཡུན་རིང་བ་དང༌། །སློབ་དུས་དམ་འཛིན་བྱ། །བརྩོན་ འགྲུས་རྒྱུན་བསྐྱངས་ན། །དཀའ་གནད་མ་ལུས་རྟོགས། །སེམས་ཀྱི་དོགས་པ་རྣམས། །དུས་སུ་ཟིན་ ཐོར་བཀོད། །གཞན་ལ་དྲིས་ནས་སུ། །དེའི་དོན་རྟོགས་པར་བྱ། །ཁང་ཁྱིམ་རྩིག་པ་དག །ཕྱི་ནང་   གཙང་སྦྲ་བྱ། །མདུན་ཅོག་སྣག་སྨྱུག་སོགས། །ཡིད་འོང་གྲ་འགྲིག་བཞག །བརྡར་སྣག་ཡོ་གྱུར་ན། །བློ་སེམས་གཡེང་བ་ཡིན། །ཡིག་གཟུགས་མི་འགྲིག་ན། །སེམས་ཉིད་རྙོག་པའི་རྟགས། །དཔེ་དེབ་གོ་རིམ་བཞིན། །གཞག་ས་གཏན་ཁེལ་བྱ། །དེབ་གང་བཀླགས་ཚར་རྗེས། །སླར་ཡང་རང་སར་གཞག །བྲེལ་བའི་དོན་བྱུང་ཡང༌། ། དཔེ་དེབ་ཚགས་འགྲིག་བྱ། །དེབ་ལ་སྙད་བྱུང་ན། །མྱུར་དུ་གསོ་བར་བྱ། །   འཕགས་པའི་གཞུང་མིན་པར། །ལྟ་ཀློག་བྱེད་མི་རུང༌། །བྱས་ན་ཤེས་རབ་བསྒྲིབ། །ཕུགས་འདུན་   བརླག་པར་འགྱུར། །རང་ཉིད་དམའ་འབེབས་དང༌། །གཉོམ་ཆུང་བྱེད་མི་རུང༌། །རིམ་གྱིས་བརྩོན་ བྱས་ན། །མཁས་པའི་གོ་སར་སླེབས། །
 
 

ཀ་ཕྲེང་དང་སྦྱར་བའི་བསླབ་བྱ་དྲི་ཟའི་གླིང་བུ།

 
དུང་དཀར་བློ་བཟང་འཕྲིན་ལས།
ཀ་ཅིའི་རས་དཀར་བརྐྱངས་འདྲའི་སེམས་ཤུགས་ཀྱིས། །ཁ་བའི་ལྗོངས་ཀྱི་ངོ་མཚར་རིག་གནས་རྣམས། །ང་ཅག་མི་རབས་རྗེས་མས་གཅེས་པར་བཟུང༌། །ཅ་རེ་ཉིན་མཚན་དུས་དྲུག་ཐམས་ཅད་ཀྱི། །ཆ་ཤས་རེར་ཡང་སློབ་སྦྱོང་ལ་འབད་ན། །ཇ་ཆང་ཧུབ་གཅིག་འཐུང་བའི་ཡུན་ལ་ཡང༌། །ཉ་རྒྱས་ཟླ་བ་ལྟ་བུའི་ཡར་རྒྱས་འབྱུང༌། །ཏ་ཏོབ་ཙམ་མིན་དུས་རབས་མང་པོའི་རིང༌། །ཐ་དད་མི་རིགས་   ཁག་གི་རིག་གཞུང་མཛོད། །ད་ལྟའི་བར་དུ་འོད་ཟེར་སྟོང་འཕྲོ་བའི། །ན་རིམ་མེས་པོའི་ལོ་རྒྱུས་ཤུལ་རྒྱུན་ཡོད། །པཀྵུ་ལ་སོགས་ཆུ་ཀླུང་གྲགས་ཅན་བཞི། །ཕ་རོལ་རྒྱ་མཚོ་ཆེན་པོའི་ཆུ་མགོ་རྣམས། །བ་ གམ་ཅན་གྱི་འཛམ་གླིང་ཡང་ཐོག་ནས། །མ་ཐོགས་རྒྱུན་ཆད་མེད་པར་ཕྱོགས་བཞིར་འབབ། །ཙ་རི་ལ་སོགས་གྲགས་ཅན་རི་བོ་བཞིར། །ཚ་བ་གསུམ་སོགས་སྨན་སྣས་ཡོངས་གང་བས། །ཛ་དྲག་ན་ཚས་མནར་བར་འགྱུར་ན་ཡང༌། །ཝ་ལེར་མྱུར་སེལ་གསོ་རིག་ནོར་མཛོད་ཡོད། །ཞ་ཉེ་སྐྱེས་སོགས་ལྕགས་རིགས་སྣ་ལྔ་དང༌། །ཟ་འོག་གོས་ལ་འགྲན་པའི་འཐག་ལ་སོགས། །འ་ཅག་བོད་ལྗོངས་ས་མཐོའི་མི་ དམངས་ལ། །ཡ་མཚན་ངོ་མཚར་སྐྱེ་བའི་ལག་རྩལ་ཡོད། །ར་ལུག་འབྲི་སོགས་དཀར་ནག་ཕྱུགས་   རིགས་ཀྱིས། །ལ་ལུང་རྩྭ་ཐང་ལྗོངས་ཀུན་བྱུར་བུར་ཁེངས། །ཤ་མར་བལ་སོགས་འབྲོག་ལས་དངོས་ ཟོག་གིས། །ས་ཆེན་དོག་པོར་འགེངས་པའི་བདེ་སྐྱིད་ཡོད། །ཧ་ཅང་ཡངས་པའི་ཞིང་ཐང་རྒྱ་ཆེའི་ ངོས། །ཨ་གྲོ་ལ་སོགས་འབྲུ་རིགས་སྣ་ཚོགས་ཤིག །ཨ་མྱེས་རྒན་པོ་ནས་བཟུང་བྱིས་པའི་བཏང༌། །ཧ་ཅང་དགའ་སྤྲོ་སྐྱེ་བའི་ལོ་ལེགས་བྱུང༌། །ས་སྟེང་འདིར་གནས་མི་རིགས་སོ་སོ་རྣམས། །ཤ་མདོག་རུས་རྒྱུད་དབྱེ་བ་མི་འདྲ་ཡང༌། །འ་འུར་བདེ་སྐྱིད་འཚོ་བ་བསྐྲུན་པའི་ཆེད། །ར་མདའི་ལྷག་བསམ་འོ་མའི་མཚོ་ལ་འགྲན། །ཡ་རབས་སྤྱོད་བཟང་མེས་པོའི་ཤུལ་རྒྱུན་ཀུན། །འ་ཅག་མི་རབས་རྗེས་མས་བཟུང་བྱས་ཏེ། །ཟ་ཟིར་ཙམ་མིན་རིག་གནས་ལེགས་སྦྱངས་ན། །ཞྭ་ལུ་སྐྱེས་ལྟར་བློ་གྲོས་གོང་འཕེལ་      འབྱུང༌། །ཝ་ལེར་གསལ་བའི་ཤེས་རིག་རྒྱས་པའི་དུས། །ཛ་དྲག་བརྩོན་འགྲུས་རྩོམ་ལ་མཁས་གྱུར་ན། །ཚ་ཟེར་ཅན་དང་འཕྲད་པའི་པད་མོ་བཞིན། །ཙ་ན་ཡིན་ཡང་སྐྱེས་སྟོབས་དཔལ་རབ་འབར། ། མ་ལ་ཡར་སྐྱེས་ཙན་དན་གཞོན་ནུ་འདྲའི། །བ་གམ་མཛེས་པའི་རྒྱན་དུ་གྱུར་འདོད་ན། །ཕ་མེས་རྒན་རབས་རིག་གཞུང་ནོར་གྱི་མཛོད། །པ་ཊའི་མདུད་པའི་རྒྱ་བཞིན་སེམས་ལ་ཆོངས། །ན་གཞོན་དུས་ རབས་ཡིད་བཞིན་ནོར་ལས་ལྷག །ད་ལྟ་ལུས་སེམས་སྐྱེས་སྟོབས་དཔལ་འབར་ཚེ། །ཐ་ཆད་དོན་ཆུང་བྱ་བར་ཆུད་ཟོས་ན། །ཏ་སྟོབས་ན་སོ་རྒས་དུས་འགྱོད་ཀྱང་འཕྱིས། །ཉ་རྒྱས་ཟླ་བར་འགྲན་པའི་ལྷག་བསམ་གྱིས། །ཇ་ཆང་བཏུང་བས་མཚོན་མིན་བསླབ་བྱའི་གཏམ། །ཆ་ཤས་ཙམ་ཞིག་ཀ་ལའི་ཕྲེང་བ་རུ། །ཅ་ཅོའི་ངག་དང་སྤེལ་ཏེ་བྲིས་པ་འདིས། །ང་ཅག་གངས་ལྗོངས་རིག་གཞུང་ནོར་བུའི་མཛོད། ། ག་བུར་འཛིན་པའི་ཆ་ཤས་འཕེལ་བ་བཞིན། །ཁ་བ་ཅན་སོགས་ཡངས་པའི་འཇིག་རྟེན་ལ། །ཀ་རྣི་ཀ་མཚུངས་མཛེས་པའི་རྒྱན་གྱུར་ཅིག །
 
 
 
 

ས་བཅད་དྲུག་པ། གཏམ་དཔེའི་སྐོར།

 

གཏམ་དཔེ་ཐོས་པ་འཛུམ་ཤོར།

 
དཀའ་ལས་རྒྱག་པའི་དཀའ་ཆང༌། །
མཛོ་ཕོ་བསད་པའི་སྡིག་གླ །
 
དཀར་པོ་གྱེན་འདེད། །
ནག་པོ་ཐུར་འདེད། །
 
དཀར་ཡོལ་ཆག་ཀྱང༌། །
རི་མོ་བློ་ལ་ངེས། །
 
ཁ་ཕར་འཁོར་ཌ་རུ་ངོ་གཉིས། །
ཁ་ཚུར་འཁོར་ཕུར་པ་ཟུར་གསུམ། །
 
ཁ་སྦྲང་རྩི། །
ཁོག་ཚེར་མ། །
 
ཁོག་ནང་མེ་འབར་ཡང༌། །
སྣ་ནས་དུ་བ་མ་ཐོན། །
                  
 ཕ་མ་བཟང་པོའི་བུ་ཚ། །
དགེ་རྒན་དང་དགེ་ཕྲུག །
 
ཕ་གཏམ་བུ་ལ་འཇགས། །
ཕ་ཤུལ་བུས་འཛིན། །
 
ཕ་རྒས་ན་ལུག་རྫི་དང༌། །
མ་རྒས་ན་བུ་རྫི། །
 
ཕ་བཟང་ལ་བུ་བཟང༌། །
མ་བཟང་ལ་རྒྱུད་བཟང༌། །
 
ཕོ་རབ་གཅིག་གི་བློ་རྩེ་ལས། །
ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། །
 
དཀའ་བའི་ལས་མ་བྱས་ན། །
ཞིམ་པོའི་ཟས་རག་མི་ཐུབ། །
 
ཀུན་ལ་ཕན་པའི་སེམས་དགོས། །
གྲོགས་དང་མཐུན་པའི་ཚིག་དགོས། །
 
                              ཡ་རབས་མ་རབས་སྤྱོད་པས་ཤེས། །
                              ཕ་ཡུལ་གང་ཡིན་སྐད་ཀྱིས་ཤེས། །
 
ལས་ཀ་ཐམས་ཅད་ལད་མོ་ཡིན། །
ལད་མོའི་ནང་ནས་སུ་མཁས་ཡིན། །
 
 བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན། །
                             འགྱོད་པ་རྗེས་ལ་སྐྱེས་ན་གླེན་པ་ཡིན། །
བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང༌། །
 
                             སྟོང་ཐམ་པའི་གྲལ་མཇུག་ཏུ་མི་ལུས། །
སྤྱོད་པ་བཟང་ངན་བྱ་བས་མཐོང༌། །
 
གྲང་ངར་ཆེ་ཆུང་ཆུ་ལས་ཤེས། །
འགྲོ་འདོད་ན་རྟ་ཕོ་ཆས་ཀྱིས་གསོས། །
 
མཁས་འདོད་ན་རིག་པའི་གནས་ལ་སྦྱོང༌། །
བཀོལ་མི་ཤེས་ཡོན་ཏན་ཕན་མེད་རེད། །
འདེབས་མི་ཤེས་ས་ཞིང་སྟོང་པ་རེད། །
 
ཆུང་དུས་ཡོན་ཏན་མ་སྦྱང་ན། །
ཆེ་དུས་ངུས་དང་མ་ངུས་མེད། །
 
རྐུ་མ་ནང་ལ་བཞག །
སྒོ་ལྕགས་ཕྱི་ལ་བརྒྱབ། །
 
སྒོག་པ་ལྐོག་ལ་བཟས། །
སྒོག་དྲི་ངོས་ལ་ཁ། །
 
 
ངན་པ་ཤིང་ལས་རྩུབ། །
བཟང་པོ་བལ་ལས་འཇམ། །
  
དཀའ་བ་སྔོན་ལ་སྤྱད། །
སྐྱིད་པོ་རྗེས་ལ་བཏང༌། །
 
དགོང་མོ་ཉལ་མ་འཕྱི། །
ཞོགས་པ་ལངས་མ་འཕྱི། །
 
དགའ་མ་ཐག་ཏུ་འཛུམ་མ་སྟོན། །
ཁྲོས་མ་ཐག་ཏུ་བཞིན་མ་བསྡུ། །
 
སྐྱིད་དུས་མགོ་འཕང་མ་མཐོ། །
སྡུག་དུས་རང་སེམས་མ་ཞུམ། །
 
གྲོགས་ངན་པ་དུག་སྡོང་པོ་རེད། །
གྲོགས་བཟང་པོ་སྨན་གྱི་ལྗོན་པ་རེད། །
 
སྐྱུར་མོ་ཞིག་དང་མ་འཕྲད་ན། །
མངར་མོ་ཐམས་ཅད་ཅང་ཅང་ཡིན། །
 
ཁ་གཏམ་གཡུ་འབྲུག་སྐད་ལས་ཆེ། །
ལག་ལེན་ནམ་མཁའི་འཇའ་ལྟར་ཡལ། །
 
བརྩོན་འགྲུས་ཅན་དེ་ཤེས་བྱས་ཕྱུག །
ལེ་ལོ་ཅན་དེ་གཉིད་ཀྱིས་ཕྱུག །
 
བོང་བུས་མ་བགྲོད་ལམ་འཕྲང་མང༌། །
བ་མོས་མ་མཐོང་རི་མགོ་མང༌། །
ཁྱེད་ཀྱིས་མ་ཤེས་ཤེས་བྱ་མང༌། །
 
རང་ལུས་ལ་དཔེ་བླངས་ནས། །
གཞན་ལུས་ལ་བཤད་པ་རྒྱོབས། །
 
རང་གི་སྐྱོན་ལ་ལྟོས། །
གཞན་གྱི་ཡོན་ཏན་སོམས། །
 
རང་ལ་འཇག་མ་མི་འགྲོ། །
གཞན་ལ་བོང་རྒྱུག་ཚད་ཚད། །
 
མཁས་པས་ཤེས་ཡོན་ནོར་ལ་བརྩི། །
གླེན་པས་གསེར་དངུལ་ནོར་ལ་བརྩི། །
 
མ་ཤེས་ཤེས་མདོག་བྱས་ན་སྐྱོན། །
ཤེས་ནས་མ་བཤད་ནའང་སྐྱོན། །
 
གང་དང་གང་ལ་སྦྱངས་ན་མཁས། །
ལུག་རྫི་འུར་རྡོ་རྒྱག་ལ་མཁས། །
མུ་གེའི་སྟེང་ལ་ཟླ་ལྷག །
གློ་བར་མི་ཕན་མཆིན་པའི་དུག །
 
དགེ་རྒན་གཅིག་གི་དགེ་ཕྲུག །
ཕ་མ་གཅིག་གི་བུ་ཕྲུག །
 
ཚིག་རྩ་བ་ཅན་ལ་ཉན་རྒྱུ་ཡོད། །
བ་ནུ་མ་ཅན་ལ་བཞོ་རྒྱུ་ཡོད། །
 
མི་སེམས་གཅིག་ཏུ་བསྒྲིལ་ན། །
རི་རྒྱལ་ལྷུན་པོ་སྤོ་ཐུབ། །
 
གྲོས་གཞན་ལ་འདྲི། །
ཐག་རང་གིས་གཅད། །
 
སྡེ་མགོ་བཟུང་ན་ཁོག་རྒྱ་ཆེ་དགོས། །
རྟ་རྒོད་ཁྲིད་ན་མཐུར་མདའ་རིང་དགོས། །
 
                                མི་རྒན་པོའི་ཁ་ལ་ཉོན། །
                                ཇ་ཞིམ་པོའི་བྲོ་བར་མྱོངས། །
 
                                མི་ལ་མི་དགོས་ཁ་མཆུ། །
                                ཤིང་ལ་མི་དགོས་འཛེར་བ། །
 
 
 

ས་བཅད་བདུན་པ། ཤེས་བྱའི་རྣམ་གྲངས་སྐོར།

 

གཉིས་ཚན།

 
ཕྱི་ནང་གཉིས།----ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་ཀྱི་བསྡུས་མིང༌།
དྲི་གཉིས།-----ལྷན་སྐྱེས་ཀྱི་དྲི་དང༌། སྦྱར་བྱུང་གི་དྲི་གཉིས་སོ། །
སྟོད་ཀྱི་སྟེང་གཉིས།-----གྲི་གུམ་བཙན་པོ་དང༌། པུ་དེ་གུང་རྒྱལ་གཉིས་སོ། །
བྱང་ཟུར་གཉིས།---བྱང་བ་རྣམ་རྒྱལ་གྲགས་བཟང་དང༌། ཟུར་མཁར་མཉམ་ཉིད་རྡོ་རྗེ་གཉིས་སོ། །
དཔལ་ཡོན་གཉིས།-----བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་སོ། །
བཀའ་གདམས་ཕ་ཆོས་དང་བུ་ཆོས།-----ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་གསུང་ཆོས་བཀའ་གདམས་གླེགས་བམ་སྟེ། ཕ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཞུས་པ་ལ་ཕ་ཆོས་དང༌། བུ་རྔོག་ལེགས་པའི་ཤེས་རབ་དང་ཁུ་ སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཀྱིས་ཞུས་པ་ལ་བུ་ཆོས་སུ་གྲགས་སོ། །
གཟབ་གཤར་གཉིས།-----བོད་ཀྱི་ཡིག་གཟུགས་ཀྱི་རྩ་བའི་དབྱེ་བ་གཉིས་ཏེ། དབུ་ཅན་དང་དབུ་ མེད་གཉིས་སོ། །
བསམ་སྦྱོར་གཉིས་ནི།-----ནང་གི་བསམ་པ་དང༌། ཕྱིའི་སྦྱོར་བ་སྟེ་སྤྱོད་པ་གཉིས་སོ། །
ས་པཎ་ཡབ་སྲས་གཉིས།-----ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དང༌། འཕགས་པ་བློ་གྲོས་རྒྱལ་མཚན་གཉིས་སོ། །
སྐ་ཅོག་རྣམ་གཉིས།-----སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་གཉིས་སོ། །
བཀའ་བསྟན་གཉིས།-----སྟོན་པ་ཤཱཀྱ་ཐུབ་པའི་གསུང་རབ་བོད་དུ་བསྒྱུར་བའི་དཔེ་ཆ་པོ་ཏི་བརྒྱ་   དང་བརྒྱད་ཙམ་ཡོད་པ་དེའི་མིང་ལ་བཀའ་འགྱུར་ཟེར། བཀའ་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་བོད་ཡིག་ཏུ་བསྒྱུར་བའི་དཔེ་ཆ་པོ་ཏི་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པ་དེའི་མིང་ལ་བསྟན་འགྱུར་ཟེར།
སྣོད་བཅུད་གཉིས།-----རང་བྱུང་ཁམས་ཆེན་པོའི་མིང་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་
ཀྱི་སེམས་ཅན་ཞེས་པའི་བསྡུས་མིང༌།
མདོ་རྒྱུད་གཉིས།-----མདོ་ཕྱོགས་དང་སྔགས་ཕྱོགས་གཉིས་སོ། །
གྲ་ཤོད་རྣམ་གཉིས།-----ལོ་ཙཱ་བ་གྲགས་ཆེ་བ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་ གཉིས་ཀྱི་བསྡུས་མིང་ལ་སྐ་ཅོག་གཉིས་ཞེས་དེའི་བརྗོད་ཚུལ་གཞན་ཞིག་ ཡིན་པ་འདྲའོ། །
དོན་གཉིས།-----རང་དོན་དང་གཞན་དོན་གཉིས་སོ། །
རྒྱུད་གཉིས།-----ཕ་རྒྱུད་དང་མ་རྒྱུད་གཉིས་སོ། །
མིང་གཉིས།-----འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་སོ། །
ལུགས་གཉིས།-----དམ་པ་ཆོས་ཀྱི་ལུགས་དང་འཇིག་རྟེན་སྲིད་ཀྱི་ལུགས་གཉིས་སོ། །
དགེ་འདུན་གྱི་སྡེ་གཉིས།-----རབ་བྱུང་ངུར་སྨུག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས་སོ། །
 

གསུམ་ཚན།

 
སྒོ་གསུམ།-----ལུས་ངག་ཡིད་གསུམ་མོ།
དུག་གསུམ།-----འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་གསུམ་མོ། །
དུས་གསུམ།-----དུས་འདས་པ་དང༌། མ་འོངས་པ། ད་ལྟ་བ་བཅས་སོ། །
སྣོད་ཀྱི་སྐྱོན་གསུམ།-----སྣོད་ཁ་སྦུབ་དང༌། སྣོད་ཞབས་རྡོལ། སྣོད་དྲི་མ་ཅན་གསུམ་མོ། །
རྗེ་ཡབ་སྲས་གསུམ།-----རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང༌། ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་སོ། །
སྟོད་མངའ་རིས་སྐོར་གསུམ།-----སྤུ་ཧྲེང་དང༌། མང་ཡུལ། ཟངས་དཀརགསུམ་སྐོར་གཅིག་
དང༌། ལི་དང༌། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་དང༌། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་སྐོར་གཅིག་བཅས་སོ། །
ཀེར་ལེབ་སྒུར་གསུམ།-----ཀེར་ཀེར་མི་དང༌། ལེབ་ལེབ་ས། སྒུར་སྒུར་ཕྱུགས་ཏེ་སྔར་བོད་ས་གནས་སྲིད་གཞུང་སྐབས་ཁྲལ་འུལ་འགེལ་ཡུལ་གསུམ་མོ། །
དཀར་གསུམ།-----ཞོ་དང༌། འོ་མ། མར་བཅས་སོ། །
འཁོར་གསུམ།-----མདའ་དང༌། གྲི། མདུང་བཅས་གསུམ་མོ། །
རྟེན་གསུམ།----སྐུའི་རྟེན་སངས་རྒྱས་ཀྱི་གཟུགས་དང༌། གསུང་གི་རྟེན་ཆོས་ཀྱི་གླེགས་བམ། ཐུགས་ཀྱི་རྟེན་མཆོད་རྟེན་བཅས་སོ། །
སྡོར་ཐལ་ཚྭ་གསུམ།-----ཤ་ཚིལ་དང༌། ཕྱེ་རྩམ། ཚྭ་བཅས་གསུམ་མོ། །
སྐབས་གསུམ།-----མཐོ་རིས་ལྷའི་གནས་ཏེ། དེ་ཡང་སྐྱེ་བ་དང༌། གནས་པ། འཇིག་པ་བཅས་ཀྱི་   སྐབས་གསུམ་ལས་མེད་པས་ན་དེ་ལྟར་བཏགས་སོ། །
སྐ་ཅོག་ཞང་གསུམ།-----སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་    བཅས་གསུམ་མོ། །
མཁན་སློབ་ཆོས་གསུམ།----མཁན་ཆེན་ཞི་བ་འཚོ་དང༌། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་སོ། །
སྡེ་སྣོད་གསུམ།-----འདུལ་བའི་སྡེ་སྣོད་དང༌། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་བཅས་སོ། །
ལྗོངས་གསུམ།-----སྦས་ཡུལ་འབྲས་མོ་ལྗོངས་དང༌། སྦས་ཡུལ་འཁན་པ་ལྗོངས། སྦས་ཡུལ་ལུང་   གསུམ་ལྗོངས་བཅས་སོ། །
མེ་གསུམ།-----ལྷོ་ཕྱོགས་རྟ་གདོང་གི་མེ་དང༌། ཉི་མའི་མེ། བསྲེག་པར་བྱ་བའི་མེ་བཅས་སོ། །
འོག་གི་བཙན་གསུམ།-----ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན་བཅས་སོ། །
སེ་འབྲས་དགེ་གསུམ།-----དགེ་ལུགས་པའི་དགོན་ས་ཆེན་པོ་གསུམ་སྟེ། སྤྱི་ལོ1409ལོར་རྗེ་ཙོང་ཁ་པས་བཏབ་པའི་དགའ་ལྡན་དགོན་པ་དང༌། སྤྱི་ལོ1419ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་བཏབ་པའི་སེ་ར་དགོན་པ། སྤྱི་ལོ1416ལོར་ འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་བཏབ་པའི་འབྲས་ སྤུངས་དགོན་པ་བཅས་སོ། །
རྩ་གསུམ་ལྷ།-----བླ་མ་དང་ཡི་དམ། མཁའ་འགྲོ་གསུམ་མོ། །
དཀོན་མཆོག་གསུམ།-----སངས་རྒྱས་དང༌། ཆོས། དགེ་འདུན་གསུམ་མོ། །
སྐུ་གསུམ།-----ཆོས་སྐུ་དང༌། ལོངས་སྐུ། སྤྲུལ་སྐུ་གསུམ་མོ། །
ས་གསུམ།-----ས་འོག་དང༌། ས་སྟེང༌། ས་བླ་བཅས་གསུམ་མོ། །
སྲིད་པ་གསུམ།-----ལྷའི་སྲིད་པ་དང༌། ཀླུའི་སྲིད་པ། མིའི་སྲིད་པ་བཅས་གསུམ་མོ། །
མཁས་པའི་བྱ་བ་རྣམ་གསུམ།-----འཆད་པ་དང༌། རྩོད་པ། རྩོམ་པ་བཅས་གསུམ་མོ། །
བོད་ཆོལ་ཁ་གསུམ།-----དབུས་གཙང་ཆོས་ཀྱི་ཆོལ་ཁ་དང༌། མདོ་སྨད་རྟའི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ་བཅས་སོ། །
སྦྱོར་དངོས་རྗེས་གསུམ།-----སློབ་ཁྲིད་ཀྱི་མགོ་བར་མཇུག་གསུམ་སྟེ། སློབ་ཁྲིད་མ་བྱས་གོང་གི་གྲ་ སྒྲིག་དང༌། སློབ་ཁྲིད་དངོས་གཞི་ཚུགས་པ། སློབ་ཁྲིད་བྱས་ཟིན་པའི་རྗེས་གསུམ་ལ་ཟེར།
བོད་ཀྱི་མཁས་པ་མི་གསུམ།----གཡོ་དགེ་བའི་འབྱུང་གནས་དང༌། གཙང་རབ་གསལ། དམར་ཤཱཀྱ་
མུ་ནེ་བཅས་སོ། །
བསྒྱུར་བཀོད་ཆེན་པོ་རྣམ་གསུམ།-----ཞིང་ལས་དང༌། བཟོ་ལས། མ་རྩ་རིང་ལུགས་ཀྱི་ལག་ཤེས་ བཟོ་ལས་བཅས་གསུམ་མོ། །
དཔྱད་པ་གསུམ།-----མངོན་སུམ་དང༌། རྗེས་དཔག་གམ་དངོས་སྟོབས་རྗེས་དཔག ཡིད་ཆེས་རྗེས་ དཔག་གམ་གྲགས་པའི་རྗེས་དཔག་སྟེ་རིགས་པ་གསུམ་གྱི་དཔྱད་པའོ། །
ཚད་མ་གསུམ།-----མངོན་སུམ་དང༌། རྗེས་དཔག ཡིད་ཆེས་ཀྱི་ཚད་མའོ། །
མཐུ་གཏད་སེར་གསུམ།-----འདིར་མཐུ་ནི་ངན་སྔགས་བརྗོད་པ་ལ་བརྟེན་ནས་གཞན་ལ་གནོད་ པ་གཏོང་བ་དང༌། གཏད་ནི་རྫས་སྔགས་ཀྱི་སྒོ་ནས་གཞན་ལ་གནོད་པ་ གཏོང་བ། སེར་ནི་སེར་འབེབས་ཏེ་སྔགས་ལ་བརྟེན་ནས་སེར་བ་འབེབ་ཐབས་བྱེད་པ་བཅས་ཀྱི་ཆོ་ག་ཞིག་གི་མིང༌།
སྲིད་གསུམ།-----སྲིད་པ་གསུམ་སྟེ། ས་འོག་དང༌། ས་སྟེང༌། ས་བླ་གསུམ་མོ། །
དཔྱིད་གསུམ།-----དཔྱིད་ཟླ་གསུམ་སྟེ། དཔྱིད་ཟླ་ར་བ་དང༌། འབྲིང༌། ཐ་ཆུང་བཅས་གསུམ་མོ། །
 

བཞི་ཚན།

 
བར་དབུས་གཙང་རུ་བཞི།-----བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་བར་ཕྱོགས་ཏེ་སྔར་སྲོང་བཙན་སྒམ་པོའི་སྐབས་ལ་གཙང་ལ་གཡས་རུ་དང་རུ་ལག དབུས་ལ་དབུ་རུ་དང་གཡོ་རུ་སྟེ་རུ་བཞིར་ཕྱེ་བ་དེ་དག་ཕྱིས་སུ་སྤྱི་ལོའི་ དུས་རབས་བཅུ་བདུན་པར་གཡས་རུ་དང༌། གཡོན་རུ། སྦུས་རུ། གུང་རུ་ཞེས་པའི་མིང་དུ་བསྒྱུར།
འབྱུང་བ་བཞི།-----ས་དང༌། ཆུ། མེ། རླུང་བཅས་སོ། །
འདུལ་བ་ལུང་སྡེ་བཞི།---ལུང་རྣམ་འབྱེད་དང༌། ལུང་གཞི། ལུང་ཞུ་བ། ལུང་ཕྲན་ཚེགས་བཅས་སོ། །
རི་ཆེན་བཞི།-----ལྕགས་ཟམ་ཆུ་བོ་རི་དང༌། ལྷ་སའི་ལྕགས་པོ་རི། བསམ་ཡས་ཧས་པོ་རི། རྩེད་ཐང་གོང་པོ་རི་བཅས་སོ། །
མཚོ་ཆེན་བཞི།-----ཡར་འབྲོག་གཡུ་མཚོ་དང༌། བྱང་གནམ་མཚོ། བྷྲུཾ་མཚོ་པདྨ་གླིང༌། ཨ་མདོའི་   མཚོ་སྔོན་པོ་བཅས་སོ། །
སྦས་ཡུལ་བཞི།-----སྦས་ཡུལ་འབྲས་མོ་ལྗོངས་དང༌། སྦས་ཡུལ་འཁན་པ་ལྗོངས། སྦས་ཡུལ་ལུང་ གསུམ་ལྗོངས། སྦས་ཡུལ་པདྨ་གླིང་བཅས་སོ། །
ཕུན་ཚོགས་སྡེ་བཞི།-----ཆོས་དང༌། ནོར། འདོད། ཐར་བཅས་བཞིའོ། །
སྡུག་བསྔལ་བཞི།-----སྐྱེ་རྒ་ན་འཆི་བཞིའོ། །
རྩ་བའི་ཁ་དོག་བཞི།-----སྔོ་སེར་དཀར་དམར་བཞིའོ། །
མཐུན་པ་སྤུན་བཞི།-----བྱ་སྲེག་པ་དང༌། རི་བོང༌། སྤྲེའུ། གླང་ཆེན་བཅས་བཞིའོ། །
འགྱུར་བཞི།-----དེང་རབས་ཅན་བཞི་སྟེ། ཞིང་ལས་དེང་རབས་ཅན་དང༌། བཟོ་ལས་དེང་རབས་ ཅན། རྒྱལ་སྲུང་དེང་རབས་ཅན། ཚན་རིག་ལག་རྩལ་དེང་རབས་ཅན་བཅས་སོ། །
བོད་ཀྱི་པར་ཁང་ཆེ་ཤོས་བཞི།-----སྣར་ཐང་པར་ཁང་དང༌། སྡེ་དགེ་པར་ཁང༌། བླ་བྲང་པར་ཁང༌། ཞོལ་པར་ཁང་བཅས་སོ། །
ཨ་མྲའི་འབྲས་བུ་རིགས་བཞི།-----མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་ མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་   སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །
 

ལྔ་ཚན།

 
མི་འཛིན་པའི་སྐྱོན་ལྔ།-----ཚིག་མི་འཛིན་པ་དང༌། དོན་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། ལོག་པར་འཛིན་པ། མ་ལུས་པར་མི་འཛིན་པའོ། །
འཕོང་སྐྱེན་རྣམ་ལྔ།-----མདའ་འཕེན་སྐབས་རྒྱང་ནས་འཕོག་པ། མི་འཆོར་བར་འཕོག་པ། ཤུགས་ཆེ་བར་འཕོག་པ། གནད་དུ་འཕོག་པ། སྒྲ་དྲག་པར་འཕོག་པ་བཅས་སོ། །
འདོད་ཡོན་རྣམ་ལྔ།-----གཟུགས། སྒྲ། དྲི། རོ། རེག་བྱ་བཅས་ལྔའོ། །
ཉོན་མོངས་ལྔ།-----འདོད་ཆགས་དང༌། ཞེ་སྡང༌། གཏི་མུག ང་རྒྱལ། ཕྲག་དོག་བཅས་ལྔའོ། །
དུམ་བུ་ལྔ་ཡི་འཛམ་གླིང༌།-----སའི་གོ་ལའི་སྐམ་ས་ཆེན་མོའི་གླིང་ལྔ་སྟེ། ཨེ་ཤ་ཡ་གླིང༌། ཡོ་རོབ་   གླིང༌། ཧྥེ་གླིང༌། མེ་གླིང་བྱང་མ། མེ་གླིང་ལྷོ་མ་བཅས་སོ། །
སྒྲིབ་པ་ལྔ།-----ཡུལ་མཛེས་ཤིང་ཡིད་དུ་འོང་བ་ལ་སེམས་འཕྲོ་བའི་རྒོད་པ་དང༌། ལས་ངན་པ་བྱས་པ་ཡིད་ལ་བཅགས་པའི་འགྱོད་པ། གཞན་དག་ལ་གནོད་འཚེ་བྱེད་འདོད་ཀྱི་གནོད་སེམས། སེམས་མི་གསལ་ཞིང་ཉོག་པར་བྱེད་པའི་རྨུགས་པ། སེམས་རང་དབང་   མེད་པར་ནང་དུ་སྡུད་པར་བྱེད་པའི་གཉིད་དང༌། འདོད་ཡོན་ལྔའི་བདེ་བ་དོན་དུ་    གཉེར་བའི་འདོད་པ་ལ་འདུན་པ། ཡང་དག་པའི་ལམ་ལ་ཡིད་གཉིས་སུ་གྱུར་པའི་ཐེ་ཚོམ་སྟེ། རྒོད་འགྱོད་དང༌། གནོད་སེམས། རྨུགས་གཉིད། འདོད་ལ་འདུན་པ། ཐེ་ཚོམ་བཅས་ལྔའོ། །
ཕྱི་མ་མི་ལྔ།-----རག་ཤི་ཚུལ་ཁྲིམས་འབྱུང་གནས་དང༌། སྦ་ཚུལ་ཁྲིམས་བློ་གྲོས། མཐའ་ཞི་རྒྱལ་   འཕགས། སྐྱེ་བོ་ཉ་འབན་ཆོས་སྐྱབས། གྲུམ་ཤེས་རབ་སྨོན་ལམ་བཅས་ཡིན།
དབང་པོ་ལྔ།----མིག་དབང་དང༌། རྣ་དབང༌། སྣ་དབང༌། ལྕེ་དབང༌། ལུས་དབང་བཅས་སོ། །
རིག་གནས་ཆུང་བ་ལྔ།--སྙན་ངག་དང༌། མངོན་བརྗོད། ཟློས་གར། སྐར་རྩིས། སྡེབ་སྦྱོར་བཅས་སོ། །
རིག་གནས་ཆེ་བ་ལྔ།-----བཟོ་རིག་པ་དང༌། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ་བཅས་སོ། །
འཐུག་པོ་ལྔ།-----གྷ་ཛྷ་ཌྷ་དྷ་བྷ་བཅས་ལྔ་ལ་ཟེར།
ལོག་པ་ལྔ།-----ཊ་ཋ་ཌ་ཎ་ཥ་བཅས་ལྔ་ལ་ཟེར།
མཛུབ་མོ་ལྔ།-----མཐེ་བོང་དང༌། གོང་མཛུབ། དཀྱིལ་མཛུབ། སྲིན་མཛུབ། མཛུབ་ཆུང་བཅས་སོ། །
ས་སྐྱ་གོང་མ་རྣམ་ལྔ།-----ཀུན་དགའ་སྙིང་པོ་དང༌། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན།   ཀུན་དགའ་རྒྱལ་མཚན། འཕགས་པ་བློ་གྲོས་རྒྱལ་མཚན་བཅས་སོ། །
སྒྲིབ་པ་ལྔ།-----རྒོད་འགྱོད་དང༌། གནོད་སེམས། རྨུགས་གཉིད། འདོད་འདུན། ཐེ་ཚོམ་བཅས་སོ། །
ཆོས་ལྔ།-----རིགས་མཐོ་བ་དང༌། གཟུགས་བཟང་བ། ཡོན་ཏན་ཆེ་བ། ལང་ཚོ་མཛེས་པ། དབང་ ཐང་དང་སྟོབས་འབྱོར་ལྡན་པ་བཅས་ལྔའོ། །
འོག་གི་བཙན་ལྔ།----བོད་རྒྱལ་ཉེར་གཅིག་པ་རྒྱལ་ཏོ་རེ་ལོང་བཙན་དང༌། ཉེར་ལྔ་པ་ཁྲི་བཙན་   ནམ། ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན། ཉེར་བདུན་པ་ཁྲི་ཐོག་རྗེ་ཐོག་བཙན། ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་བཅས་སོ། །
གཞུང་པོ་ཏི་ལྔ།----ཚད་མ་དང༌། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་སོ། །
ལུས་ཀྱི་དོན་ལྔ།---གློ་བ་དང༌། སྙིང༌། མཁལ་མ། མཚེར་བ། མཆིན་པ་བཅས་སོ། །
ལུས་ཀྱི་ཡན་ལག་ལྔ།---མགོ་དང༌། ལག་པ་གཉིས། རྐང་པ་གཉིས་བཅས་ལྔའོ། །
 

དྲུག་ཚན།

 
དྲི་མ་དྲུག-----ང་རྒྱལ་དང༌། མ་དད་པ། དོན་དུ་མི་གཉེར་བ། ཕྱི་རོལ་རྣམ་གཡེང༌། ཡིད་བསྡུས། སྐྱོ་བས་ཉན་པའོ། །
ཡབ་འབངས་རུས་དྲུག-----སྔར་བོད་ཀྱི་བཙན་པོའི་དུས་སྐབས་སུ་རྒྱལ་རིགས་སུ་གཏོགས་པའི་ རུས་ཏེ། ལྷོ། གཉགས། ཁྱུང༌། སྣུབས། སེ། སྦོ་བཅས་དྲུག་གོ །
ཚེ་རིང་རྣམ་དྲུག-----བྲག་ཚེ་རིང༌། ཆུ་ཚེ་རིང༌། ཤིང་ཚེ་རིང༌། མི་ཚེ་རིང༌། བྱ་ཚེ་རིང༌། རི་དྭགས་ཚེ་རིང་བཅས་དྲུག་གོ །
སྨད་མདོ་ཁམས་སྒང་དྲུག-----བོད་ཡུལ་གྱི་སྨད་ཕྱོགས་ཟལ་མོ་སྒང་དང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོར་འབོར་སྒང༌། དམར་རྫ་སྒང༌། མི་ཉག་རབ་སྒང་བཅས་དྲུག་གོ །
གྲགས་པ་ཉམས་པར་འགྱུར་བའི་རྒྱུ་དྲུག-----ཤོ་སྦག་སོགས་ཀྱིས་རྒྱན་འཛུགས་པ། དུས་སྐབས་མི་དབྱེ་བར་སྐྱེ་བོ་མང་པོ་འདུས་པའི་དགའ་སྟོན་ལ་ལྟད་མོ་ལྟ་བ། དུས་རྟག་ཏུ་ཡོན་ཏན་ལ་ བརྩོན་འགྲུས་མི་བྱེད་པར་ལེ་ལོའི་དབང་དུ་ཤོར་བ། ལྟ་བ་དང་སྤྱོད་པ་ངན་པའི་གྲོགས་པོ་ལ་བསྟེན་པ། ཆང་འཐུང་བ། མཚན་མོ་ཁྱིམ་གཞན་དུ་རྒྱུ་ཞིང་འཁྱམས་པ་བཅས་སོ། །
རོ་དྲུག-----མངར་བ་དང༌། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚྭ་བའོ། །
བར་གྱི་ལེགས་དྲུག-----ཨི་ཤོ་ལེགས་དང༌། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞི་    ལེགས། ཨེ་ཤོ་ལེགས་བཅས་སོ། །
འགྲོ་བ་རིགས་དྲུག-----ལྷ་དང༌། མི། ལྷ་མ་ཡིན། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་དྲུག་གོ །
འཛམ་གླིང་རྒྱན་དྲུག་མཆོག་གཉིས-----ཀླུ་སྒྲུབ་དང༌། ཐོགས་མེད། འཕགས་པ་ལྷའམ་ཨརྱ་དེ་ལྦ། དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས་བཅས་ནི་རྒྱན་དྲུག་དང༌། མཆོག་གཉིས་ནི་ཡོན་ ཏན་འོད་དང་ཤཱཀྱ་འོད་གཉིས་སམ་ཡང་ན། ཀླུ་སྒྲུབ་དང་ཐོགས་མེད་གཉིས་སོ། །
དབང་པོ་སྒོ་དྲུག-----མིག་དང༌། རྣ་བ། སྣ། ལྕེ། ལུས། ཡིད་བཅས་སོ། །
འབྲུ་དྲུག-----ནས་དང༌། འབྲས། གྲོ། སྲན་མ། ཏིལ། བྲ་བོ་བཅས་ལྔའོ། །
དགེ་ལུགས་པའི་དགོན་ཆེན་དྲུག---སེ་ར་དགོན་པ་དང༌། འབྲས་སྤུངས་དགོན་པ། དགའ་ལྡན་   དགོན་པ། གཙང་བཀྲ་ཤིས་ལྷུན་པོ། སྐུ་འབུམ་དགོན་པ། བླ་ བྲང་དགོན་པ་བཅས་དྲུག་གོ །
 

བདུན་ཚན།

 
མཛངས་མི་བདུན།-----བོད་ཀྱི་ལོ་རྒྱུས་ཐོག་གི་མཛད་རྗེས་ཆེ་བའི་བློན་པོ་མཁས་མཛངས་ཅན་ བདུན་ཏེ། རུ་ལས་སྐྱེས་དང༌། ལྷ་བུ་མགོ་དཀར། མོང་ཁྲི་ངོར་སྣང་བཙན། ཐོན་མི་སམ་བྷོ་ཊ། སྙགས་ཁྲི་བཟང་ཡང་སྟོན། མགོས་ཁྲི་བཟང་ཡབ་    ལྷག གཉེར་སྟག་བཙན་གདོང་གཟིགས་བཅས་སོ། །
རྒྱལ་སྲིད་སྣ་བདུན།-----འཁོར་ལོ་རིན་པོ་ཆེ་དང༌། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་བདུན་ནོ། །
དབུས་གཙང་མཁས་པ་མི་བདུན།-----ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། འབྲིང་ཡེ་ཤེས་ཡོན་ཏན། ཤབ་སྒོའི་ཚོང་བཙུན་ཤེས་རབ་སེང་གེ མགུར་མོ་པ་ལོ་སྟོན་རྡོ་རྗེ་དབང་ཕྱུག སུམ་པ་ཡེ་ཤེས་བློ་གྲོས། རྒྱ་བློ་གྲོས་ཤེས་ རབ། གཞོན་བན་ཆོས་མཆོག་བཅས་སོ། །
སད་མི་བདུན།-----ཁྲི་སྲོང་ལྡེ་བཙན་སྐབས་མཁན་ཆེན་ཞི་བ་འཚོས་བོད་མིས་རབ་བྱུང་གི་བསླབ་སྡོམ་སྲུང་ནུས་མི་ནུས་ཚོད་ལྟའི་ཕྱིར་དུ་ཐམས་ཅད་ཡོད་སྨྲའི་ལུགས་བཞིན་ ཐོག་མར་རབ་ཏུ་བྱུང་བའི་མི་སྦ་གསལ་སྣང་དང༌། སྦ་ཁྲི་བཞེར། བཻ་རོ་ཙ་ན། རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག གཙང་   ལེགས་གྲུབ་སྟེ་བདུན་ནོ། །
ཅང་ཤེས་བདུན།-----རླུང་དང༌། ཡིད་མགྱོགས། མདོག་ལྔ་པ། ཐིག་ལེ་ཅན། ངེས་བརྗོད། ཤིན་ཏུ་ རྒྱལ་མཚན། རི་བོ་འཇོམས་བཅས་སོ། །
གནམ་གྱི་ཁྲི་བདུན།-----གཉའ་ཁྲི་བཙན་པོ་དང༌། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་བཅས་སོ། །
རེས་གཟའ་བདུན།---གཟའ་ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་་་་་
བཅས་སོ།
ཤད་བདུན།---ཆིག་ཤད་དང༌། ཉིས་ཤད། བཞི་ཤད། སྦྲུལ་ཤད། ཚེག་ཤད། རིན་ཆེན་སྤུངས་ཤད། གཏེར་ཚེག་བཅས་སོ། །
རིན་པོ་ཆེ་སྣ་བདུན།---གསེར་དང༌། དངུལ། བཻཌཱུརྱ། སྤུག རྡོའི་སྙིང་པོ། ཤེལ། མུ་ཏིག་དམར་པོ་ བཅས་སོ། །
 

བརྒྱད་ཚན།

རྫས་བརྒྱད།-----བཀྲ་ཤིས་རྫས་བརྒྱད་དེ་མེ་ལོང་དང༌། ཞོ། རྩྭ་དུར་བ། ཤིང་ཏོག་བིལ་པ། དུང་   གཡས་འཁྱིལ། གྷི་ལྦང༌། ལི་ཁྲི། ཡུངས་དཀར་བཅས་སོ། །
འཇིག་རྟེན་ཆོས་བརྒྱད།----ནོར་ལོངས་སྤྱོད་རྙེད་ན་དགའ་བ་དང་མ་རྙེད་ན་མི་དགའ་བ། རང་ལ་བདེ་བ་བྱུང་ན་དགའ་བ་དང་མི་བདེ་བ་བྱུང་ན་མི་དགའ་བ། རང་ལ་གཏམ་ སྙན་ཐོས་ན་དགའ་བ་དང་གཏམ་མི་སྙན་པ་ཐོས་ན་མི་དགའ་བ། རང་ལ་ བསྟོད་ར་བྱུང་ན་དགའ་བ་དང་སྨད་པ་བྱུང་ན་མི་དགའ་བ་བཅས་སོ། །
ས་ཡི་ལྡེ་བརྒྱད།-----ཟ་ནམ་ཟིན་ལྡེ་དང༌། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་གནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་བཅས་སོ། །
ཡན་ལག་བརྒྱད་ལྡན་གྱི་ཆུ།-----བསིལ་བ་དང༌། ཞིམ་པ། ཡང་བ། འཇམ་པ། དྭངས་པ། དྲི་མ་མེད་པ། ལྟོ་བ་ལ་ཕན་པ། མགྲིན་པ་ལ་མི་གནོད་པའོ། །
ལྷ་མོའི་འཁྲབ་གཞུང་བརྒྱད།----སྣང་ས་འོད་འབུམ་དང༌། པདྨ་འོད་འབར། རྒྱ་བཟའ་བལ་བཟའ། ཆོས་རྒྱལ་དྲི་མེད་ཀུན་ལྡན། གཟུགས་སྐྱེས་ཉི་མ། གཅུང་པོ་དོན་ ཡོད་དོན་གྲུབ། ཆོས་རྒྱལ་ནོར་བཟང༌། འགྲོ་བ་བཟང་མོ་        བཅས་སོ། །
རྣམ་དབྱེ་བརྒྱད།---དང་པོ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་སྒྲ། བཞི་པ་་་་་
དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི།   
བརྒྱད་པ་འབོད་སྒྲ་བཅས་སོ། །
ཡི་གེའི་སྐྱེ་གནས་བརྒྱད།---ཁོག་པ་དང༌། མགྲིན་པ། རྐན། ལྕེ། སྣ། སོ། སྤྱི་བོ། མཆུ་བཅས་སོ། །
བཀྲ་ཤིས་རྟགས་བརྒྱད།---གདུགས་དང༌། གསེར་ཉ། པད་མ། དུང་དཀར། བུམ་པ། དཔལ་བེའུ། རྒྱལ་མཚན། འཁོར་ལོ་བཅས་སོ། །
 

དགུ་ཚན།

 
གྲངས་གནས་དགུ---གཅིག བཅུ། བརྒྱ། སྟོང༌། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར་བཅས་སོ། །
ཕོ་རྩལ་སྣ་དགུ---མཐེབ་ཀྱིས་ཤ་གནོན་པ། རྐྱལ་གྱིས་ཆུ་ཆེན་ཆོད་པ། ཡང་རྩལ་བྱ་ལྟ་བུ་སྟེ་ལུས་ཀྱི་
རྩལ་གསུམ་དང༌། ལོ་རྒྱུས་ཀྱིས་དགེ་ཐོན་པ་དང༌། གཏམ་གྱི་བཞད་གད་ལྷོངས་
པ། གཤགས་ཀྱིས་ཕ་རོལ་གནོན་པ་་སྟེ་ངག་གི་རྩལ་གསུམ། མཛངས་ཤིང་བློ་་་་་་  
འགྱུ་བ་དང༌། དཔའ་ཞིང་བསྲན་ཚུགས་པ། ཁ་གསལ་ཞིང་གཏོང་མི་དཔོག་པ་་་་་
སྟེ་ཡིད་ཀྱི་རྩལ་གསུམ་མོ། །
 

བཅུ་ཚན་ཡན།

 
མི་དགེ་བ་བཅུ།-----སྲོག་གཅོད་པ་དང༌། མ་བྱིན་ལེན། འདོད་ལོག་སྤྱོད། རྫུན་དུ་སྨྲ་བ། ཕྲ་མ། ཚིག་རྩུབ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་བཅུའོ། །
ཕྱོགས་བཅུ།-----ཤར་ལྷོ་ནུབ་བྱང་བཞི་དང༌། དེ་དག་གི་མཚམས་བཞི་དང༌། སྟེང་འོག་གཉིས་ཏེ་ བཅུའོ། །
སྙན་ངག་གི་སྐྱོན་བཅུ།-----དོན་ཉམས་པ་དང༌། དོན་འགལ་བ། དོན་གཅིག་པ། ཐེ་ཚོམ་ཅན། རིམ་པ་ཉམས་པ། སྒྲ་ཉམས་པ། གཅོད་མཚམས་ཉམས་པ། སྡེབ་སྦྱོར་     ཉམས་པ། མཚམས་སྦྱོར་ཉམས་པ། ཡུལ་དུས་སོགས་དང་འགལ་    བའོ། །
ས་ཡི་དགེ་མཚན་བཅུ།-----ཁང་ས་ཞིང་ས་ས་ཡི་དགེ །གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ །འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ །ཁང་ཤིང་བུད་ཤིང་ཤིང་གི་དགེ །རྩིག་རྡོ་གཏེར་རྡོ་ རྡོ་ཡི་དགེ་བཅས་སོ། །
ལོ་སྐོར་བཅུ་གཉིས།-----སྟག་དང༌། ཡོས། འབྲུག སྦྲུལ། རྟ། ལུག སྤྲེའུ། བྱ། ཁྱི། ཕག བྱི་བ། གླང་ བཅས་སོ། །
བོད་ཁྲི་སྐོར་བཅུ་གསུམ།-----གཙང་ཁྲི་སྐོར་དྲུག་སྟེ། ལ་སྟོད་ལྷོ་བྱང་གཉིས་དང༌། གུར་མོ། ཆུ་མིག ཤངས། ཞ་ལུ་དང༌། དབུས་ཁྲི་སྐོར་དྲུག་སྟེ། རྒྱ་མ་དང༌། འབྲི་གུང༌། ཚལ་པ། ཐང་པོ་ཆེ། ཕག་མོ་གྲུ། གཡའ་བཟང་བཅས་དང༌། དེའི་སྟེང་དབུས་གཙང་མཚམས་སུ་ཡར་འབྲོག་སྟག་ལུང་ཁྲི་སྐོར་གཅིག་སྟེ་   བསྡོམས་པས་ཁྲི་སྐོར་བཅུ་གསུམ་མོ། །
མི་ཆོས་གཙང་མ་བཅུ་དྲུག-----བོད་རྒྱལ་སྲོང་བཙན་གྱིས་གཏན་འབེབ་བྱས་པའི་ཁྲིམས་སྲོལ་དོན་
ཚན་བཅུ་དྲུག་སྟེ། ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། དམ་་་་་་ 
པའི་ཆོས་བཙལ་ཞིང་སྒྲུབ་པ། ཕ་མ་ལ་དྲིན་ལན་འཇལ་བ། ཡོན་ཏན་ཅན་
ལ་ཞེ་མཐོང་ཡོད་པ། རིགས་མཐོ་བ་དང་རྒན་པར་བཀུར་བསྟི་ཆེ་བ། ཡུལ་
མི་ཁྱིམ་མཚེས་ལ་ཕན་འདོགས་པ། བཀའ་དྲང་ཞིང་སེམས་ཆུང་བ། ཉེ་དུ་
མཛའ་བཤེས་ལ་གཞུང་རིང་བ། ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་
བ། ཟས་ནོར་ལ་ཚོད་འཛིན་པ། སྔར་དྲིན་ཅན་གྱི་མི་རྩད་ གཅོད་པ། བུ་
ལོན་དུས་སུ་འཇལ་ཞིང་བྲེ་སྲེང་ལ་གཡོ་མེད་པ། ཀུན་ལ་ཕྲག་དོག་ཆུང་བ།
ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ངག་འཇམ་ཞིང་སྨྲ་
བ་ཉུང་བ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་བཅུ་དྲུག་གོ །
ཁོད་སུམ་ཅུ་སོ་དྲུག-----བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་དང༌། བཀའ་གྲོས་ཆེན་པོ་དྲུག ཡིག་ 
ཚང་དྲུག ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་མཚན་དྲུག་བཅས་སོ། །
ལོ་རྒན་དྲུག་ཅུ།-----ཤིང་ཕོ་ཤིང་མོ། མེ་ཕོ་མེ་མོ། ས་ཕོ་ས་མོ། ལྕགས་ཕོ་ལྕགས་མོ། ཆུ་ཕོ་ཆུ་མོ་སྦྱར་ ཏེ། ཤིང་ཕོ་བྱི་བ་ནས་ཆུ་མོ་ཕག་གི་བར་ཡིན།
 
 
 

ས་བཅད་བརྒྱད་པ། རྩོམ་གྱི་རྨང་གཞི་ཤེས་བྱའི་སྐོར།

 

རྩོམ་རིག་སྤྱི་བཤད།

 

རྩོམ་རིག་གི་གོ་དོན་ཅི་ཡིན།

   ལན། རྩོམ་རིག་ནི་མི་རྣམས་ཀྱིས་སྤྱི་ཚོགས་འཚོ་བའི་ལག་ལེན་ཁྲོད་ནས་མྱོང་ཚོར་བྱུང་བ་དག་ སླར་ཡང་དཔྱད་ཞིབ་དང་འདོར་ལེན་གྱི་ལམ་ངེས་ཅན་ཞིག་བརྒྱུད་དེ་དངོས་སུ་ཡིག་ཐོག་ཏུ་བཀོད་པ་ཞིག་ལ་ཟེར།
 

རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་མཚོན་པ་ཡིན་ཟེར་བའི་རྒྱུ་མཚན་ཅི་ཡིན།

    ལན། རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་མངོན་ཚུལ་ཞིག་ཡིན་པ་དང༌། སྤྱི་ཚོགས་འཚོ་བ་ནི་རྩོམ་ཡིག་གི་དཔེ་ཞིག་ཞིག་ཡིན་ལ་རྩ་བའི་འབྱུང་ཁུངས་ཀྱང་ཡིན། རྩོམ་རིག་གིས་སྤྱི་ཚོགས་འཚོ་བ་    མཚོན་ཐུབ་ཅིང༌། སྤྱི་ཚོགས་འཚོ་བས་རྩོམ་རིག་གི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་མཁོ་འདོན་ཡང་ བྱེད་ཀྱི་ཡོད།
 

ཇི་བཞིན་བརྗོད་པའི་རྩོམ་ཡིག

 

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གོ་དོན་ཅི་ཡིན།

   ལན། བརྗོད་བྱ་མི་དང་བྱ་བ། དངོས་པོ། ཡུལ་ལྗོངས་ལ་སོགས་རང་རང་ཡུལ་ལ་ཇི་ལྟར་ཡོད་   པའི་དོན་དངོས་དེ་རྣམས་སྒྲོ་འདོགས་མེད་པར་ཇི་མ་ཇི་བཞིན་དུ་རྩོམ་ཐོག་ཏུ་འགོད་པར་བྱེད་   པའི་རྩོམ་ཚུལ་ཞིག་ལ་ཟེར།
 

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་དྲུག་ནི་གང་དག་ཡིན།

   ལན། དུས་ཚོད་དང༌། ས་གནས། མི་སྣ། འབྱུང་རྐྱེན། བརྒྱུད་རིམ། མཇུག་འབྲས་བཅས་ཡིན།
 

ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་རྣམ་པའམ་ནང་དོན་གྱི་ཆ་ནས་དབྱེ་ན་གང་དག་ཡོད།

   ལན། མི་སྣ་དང༌། དོན་དག ལྗོངས་རྣམ། དངོས་རྣམ་བཅས་འབྲི་བའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་བཅས་རིགས་བཞི་ཡོད།
 

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་འབྲི་ཚུལ་ཐད་ནས་དབྱེ་ན་གང་དག་ཡོད།

   ལན། གོ་རིམ་ཇི་བཞིན་བརྗོད་པ་དང༌། གོ་རིམ་ལྡོག་སྟེ་བརྗོད་པ། བར་བཅུག་གི་བརྗོད་པ། ཁ་ གསབ་ཀྱི་བརྗོད་པ་བཅས་རིགས་བཞི་ཡོད་དེ།(1)གོ་རིམ་ཇི་བཞིན་བརྗོད་པ་ནི། ཇི་བཞིན་བརྗོད་པའི་རྩོམ་གྱི་ཕལ་ཆེ་བ་གནས་ཚུལ་གྱི་ཐོག་མའི་བྱུང་ཚུལ་བར་གྱི་འཕེལ་སྟངས། མཐའ་མའི་མཇུག་སྒྲིལ་ཚུལ་བཅས་དུས་ཚོད་སྔ་ཕྱིའི་གོ་རིམ་ལྟར་བྲིས་ཡོད་པ་ཞིག་ལ་ཟེར།(2)གོ་རིམ་ལྡོག་སྟེ་བརྗོད་པ་ནི། བརྗོད་བྱའི་དངོས་པོ་གང་ཞིག་གི་རྗེས་སུ་བྱུང་བའི་གནས་ཚུལ་སྔོན་ལ་བྲིས་ཏེ། སྔོན་ལ་བྱུང་བའི་གནས་ཚུལ་རྗེས་སུ་བྲིས་ནས་རྒྱུ་འབྲས་གོ་ལྡོག་གི་ཚུལ་དུ་བྲིས་པ་ཞིག་ཡིན།(3)བར་བཅུག་གི་བརྗོད་པ་ནི། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་སྐབས་བརྗོད་བྱའི་དོན་སྙིང་དང་འབྲེལ་ཡོད་ཀྱི་ནང་དོན་ཁ་ཤས་བར་དུ་བཅུག་སྟེ་བརྗོད་པ་ཡིན།(4)ཁ་གསབ་བརྗོད་པ་ནི། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་སྐབས། བརྗོད་བྱའི་སྙིང་བོར་དམིགས་ཏེ་དགོས་པའི་མིའམ་བྱ་བ་དེ་ལ་ཁ་གསབ་ མདོར་བསྡུས་ཤིག་འབྲི་དགོས་པ་ཞིག་ཡིན།
 

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཁྱབ་ཁོངས་ཀྱི་ཐད་ནས་དབྱེ་ན་གང་དག་ཡོད།

    ལན། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཁྱབ་ཁོངས་ནི་ཤིན་ཏུ་རྒྱ་ཆེ་སྟེ། མི་སྣ་གཙོ་བོར་བྱས་ ནས་དོན་བརྗོད་པ་ཐམས་ཅད་ལ་གོ་རིགས་ཤིང༌། དཔེར་ན། གསར་འགྱུར་དང༌། ལྗོངས་རྒྱུད་ཟིན་ཐོ། དྲན་ཐོ། མི་སྣའི་ལོ་རྒྱུས། གཞན་ཡང་ལྷུག་རྩོམ་དང༌། བརྟག་དཔྱད་སྙན་ཞུ་སོགས་འདུའོ། །
 
 

ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་ཁྱད་ཆོས་གང་དག་ཡོད།

   ལན།(1)ཇི་བཞིན་བརྗོད་པའི་ཞོར་དུ་རབ་བཏགས་དང་དཔེ་རྒྱན་སོགས་ཀྱི་མཚོན་ཐབས་     སྤྱད་ཡོད་པ།(2)མི་དང་དོན་དག དངོས་པོ། ཡུལ་ལྗོངས་བཅས་ཀྱི་ནང་དོན་གཙོ་བོར་བྱེད་པ།    (3)བརྗོད་རྙིང་གཏན་འཁེལ་བྱས་ཏེ་མི་དང༌། དོན་དག དངོས་རྣམ། ལྗོངས་རྣམ་བཅས་ཞིབ་འབྲི་བྱེད་པའོ། །
 

གསལ་བཤད་རྩོམ་ཡིག

 

གསལ་བཤད་རྩོམ་ཡིག་གི་གོ་དོན་ཅི་ཞིག་ཡིན།

ལན། བྱ་དངོས་མཚམས་སྦྱོར་དང་འགྲེལ་བཤད་བྱེད་པ་དང་གནས་ལུགས་གསལ་བཤད་བྱེད་པའི་རྩོམ་ཡིག་ལ་གསལ་བཤད་རྩོམ་ཡིག་ཟེར། ཡང་ན་ཕྱི་རོལ་བྱ་དངོས་ཀྱི་ངོ་བོ་དང༌། གཟུགས་ དབྱིབས། རྣམ་པ། གྲུབ་ཚུལ། བྱེད་ནུས་སོགས་དོན་དངོས་ཡུལ་ལ་ཇི་ལྟར་ཡོད་པ་རྣམས་སྒྲོ་བཀུར་ མེད་པར་ངོ་སྤྲོད་དང་མཚམས་སྦྱོར་བྱེད་པའི་རྩོམ་ཡིག་ཅིག་ལ་ཟེར།
 

གསལ་བཤད་རྩོམ་ཡིག་ལ་གསལ་བཤད་བྱ་ཐབས་མི་འདྲ་བ་གང་དག་ཡོད།

ལན། གསལ་བཤད་བྱ་ཐབས་གཙོ་བོ་ལ་ངོ་སྤྲོད་མཚམས་སྦྱོར་གྱི་ཐབས་དང༌། ངེས་ཚིག་འདྲེན་ པའི་ཐབས། ཞིབ་འགྲེལ་རྒྱག་པའི་ཐབས། རིགས་དགར་བའི་ཐབས། མཚོན་རིས་འབྲི་བ། དཔེ་     འདྲེན་པའི་ཐབས། གཤིབ་བསྡུར་བྱེད་པའི་ཐབས། གྲངས་དང་རེའུ་མིག་འགོད་པའི་ཐབས། ལུང་ འདྲེན་པའི་ཐབས་སོགས་ཤིན་ཏུ་མང་ངོ༌། །
 

གསལ་བཤད་རྩོམ་ཡིག་འབྲི་སྐབས་དོ་སྣང་བྱེད་དགོས་པ་གང་དག་ཡོད།

ལན། བྱ་དངོས་ཀྱི་དངོས་ཡོད་གནས་ཚུལ་འབྲི་དགོས་པ། གསལ་བཤད་ཀྱི་འབྲི་སྟངས་གཙོ་བོར་འཛིན་དགོས་པ། གསལ་བཤད་གནད་ལ་འཕིགས་ཤིང་ཁ་གསལ་པོ་དགོས་པ། བྱ་དངོས་ཀྱི་གནས་ ཚུལ་དེ་གོ་རིམ་དང་ལྡན་པའི་སྒོ་ནས་འབྲི་དགོས་པ་བཅས་སོ། །
 

གསལ་བཤད་རྩོམ་ཡིག་གི་ཁྱད་ཆོས་ནི་གང་དག་ཡིན།

ལན།(1)གསལ་བཤད་ཀྱི་རང་བཞིན།(2)ཁ་གསལ་གོ་བདེའི་རང་བཞིན།(3)ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་པ་བཅས་སོ། །
 

གསལ་བཤད་རྩོམ་ཡིག་ལ་དབྱེ་ན་གང་དག་ཡོད།  

ལན།(1)བྱ་དངོས་ཀྱི་གཟུགས་དབྱིབས་དང་ཆགས་ཚུལ་གསལ་བཤད་བྱེད་པ།(2)བྱ་དངོས་ཀྱི་ངོ་བོ་དང་ཁྱད་ཆོས་གསལ་བཤད་བྱེད་པ།(3)བྱ་དངོས་ཀྱི་ཕན་ནུས་དང་སྤྱོད་སྒོ་གསལ་བཤད་བྱེད་པ།(4)བྱ་དངོས་ཀྱི་གྲུབ་རྐྱེན་དང་འབྲེལ་བ་གསལ་བཤད་བྱེད་པ། (5)ཕྱོགས་བསྡུས་རང་བཞིན་གྱི་གསལ་བཤད་བྱེད་པ་བཅས་ཡོད།
 

དགག་སྒྲུབ་རྩོམ་ཡིག

 

དགག་སྒྲུབ་རྩོམ་ཡིག་གི་གོ་དོན་ཅི་ཞིག་ཡིན།

ལན། གཞན་ལུགས་དགག་ཅིང་རང་ལུགས་ཐད་ལྡན་དུ་སྒྲུབ་པའི་རྩོམ་ཡིག་ལ་བྱའོ། །
 

དགག་སྒྲུབ་རྩོམ་ཡིག་ལ་དབྱེ་བ་གང་དག་ཡོད།

 

   ལན། གཞན་ལུགས་དགག་པའི་རྩོམ་ཡིག་དང་རང་ལུགས་སྒྲུབ་པའི་རྩོམ་ཡིག་གཉིས་སོ། ། 

 

དགག་སྒྲུབ་རྩོམ་ཡིག་གི་གྲུབ་ཆ་གསུམ་ནི་གང་ཡིན་པ་དང༌། དེ་དག་གི་ནང་དོན་ཅི་ཞིག་ཡིན།

ལན། བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབ་རིམ་བཅས་གསུམ་ཡོད།(1)བསྒྲུབ་བྱ་ནི། རྩོམ་པ་པོས་རྒྱུ་    མཚན་ཅི་རིགས་པ་བཀོད་པའི་སྒོ་ནས་གང་ར་སྤྲོད་པར་བྱ་བའི་རང་གི་ལྟ་བ་དང་འདོད་ཚུལ་དེ་ལ་ཟེར།(2)སྒྲུབ་བྱེད་ནི། རྩོམ་པ་པོས་རང་གི་བསྒྲུབ་བྱ་དེ་ཡང་དག་ཡིན་པར་ར་སྤྲོད་བྱེད་ཀྱི་ཁུངས་དང་རྒྱུ་མཚན་ལ་ཟེར།(3)བསྒྲུབ་རིམ་ནི་སྒྲུབ་བྱེད་ཀྱིས་བསྒྲུབ་བྱ་སྒྲུབ་པའི་བརྒྱུད་རིམ་ལ་ཟེར།
 

སྒྲུབ་བྱེད་ལ་དབྱེ་ན་གང་དག་ཡོད།

ལན། སྒྲུབ་བྱེད་ལ་དབྱེ་ན་ལུང་གི་སྒྲུབ་བྱེད་དང་རིགས་པའི་སྒྲུབ་བྱེད་གཉིས་ཡོད།
 

དགག་སྒྲུབ་རྩོམ་ཡིག་ལ་སྒྲུབ་ཐབས་གང་དག་ཡོད།

ལན། དཔེ་ཡིས་སྒྲུབ་ཐབས་དང༌། ལུང་གིས་སྒྲུབ་ཐབས། དཔེ་མཚོན་གྱིས་སྒྲུབ་ཐབས། རིགས་    འགྲེས་སྒྲུབ་ཐབས། བསྡུར་བའི་སྒྲུབ་ཐབས། ལྡོག་པའི་སྒྲུབ་ཐབས་བཅས་ཡོད།
 

དགག་སྒྲུབ་རྩོམ་ཡིག་གི་སྐད་ཆའི་ཁྱད་ཆོས་ཅི་ཡིན།

   ལན། གནད་དུ་འཁེལ་བའི་རང་བཞིན་དང༌། ཁ་གསལ་གྱི་རང་བཞིན། མདོར་བསྡུས་ཀྱི་རང་    བཞིན། གསོན་ཉམས་ཀྱི་རང་བཞིན་བཅས་ལྡན་དགོས།
 

གང་འདྲ་ཞིག་ལ་སྒྲུབ་ཐབས་ཟེར།

    ལན། དེ་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཐབས་ལ་ཟེར། ཡང་ན། སྒྲུབ་བྱེད་ཁུངས་བཙན་པོས་    བསྒྲུབ་བྱ་གསལ་བཤད་བྱེད་པར་སྒྲུབ་ཐབས་ཟེར།
 

གང་འདྲ་ཞིག་ལ་བསྒྲུབ་བྱའི་སྙིང་པོ་ཟེར།

    ལན། དེ་ནི་རྩོམ་པ་པོས་སྒྲུབ་བྱེད་མང་པོ་བཀོལ་ནས་རང་གི་ལྟ་ཚུལ་གཙོ་བོ་དེ་བདེན་པར་སྒྲུབ་པ་དེ་ལ་ཟེར།
 

ལྷུག་རྩོམ།

 

ལྷུག་རྩོམ་གྱི་གོ་དོན་ཅི་ཞིག་ཡིན།

ལན། ནང་དོན་གྱི་ཆ་ནས་བྱུང་རིམ་ཅུང་ཆ་ཚང་ཞིང་གོ་རིམ་ཡོད་པར་བྲིས་པ་ལ་བརྟེན་ནས་ ཡིད་འགྱུར་མཚོན་པར་བྱེད་པ་དང༌། ལུས་ཚིག་ལྷུག་ཡིན་པ། ཚིག་རྒྱན་གྱིས་བཅིངས་པ་གཙོ་བོར་ མི་འཛིན་པ་ཞིག་ཡིན།
 

ལྷུག་རྩོམ་ལ་དབྱེ་བ་གང་དག་ཡོད། དེ་དག་གི་ནང་དོན་ཅི་ཡིན།

ལན། དེ་ལ་དབྱེ་ན་གསུམ་ཡོད་དེ། དོན་བརྗོད་ལྷུག་རྩོམ་དང༌། ཡིད་འགྱུར་མཚོན་པའི་ལྷུག་ རྩོམ། དཔྱད་བརྗོད་ལྷུག་རྩོམ་བཅས་སོ། ། (1)དོན་བརྗོད་ལྷུག་རྩོམ་ནི། མི་སྣ་དང་ དོན་བྱ་འབྲི་རྒྱུ་གཙོ་བོར་བྱས་ནས་རྩོམ་པ་པོས་འཚོ་བར་ངོས་འཛིན་དང་མྱོང་ཚོར་མཚོན་ པ་ཞིག་ལ་ཟེར། དཔེར་ན།《རྐང་ལམ་ཕྲ་མོ》ལྟ་བུའོ། །(2)ཡིད་འགྱུར་མཚོན་པའི་ལྷུག་རྩོམ་ནི། རྩོམ་པ་པོའི་ནང་བསམ་པའི་འགྱུར་བ་མཚོན་པ་གཙོ་བོར་བྱས་པའི་རྩོམ་ཐབས་ཤིག་ལ་ཟེར། དཔེར་ན།《པད་རྫིང་གི་ཟླ་   འོད》ལྟ་བུའོ། །(3)དཔྱད་བརྗོད་ལྷུག་རྩོམ་ནི། གནས་ལུགས་བརྗོད་པ་གཙོར་བྱས་པའི་ལྷུག་རྩོམ་གྱི་རྣམ་པ་ཞིག་སྟེ། དཔེར་ན། ཀོ་ཨར་ཅིའི《དུས་ཚོད》ལྟ་བུའོ། །
 

ལྷུག་རྩོམ་གྱི་ཁྱད་ཆོས་ཅི་ཡིན།

ལན།(1)བརྗོད་བྱ་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ།(2)རྩོམ་སྟངས་རང་དབང་ལྡན་ལ་ཡུལ་      དུས་ཀྱི་ཚད་བཀག་མེད་པ།(3)རྗོད་བྱེད་ཀྱི་ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའོ། །
 

སྙན་རྩོམ།

 

གང་འདྲ་ཞིག་ལ་སྙན་རྩོམ་ཟེར།

ལན། དབྱངས་ཀྱི་འདེགས་འཇོག་མངོན་པར་གསལ་ཞིང་ཆེས་གཅིག་སྡུད་ཀྱི་སྒོ་ནས་དོན་    མཚོན་པར་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་ཟེར། ཡང་ན། སྒྲ་གདངས་ཀྱི་ཉམས་འགྱུར་མངོན་པར་གསལ་ཞིང་འཆར་སྒོ་ཡངས་པ། བརྗོད་བྱའི་དོན་གཅིག་སྡུད་ཀྱི་རང་བཞིན་ལྡན་པའི་རྩོམ་རིག་གི་བརྩམས་ཆོས་ཤིག་ལ་ཟེར།
 

སྙན་རྩོམ་གྱི་རྣམ་པའི་ཐད་ནས་དབྱེ་ན་གང་དག་ཡོད།

ལན། སྲོལ་རྒྱུན་སྙན་རྩོམ་དང་རང་མོས་སྙན་རྩོམ་བཅས་རྣམ་པ་གཉིས་ཡོད།
 

གང་འདྲ་ཞིག་ལ་སྲོལ་རྒྱུན་སྙན་རྩོམ་ཟེར།

     ལན། དེ་ནི《སྙན་ངག་མེ་ལོང》གི་རིག་པའི་གཞུང་ལུགས་དང་མཐུན་ཞིང༌། ཚིགས་བཅད་རྐང་པ་བཞིའི་ཡིག་འབྲུའི་གྲངས་དང་ཚིག་གི་གཅོད་མཚམས་ཀྱང་གཅིག་ཏུ་ངེས་པའི་རྩོམ་སྲོལ་ཞིག་ལ་ཟེར།
 

གང་འདྲ་ཞིག་ལ་རང་མོས་སྙན་རྩོམ་ཟེར།

    ལན། དེ་ནི《སྙན་ངག་མེ་ལོང》གི་རིག་པའི་གཞུང་ལུགས་ཀྱི་བཀག་རྒྱ་ལས་གྲོལ་ཏེ། ཚིགས་བཅད་ ཀྱི་རྐང་པ་བཞིའི་ཡིག་འབྲུའི་གྲངས་དང་ཚིག་གི་གཅོད་མཚམས་ཀྱང་གཅིག་ཏུ་མ་ངེས་པར་རྩོམ་པ་པོ་ རང་གི་བསམ་པའི་བརྩེ་དུང་ལྟར་རང་མོས་གང་བདེར་རྩོམ་ཆོག་པ་ཞིག་གོ །
 

སྙན་རྩོམ་གྱི་ནང་དོན་ཆ་ནས་དབྱེ་ན་གང་དག་ཡོད། དེ་དག་གི་ནང་དོན་ཅི་ཡིན།

ལན། དོན་བརྗོད་སྙན་རྩོམ་དང་ཡིད་འགྱུར་མཚོན་པའི་སྙན་རྩོམ་བཅས་རིགས་གཉིས་ཡོད།      (1)དོན་བརྗོད་སྙན་རྩོམ་ནི། མི་སྣ་དང་དོན་བྱ་འབྲི་བར་བརྟེན་ནས་རྩོམ་པ་པོའི་བསམ་བློའི་བརྩེ་ དུང་མཚོན་པར་བྱེད་པ་ཞིག་ཡིན། དཔེར་ན།《རཱ་མ་ཎའི་གཏམ་རྒྱུད》ལྟ་བུའོ། །(2)ཡིད་འགྱུར་       མཚོན་པའི་སྙན་རྩོམ་ནི། གཏམ་རྒྱུད་ཀྱི་བྱུང་རིམ་མི་དགོས་པར་རྩོམ་པ་པོའི་བསམ་པའི་བརྩེ་དུང་ ཐད་ཀར་སྤྱི་ཚོགས་འཚོ་བར་ཚུར་སྣང་བྱས་ཏེ་མཚོན་པར་བྱེད་པ་ཞིག་ལ་ཟེར། དཔེར་ན།《རྩྭ་ཐང་   དྲན་གླུ》ལྟ་བུའོ། །
 

སྙན་རྩོམ་གྱི་ཁྱད་ཆོས་ཅི་ཡིན།

ལན། གཅིག་སྡུད་ཀྱི་རང་བཞིན་ལྡན་པ། འཆར་སྒོ་ཕུན་སུམ་ཚོགས་པ། བརྩེ་དུང་གིས་ཕྱུག་པ།     དབྱངས་ཀྱི་འདེགས་འཇོག་གསལ་བ་བཅས་སོ། །
 
 
 

སྒྲུང་གཏམ།

 

གང་འདྲ་ཞིག་ལ་སྒྲུང་གཏམ་ཟེར།

ལན། སྒྲུང་གཏམ་ནི་མི་སྣའི་གཟུགས་བརྙན་གསར་བཞེངས་བྱ་རྒྱུར་གཙོ་གནད་དུ་བཟུང་སྟེ་ དོན་གྱི་བྱུང་རིམ་དང་ཁོར་ཡུག་གི་རྣམ་པ་ཞིབ་འབྲི་བྱས་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པའི་རྩོམ་ལུས་ལ་ཟེར།
 

སྒྲུང་གཏམ་ལ་རྩ་བའི་གྲུབ་ཆ་གང་དག་ཡོད།

ལན། སྒྲུང་གཏམ་ལ་མི་སྣ་དང་སྒྲུང་གི་བྱུང་རིམ། ཁོར་ཡུག་བཅས་གྲུབ་ཆ་གསུམ་ཡོད། 
 

མི་སྣ་ཞིབ་འབྲི་བྱེད་ཐབས་ལ་གང་དག་ཡོད།

   ལན། གཟུགས་རིས་དང༌། བྱ་སྤྱོད། སེམས་ཁམས། སྐད་ཆ། ཁོར་ཡུག ཡང་ན་དྲང་ངོས་དང་ཟུར་ངོས་ནས་ཞིབ་འབྲི་བྱེད་པ་བཅས་སོ། །
 

སྒྲུང་གི་བྱུང་རིམ་ལ་དབྱེ་ན་གང་དག་ཡོད།

ལན། འགོ་རྩོམ་པ་དང༌། འཕེལ་རྒྱས། ཡང་རྩེ། མཇུག་འབྲས་བཅས་བཞི་ཡོད།
 

ཁོར་ཡུག་ལ་དབྱེ་ན་གང་དག་ཡོད།

ལན། རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ཡོད།
 

སྒྲུང་གཏམ་སྤྱིའི་ཁྱད་ཆོས་ཇི་ལྟར་ཡིན།

ལན། དེ་ནི་མི་སྣའི་གཟུགས་བརྙན་བཟོ་སྐྲུན་བྱ་རྒྱུ་ཕུན་སུམ་ཚོགས་ཤིང་ཞིབ་ཚགས་ལྡན་པ། མི་སྣའི་གཟུགས་བརྙན་བཟོ་སྐྲུན་བྱེད་པའི་དགོས་པ་ལ་བརྟེན་ནས་སྒྲུང་གི་བྱུང་རིམ་ཡང་གྱ་གྱུ་རྙོག་ འཛིང་ཆེ་བ། ཁོར་ཡུག་བཀོད་སྒྲིག་བྱ་རྒྱུ་གསོན་ཉམས་དང་ལྡན་པའོ། །  
 
 

སྒྲུང་གཏམ་ལ་རྣམ་པའི་སྟེང་ནས་དབྱེ་ན་གང་དག་ཡོད།

ལན། བཞི་ཡོད་དེ། སྒྲུང་གཏམ་རིང་གྲང་དང༌། འབྲིང་གྲས། ཐུང་གྲས། ཆེས་ཐུང་གྲས་བཅས་ སོ། །(1)སྒྲུང་གཏམ་རིང་གྲས་ནི། དཔལ་འབྱོར་ལགས་ཀྱིས་མཛད་པའི《གཙུག་ གཡུ》ལྟ་བུའོ། །(2)སྒྲུང་གཏམ་འབྲིང་གྲས་ནི། དོན་གྲུབ་རྒྱལ་གྱིས་མཛད་པའི《སད་ཀྱིས་བཅོམ་པའི་མེ་ཏོག》   ལྟ་བུའོ། །(3)སྒྲུང་གཏམ་ཐུང་གྲས་ནི། ཚེ་རིང་དོན་གྲུབ་ཀྱིས་མཛད་པའི《ཟླ་བ》ལྟ་བུའོ། །        (4)སྒྲུང་གཏམ་ཆེས་ཐུང་གྲས་ནི། ཚེ་རིང་དོན་གྲུབ་ཀྱིས་མཛད་པའི《བུད་མེད་ལས་བྱེད་པ་ཞིག་གི་ཉིན་གང》ལྟ་བུའོ། ། འདི་ལ་སྒྲུང་ཐུང་ཡིག་བརྒྱ་མ་ཡང་ཟེར།
 

ཀ་བཤད།

 

གང་འདྲ་ཞིག་ལ་ཀ་བཤད་ཟེར།

   ལན། ཀ་བཤད་ཅེས་པ་ནི་ཡི་གེ་ཨཱ་ལི་དང་ཀཱ་ལི་གཉིས་ལས་ཀཱ་ལི་གཙོ་བོར་བྱས་པའི་ཚིགས་    བཅད་གང་དེའི་རྐང་པའི་ཐོག་མཐའ་བར་གསུམ་དུ་རིམ་བཞིན་བཀོལ་བའམ་ཡང་ན་གསལ་བྱེད་ཀྱི་གོ་རིམ་ལྡོག་ནས་བརྗོད་པར་འདོད་པའི་ངག་གི་སྦྱོར་བ་ཀུན་གསལ་བར་བཤད་པས་སོ། །
 

ཀ་བཤད་ལ་དབྱེ་ན་གང་དག་ཡོད།

ལན། དེ་ནི་དམངས་ཁྲོད་དུ་དར་བའི་ཀ་བཤད་དང༌། རྩོམ་པ་པོས་བརྩམས་པའི་ཀ་བཤད་   བཅས་གཉིས་ཡོད།
 

ཀ་བཤད་རྩོམ་ཡིག་གི་འབྲི་སྟངས་ལ་སྤྱིར་རིགས་གང་དག་ཡོད།

ལན། ཀ་ནས་ཨ་བར་གོ་རིམ་བཞིན་བྲིས་པའི་ལུགས་འབྱུང་གི་ཀ་བཤད་དང༌། ཨ་ནས་       འགོ་བརྩམས་ཏེ་ཀ་བར་བྲིས་པའི་ལུགས་ལྡོག་གི་ཀ་བཤད་གཉིས་ཡོད་དོ། །
 
 

ལེགས་བཤད།

 

ལེགས་བཤད་ཀྱི་གོ་དོན་ཅི་ཞིག་ཡིན།

ལན། ཆོས་དང་འཇིག་རྟེན་གྱི་བླང་དོར་གནས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་བསླབ་བྱའི་ཟབ་དོན་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཤིག་ལ་བརྗོད་པ་ཡིན།
 

བོད་ཀྱི་ལེགས་བཤད་ཀྱི་ཐོག་མ་གང་ཡིན།

ལན། བོད་ཀྱི་ལེགས་བཤད་ཀྱི་ཐོག་མ་ནི《ས་སྐྱ་ལེགས་བཤད》ཡིན།
 

བོད་དུ་གྲགས་ཆེ་བའི་ལེགས་བཤད་བཞི་ནི་གང་དག་ཡིན།

ལན། བོད་དུ་གྲགས་ཆེ་བའི་ལེགས་བཤད་བཞི་ནི། ས་པཎ་གྱིས་མཛད་པའི《ས་སྐྱ་ལེགས་བཤད》དང༌། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི《དགེ་ལྡན་ལེགས་བཤད》། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི《ཆུ་ཤིང་བསྟན་བཅོས》བཅས་ཡིན།
 

རྣམ་ཐར།

 

རྣམ་ཐར་གྱི་གོ་དོན་ཅི་ཞིག་ཡིན།

ལན། སྐྱེས་བུ་དམ་པའི་མི་ཚེ་ཧྲིལ་པོའམ་ཡང་ན་དུས་མཚམས་ཤིག་གི་མཛད་འཕྲིན་སྒྲོ་      འདྲོགས་མེད་པར་མཚོན་པར་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་ཟེར།
 

རྣམ་ཐར་ལ་དབྱེ་ན་གང་དག་ཡོད།

ལན། རང་རྣམ་དང་གཞན་རྣམ། ཐུན་མོང་རྣམ་ཐར། གསང་བའི་རྣམ་ཐར་སོགས་ཡོད།
 

གང་འདྲ་ཞིག་ལ་དཔྱད་བརྗོད་རྣམ་ཐར་ཟེར།

ལན། དེ་ནི་མི་སྣའི་ལོ་རྒྱུས་ཀྱི་བྱས་རྗེས་ངོ་སྤྲོད་བྱེད་པའི་ཞོར་དུ་དཔྱད་བརྗོད་སྤེལ་ནས་རྩོམ་གྱི་བརྗོད་དོན་བླ་ལྷག་གིས་འབུར་དུ་ཐོན་པ་བྱས་པ་ཞིག་ལ་ཟེར།
 

ཡུལ་སྐོར་ཟིན་ཐོ།

 

ཡུལ་སྐོར་ཟིན་ཐོའི་གོ་དོན་ཅི་ཡིན།

ལན། དེ་ནི་ཡུལ་སྐོར་དུ་བསྐྱོད་པའི་ལམ་བར་དུ་མཐོང་ཐོས་བྱུང་བའི་ཡུལ་གྱི་རྣམ་པ་དང༌།   ཡུལ་སྲོལ་གོམས་གཤིས། ཡུལ་མིའི་ཆ་ལུགས་སོགས་ཞིབ་འབྲི་བྱས་པའི་ལྷུག་རྩོམ་གྱི་རྣམ་པ་ཞིག་ལ་ཟེར།
 

བསླབ་བྱ།

 

བསླབ་བྱའི་རྩོམ་ཡིག་གི་གོ་དོན་ཅི་ཞིག་ཡིན།

ལན། དེ་ནི་བྱ་བའི་ལེགས་ཉེས་བླང་དོར་འབྱེད་པའི་གནད་ལ་མི་རྨོངས་ཤིང་འཇུག་ལྡོག་ཚུལ་བཞིན་དུ་སྲུང་བའི་གནས་ལུགས་བཤད་པའི་རྩོམ་སྲོལ་ཞིག་ལ་ཟེར།
 

བསླབ་བྱའི་རྩོམ་ལ་ཁྱད་ཆོས་ཅི་ཞིག་ཡོད།

ལན། དཔེ་དོན་འབྲེལ་ཆགས་ཤིང་བརྗོད་བྱའི་དོན་ལ་གཏན་ཚིགས་ཀྱི་རང་བཞིན་ལྡན་པ་   དང༌། དོན་རྒྱ་ཆེ་ལ་གཏིང་ཟབ་པས་བསླབ་འདོམས་ཀྱི་རང་བཞིན་ལྡན་པ། ཚིག་སྦྱོར་ཐད་དཔེ་   རྒྱན་དང་གཟུགས་རྒྱན་གྱི་དཔེ་བཀོད་མང་བ། གཞན་སྐུལ་འདེད་གཏོང་ཆེད་ཀྱི་སྐུལ་ཚིག སྨོན་ ཚིག ཤིས་ཚིག་སོགས་ཀྱིས་བརྒྱན་པའི་ཁྱད་ཆོས་ཡོད།
 

བསྟན་བཅོས།

 

བསྟན་བཅོས་ཞེས་པའི་གོ་དོན་ཅི་ཡིན།

ལན། འཆོས་སྐྱོབ་གཉིས་ལྡན་གྱི་ཡོན་ཏན་དང་ལྡན་པ་ལ་བསྟན་བཅོས་ཟེར།
 
 

ཟློས་གར་རྩོམ་རིག

 
 

ཟློས་གར་རྩོམ་རིག་གི་གོ་དོན་ཅི་ཡིན།

ལན། གར་སྟེགས་སུ་འཁྲབ་སྟོན་བྱེད་པར་དམིགས་ནས་བརྩམས་པ་ཞིག་སྟེ། དེ་ནི་རྩོམ་རིག་ དང་རོལ་དབྱངས། ཞབས་བྲོ། མཛེས་རྩལ་གྱི་སྒྱུ་རྩལ་ཐབས་ཤེས་ལ་བརྟེན་ནས་གར་སྟེགས་སྒྱུ་   རྩལ་གྱི་གཟུགས་བརྙན་གསར་བཞེངས་བྱེད་པ་དང༌། སྤྱི་ཚོགས་ཀྱི་འགལ་བ་རྗེན་པར་བཏོན་ནས་དངོས་ཡོད་འཚོ་བའི་ཁྲོད་མཚོན་པར་བྱེད་པ་ཞིག་ཡིན།
 

མགུར་གླུ།

 

གང་འདྲ་ཞིག་ལ་མགུར་གླུ་ཟེར།

ལན། མགུར་གླུ་ནི་དབྱངས་དང་བཅས་ངག་ནས་གྱེར་ཆོག་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། ཡང་ན། སྤྱིར་གཞན་ལ་བསླབ་བྱ་བྱེད་པའི་ཚིག་གླུ་རུ་བླངས་པའམ། རང་གི་འཆར་སྒོ་གླུ་རུ་ལེན་ པ་ལ་ཟེར་ཞིང༌། རྩོམ་ལུས་ནི་ཚིགས་བཅད་ཡིན།
 

དམངས་གཞས།

 

གང་འདྲ་ཞིག་ལ་དམངས་གཞས་ཟེར།

   ལན། དམངས་གཞས་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་བྱུང་ཞིང༌། ངལ་རྩོལ་མི་     དམངས་ཀྱི་འཚོ་བ་དང༌། བསམ་བློ། བརྩེ་དུང་མངོན་པར་མཚོན་པའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གླུ་གཞས་སྒྱུ་རྩལ་ཞིག་ལ་ཟེར།
 

གབ་ཚིག

 

གང་འདྲ་ཞིག་ལ་གབ་ཚིག་ཟེར།

ལན། གབ་བྱའི་དོན་གང་ཡིན་པ་དེ་གབ་བྱེད་ཚིག་ལ་བརྟེན་ནས་མཚོན་པར་བྱེད་པའི་སྙན་ རྩོམ་གྱི་རྣམ་པ་ལ་ཟེར།
 

གབ་ཚིག་ལ་ཁྱད་ཆོས་ཅི་ཞིག་ཡོད།

ལན། དེར་གསང་བ་སྨྲ་བའི་ནུས་པ་ལྡན་པ་དང༌། རིགས་སྟོབས་འཕེལ་བ། རྩེད་མཚར་གྱི་རང་བཞིན་ལྡན་པ། བཞད་གད་སློང་བའི་ཁྱད་ཆོས་སོགས་ལྡན་ཡོད།
 

                                      གཏམ་དཔེ།

 

གང་འདྲ་ཞིག་ལ་གཏམ་དཔེ་ཟེར།

ལན། དེ་ནི་བརྗོད་འདོད་ཀྱི་དོན་ཅི་རིགས་མཚོན་པར་བྱེད་པའི་སྐད་ཆའམ་བརྗོད་པ་གཏམ་གྱི་དཔེར་འགྱུར་བའི་རྒྱུན་ཆགས་རང་བཞིན་ལྡན་པའི་གཏམ་གྱི་ཉིང་བཅུད་རྣམས་ལ་ཟེར།
 

གཏམ་དཔེ་ལ་དབྱེ་བ་གང་དག་ཡོད།

   ལན། དེ་ལ་ཉམས་མྱོང་གི་གཏམ་དཔེ་དང༌། སྒྲུང་གཏམ་གྱི་གཏམ་དཔེ། སྤྱིར་བཏང་གི་གཏམ་དཔེ་བཅས་གསུམ་ཡོད།
 

སྙན་ཞུའི་རྩོམ་རིག

 
 

གང་འདྲ་ཞིག་ལ་སྙན་ཞུའི་རྩོམ་རིག་ཟེར།

ལན། དེ་ནི་དོན་དངོས་གསུམ་གྱི་གནས་ཚུལ་གསར་པའི་མཐོང་ཐོས་འཕྲིན་གསར་དུ་འགོད་པ་དུས་ཀྱི་བབ་དང་བསྟུན་པར་སྒྱུ་རྩལ་སྣང་བརྙན་དུ་བསྐྲུན་ཏེ་མངོན་པར་མཚོན་པའི་ལྷུག་རྩོམ་གྱི་རྣམ་པ་ཞིག་ལ་ཟེར།
 

བྱིས་སྒྲུང༌།

 

གང་འདྲ་ཞིག་ལ་བྱིས་སྒྲུང་ཟེར།

ལན། བྱིས་སྒྲུང་ཞེས་པ་དེ་ནི་བྱིས་པའི་རྩོམ་རིགས་ཤིག་ཡིན་ལ་ཕུན་སུམ་ཚོགས་པའི་བསམ་ བློའི་འཆར་ཡན་དང༌། ཡིད་སྤྲུལ། རབ་བཏགས་བཅས་ལ་བརྟེན་ནས་གཟུགས་བརྙན་གསར་བཟོ་བྱས་ཏེ་འཚོ་བ་དངོས་མཚོན་པར་བྱེད་པ་དང༌། བྱིས་པ་རྣམས་ལ་བསམ་པའི་སློབ་གསོ་གཏོང་བའི་བརྩམས་ཆོས་ཤིག་ལ་ཟེར།
 

རྣམ་ཐར།

 

གང་འདྲ་ཞིག་ལ་རྣམ་ཐར་ཟེར།

ལན། ཆོས་ལ་ཕྱག་རྗེས་ཆེ་བའི་སྐྱེས་བུ་དམ་པའི་མི་ཚེ་ཧྲིལ་པོའམ་ཡང་ན་དུས་མཚམས་ཤིག་གི་མཛད་འཕྲིན་སྒྲོ་འདོགས་མེད་པར་མཚོན་པར་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་ཟེར།
 

རྣམ་ཐར་ལ་དབྱེ་ན་གང་དག་ཡོད།

ལན། རྣམ་ཐར་ལ་དབྱེ་ན་རང་རྣམ་དང་གཞན་རྣམ། ཐུན་མོང་རྣམ་ཐར། གསང་བའི་རྣམ་   ཐར་བཅས་ཡོད།
 

བྲོ་གར།

 

གང་འདྲ་ཞིག་ལ་བྲོ་གར་ཟེར།

ལན། བྲོ་གར་ཞེས་པ་ནི་ཞབས་བྲོ་དང༌། རོལ་དབྱངས། ཟློས་གར་གསུམ་ལྷན་གཅིག་ཏུ་སྤེལ་ བའི་ཟློས་གར་གྱི་རྣམ་པ་ཞིག་ལ་ཟེར།
 

གླུ་གར།

 

གང་འདྲ་ཞིག་ལ་གླུ་གར་ཟེར།

ལན། གླུ་གར་ལ་དབྱངས་གར་ཡང་ཟེར་ཏེ། གླུ་དབྱངས་དང༌། རོལ་དབྱངས། གར་སྟབས་    གསུམ་མཉམ་དུ་སྤེལ་བའི་ཟློས་གར་ཞིག་ལ་ཟེར།
 
 

བསྡུས་བརྗོད་ཀྱི་རྩོམ་ཐབས།

 

()གང་འདྲ་ཞིག་ལ་བསྡུས་བརྗོད་ཀྱི་རྩོམ་ཐབས་ཟེར།

ལན། རྩ་བའི་བརྗོད་བྱ་དེ་ཉིད་དེ་མཚུངས་ཀྱི་དཔེ་ལ་བསྡུས་ནས་དོན་གྱི་གོ་བ་ཅུང་ཟད་སྒྲིབ་ པའི་ཚུལ་གྱིས་བརྗོད་པའི་རྩོམ་ཐབས་ཤིག་ལ་གོ་བ་ཡིན། ཡང་ན། བརྗོད་པར་བྱ་བའི་དོན་དེ་ཉིད་ཐད་ཀར་མ་བརྗོད་པར་དོན་དག་གཞན་ཞིག་ལ་ཁ་གཡར་ཏེ་ཅུང་ཟད་གབ་པའམ་བསྡུས་པའི་ཚུལ་དུ་བརྗོད་པའི་རྩོམ་ཐབས་ལ་ཟེར།
 

ཚིགས་བཅད།

 

གང་འདྲ་ཞིག་ལ་ཚིགས་བཅད་ཟེར།

  ལན། ཚིགས་བཅད་ཅེས་པ་ནི་རྗོད་བྱེད་ཚིག་གིས་རྐང་པར་བཅད་པའི་ཚིག་གི་ཕྲེང་བའི་རྣམ་པ་ཞིག་ལ་ཟེར།
 

གང་འདྲ་ཞིག་ལ་ཤོ་ལོ་ཀ་ཟེར།

ལན། ཚིག་རྐང་བཞི་རེས་དོན་རེ་མཚོན་པར་བྱེད་པའི་ཚིག་རྐང་བཞི་ཅན་གྱི་རྣམ་པ་ཞིག་ལ་ཤོ་ལོ་ཀ་ཟེར།
 

ཤོ་ལོ་ཀ་གཅིག་ལ་ཚིག་རྐང་ག་ཚོད་ཡོད།

ལན། སྲོལ་རྒྱུན་གྱི་ཚིགས་བཅད་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་རེ་ངེས་པར་དུ་ཚང་དགོས།
 

གང་འདྲ་ཞིག་ལ་སྡེབ་སྦྱོར་ཉམས་པའི་སྐྱོན་ཟེར།

    ལན། ཤོ་ལོ་ཀ་གཅིག་གི་ནང་དུ་ཚིག་རྐང་སོ་སོའི་ཚེག་བར་མང་ཉུང་ཤོར་བར་སྡེབ་སྦྱོར་ཉམས་པའི་སྐྱོན་ཟེར།
 

གང་འདྲ་ཞིག་ལ་ཚིག་རྐང་ཟེར།

ལན། ཚིག་རྐང་ཞེས་པ་ནི་ཚེག་ཁྱིམ་དུ་མ་ལས་གྲུབ་པའི་ཚིགས་བཅད་ཀྱི་རྐང་པ་རེ་རེ་ལ་ཟེར།
 

གང་འདྲ་ཞིག་ལ་ཚེག་བར་ཟེར།

ལན། ཚེག་བར་ཞེས་པ་ནི་ཚེག་གིས་བར་བཅད་པའི་ཁྱིམ་སྟེ་ཡིག་འབྲུ་རེ་རེ་ལ་ཟེར།
 

གང་འདྲ་ཞིག་ཚེག་བར་ཆ་དང་ཡ་ཟེར།

ལན། ཚིག་བཅད་རྩོམ་ཡིག་ཀློག་དུས་ཚེག་བར་གཉིས་རེ་མཉམ་དུ་ཀློག་འདོན་བྱེད་པ་ལ་ཚེག་བར་ཆ་དང༌། ཚེག་བར་ཡའམ་གཅིག་རེ་རྐྱང་པ་བྱས་ནས་ཀློག་འདོན་བྱེད་པ་ལ་ཚེག་བར་ཡ་     ཟེར་རོ། །
 

ཚིགས་བཅད་ཤོ་ལོ་ཀ་གཅིག་ལ་ཚེག་བར་མང་ཉུང་ཇི་ཙམ་བྱས་ཆོག

ལན། དེར་མཐའ་གཅིག་ཏུ་ངེས་པ་མེད་ནའང་ཚེག་བར་ཉུང་ཤོས་ལྔ་དང༌། མང་ཤོས་སོ་གསུམ་བར་ཡོད་པ་སྔར་གྱི་མཁས་པ་རྣམས་ཀྱིས་གསུངས་ཡོད་དོ། །
 

གང་འདྲ་ཞིག་ལ་བཅད་ལྷུག་སྤེལ་མ་ཟེར།

    ལན། རྩོམ་ལུས་ལ་དབྱེ་ན་གསུམ་ཡོད་དེ། ཚིགས་བཅད་དང༌། ཚིག་ལྷུག བཅད་ལྷུག་སྤེལ་མ་ བཅས་སོ། ། དེ་ཡང་བཅད་ལྷུག་སྤེལ་མ་ཞེས་པ་ནི་རྩོམ་ཡིག་གི་ནང་དུ་ཚིགས་བཅད་དང་ཚིག་ལྷུག་གཉིས་མཉམ་དུ་སྤེལ་མར་བྲིས་ཡོད་པ་ཞིག་ཟེར།
 
 
 
 

ས་བཅད་དགུ་པ། ཚིག་རྒྱན་རིག་པའི་ཤེས་བྱའི་སྐོར།

 

སྙན་ངག་མེ་ལོང་མའི་འབྲེལ་ཡོད་

 

ལོ་རྒྱུས་སྐོར།

 

བོད་ཀྱི་སྙན་གཞུང་དེ་གང་ལ་བརྟེན་ནས་བྱུང་བ་ཡིན།  

ལན། རང་ཅག་བོད་ཀྱི་སྙན་ངག་གི་གཞུང་དེ་རྒྱ་གར་གྱི་སློབ་དཔོན་དབྱུག་པ་ཅན་གྱིས་     བརྩམས་པའི་སྙན་གཞུང《མེ་ལོང》མར་བརྟེན་ནས་བྱུང་བ་ཡིན།
 

)《སྙན་ངག་མེ་ལོང་མའིརྩོམ་པ་པོ་སུ་ཡིན། ཁོང་གི་མིང་དེ་ཇི་ལྟར་ཐོགས་པ་ཡིན།

    ལན། རྒྱ་གར་གྱི་སློབ་དཔོན་དཎྜི་ཞེས་པ་དེ་ཡིན་ལ། བོད་སྐད་དུ་སློབ་དཔོན་དབྱུག་པ་ཅན་   ཞེས་འབོད། སློབ་དཔོན་དཎྜི་འདི་ཕྱི་རོལ་མུ་སྟེགས་པ་དང་ནང་བ་གང་ཡིན་བཤད་སྲོལ་མི་འདྲ་ བ་མང་དུ་མཆིས་ཀྱང༌། ཕྱི་རོལ་མུ་སྟེགས་པའི་པཎྚི་ཏ་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་མཁས་ ཤིང་བྲམ་ཟེའི་རིགས་ཀྱི་ཆ་བྱད་ལག་ན་དབྱུ་གུ་འཆང་བས་དབྱུག་པ་ཅན་ཞེས་ཐོགས་པ་ཡིན་ནོ། །
 

)《སྙན་གཞུང་མེ་ལོང་མལོ་ཆེན་སུ་ཞིག་གིས་བོད་ཡིག་ཏུ་བསྒྱུར་བ་ཡིན།   

ལན། སྙན་གཞུང་མེ་ལོང་མ་དེ་ཐོག་མར་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་ཏེ། ཁོང་གི་བརྩམས་ཆོས《མཁས་འཇུག》གི་ནང་དུ་བཀོད་ཡོད་ཅིང༌། ཕྱིས་སུ་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་གཞུང་དེ་ཆ་ཚང་བར་བོད་   ཡིག་ལ་བསྒྱུར་བ་རེད། དེ་བས། སྙན་ངག་མེ་ལོང་མ་དེ་ཐོག་མར་སྒྱུར་མཁན་ནི་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དང༌། ཆ་ཚང་བར་བསྒྱུར་མཁན་ནི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཡིན་ནོ། །
 
 

ཚིག་རྒྱན་རིག་པའི་གོ་དོན་སྐོར།

 

གང་འདྲ་ཞིག་ལ་སྙན་ངག་ཟེར།

ལན། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པོ་ཞིག་ལ་སྙན་ངག་ཅེས་ཟེར།
 

གང་འདྲ་ཞིག་ལ་ཚིག་རྒྱན་ཟེར།

ལན། ཚིག་ལ་རྒྱན་སྤྲས་པ་སྟེ། བརྗོད་བྱའི་དོན་དེ་ཕ་རོལ་པོར་སྟོན་ཆེད་དང༌། ཉམས་དང་   ལྡན་པའི་སྒོ་ནས་ཕ་རོལ་པོའི་སྣང་ངོར་འཆར་དུ་འཇུག་ཆེད་དུ་དཔེ་དང་གཟུགས་ལ་སོགས་པའི་རྒྱན་སྤྲས་ཏེ་བརྗོད་པ་ཞིག་ལ་ཟེར།
 

གང་འདྲ་ཞིག་ལ་སྙན་ངག་གི་ལུས་ཞེས་ཟེར།

ལན། ལུས་ནི་བརྗོད་པར་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང༌། །ཞེས་པ་ལྟར། སྨྲ་བ་པོས་བརྗོད་འདོད་ཀྱི་དངོས་པོ་གང་དང་གང་ཡིན་པ་དེ་རྗོད་བྱེད་ཚིག་གི་ཕྲེང་བར་སྤེལ་བ་ལ་སྙན་ངག་གི་ལུས་ཞེས་བརྗོད་དོ། །
 

སྙན་ངག་གི་རྒྱན་གྱི་གོ་དོན་ཅི་ཡིན།

   ལན། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་ནི་རྒྱན་ཞེས་བྱ་བར་བརྗོད། །ཅེས་པ་ལྟར་རྗོད་   བྱེད་ཚིག་གི་སྙན་ངག་དེ་ཉིད་མཛེས་པར་བྱེད་པ་ཡི་ཆོས་རྣམས་ལ་སྙན་ངག་གི་རྒྱན་ཞེས་བྱ་བར་ བརྗོད་པ་ཡིན།
 

སྙན་ངག་གི་རྒྱན་གྱི་གོ་དོན་ཅི་ཡིན།

   ལན། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་ནི་རྒྱན་ཞེས་བྱ་བར་བརྗོད། །ཅེས་པ་ལྟར་རྗོད་   བྱེད་ཚིག་གི་སྙན་ངག་དེ་ཉིད་མཛེས་པར་བྱེད་པ་ཡི་ཆོས་རྣམས་ལ་སྙན་ངག་གི་རྒྱན་ཞེས་བྱ་བར་ བརྗོད་པ་ཡིན།
 

གང་འདྲ་ཞིག་ལ་དོན་རྒྱན་ཟེར།

ལན། བརྗོད་བྱའི་དོན་ཉམས་གཙོ་བོར་འདོན་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་ལ་དོན་ རྒྱན་ཟེར།
 

གང་འདྲ་ཞིག་ལ་སྒྲ་རྒྱན་ཟེར།

    ལན། རྗོད་བྱེད་ཀྱི་ཚིག་གང་དུ་ཡི་གེའི་གཟུགས་དང་སྒྲ་གདངས་སྔོན་རྗེས་ཡོད་མེད་སོགས་ མཚུངས་པར་སྦྱར་བ་ལས་ཚིག་སྦྱོར་མཛེས་ཤིང་བརྗོད་བྱའི་དོན་ཡང་འགལ་བ་དང་འབྲེལ་མ་   ཆགས་པ་སོགས་མིན་པའི་སྒོ་ནས་ལེགས་པར་སྟོན་ནུས་པ་ཞིག་ལ་སྒྲ་རྒྱན་ཞེས་བརྗོད་པའོ། །
 
 

གང་འདྲ་ཞིག་ལ་གབ་ཚིག་གི་རྒྱན་ཟེར།

    ལན། གབ་ཅིང་སྦ་བར་བྱ་བའི་བརྗོད་བྱའི་དོན་གང་ཡང་རུང་བ་ཞིག་གབ་བྱེད་ཚིག་སྦྱོར་   གཞན་ཞིག་གི་སྒོ་ནས་ཕ་རོལ་པོ་རྨོངས་པར་བྱེད་པ་ཞིག་ལ་གབ་ཚིག་གི་རྒྱན་ཞེས་བརྗོད་པ་ཡིན།
 
 

སྙན་ངག་གི་རྒྱན་སོ་སོའི་

 

གོ་དོན་སྐོར།

 
 

རང་བཞིན་བརྗོད་པའི་རྒྱན།

དངོས་པའི་རང་བཞིན་གནས་སྐབས་སོགས། །
གང་ཡིན་དེ་ལས་གཞན་དུ་ནི། །
སྒྲོ་འདོགས་མེད་པར་དྲང་པོ་རུ། །
བརྗོད་པ་རང་བཞིན་བརྗོད་པའི་རྒྱན། །
 

()རིགས་རང་བཞིན་བརྗོད་པའི་རྒྱན།

རིགས་སྤྱིའི་ཆོས་རྣམས་དྲང་པོར་བརྗོད། །
རིགས་ཀྱི་རང་བཞིན་བརྗོད་པར་འདོད། །
 

()བྱ་བ་རང་བཞིན་བརྗོད་པའི་རྒྱན།

བྱ་བ་གཙོ་སྟོན་དྲང་པོའི་ངག །
བྱ་བའི་རང་བཞིན་བརྗོད་པར་འདོད། །
 
 

()ཡོན་ཏན་རང་བཞིན་བརྗོད་པའི་རྒྱན།

ཡོན་ཏན་གཙོར་སྟོན་དྲང་པོའི་ངག །
ཡོན་ཏན་རང་བཞིནརྒྱན་ཞེས་བྱ། །
 

()རྫས་རང་བཞིན་བརྗོད་པའི་རྒྱན།

རྫས་ཀྱི་དངོས་པོ་དྲང་པོར་བརྗོད། །
རྫས་བརྗོད་རང་བཞིན་རྒྱན་ཞེས་བྱ། །
 

()དཔེ་རྒྱན།

དཔེ་དོན་ཐ་དད་བཀོད་པ་ལས། །
མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན། །
 

()ཆོས་དཔེ།

དཔེ་དང་དཔེ་ཅན་མཚུངས་པའི་ཆོས། །
མཇུག་ཏུ་བཀོད་པ་ཆོས་དཔེར་འདོད། །
རྩ་བ་ལས།   མཛེས་མ་ཁྱེད་ཀྱི་ལག་མཐིལ་ནི། །
ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །
 

()དངོས་དཔེ།

དཔེ་དང་དཔེ་ཅན་ཙམ་ཞིག་ལས། །
མཚུངས་ཆོས་མི་སྟོན་དངོས་པོའི་དཔེ། །
རྩ་བ་ལས།    ཁྱོད་ཀྱི་གདོང་ནི་པད་མ་བཞིན། །
མིག་དག་ཨུཏྤལ་་སྔོན་པོ་བཞིན། །
()རྨད་བྱུང་དཔེ།  
དཔེ་དེར་ཁྱད་ཆོས་དེ་ལྡན་ན། །
དཔེར་འོས་ཞེས་བརྗོད་རྨད་བྱུང་དཔེ། །
 

()ཐེ་ཚོམ་དཔེ།

ཆོས་མཚུངས་དཔེ་དང་དཔེ་ཅན་གཉིས། །
དབྱེ་བ་འབྱེད་མིན་ཐེ་ཚོམ་དཔེ། །
 

(༡༠)སྨད་པའི་དཔེ།

མཚུངས་དཔེ་འགའ་ཡི་སྐྱོན་བརྗོད་དེ། །
དཔེ་ལ་སྨོད་པ་སྨད་པའི་དཔེ། །
 

(༡༡)བརྗོད་འདོད་དཔེ།

སྐྱོན་ཡོན་ཇི་ལྟར་ལྡན་གྱུར་ཀྱང༌། །
དཔེ་དོན་མཚུངས་ཞེས་བརྗོད་འདོད་དཔེ། །
 

(༡༢)མང་བའི་དཔེ།

ཆོས་མཐུན་དཔེ་འགའི་ཁྱད་ཆོས་གཅིག ། 
དོན་ལ་ལྡན་ཞེས་མང་བའི་དཔེ། །
 

(༡༣) ཟླ་བོ་དངོས་པོའི་དཔེ།

སྔ་ཕྱིར་དོན་དང་དཔེ་བཀོད་པས། །
མཉམ་རྟོགས་ཟླ་བོ་དངོས་པོའི་དཔེ། །
 
 

(༡༤) བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།

དཔེ་དང་དཔེ་ཅན་གཉིས་པོ་ཡི། །
བར་དུ་འབྲེལ་སྒྲ་འགའ་ཞིག་ནི། །
བསྡུས་ཤིང་འགའ་ཞིག་མ་བསྡུས་པ། །
བསྡུས་ཤིང་མ་བསྡུས་གཟུགས་ཅན་ནོ། །
 

(༡༥)མཐའ་དག་གཟུགས་ཅན།

ཆ་དང་ཆ་ཅན་ཐམས་ཅད་ཀུན། །
གཟུགས་བྱས་མཐའ་དག་གཟུགས་ཅན་ནོ། །
 

(༡༦)ཆ་ཤས་གཟུགས་ཅན།

ཆ་ཤས་གཟུགས་བྱས་ཆ་ཅན་ནི། །
གཟུགས་སུ་མ་བྱས་ཆ་ཤས་གཟུགས། །
 

(༡༧)ཆ་ཤས་ཅན་གྱི་གཟུགས་ཅན།

དེ་ལས་ལྡོག་སྟེ་གཟུགས་སུ་བཀོད། །
ཆ་ཤས་ཅན་གྱི་གཟུགས་ཅན་ནོ། །
 

(༡༨)རྒྱུ་ཡི་གཟུགས་ཅན།

རྒྱུ་མཚན་གང་གིས་དཔེ་དངོས་སུ། །
རྟོགས་བྱེད་རྒྱུ་ཡི་གཟུགས་ཅན་ནོ། །
 

(༡༩)གཟུགས་ཅན་གྱི་གཟུགས་ཅན།

དཔེ་ཅན་དེ་ཉིད་གཟུགས་གཅིག་ཏུ། །
བཀོད་རྗེས་དེ་ཡང་གཞན་ཞིག་གི །
གཟུགས་སུ་བཀོད་པ་འཕར་མ་སྟེ། །
གཟུགས་ཅན་གྱི་ནི་གཟུགས་ཅན་ནོ། །
 

(༢༠)ཕུལ་བྱུང་དཔེ།

འདྲ་མིན་ཁྱད་པར་གཉིས་ལས་གཞན། །
མེད་པར་བརྗོད་པ་ཕུལ་བྱུང་དཔེ། །
 

(༢༡)རབ་བཏགས་ཀྱི་དཔེ།

དཔེ་དེར་མ་སྙེམས་གཞན་ལའང༌། །
འདྲ་ཆོས་ཡོད་ཅེས་རབ་བཏགས་དཔེ། །
 
 

ཚིག་རྒྱན་རིག་པའི་ནང་གསེས་

 

དབྱེ་བའི་སྐོར།

 

)《སྙན་ངག་མེ་ལོངལ་ལེའུ་ག་ཚོད་ཡོད། ལེའུ་སོ་སོར་ཤོ་ལོ་ཀ་ག་ཚོད་ཡོད།

ལན། ལེའུ་གསུམ་ཡོད་དེ། ལེའུ་དང་པོར་ཤོ་ལོ་ཀ༡༠༥ཡོད་པ་དང༌། ལེའུ་གཉིས་པར་ཤོ་ལོ་ཀ༣༦༥ཡོད། ལེའུ་གསུམ་པར་ཤོ་ལོ་ཀ༡༨༦ཡོད། ཁྱོན་བསྡོམས་ཤོ་ལོ་ཀ༦༥༦ཡོད།
 

སྙན་ངག་གི་ལུས་ལ་དབྱེ་ན་ག་ཚོད་ཡོད།

ལན། ལུས་ནི་བརྗོད་པར་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་ཕྲེང༌། །ཞེས་པ་ལྟར། སྙན་ངག་གི་ལུས་ལ་དབྱེ་ན་གསུམ་ཡོད་དེ། ཚིགས་བཅད་དང༌། ཚིག་ལྷུག བཅད་ལྷུག་སྤེལ་མ་བཅས་སོ། །
 

སྙན་ངག་གི་རྒྱན་ལ་དབྱེ་ན་ག་ཚོད་ཡོད།

ལན། ཐུན་མོང་གི་རྒྱན་དང་ཐུན་མོང་མ་ཡིན་པའི་རྒྱན་གཉིས་ཡོད། ཐུན་མོང་གི་རྒྱན་ལ་དོན་རྒྱན་དང༌། སྒྲ་རྒྱན། གབ་ཚིག་གི་རྒྱན་བཅས་གསུམ་ཡོད།
 

དོན་རྒྱན་སོ་ལྔ་ནི་གང་དག་ཡིན།

ལན། རང་བཞིན་བརྗོད་དང་དཔེ་དང་ནི། །
གཟུགས་ཅན་གསལ་བྱེད་བསྐོར་བ་དང༌། །
འགོག་དང་དོན་གཞན་བཀོད་པ་དང༌། །
ལྡོག་པ་ཅན་དང་སྲིད་པ་ཅན། །
བསྡུས་དང་ཕུལ་བྱུང་རབ་རྟོག་དང༌། །
རྒྱུ་དང་ཕྲ་མོ་ཆ་དང་རིམ། །
དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །
རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །
རྒྱ་ཆེ་བསྙོན་དོར་སྦྱར་བ་དང༌། །
ཁྱད་པར་མཚུངས་པར་སྦྱོར་བ་དང༌། །
འགལ་དང་སྐབས་མིན་བསྟོད་པ་དང༌། །
ཟོལ་བསྟོད་ངེས་བསྟན་ལྷན་ཅིག་བརྗོད། །
ཡོངས་བརྗེས་ཤིས་བརྗོད་རབ་སྤེལ་དང༌། །
དགོངས་པ་ཅན་ཏེ་སོ་ལྔའོ། །
 

དཔེ་རྒྱན་སོ་གཉིས་ནི་གང་དག་ཡིན།

ལན། ཆོས་དཔེ་དངོས་དཔེ་བཟློག་པ་དང༌། །
ཕན་ཚུན་ངེས་དང་ངེས་མེད་བསྡུས། །
ཕུལ་བྱུང་རབ་བཏགས་རྨད་བྱུང་རྨོངས། །
ཐེ་ཚོམ་གཏན་འབེབ་སྦྱར་མཉམ་ཉིད། །
སྨད་དང་བསྔགས་དང་བརྗོད་འདོད་དང༌། །
འགལ་དང་དགག་པ་ངོ་བསྟོད་དང༌། །
དེ་ཉིད་བརྗོད་དང་ཐུན་མོང་མིན། །
བྱུང་མིན་སྲིད་མིན་མང་བ་དང༌། །
རྣམ་འགྱུར་ཕྲེང་བ་ངག་དོན་གཉིས། །
ཟླ་བོ་དངོས་དང་མཚུངས་སྦྱོར་རྒྱུ། །
 

གཟུགས་རྒྱན་ཉི་ཤུ་ནི་གང་དག་ཡིན།

ལན། བསྡུས་དང་མ་བསྡུས་བསྡུས་མ་བསྡུས། །
མཐའ་དག་ཆ་ཤས་ཆ་ཤས་ཅན། །
ཡན་ལག་གཅིག་སོགས་ལྡན་པ་དང༌། །
མི་ལྡན་མི་མཉམ་ཁྱད་པར་ཅན། །
འགལ་དང་རྒྱུ་དང་སྦྱར་བ་དང༌། ། 
དཔེ་དང་ལྡོག་པ་ཅན་དང་འགོག །
མཉམ་འཇོག་གཟུགས་ཅན་བསྙོན་དོར་རོ། །
 

སྙན་ངག་ཆེན་པོ་ལ་འཇུག་པའི་སྒོ་གསུམ་གང་ཡིན།

ལན། ཤིས་བརྗོད་དང༌། ཕྱག་བྱ་བ། དངོས་པོ་ངེས་པར་བསྟན་པ་བཅས་གསུམ་མོ། །
 
 

སྔོན་བྱོན་མཁས་པའི་གསུང་རྒྱུན་སྐོར།

 

སྔོན་བྱོན་མཁས་པ་ཚོའི་གསུང་རྒྱུན་ལ་སྙན་ངག་མཁས་ཅན་གང་དག་ཡོད་པར་བསྟན་ཡོད།

ལན། མཛེས་པའི་དཔེ་སྟོན་པ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་ནག་མོ་ཁོལ་དང༌། རྗེས་ཁྲིད་སྒྲ་རྒྱན་སྦྱོར་བ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་བྷ་ར་ལྦི། སྙན་པའི་ཉམས་འདོན་པ་ལ་མཆོག་ཏུ་གྱུར་ པ་སློབ་དཔོན་དབྱུག་པ་ཅན། དེ་གསུམ་ཀ་ལ་མཆོག་ཏུ་གྱུར་པ་སློབ་དཔོན་མརྒ་ཞེས་གྲགས་ཆེ་བར་བཤད་དོ། །
 

སྔོན་བྱོན་མཁས་པའི་གསུང་རྒྱུན་དུ་ཚིག་རྒྱན་ཤེས་ན་དགེ་མཚན་ཅི་ཞིག་ཡོད་པ་བརྗོད་ཡོད། 

ལན། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་   གྲངས་ལ་མི་རྨོངས། ཞེས་བསྔགས་བརྗོད་བྱས་ཡོད།
 
 
 

ས་བཅད་བཅུ་པ། རྒྱུན་བཀོལ་ཞེ་ཚིག་གི་སྐོར།

 

གཟུགས་པོའི་སྐོར།

 
གཟུགས་པོར་སྐུ་གཟུགས་མགོ་ལ་དབུ། །མིག་ལ་སྤྱན་དང་སྣ་ལ་ཤངས། །ཁ་ལ་ཞལ་དང་སོ་ལ་   ཚེམས། རྣ་ལ་སྙན་ཅོག་སྙན་ཅོག་ཟེར། །མཆུ་ཏོར་ཞལ་མཆུ་ལྕེ་ལ་ལྗགས། །དཔྲལ་པར་དབུ་དཔྲལ་སྤྱི་བོ་ལ།དབུ་སྤྱིལ་ཞེས་དང་སྐྲ་ལ་ནི། །དབུ་སྐྲ་དབུ་ལོ་ཞེས་སུ་གྲགས། །སྐེ་ལ་མགུལ་དང་མཇིང་པ་ལ། །   མགུལ་མཇིང་ཞེས་བྱ་ལག་པར་ཕྱག །དཔུང་པར་ཕྱག་དཔུང་པུས་མོར་ནི། །ཞབས་པུས་ཞབས་པུས་ཞེས་པར་བྱ། །རྐང་པར་ཞབས་དང་རྐང་མཐིལ་ལ། །ཞབས་མཐིལ་ཞེས་བྱ་མཛུབ་མོར་ནི། །ཕྱག་     མཛུབ་ཞབས་མཛུབ་གཉིས་སུ་དབྱེ། །སེན་མོར་ཕྱག་སེན་ཞབས་སེན་གཉིས། །གདོང་ལ་ཞལ་དང་ ཞལ་རས་དང༌། །ཞལ་ཁྱིམ་བཞིན་རས་ལ་སོགས་སྦྱོར། །འགྲམ་པར་ཞལ་འགྲམ་མཁུར་ཚོས་ལ། །ཞལ་ ཚོས་ཞལ་ཚོས་ཞེས་པར་བྱ། །མིག་སྤུ་མིག་ཟེ་མིག་སྐྱི་ལ། །སྤྱན་སྤུ་སྤྱན་ཟེ་སྤྱན་སྐྱི་ཟེར། །མིག་ལྤགས་   སྤྱན་ལྕིབས་མིག་རིལ་ལ། །སྤྱན་འབྲས་སྤྱན་འབྲས་ཞེས་སུ་འདོད། །མིག་གི་ཀྲི་གར་སྤྱན་ཀྲི་ཟེར། །   ཨོག་མར་ཞལ་ལེ་ཨོག་ཚོམ་ལ། །ཞལ་ཚོམ་ཞེས་བྱ་སྨ་རར་ནི། །ཞལ་ར་ཞལ་རྒྱན་ཞེས་སུ་གྲགས། །གྲོད་པར་གསོལ་གྲོད་སྐེད་པར་ནི། །སྐུ་སྐེད་ཅེས་བྱ་སྒལ་པ་ལ། །སྐུ་སྟོད་ཟེར་ཞིང་རྐུབ་ལ་ནི། །གཞང་    འབོག་གཞང་འབོག་ཅེས་སུ་བྱ། །
 
 

ཞལ་ཟས་ཀྱི་སྐོར།

 
ཟ་མ་དང་ནི་ཁ་ལག་ལ། །གསོལ་ཚིགས་ཞལ་ལག་ཅེས་ཟེར་ཞིང༌། །རྩམ་པར་གསོལ་ཞིབ་སྤགས་ ལ་ནི། །གསོལ་བ་ལྗགས་ཞིབ་ཅེས་སུ་བྱ། །ཇའི་རིགས་སྤྱི་ལ་གསོལ་ཇ་དང། །བསྲུབས་མ་མངར་མོ་ཀོ་ཧེ་སོགས། །བྱེ་བྲག་སོ་སོའི་སྔ་མ་ལ། །གསོལ་ཇ་གསོལ་ཇ་ཞེས་སུ་སྦྱོར། །མར་དང་ཤ་དང་ཞོ་དང་   ཚོགས། །སོ་སོའི་སྔ་མར་གསོལ་སྦྱར་བས། །གསོལ་མར་གསོལ་ཀྲུམ་གསོལ་ཞོ་དང༌། །གསོལ་ཚོགས་ གསོལ་ཚོགས་ཞེས་འཐོབ་བོ། །ཆུ་ལ་ཆབ་དང་ཆང་ལ་ནི། །འཁྲུངས་དང་མཆོད་ཆང་ཞེས་ཟེར་     ཞིང༌། །ཆང་བསྐོལ་ཡང་ན་བསྐོལ་ལྡན་ལ། །ཁྲུང་བསྐོལ་བཞེས་ལྡན་ཞེས་སུ་བྱ། །ཁ་ཏོག་ལ་ནི་ཞལ་ ཏོག་དང༌། །ཁ་ཟས་ཉིད་ལ་བཞེས་སྤྲོ་ཟེར། །ཐང་ངམ་ཁུ་བའི་ཞེ་ས་ལ། །བཞེས་ཐང་ཀྲུམ་ཐང་ཞེས་ སུ་གྲགས། །ཟ་བྱེད་ཚིལ་དང་རུས་པར་ནི། །བཞེས་ཚིལ་བཞེས་རུས་ཞེས་ཟེར་ཞིང༌། །ཚྭ་ལ་ལྗགས་ཚྭ་སི་པན་ལ། །ལྗགས་སྤོས་ལྗགས་སིལ་ཞེས་པར་བྱ། །འབྲས་དང་མོག་མོག་ཐུག་པ་དང། །ཐ་མག་ཨ་ རག་སྒོ་ང་དང། །ཕྱུར་ཐུད་ཚལ་དང་མངར་ཆ་དང༌། །ཤིང་འབྲས་རིགས་མཐུན་བཞེས་སྦྱོར་ཅིག །
 
 

གྱོན་ཆས་ཀྱི་སྐོར།

 
གྱོན་ཆས་ལ་ནི་ན་བཟའ་དང༌། །ཞྭ་མོར་དབུ་ཞྭ་སྟོད་ཐུང་ལ། །སྐུ་སྟོད་ཅེས་བྱ་གོས་ཐུང་ལ། །   ཞབས་རྐྱེན་ཞབས་དོར་ཞེས་སུ་གྲགས། །འོག་འཇུག་སྐེ་རགས་སོ་སོ་ལ། །སྐུ་འཇུག་སྐུ་རགས་ཞེས་བྱ་ཞིང༌། །ལྷམ་ལ་ཞབས་ཕྱགས་ལྷམ་སྒྲོག་ལ། །ཞབས་སྒྲོག་ཞབས་སྒྲོག་ཅེས་སུ་གྲགས། །ཨུ་སུག་ལ་ནི་ ཞབས་སུག་དང༌། །ལག་ཤུབས་ཉིད་ལ་ཕྱག་ཤུབས་ཟེར། །ཁ་དཀྲིས་སྐེད་དཀྲིས་གཉིས་པོ་ལ། །ཞལ་ དཀྲིས་སྐུ་དཀྲིས་ཞེས་སུ་གྲགས། །པང་གདན་ལ་ནི་སྐུ་པང་དང༌། །ཁ་རས་ཉིད་ལ་ཞལ་རས་ཟེར། ། ལག་ཕྱིས་དང་ནི་སྣ་ཕྱིས་ལ། །ཕྱག་ཕྱིས་ཤངས་ཕྱིས་ཞེས་པར་བྱ། །གཟན་ལ་སྐུ་གཟན་ཤམ་ཐབས་ལ། །སྐུ་ཤམ་ཞེས་བྱ་བེར་དང་ནི། །ཟླ་གམ་གཉིས་ཀྱི་ཞེ་ས་ལ། །སྐུ་བེར་སྐུ་ཟླམ་ཞེས་སུ་གྲགས། །
 
 
 

རྒྱུ་རྫས་ཀྱི་སྐོར།

 
རྒྱུ་ནོར་དངོས་རྫས་ཉིད་ལ་ནི། །སྐུ་རྒྱུ་ཕྱག་རྫས་ཞེས་ཟེར་ཞིང༌། །ཁང་ཁྱིམ་ལ་ནི་གཟིམས་ཁང་   དང༌། །གཟིམས་ཤག་གཟིམས་ཤག་ཅེས་སུ་གྲགས། །གདན་ལ་བཞུགས་གདན་ཉལ་ཆས་ལ། །      གཟིམས་ཆས་སྔས་ལ་དབུ་སྔས་ཟེར། །ཉལ་ཁྲིར་གཟིམ་ཁྲི་བཙུགས་ཕྲུག་ལ། །གཟིམས་ཕྲུག་གཟིམས་ཕྲུག་ཅེས་པར་བྱ། །རྒྱབ་སྙེ་དག་ལ་སྐུ་སྙེ་ཟེར། །ཅོག་ཙེར་གསོལ་ཅོག་སྒམ་ལ་ནི། །ཕྱག་སྒམ་ཞེས་བྱ་ རྩམ་ཕོར་ལ། །བཞེས་ཕོར་བཞེས་ཕོར་ཞེས་སུ་གྲགས། །ཁོག་ལྟིར་ཇ་དམ་སོ་སོ་ལ། །གསོལ་ལྟིར་     གསོལ་དམ་ཞེས་པར་བྱ། །དཀར་ཡོལ་ལ་ནི་ཞལ་དཀར་དང༌། །ཕོར་པར་གསོལ་ཞལ་མཆོད་ཞལ་ ཟེར། །ཐབ་ལ་གསོལ་ཐབ་མེ་ལ་ནི། །ཞུགས་མེ་ཞེས་བྱ་བཞུ་མར་ལ། །གཟིམས་བཞུ་ཟེར་ཞིང་འབུད་རྫས་ཀྱི། །ཤིང་ལ་ཞུགས་ཤིང་ཞུགས་ཤིང་ཟེར། །ཆུ་ཟོམ་ལ་ནི་ཆབ་ཟོམ་དང༌། །ཁོག་མར་བཞེས་ཁོར་སྡེར་མར་ནི། །གསོལ་སྡེར་ཞེས་བྱ་ཆང་རྐྱན་ལ། །ཁྲུང་རྐྱན་ཁྲུང་བན་ཞེས་སུ་གྲགས། །སྐྱོགས་ལ་ཕྱག་སྐྱོགས་ཆབ་སྐྱོགས་སོགས། །ཕྱགས་མར་ཕྱག་ཕྱགས་སྒོ་ལྕགས་ལ། །ཕྱག་ལྕགས་ཟེར་ཞིང་ལྡེ་མིག་ལ། ། ཕྱག་ལྡེག་ཕྱག་ལྡེག་ཅེས་པར་བྱ། །ཧུའུ་ལ་བཞེས་ཧུར་ལུད་ཕོར་ལ། །ཞལ་བཟེད་ཟེར་ཞིང་འཁར་ རྒྱུག་ཉིད། །ཕྱག་འཁར་ཞེས་བྱ་རྩེད་འཇོའི་ཤོར། །ཕྱག་ཤོ་ཕྱག་ཤོ་ཞེས་སུ་གྲགས། །སློ་མར་བཞེས་   སློམ་ལྟོ་ཕད་ལ། །གསོལ་ཕད་ཟེར་ཞིང་འབོག་ལ་ནི། །ཕྱག་འབོག་ཅེས་བྱ་ཉི་གདུགས་ལ། །དབུ་     གདུགས་དབུ་གདུགས་ཞེས་སུ་གྲགས། །གཅིན་གདན་ཉིད་ལ་ཆབ་གདན་དང༌། །གཅིན་སྣོད་དག་ལ་གཟིམས་ཏོག་བྱ། །གཞོང་པར་ཆབ་གཞོང་གསང་སྤྱོད་ལ། །གཟིམས་སྤྱོད་གཟིམས་སྤྱོད་ཅེས་སུ་    གྲགས། །ཡེ་ཙིར་ཕྱག་ཡེ་ཨ་ཅོར་ལ། །ཞལ་ཅོར་ཞེས་བྱ་སོ་འཁྲུར་ནི། །ཚེམས་འཁྲུ་ཟེར་ཞིང་སོ་སྨན་ལ། །ཚེམས་སྨན་ཚེམས་སྨན་ཞེས་སུ་གྲགས། །རྒྱུག་ཤད་ལ་ནི་དབུ་ཤད་དང༌། །ཤ་གསོས་ཉིད་ལ་ཞལ་གསོས་ཟེར། །གཟུགས་བཞིན་ལྟ་བྱེད་ཤེལ་སྒོ་ལ། །མགུལ་ཤེལ་མགུལ་ཤེལ་ཞེས་སུ་གྲགས། །ཁབ་ལ་ མགུལ་ཁབ་སྐུད་པར་ནི། །ཕྱག་སྐུད་ཅེས་བྱ་ཇེམ་ཙེ་ལ། །ཕྱག་ཇེམ་ཟེར་ཞིང་གྲི་ལ་ནི། །ཕྱག་ཤན་ཕྱག་ཤན་ཞེས་པར་བྱ། །རྐང་འཁོར་ལ་ནི་ཞབས་འཁོར་དང། །གནམ་གྲུ་གྲུ་གཟིངས་གཉིས་པོ་ལ། །ཕེབས་གྲུ་བྱ་ཞིང་རླངས་འཁོར་ཉིད། །ཕེབས་སྤྲོ་ཕེབས་ཊོ་ཞེས་སུ་གྲགས། །དེབ་དང་ཤོག་བུ་སྨྱུ་གུ་ལ། །ཕྱག་དེབ་ཕྱག་ཤོག་ཕྱག་སྨྱུག་ཟེར། །སྣག་ཚར་ཕྱག་སྣག་སྣག་བུམ་ལ། །ཕྱག་བུམ་ཕྱག་བུམ་ཞེས་སུ་      འདོད། །མར་མེའི་སྣོད་ལ་མཆོད་ཀོང་དང༌། །བདུག་སྤོས་ལ་ནི་གཟིམས་སྤོས་བྱ། །ཏིང་ལ་ཆབ་ཏིང་ཟས་ཕུད་ལ། །གསོལ་ཕུད་བཞེས་ཕུད་ཅེས་པར་གྲགས། །ཐང་གར་ཞལ་ཐང་སྐུ་ཐང་ཟེར། །འདྲ་   གཟུགས་ལ་ནི་སྐུ་འདྲ་དང༌། །སྐུ་བརྙན་ཞེས་བྱ་ནང་མཆོད་ཀྱི། །ཀ་ལིར་ཞལ་ལི་ཞལ་ལི་འདོད། །རྡོ་ རྗེར་ཕྱག་རྡོར་དྲིལ་བུར་ནི། །ཕྱག་དྲིལ་ཞེས་བྱ་ཕྲེང་བ་ལ། །ཕྱག་ཕྲེང་ཟེར་ཞིང་དཔེ་ཆ་ཉིད། །ཕྱག་ དཔེ་ཕྱག་དཔེ་ཞེས་སུ་གྲགས། །སྲུང་མདུད་དག་ལ་ལྗགས་མདུད་བྱ། །ལག་རྟགས་ལ་ནི་ཕྱག་རྟགས་དང༌། །གནང་སྐྱེས་ཟེར་ཞིང་ཁ་དར་ལ། །མཇལ་དར་སྙན་ཤལ་ཞེས་སོགས་འཐོབ། །
 
 

རྒྱན་ཆའི་སྐོར།

 
རྒྱན་ཆ་སྤྱི་ལ་སྐུ་རྒྱན་དང༌། །མགོ་རྒྱན་ལ་ནི་དབུ་རྒྱན་ཟེར། །སྤ་ཕྲུག་དག་ལ་དབུ་ཕྲུག་དང། །ག་ འུར་མགུལ་གའུ་མགུལ་གའུ་བྱ། །སྐྲ་བསྐྱིངས་ལ་ནི་དབུ་བསྐྱིངས་དང། །སྐྲ་གཞུག་ཉིད་ལ་དབུ་     གཞུག་ཟེར། །སྐྲ་ཤུབས་དབུ་ཤུབས་སྐྲ་རྫུས་ལ། །དབུ་ལན་དབུ་ལན་ཞེས་སུ་གྲགས། །སྤ་སྐོར་ལ་ནི་ དབུ་སྐོར་དང༌། །སྐེ་རྒྱན་དག་ལ་མགུལ་རྒྱན་ཟེར། །སྐེ་ཕྲེང་ལ་ནི་མགུལ་ཕྲེང་བྱ། །རྣ་ཀོར་སྙན་ཀོར་ སྙན་ཀོར་འཐོབ། །རྣ་ལོང་ལ་ནི་སྙན་ལོང་དང༌། །སོག་བྱིལ་དག་ལ་སྙན་བྱིལ་ཟེར། །ལག་གདུབ་དང་ནི་རྐང་གདུབ་ལ། །ཕྱག་གདུབ་ཞབས་གདུབ་ཅེས་པར་བྱ། །རྣ་རྒྱན་ལ་ནི་ཤངས་རྒྱན་དང༌། །མཛུབ་དཀྲིས་ཡང་ན་སོར་གདུབ་བམ། །ཚིགས་ཁེབས་བཅས་པའི་ཞེ་ས་ལ། །ཕྱག་རྒྱུས་ཕྱག་རྒྱུས་ཞེས་སུ་ གྲགས། །
 

རིགས་རུས་དང་ལས་རིགས་ཀྱི་སྐོར།

 
སྐྱེད་བྱེད་ཨ་ཕར་ཡབ་ཆེན་དང༌། །ཡབ་དང་ཡབ་རྗེ་པཱ་ལགས་ཟེར། །སྐྱེད་བྱེད་ཨ་མར་ཡུམ་ཆེན་ དང༌། །ཡུམ་དང་ཨ་མ་ལགས་ཞེས་བྱ། །གཅེན་པོར་ཇོ་ལགས་ཅོ་ཅོ་ལགས། །སྐུ་ཡི་གཅེན་པོ་ཞེས་པར་བྱ། །གཅེན་མོར་ཨ་ཅག་ལགས་དང་ནི། །སྐུ་ཡི་གཅེན་མོ་ཞེས་སུ་གྲགས། །གཅུང་པོ་གཅུང་མོར་ཨོའོ་ལགས་ཟེར། །ཕྲུ་གུ་བུ་ལ་སྲས་དང་ནི། །བུ་མོར་སྲས་མོ་ཚ་མོ་ལ། །སྐུ་ཚ་སྐུ་ཚ་ཞེས་པར་བྱ། །ཨ་ཞང་ལ་ནི་སྐུ་ཞང་དང༌། །ཨ་ཞང་ལགས་ཟེར་ཨ་ཁུ་དང༌། །སྲུ་མོ་ཨ་ནི་སྤོ་རྨོའི་མཐར། །ལགས་ཞེས་སྦྱར་ན་ འཐུས་པ་ཡིན། །མག་པར་སྐུ་བག་མནའ་མར་ནི། །བག་མ་མགྲོན་ཆེན་ཞེས་པར་བྱ། །ཁྱིམ་ཐབ་     བཟའ་ཚོར་སྐུ་ཟླ་དང༌། །སྟངས་དཔྱལ་གཏན་ཞལ་ཞེས་སུ་གྲགས། །རྒྱལ་པོར་ས་ཡི་དབང་ཕྱུག །ས་ བདག་མི་དབང་ཞེས་སོགས་བྱ། །བཙུན་མོར་སྐྱེ་དགུའི་བདག་མོ་དང༌། །ས་སྤྱོད་མ་དང་རྒྱལ་མོ་    ཟེར། །དགེ་རྒན་སྤྱི་ལ་རྒན་ལགས་དང༌། །སློབ་དཔོན་དགེ་བའི་བཤེས་གཉེན་བྱ། །ཡང་སྒོས་བླ་མའི་དགེ་རྒན་ལ། །ཡོངས་འཛིན་ཡོངས་འཛིན་ཞེས་སུ་གྲགས། །རྒྱལ་པོ་རབ་ཏུ་བྱུང་བ་ཡི། །ཞེ་ས་ལ་ནི་ལྷ་བླ་མ། །ལྷ་པ་ལྷ་མར་སྐུ་རྟེན་དང། །སྐུ་ཁོག་ཆོས་རྗེ་ཞེས་པར་བྱ། །བླ་མར་སྤྲུལ་སྐུ་རིན་པོ་ཆེ། །སྐྱེས་ ཆེན་དམ་པ་ཞེས་སོགས་འཐོབ། །དེ་ཡི་མདུན་མར་གསང་ཡུམ་དང༌། །ཕྱག་རྒྱ་མ་དང་རིག་མ་ཟེར། །སྨན་པར་ཨེམ་ཆེ་ལགས་དང་ནི། །ལྷ་རྗེ་ལྷ་སྨན་པ་ཞེས་བྱ། །འགོ་ཁྲིད་པ་ལ་དབུ་ཁྲིད་དང༌། །དབུ་ འདྲེན་དབུ་གཙོ་ཞེས་སོགས་འཐོབ། །གྲྭ་པར་དགེ་འདུན་པ་དང་ནི། །བཙུན་པ་ཟེར་ཞིང་ཨ་ནི་ལ། །ཆོས་ལགས་བཙུན་མ་རྗེ་བཙུན་མ། །རྗེ་བཙུན་སྐུ་ཞབས་ཞེས་སུ་གྲགས། །གཉེར་པར་ཕྱག་མཛོད་   ཡིག་མཁན་ལ། །ཕྱག་བྲིས་གནང་མཁན་སྒྲ་སྒྱུར་བར། །སུང་སྒྱུར་བ་ཟེར་ལག་རྩལ་བར། །ཕྱག་རྩལ་ བ་ཞེས་འཐོབ་ལགས་སོ། །
 

བྱ་བྱེད་ཀྱི་སྐོར།

 
ཀློག་པར་ལྗགས་ཀློག་སྐྱོན་དང་ནི། །གནང་ཞེས་བྱ་ཞིང་བསྐུར་བ་ལ། །སྤྲིངས་དང་འབུལ་ལམ་ ཞུས་ཞེས་བྱ། །སྐོམ་པར་སྐྱེམས་པ་ཁོ་ན་འཇུག །བསྐྱལ་བར་ཕེབས་སྐྱེལ་ཞུས་དང་ནི། །འབུལ་ལམ་   ཞུས་ཞེས་སོ་སོར་སྦྱོར། །གཞན་ཡང་མནའ་སོགས་བསྐྱལ་བ་ལ། །དབུ་མནའ་བཞེས་དང་དབུ་སྙུང་ མཛད། །སྐྱེས་པར་འཁྲུངས་དང་བལྟམས་བྱ་ལ། །བསྐྱོད་པར་ཕེབས་དང་ཐད་ཅེས་གྲགས། །སྐྲག་ པར་ཐུགས་ཞུམ་བསྐྲུན་པར་ནི། །གསར་བཞེངས་ཕྱག་བཏབ་ཅེས་པར་བྱ། །འཁྱག་པར་བསིལ་བ་ ཁྱེར་བར་བསྣམས། །འཁྲུད་པ་ལ་ཡང་བསིལ་བ་ཟེར། །དགའ་བར་ཐུགས་མཉེས་ཐུགས་དགྱེས་བྱ། ། གད་མོ་བགད་པར་ཞལ་མོ་བཞད། །རྣ་བར་གོ་བར་གསན་པ་དང༌། །སེམས་ཀྱིས་གོ་བར་མཁྱེན་པ་བྱ། །རྒས་པར་བགྲེས་པ་འགྲོ་བར་ནི། །ཐད་པ་ཕེབས་པ་ཆིབས་བསྒྱུར་གནང༌། །གྱོན་པར་བཞེས་   དང་མཆོད་གཉིས་འཐོབ། །མགྱོགས་པོར་རྩོལ་པོ་ཞེས་བྱ་ཞིང༌། །པར་བཤུམས་དང་ངེས་པར་ནི། ། ཐུགས་ལ་འཇགས་ཞེས་བྱ་བ་ཡིན། །མངགས་པའི་ཞེ་སར་བཀའ་མངགས་གནང༌། །འཆི་བའི་ཞེ་ས་དག་ཉིད་ལ། །སྐུ་གཤེགས་པ་དང་སྐུ་འདས་པ། །དགོངས་པ་རྫོགས་སོགས་ཤིན་ཏུ་མང། །བརྗེད་པར་ཐུགས་བསྙེལ་ཐུགས་གཡེལ་བྱ། །བརྗོད་པར་གསུངས་པ་ཞེས་བྱ་ཞིང༌། །ཉན་པར་གསན་པ་ཉལ་བ་ལ། །གཟིམས་པ་ཞེས་སུ་གྲགས་པ་ཡིན། །ཉེས་པར་ཕྱག་འཇུག་གནང་ཞེས་དང༌། །ཉོས་པར་སྤུས་   གཟིགས་གནང་ཞེས་བྱ། །གང་ཟག་བསྙལ་བའི་ཞེ་ས་ལ། །སྐུ་གཟིམས་ཞུ་ཞེས་བྱ་བ་ཡིན། །རྟོགས་    པར་མཁྱེན་པ་གཟིགས་པ་དང༌། །ལྟོགས་པར་གསོལ་གྲོད་བཅོམ་ཞེས་ཟེར། །མིག་གིས་བསྟན་པའི་ ཞེ་ས་ལ། །སྤྱན་འབུལ་ཞུས་ཞེས་བྱ་བ་ཡིན། །བལྟས་པར་སྤྱན་གྱིས་གཟིགས་བྱ་ཞིང༌། །སྟེར་བར་    བསྩལ་དང་ཕུལ་གཉིས་འཐོབ། །ཐུག་པར་མཇལ་དང་ཐོན་པར་ནི། །ཕེབས་རྡོག་ཐོན་ཞེས་བྱ་བ་   ཡིན། །མིག་གིས་མཐོང་བར་སྤྱན་གྱིས་གཟིགས། །འཐུང་བར་མཆོད་དང་བཞེས་བྱ་ཞིང༌། །མགོ་བོ་ འཐོམས་པའི་ཞེ་ས་ལ། །དབུ་འཐོམས་ཞེས་པར་བྱ་བ་ཡིན། །ན་ཚ་དྲག་པར་སྙུན་གཞི་དྭངས། །ཡིད་ལ་དྲན་པར་ཐུགས་འཕྲེང་བ། །ལན་སོགས་འདེབས་པར་སྐྱོན་པ་དང༌། །གུར་སོགས་འདེབས་པར་ དབུ་གུར་བཞེངས། །མིང་འདོགས་པ་ལ་མཚན་གསོལ་བ། །ལངས་པའི་དོན་གྱི་ལྡང་བ་དང༌། །འབོར་ཚད་ལོངས་པའི་ལྡང་བ་ལ། །བཞེངས་པ་ཞེས་སུ་གྲགས་པའོ། །བསྡད་པའི་ཞེ་སར་བཞུགས་པ་      དང༌། །བཞུགས་གདན་འཇགས་དང་སྐུ་བཞུགས་གནང༌། །ན་བར་སྙུང་བ་སྙུན་པ་དང༌། །སྐུ་ལྟེམ་ སྙུན་གཞི་བཞེས་སོགས་བྱ། །སྤྲད་པར་གོང་དུ་ཕུལ་བ་དང༌། །འོག་ལ་གནང་བ་ཞེས་བྱ་ཞིང༌། །གཏོང་དང་སྐུར་དོན་སྤྲིང་བ་ལ། །སྩལ་བ་དང་ནི་གནང་བ་ཟེར། །ཕྱིན་པར་ཐད་པ་ཕེབས་པ་དང༌། །ཞབས་སོར་བཏེགས་པ་ཞེས་སོགས་བྱ། །ལག་ཏུ་འཕྲོད་པའི་ཞེ་ས་ལ། །ཕྱག་ལ་སོན་དང་ཕྱག་ལ་འབྱོར། ། འབོད་པར་གསུང་ཞུ་བ་དང་ནི། །གདན་འདྲེན་ཞུ་ཞེས་བྱ་བ་ཡིན། །ཅ་དངོས་འབྱོར་བར་ཕྱག་    འབྱོར་དང༌། །གནས་སུ་འབྱོར་བར་ཞབས་སོར་འཁོད། །འབྲལ་བའི་ཞེ་སར་ཞལ་གྱེས་དང༌། །ཡི་གེ་འབྲི་བར་ཕྱག་བྲིས་གནང༌། །ཅ་དངོས་སྦྱིན་པའི་ཞེ་ས་ལ། །འབུལ་བ་དང་ནི་གསོལ་རས་སྩལ། །མོལ་བར་ཞལ་མོལ་གནང་བ་དང༌། །མཆིད་མོལ་གནང་བ་ཞེས་སུ་བྱ། །བཙའ་བར་འཁྲུངས་དང་སྐུ་    བལྟམས་ཟེར། །བཙེམས་པར་ཕྱག་འཚེམ་བསྐྱོན་ཞེས་གྲགས། །བཙོངས་པར་སྤུས་ཁ་གནང་དང་ནི། །སྤུས་འཚོང་གནང་ཞེས་བྱ་བ་ཡིན། །དཔེ་ཆ་ལ་སོགས་བརྩམས་པ་ལ། །བཀའ་རྩོམ་གནང་དང་ ལྗགས་རྩོམ་གནང༌། །ཚང་བའི་ཞེ་སར་བཞེངས་པ་དང༌། །རིང་ཐུང་ཚད་པར་སྐུ་ཚད་བསྐྱོན། །ཚང་བར་གྲུབ་པ་ཚོར་བར་ནི། །མཁྱེན་པ་གཟིགས་པ་གསན་པ་བཅས། །ལག་པར་འཛིན་པ་ཕྱག་ཏུ་    སྣོམ། །བློ་རུ་འཛིན་པ་ཐུགས་ལ་མངའ། །ཅ་དངོས་འཛུགས་དང་རྒྱལ་འཛུགས་པར། །འཇགས་    འཛུགས་གནང་ཞེས་བྱ་བ་ཡིན། །མིག་ཟུམ་དམུལ་བའི་དོན་གྱི་འཛུམ། །སྤྱན་འཛུམ་ཞལ་འཛུམ་   མཛད་ཅེས་ཟེར། །མངགས་དང་གཏོང་བའི་དོན་རྫོང་ལ། །ཕེབས་རྫོང་ཞུས་ཞེས་བྱ་བ་ཡིན། །བཞོན་པར་ཆིབས་པ་ལྟོ་ཆས་སོགས། །ཟ་བར་མཆོད་པ་བཞེས་པ་བྱ། །འཚིག་པ་ཟ་བའི་ཞེ་ས་ལ། །དགོངས་པ་ཚོམས་པ་ཞེས་སུ་གྲགས། །བཟི་བར་སྐུ་ར་བད་པ་ཟེར། །བཟོས་པར་ཕྱག་བཟོ་མཛད་ཅེས་བྱ། ། འོང་བར་ཕྱག་ཕེབས་གནང་དང་ནི། །ཆིབས་སྒྱུར་གནང་ཞེས་བྱ་བ་ཡིན། །ཡོད་པར་མངའ་བ་ཁ་ དར་སོགས། །གཡོགས་པར་བསྒྲོན་པ་ཞེས་གྲགས་ཤིང༌། །སེམས་དང་མིག་གིས་རིག་པ་ལ། །ཐུགས་ ཀྱིས་མཁྱེན་དང་སྤྱན་གྱིས་གཟིགས། །ལས་པར་གནང་བ་མཛད་པ་ཟེར། །ལངས་པར་བཞེངས་པ་ ཞེས་བྱ་ཞིང༌། །ལོག་པར་ཕྱིར་ཕེབས་ཞེས་དང་ནི། །ཚུར་ཕེབས་པ་ཞེས་བྱ་བ་ཡིན། །ཤི་བར་ཞིང་དུ་ གཤེགས་དང་ནི། །དགོངས་པ་ཆོས་དབྱིངས་སུ་ཐིམ་པ། །གཟུགས་སྐུའི་བཀོད་པ་ཡོངས་བསྡུས་པ། ། སྐུ་ཚེ་འཕོས་སོགས་བགྲང་དུ་མེད། །ཤེས་ཡོན་ལ་སོགས་ཤེས་པ་ལ། །མཁྱེན་པ་དང་ནི་ཐུགས་ལ་    ཆུད། །གཤེ་བར་བཀའ་སྐྱོན་གནང་ཞེས་བྱ། །བཤད་པར་གསུངས་པ་ཞེས་སུ་འཐོབ། །སོང་བར་    ཕེབས་པ་དང་ཐད་པ། །གནས་སུ་སོན་པ་ཞབས་སོར་འཁོད། །ལག་ཏུ་སོན་པ་ཕྱག་ལ་སོན། །ཕུང་པོ་སྲེག་པར་ཞུགས་འབུལ་ཞུས། །སླེབས་པར་ཕེབས་འབྱོར་ཟིན་ཞེས་བྱ། །བསད་པར་བཀྲོངས་པ་    བསུས་པ་ལ། །ཕེབས་བསུ་ཞུས་པ་ཞེས་བྱ་ཞིང༌། །བསླངས་པར་སྐུ་བཞེངས་ཞུས་ཞེས་གྲགས། །
 
 
 

ས་བཅད་བཅུ་གཅིག་པ། སུམ་ཅུ་པའི་ནང་གསེས་ཀྱི་

 

གོ་དོན་སྐོར།

 

དབྱངས་ཡིག

     ལན། གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་ཞིང༌། རང་ཉིད་གསལ་བྱེད་རྣམས་དང་ཕྲད་པ་ལ་བརྟེན་ནས་མིང་གི་བརྗོད་པའི་སྒྲ་གསལ་བར་བྱེད་པའི་སྒྲ་རིང་ཆ་ཅན་དེ་ལ་ཟེར།
 

གསལ་བྱེད།

ལན། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང༌། རང་ཉིད་དབྱངས་དང་སྦྱར་ན་མིང་ དང་ཚིག་གི་བརྗོད་པ་གསལ་བོར་སྟོན་པའི་ནུས་པ་ཡོད་པ་དང༌། དབྱངས་འཇུག་པའི་གཞི་ཡིན་པས་ན་གསལ་བྱེད་ཟེར།
 

    རྗེས་འཇུག

ལན། མིང་གཞིའི་ཡི་གེ་རྣམས་ཀྱི་རྗེས་སུ་འཇུག་པས་ན་དེ་ལྟར་ཟེར།
 

སྔོན་འཇུག

ལན། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་སྔོན་དུ་འཇུག་པས་ན་སྔོན་འཇུག་ ཟེར།
 

ཡང་འཇུག

ལན། རྗེས་འཇུག་གི་ཡང་རྗེས་སུ་འཇུག་པས་ན་ཡང་འཇུག་ཟེར།
 

མིང་གཞི།

ལན། མིང་དང་ཚིག་གི་བརྗོད་པའི་གཞི་རུ་གྱུར་ཅིང༌། སྔོན་འཇུག་དང་རྗེས་འཇུག        དབྱངས་སོགས་འཇུག་པའི་གཞི་ཡིན་པས་ན་མིང་གཞི་ཟེར།
 

མིང་གཞི་རྐྱང་པའི་ཡི་གེ

ལན། གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་ཡི་གེ་བཅུ་བླངས་པའི་ལྷག་མ་ཉི་ཤུ་ནི་མིང་གཞི་ རྐྱང་པའི་ཡི་གེ་ཡིན་ནོ། །
 
 

མགོ་ཅན།

ལན། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་མགོར་བརྩེགས་ནས་ཡོད་པས་ན་ མགོ་ཅན་ཟེར།
 

༡༠འདོགས་ཅན།

ལན། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་སྨད་ནས་འདོགས་པའི་ཚུལ་གྱི་    འཇུག་པས་ན་འདོགས་ཅན་ཟེར།
 

༡༡སླར་བསྡུ།

  ལན། སྐབས་བབ་ཀྱི་བརྗོད་བྱའི་དོན་དེ་ཉིད་རེ་ཞིག་དེ་ཙམ་གྱིས་སླར་འཆད་རྒྱུ་བསྡུ་བར་ སོང་བས་སླར་བསྡུ་ཞེས་བརྗོད་པ་ཡིན། སླར་བསྡུ་དང༌། རྫོགས་ཚིག ཟླ་སྡུད་རྣམས་ནི་དོན་    གཅིག་མིང་གི་རྣམ་གྲངས་ཡིན། དོན་དེ་རེ་ཞིག་རྫོགས་པར་སྟོན་པས་ན་རྫོགས་ཚིག་དང༌། རང་གི་མཇུག་དེ་མ་ཐག་ཏུ་ཚིག་རང་གི་ཟླ་བོའམ་གྲོགས་པོ་འབྱུང་བ་བསྡུས་པའམ་མི་འབྱུང་བར་ བྱས་པས་ན་ཟླ་སྡུད་ཟེར།
 

༡༢རྣམ་དབྱེ་དང་པོ།

ལན། གང་ཞིག་དོན་གྱི་ངོ་བོ་ཙམ། །བརྗོད་པ་རྣམ་དབྱེ་དང་པོ་ཡིན། །དེ་ཡང་ཆོས་གང་ཞིག་གཞན་དང་མི་ནོར་བའི་ཆེད་དུ་གསར་དུ་མིང་ཞིག་བཏགས་པ་ལ་རང་གི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་ཁྱད་པར་སྟོན་པའི་ཆ་ནས་མིང་དུ་གྲུབ་པ་ནི་རྣམ་དབྱེ་དང་པོ་ཟེར།
 

༡༣མིང༌།

ལན། ཡི་གེ་རྐྱང་པའམ་མགོ་འདོགས་འཕུལ་དང༌། རྗེས་འཇུག་ཡང་འཇུག་ཅན་གྱི་ཀློག་   བརྗོད་ཟུར་ཕྱིན་པའི་ཡི་གེ་གཉིས་སམ་གསུམ་སོགས་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་ པའི་སྒྲ་ལ་མིང་ཞེས་བྱའོ། །
 

༡༤ཨི་ལྡན།

ལན། ཨི་ལྡན་ཞེས་པ་ནི་གི་གུ་དང་ལྡན་པའི་དོན་ཏེ། རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་རྣམ་ དབྱེ་གསུམ་པ་བྱེད་སྒྲ་གཉིས་འདུས་པ་ཡིན།
 
 

༡༥འབྲེལ་སྒྲའི་གོ་དོན་ཅི་ཡིན།

ལན། ཆོས་གང་དང་འབྲེལ་བའི་འབྲེལ་ཡུལ་དང་འབྲེལ་ཆོས་སོ་སོར་འབྱེད་ཅིང༌། གཙོ་ཆེར་ཁྱད་གཞི་འབྲེལ་ཡུལ་དང་ཉེ་བར་བྱེད་པའི་རྣམ་དབྱེ་ཞིག་ལ་ཟེར།
 

༡༦བྱེད་སྒྲ།

ལན། བྱེད་པ་པོ་དང་བྱེད་པ་གང་ཡང་རུང་བ་ཞིག་གིས་བྱ་བ་ཅི་ཞིག་བྱེད་པའམ། བྱས་པ་ གཙོ་བོར་སྟོན་པའི་རྣམ་དབྱེ་ཡིན།
 

༡༧ལ་དོན།

ལན། སུ་སོགས་ཡི་གེ་བདུན་པོ་རྣམ་དབྱེ་སྦྱོར་བའི་ཚེ། ལ་ཡིག་གི་འཇུག་པ་དང་ཕལ་ཆེར་ མཐུན་པས་ན། ལ་སྒྲའམ་ལ་དོན་ཞེས་བརྗོད།
 

༡༨རྣམ་དབྱེ་གཉིས་པ་ལས་སུ་བྱ་བ།

ལན། བྱ་བའི་ཡུལ་ཞིག་གཞིར་བཟུང་ནས། །དེ་ལ་བྱ་བ་བྱས་པ་ཞིག །གཙོ་བོར་སྟོན་པའི་   རྣམ་དབྱེ་ནི། །གཉིས་པ་ལས་སུ་བྱ་བ་ཡིན། ། དེ་ཡང་ལས་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང༌། གཙོ་ཆེར་བྱ་བ་བྱས་པའི་གཞིའམ་ལས་ལ་ཉེ་བར་བྱེད་པའི་རྣམ་དབྱེ་ཡིན། དཔེར་ན། ཤར་    ཕྱོགས་སུ་འགྲོ་ལྟ་བུའོ། །
 

༡༩རྣམ་དབྱེ་བཞི་པ་དགོས་ཆེད།

ལན། རྣམ་དབྱེ་བཞི་པ་དགོས་ཆེད་ནི། །བྱ་གཞི་གསལ་བར་མི་སྟོན་པར། །གང་གི་ཆེད་དུ་བྱ་བ་ཞིག །བྱས་པ་གཙོ་བོར་གོ་ནུས་པ། །རྣམ་དབྱེ་བཞི་པ་དགོས་ཆེད་ཡིན། དེ་ཡང་དགོས་པ་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང༌། གཙོ་ཆེར་དགོས་པ་གང་ཞིག་གི་ཆེད་དུ་བྱ་བ་བྱས་པ་ལ་ཉེ་བར་བྱེད་པའི་རྣམ་དབྱེ་སྟེ། དཔེར་ན། དགྲ་འགོག་ཏུ་མཚོན་ཆ་སྒྲིག་ལྟ་བུའོ། །
 

༢༠རྣམ་དབྱེ་བདུན་པ་གནས་གཞི།

ལན། རྣམ་དབྱེ་བདུན་པ་གནས་གཞི་ནི། །བརྟེན་བྱའི་ཆོས་ཤིག་རྟེན་གཞི་ལ། །གནས་པ་དང་ནི་ཡོད་པ་སོགས། །གཙོ་བོར་སྟོན་པའི་རྣམ་དབྱེ་ལ། །བདུན་པ་གནས་གཞི་ཞེས་པར་བརྗོད། ། དེ་ཡང་རྟེན་གཞི་དང་བརྟེན་པ་པོ་གཉིས་སོ་སོར་འབྱེད་ཅིང༌། གཙོ་ཆེར་རྟེན་ལ་ཉེ་བར་བྱེད་པའི་ལའི་དོན་ཅན་གྱི་རྣམ་དབྱེ་སྟེ། དཔེར་ན། སློབ་ཁང་དུ་སློབ་མ་ཡོད། ལྟ་བུའོ། །
 

༢༡དེ་ཉིད།

ལན། དེ་ཉིད་ཅེས་པའི་གོ་དོན་ནི། །དངོས་པོའི་རང་བཞིན་བརྗོད་པ་དང༌། །བྱ་བ་དང་ནི་བྱ་བའི་ཡུལ། །ཐ་དད་མེད་པར་སྟོན་པ་ལ། །དེ་ཉིད་ཅེས་པར་བརྗོད་པ་ཡིན། ། དེ་ཡང་ལ་དོན་གྱི་ཡི་གེ་ཡུལ་གང་ལ་བྱ་བ་གང་ཞིག་བྱེད་པའི་ཚེ། ལས་དང་བྱ་བ་ངོ་བོ་གཅིག་པའི་དོན་ཅན་དུ་སྦྱར་བ་ནི་དེ་ཉིད་ཅེས་བྱའོ། ། དཔེར་ན། དྭངས་མོ་སོང༌། ལྟ་བུའོ། །
 

༢༢ཚེ་སྐབས།

ཚེ་སྐབས་ཀྱི་གོ་དོན་ནི། འདས་དང་མ་འོངས་ད་ལྟ་བའི། །བྱ་བ་བྱས་དང་བྱེད་འགྱུར་     དང༌། །བྱེད་པའི་དུས་ཚིགས་སྟོན་པ་ལ། །དུས་དང་ཚེ་སྐབས་ཞེས་པར་བརྗོད། ། དེ་ཡང་ཡུལ་   གང་ཞིག་ལ་བྱ་བ་གང་ཞིག་སྒྲུབ་པའི་ཚེ། དུས་ཚོད་གང་ཡང་རུང་བ་ཞིག་ལ་བརྟེན་པ་གཙོ་བོར་བྱེད་པ་ཞིག་ཡིན། ཚེ་སྐབས་སམ་དུས་ཚོད་སྟོན་པའི་ལ་དོན་རྣམས་འཇུག་ཡུལ་ནི། དུས་ཀྱི་མིང་སྟེ་དབྱར་དགུན་སྟོན་དཔྱིད་དང་ལོ་ཟླ་ཚེས་ཞག་ལ་སོགས་པའི་མིང་ཞིག་གི་མཐར་སྦྱར་དགོས་པ་ཡིན། དཔེར་ན། བོད་ཟླ་ལྔ་པ་རྩི་ཏོག་རྒྱས། ལྟ་བུའོ། །
 

༢༣འབྱུང་ཁུངས།

ལན། དངོས་པོ་གང་ཞིག་གང་ལས་བྱུང་བའམ། གང་ཞིག་གང་ལས་བྲལ་ཏེ་ཕྱེ་བའམ། གང་ཞིག་གང་ལས་ལྷུང་བའམ། གང་ཞིག་གང་ལས་བབས་པ་ལྟ་བུ་སྟོན་པའི་སླད་དུ་ནས་ལས་གཉིས་ཀྱི་ཚིག་ཕྲད་སྦྱར་བས་དོན་དེ་འགྲུབ་པ་ཞིག་ལ་ཟེར།
 

༢༤དགར་བ།

ལན། མང་པོའི་ནང་གཅིག་དམིགས་ཀྱིས་དགར་བའམ། ལོགས་སུ་ཕྱེ་བ་ནི་དགར་བའི་   དོན་ཡིན།
 

༢༥སྡུད་པ།

ལན། ལམ་གྱི་བར་ཐག་གམ། གྲངས་ཀྱི་ཚད་དམ། མཐོ་དམའི་ཁྱད་པར་སོགས་སྡུད་པའི་ དོན་དུ་སྦྱར་བ་ལ་ཟེར།
 

༢༦རྣམ་དབྱེ།

ལན། ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་དབྱེ་སྟེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཟེར།
 

༢༧འབོད་སྒྲ།

ལན། ཀྱེ་དང་ཀྭ་ཡེ་འབོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ཞེས་པ་ནི་ཡུལ་མཆོག་ དམན་བར་གསུམ་ལ་མིང་ནས་སྨོས་ཏེ་འབོད་པའི་ཚེ། ཀྱེ་ཞེས་མིང་དང་འབྲེལ་བའི་འབོད་པ་ གསལ་བྱེད་ཀྱི་སྒྲ་སྦྱར་བ་ནི་རྣམ་དབྱེ་བརྒྱད་པ་འབོད་པའི་དོན་ཡིན་ནོ། །
 

༢༨རྒྱན་སྡུད།

ལན། ཚིག་རྒྱན་དང་སྡུད་པ་གཉིས་ཀྱི་བསྡུས་མིང་ལ་ཟེར།
 

༢༩མཐུན་པའི་ཚིག་རྒྱན།

ལན། ཚིག་སྔ་ཕྱི་གཉིས་མཐུན་པའི་བར་དུ་འཇུག་པའི་ཕྲད་ལ་མཐུན་པའི་ཚིག་རྒྱན་ཟེར།
 

༣༠མི་མཐུན་པའི་ཚིག་རྒྱན།

 ཚིག་སྔ་ཕྱི་གཉིས་མི་མཐུན་པ་ཞིག་གི་བར་དུ་འཇུག་པའི་ཕྲད་ལ་མི་མཐུན་པའི་ཚིག་རྒྱན་ ཟེར།
 

༣༡ཅི་ཞིག་ལ་སྡུད་པ་ཟེར།

ལན། གང་གི་ཚིག་དང་དོན་གཅིག་ཏུ་བསྡུས་པ་ཀྱང་ཡང་འང་གསུམ་གྱི་གོ་བར་བྱེད་པ་ལ་སྡུད་པ་སྟོན་པ་ཟེར།
 

༣༢ལྷག་བཅས།

ལན། རྣམ་དབྱེ་མ་ཡིན་པའི་ཕྲད་རང་དབང་ཅན་དེ་ཏེ་སྟེ་གསུམ་ནི་མིང་ངམ་ཚིག་གང་གི་ མཐར་སྦྱར་ཡང་ཚིག་དོན་སྔ་མའི་བརྗོད་བྱ་མ་རྫོགས་པར་ལྷག་མ་ཡོད་པ་སྟོན་པ་ནི་ལྷག་བཅས་ཀྱི་སྒྲ་ཞེས་བྱའོ། །
 

༣༣འབྱེད་སྡུད།

ལན། འབྱེད་པ་ནི་དབྱེ་གཞི་གཅིག་ལས་དབྱེ་བ་སོ་སོར་འབྱེད་པ་ལ་ཟེར། སྡུད་པ་ནི་སྡུད་བྱ་དུ་མ་བསྡུ་གཞི་གཅིག་ལ་སྡུད་པ་ཞིག་ལ་ཟེར།
 

༣༤ནི་སྒྲ།

ལན། ནི་ནི་དགར་དང་བརྣན་པའི་སྒྲ། །ཞེས་པ་ལྟར། གང་ཡང་རུང་བའི་མིང་ཚིག་གི་མཐའ་དང་མཐུན་པར་སྦྱར་རུང་བའི་ཕྲད། རྗེས་འཇུག་བཞི་པ་ན་ཡིག་ལ་དབྱངས་ཨི་སྦྱར་བས་སོ། ། ནི་སྒྲར་ནང་གསེས་དབྱེ་བ་ལ་དགར་བ་དང༌། བརྣན་པ། ངེས་བཟུང༌། ཁ་སྐོང༌། ཚིག་རྒྱན་     བཅས་ལ་འཇུག་པ་ཡིན།
 

༣༥དང་སྒྲ།

ལན། དང་ནི་སྡུད་འབྱེད་རྒྱུ་མཚན་དང༌། །ཚེ་སྐབས་གདམས་ངག་ལྔ་འཇུག །ཅེས་པ་ལྟར། དང་ཞེས་པའི་ཕྲད་འདི་མིང་ཚིག་གང་ཡང་རུང་བ་གཉིས་ཀྱི་བར་དུ་སྦྱར་བའི་སྐབས་དོན་སྡུད་པ་དང༌། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་སྟེ་དོན་ལྔ་ལ་འཇུག་པ་ཡིན།
 

༣༦དེ་སྒྲ།

ལན། མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམས་གྲངས་གཞན་ཅན་གཉིས་ལ་འཇུག །ཅེས་པ་ལྟར། གང་ཡང་རུང་བའི་མིང་གི་ཐོག་མ་དང་སྐབས་འགར་མིང་གི་ མཐའ་ལ་སྦྱར་བའི་དེ་སྒྲ་ནི་དོན་དགུ་ལ་འཇུག་པ་ཡིན། དེ་ཡང་ཐ་སྙད་དབང་དུ་གསུམ་དང༌། དངོས་པོའི་དབང་དུ་བཞི། དུས་ཀྱི་དབང་དུ་གཉིས་བཅས་སོ། །
 

༣༧སྤྱི་སྒྲ།

ལན། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །ཞེས་པ་ལྟར། ཅི་ཇི་སུ་གང་ཞེས་པའི་ཕྲད་བཞི་པོ་དེ་བརྗོད་ བྱའི་དོན་གྱི་བྱེ་བྲག་མི་འདྲ་བ་རྣམས་སོ་སོར་མ་ཕྱེ་བར་བརྗོད་དོན་གྱི་སྤྱི་ལྡོག་ཙམ་ཞིག་སྟོན་   པའི་སྒྲ་ཡིན་པས་ན་སྤྱི་སྒྲ་ཟེར།
 

༣༨བདག་སྒྲ།

ལན། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་     མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །ཞེས་པ་སྟེ་པ་བ་མ་གསུམ་   དང་དེ་དག་ལ་ན་རོ་སྦྱར་བ་པོ་བོ་མོ་བཅས་དྲུག་ནི་སྔར་མིང་གི་ཆ་ཤས་སུ་མེད་པ་ཞིག་ལ་གསར་དུ་སྦྱར་ན་བདག་པོའམ་བྱེད་པ་པོ་སྟོན་གྱི་ཡོད་པས་བདག་སྒྲ་ཞེས་བརྗོད་པ་ཡིན།
 
 

༣༩དགག་སྒྲ།

ལན། དགག་སྒྲ་ཟེར་བ་ནི་མ་མི་མིན་མེད་ཀྱི་ཕྲད་བཞི་པོ་དེ་མིང་ཚིག་གང་ཞིག་ལ་སྦྱར་རུང་ སྦྱོར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པ། མིན་པ་སོགས་ཀྱི་དོན་སྟོན་གྱི་ཡོད་པས་དགག་སྒྲ་ ཞེས་བརྗོད།
 

༣༠ཚིག་ཕྲད།

ལན། མིང་ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་དུ་ཕྲད་ཀྱི་སྒྲ་དེ་སྦྱར་བ་ན་དོན་ ཞིག་སྟོན་ལ། དེ་ལྟར་མ་སྦྱར་བའི་ཕྲད་ཀྱི་སྒྲ་རྐྱང་པ་དེས་དོན་གང་ཡང་སྟོན་མི་ནུས་པ་ཞིག་ལ་ཟེར།
 

༣༡ཕྲད་འདུས་མ། 

ལན། ཕྲད་འདུས་མ་ཞེས་པ་ནི་ཕྲད་གཉིས་ཡན་འདུས་པ་ལ་ཟེར།
 

༣༢མིང༌།

ལན། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པ་ལ་ཟེར། དེ་ལ་དངོས་མིང་དང་     བཏགས་མིང་གཉིས་ཡོད་དོ། །
 

༣༣ཚིག

   ལན། ཡི་གེ་དུ་མ་འདུས་ནས་དོན་གྱི་ཁྱད་པར་སྟོན་པ་ཚིག་གོ །
 
 
 
 
 
 

ས་བཅད་བཅུ་གཉིས་པ། རྒྱུན་སྤྱོད་ཤེས་བྱའི་སྐོར།

 

རིགས་རུས་ཆོ་འབྲང་གི་སྐོར།

 
 

ཨ་ཕ་ཨ་ཁུ་ཨ་ནེ་དང༌། །ཨ་བང་ཨ་ཕྱི་ཨ་མེས་དང༌། །ཡང་མེས་ཡང་ཕྱི་ཕ་ཚན་ཡིན། །ཨ་མ་མ་   མེས་མ་ཕྱི་དང༌། །ཞང་པོ་མ་སྤུན་མ་ཚན་ཡིན། །ཕུ་ནུ་མིང་སྲིང་སྲུ་མོ་དང༌། །ཨ་ཅེ་བུ་མོ་སྣག་ཚ་     དང༌། །སྣག་མོ་སྣག་གི་ཡང་ཚ་དང༌། །ཁྱོ་ག་ཆུང་མ་སྐུད་པོ་དང༌། །སྐུད་མོ་གྱོས་པོ་གྱོས་མོ་ དང༌། ། སྙིད་པོ་སྙིད་མོ་སྒྱུག་པོ་དང༌། །སྒྱུག་མོ་མག་པ་མནའ་མའོ། །བུ་དང་བུ་མོ་ཚ་བོ་དང༌། །ཚ་མོ་ཡང་ཚ་ གཞི་ཚ་དང༌། །གོས་ཚ་ཕ་སྨད་མ་སྨད་དང༌། །མེས་དབོན་ཁུ་དབོན་དབོན་ཞང་དང༌། །མ་ཞང་སྤུན་མཆེད་གཉེན་ཚན་ནོ། །ཞེས་པ་ལྟར། ཞིབ་ཏུ་བཀྲལ་ན་འདི་ལྟར།

ཨ་ཁུ།’’རང་གི་ཨ་ཕའི་ཕུ་བོ་དང་ནུ་བོ་ལ་ཟེར།
ཨ་ནེ།’’རང་གི་ཨ་ཕའི་སྲིང་མོ་ལ་ཟེར།
ཨ་བང༌།’’ཨ་ཕའི་སྲིང་མོ་སྟེ་ཨ་ནེའི་ཁྱོ་བོའི་མིང༌།
ཨ་མྱེས།’’རང་གི་ཨ་ཕའི་ཨ་ཕ་ལ་ཟེར། སྤོ་བོའང་ཟེར།
ཨ་ཕྱི།’’རང་གི་ཨ་ཕའི་ཨ་མ་ལ་ཟེར། རྨོ་བོའང་ཟེར།
ཡང་མེས།’’རང་གི་སྤོ་བོའི་ཨ་ཕ་ལ་ཟེར།
ཡང་ཕྱི།’’རང་གི་རྨོ་བོའི་ཨ་མ་ལ་ཟེར།
ཕ་ཚན།’’རང་གི་ཨ་ཕའི་ཕུ་བོ་དང་ནུ་བོ་ལ་ཟེར། དེ་རྣམས་ཀྱི་བུ་རབས་ཚ་རྒྱུད་ནི་རང་
གི་ཕ་ཚན་ཡིན།
མ་མེས།’’རང་གི་ཨ་མའི་ཨ་ཕ་ལ་ཟེར།
མ་ཕྱི།’’རང་གི་ཨ་མའི་ཨ་མ་ལ་ཟེར།
ཞང་པོ།’’རང་གི་ཨ་མའི་ཕུ་བོ་དང་ནུ་བོ་ལ་ཟེར།
མ་སྤུན།’’ཨ་མ་གཉིས་སྤུན་ཡིན་པའི་བུ་ལ་མ་སྤུན་ཟེར།
མ་ཚན།’’རང་གི་ཨ་མའི་ཕུ་བོ་དང་ནུ་བོ་ལ་ཟེར། དེ་རྣམས་ཀྱི་བུ་རབས་ཚ་རྒྱུད་ནི་རང་
གི་མ་ཚན་ཡིན།
མིང་སྲིང༌།’’མིང་པོ་དང་སྲིང་མོ་སྟེ། ཕ་མ་གཉིས་གཅིག་པའི་སྤུན་གྱི་ཕོ་ནི་མོ་ཡི་མིང་པོ་
དང་མོ་ནི་ཕོ་ཡི་སྲིང་མོ་ཡིན།
སྲུ་མོ།’’ཕུ་བོའི་ཆུང་མ་ནི་ནུ་བོ་དང་ནུ་མོའི་སྲུ་མོ་ཡིན།
ཨ་ཅེ།’’ཕ་མ་གཅིག་ལས་སྐྱེས་པའི་སྤུན་གྱི་ཆེ་བ་མོ་ལ་ཟེར།
སྣག་ཚ།’’རང་གི་སྲིང་མོ་སྟེ། ཨ་ཅེ་དང་ནུ་མོའི་བུ་ལ་ཟེར།
སྣག་མོ།’’རང་གི་སྲིང་མོ་སྟེ། ཨ་ཅེ་དང་ནུ་མོའི་བུ་མོ་ལ་ཟེར།
སྣག་གི་ཡང་ཚ།’’སྣག་ཚ་དང་སྣག་མོའི་བྱིས་པ་ནི་རང་གི་སྣག་གི་ཡང་ཚ་ཡིན།
ཁྱོ་ག’’བཟའ་ཟླ་ཕོ་ལ་ཟེར།
ཆུང་མ།’’བཟའ་ཟླ་མོ་ལ་ཟེར།
སྐུད་པོ།’’ཆུང་མའི་ཕུ་བོ་དང་ནུ་བོ་ནི་ཁྱོ་གའི་སྐུད་པོ་ཡིན།
སྐུད་མོ།’’ཆུང་མའི་ཨ་ཅེ་དང་ནུ་མོ་ནི་ཁྱོ་གའི་སྐུད་མོ་ཡིན།
གྱོས་པོ་གྱེས་མོ།’’ཆུང་མའི་ཨ་ཕ་དང་ཨ་མ་ནི་ཁྱོ་གའི་གྱོས་པོ་དང་གྱོས་མོ་ཡིན།
སྙིད་པོ།’’ཁྱོ་གའི་ཕུ་བོ་དང་ནུ་བོ་ནི་ཆུང་མའི་སྙིད་པོ་ཡིན།
སྙིད་མོ།’’ཁྱོ་གའི་ཨ་ཅེ་དང་ནུ་མོ་ནི་ཆུང་མའི་སྙིད་མོ་ཡིན།
སྒྱུག་པོ་སྒྱུག་མོ།’’ཁྱོ་གའི་ཨ་ཕ་དང་ཨ་མ་ནི་ཆུང་མའི་སྒྱུག་པོ་སྒྱུག་མོ་ཡིན།
མག་པ།’’རང་གི་བུ་མོའི་ཁྱོ་བོར་མག་པ་ཟེར།
མནའ་མ།’’རང་གི་བུའི་ཆུང་མར་མནའ་མ་ཟེར།
བུ་དང་བུ་མོ།’’རང་གི་བྱིས་པ་ཕོ་ལ་བུ་དང༌། མོ་ལ་བུ་མོ་ཟེར།
ཚ་བོ་ཚ་མོ།’’རང་གི་བུ་དང་བུ་མོའི་བྱིས་པར་ཚ་བོ་ཚ་མོ་ཟེར།
ཡང་ཚ།’’ཚ་བོ་དང་ཚ་མོའི་བྱིས་པར་ཡང་ཚ་ཟེར།
གཞི་ཚ།’’ཡང་ཚའི་བྱིས་པར་གཞི་ཚ་ཟེར།
གོས་ཚ།’’རང་གི་གཞི་ཚའི་བྱིས་པར་གོས་ཚ་ཟེར།
ཕ་སྤད།’’ཕ་དང་བུ་ཡི་བསྡུས་མིང་ལ་ཕ་སྤད་ཟེར།
མ་སྨད།’’མ་དང་བུ་མོ་ཡི་བསྡུས་མིང་ལ་མ་སྨད་ཟེར།
མེས་དབོན།’’རང་དང་མེས་པོ་ལ་མེས་དབོན་ཟེར།
ཁུ་དབོན།’’རང་དང་ཞང་པོ་ལ་དབོན་ཞང་ཟེར།
མ་ཞང༌།’’ཨ་མའི་ཞང་པོ་ལ་མ་ཞང་ཟེར།
སྤུན་མཆེད།’’རང་གི་མིང་སྲིང་ལ་སྤུན་མཆེད་ཟེར།
གཉེན་ཚན།’’རིགས་རྒྱུད་དང་ཁྱོ་ཤུག་གི་འབྲེལ་བ་ཡོད་པ་ལ་ཟེར།
 
 

དུས་ཀྱི་དབྱེ་བའི་སྐོར།

 
 

སྐར་ཆ་དྲུག་ཅུ་སྐར་མ་གང༌། །སྐར་ཆ་དྲུག་ཅུ་ཆུ་ཚོད་གཅིག །ཆུ་ཚོད་ཉེར་བཞི་ཉིན་ཞག་      གཅིག །ཉི་མ་སུམ་ཅུ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལོ་འཁོར་གཅིག །ལོ་འཁོར་དྲུག་ཅུ་རབ་བྱུང་ གཅིག །ལོ་ངོ་བརྒྱ་ནི་དུས་རབས་གཅིག །ཉིན་མཚན་གཅིག་གི་དུས་མཐུན་ནི། །སྔ་དྲོ་ཉིན་གུང་ཕྱི་དྲོ་དང༌། །ས་སྲོས་ནམ་གུང་ཐོ་རེངས་དྲུག །རྟ་ལུག་སྤྲེལ་བྱ་ཁྱི་ཕག་དང༌། །བྱི་བ་གླང་སྟག་ཡོས་འབྲུག་ སྦྲུལ། །ལོ་རྟགས་བཅུ་གཉིས་རེས་མོས་འཁོར། །དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞི། །དུས་ ཚིགས་རེ་ལ་ཟླ་བ་གསུམ། །ལོ་གཅིག་དུས་གཟེར་ཉེར་བཞི་ཡོད། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་ སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་ གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ནི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པ་ ལྟར། དེ་ཡང་ཞིབ་ཏུ་བཀྲལ་ན་འདི་ལྟར།

སྐར་མ་གཅིག = སྐར་ཆ་དྲུག་ཅུ་དང༌། ཆུ་ཚོད་གཅིག = སྐར་མ་དྲུག་ཅུ་ཡོད།
ཉིན་ཞག་གཅིག = ཆུ་ཚོད་ཉེར་བཞི་ཡོད།
ཉིན་ཞག་གཅིག་གི་དུས་ཐུན།’’སྔ་དྲོ། ཉིན་གུང༌། ཕྱི་དྲོ། ས་སྲོས། ནམ་གུང༌། ཐོ་རེངས་བཅས་ དྲུག་ཏུ་དབྱེ་ཡོད།
ལོ་རྟགས་བཅུ་གཉིས།’’རྟ། ལུག སྤྲེལ། བྱ། ཁྱི། ཕག བྱི་བ། གླང༌། སྟག ཡོས། འབྲུག སྦྲུལ་     བཅས་བཅུ་གཉིས་ཡོད།
དུས་བཞི།’’དཔྱིད། དབྱར། སྟོན། དགུན་བཅས་བཞི།
དུས་ཚིགས་རེ།’’ཟླ་བ་གསུམ་རེ་ཡོད།
   དུས་མཐའི་སྐད་ཅིག་མ།’’སྐྱེས་བུ་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་ ཆ་དྲུག་ཅུ་རྩ་ལྔར་ཕྱེས་པའི་ཆ་གཅིག་ལ་ཟེར།
   སྐད་ཅིག་མའམ་བྱ་རྫོགས་ཀྱི་སྐད་ཅིག་མ།’’དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་ལ་ཟེར།
   ཐང་གཅིག’’སྐད་ཅིག་མ་དྲུག་ཅུ་ལ་ཟེར།
   ཡུད་ཙམ།’’ཐང་གཅིག་སུམ་ཅུ་ལ་ཟེར།
   ཉིན་ཞག་གཅིག’’ཡུད་ཙམ་སུམ་ཅུ་ལ་ཟེར།
   ཟླ་བ་གཅིག’’ཉིན་ཞག་སུམ་ཅུ་ཡོད།
   ལོ་གཅིག’’ཟླ་བ་བཅུ་གཉིས་ཡོད།
   ལོ་རབས་གཅིག’’ལོ་བཅུ་ཐམ་པ་ཡོད།
   རབ་བྱུང་གཅིག’’ལོ་དྲུག་ཅུ་ཡོད།
   དུས་རབས་གཅིག’’ལོ་བརྒྱ་ཐམ་པ་ཡོད།
 
 

ཆེ་ཆུང་དང་རིང་ཐུང་གི་སྐོར།

 
 

གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་ བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཅེས་པ་ལྟར། ཞིབ་ཏུ་བཀྲལ་ན་འདི་ལྟར།

   རྡུལ་ཕྲན་གཅིག’’རྡུལ་ཕྲ་རབ་བདུན་ཡིན།
   ལྕགས་རྡུལ་གཅིག’’རྡུལ་ཕྲན་བདུན་ཡིན།
   ཆུ་རྡུལ་གཅིག’’ལྕགས་རྡུལ་བདུན་ཡིན།
   རི་བོང་གི་རྡུལ་གཅིག’’ཆུ་རྡུལ་བདུན་ཡིན།
   ལུག་རྡུལ་གཅིག’’རི་བོང་གི་རྡུལ་བདུན་ཡིན།
   གླང་རྡུལ་གཅིག’’ལུག་རྡུལ་བདུན་ཡིན།
   ཉི་ཟེར་གྱི་རྡུལ་གཅིག’’གླང་རྡུལ་བདུན་ཡིན།
   སྲོ་མ་གཅིག’’ཉི་ཟེར་གྱི་རྡུལ་བདུན་ཡིན།
   ཤིག་གཅིག’’སྲོ་མ་བདུན་ཡིན།
   ནས་གཅིག’’ཤིག་བདུན་ཡིན།
   སོར་མོ་གཅིག’’ནས་བདུན་ཡིན།
   ཁྲུ་གཅིག’’སོར་མོ་ཉི་ཤུ་རྩ་བཞི་ཡིན།
   གཞུ་འདོམ་གཅིག’’ཁྲུ་བཞི་ཡིན།
   རྒྱང་གྲགས་གཅིག’’འདོམ་ལྔ་བརྒྱ་ཡིན།
   དཔག་ཚད་གཅིག’’རྒྱང་གྲགས་བརྒྱད་ཡིན།
 
 

འཇལ་འདེགས་ཀྱི་སྐོར།

 
 

ཁྲུ་ཙེ་གཅིག་ལ་ཚུན་བཅུ་ཡོད། །སྤྱི་ཁྲེ་གཅིག་ལ་ཁྲུ་ཙེ་གསུམ། །ལེ་བར་གཅིག་ལ་སྟོང་རྨིད་      གཅིག །སྤྱི་ལེ་གཅིག་ལ་ལེ་བར་གཉིས། །རྒྱ་མ་གང་ལ་སྲང་བཅུ་ཡོད། །སྤྱི་རྒྱ་གཅིག་ལ་རྒྱ་མ་དོ། །ཏུན་གཅིག་སྤྱི་རྒྱ་སྟོང་གཅིག་ཡོད། །ཅེས་པ་ལྟར། ཞིབ་ཏུ་བཀྲལ་ན་འདི་ལྟར།

   ཁྲུ་ཙེ་གཅིག’’ཚུན་བཅུ་ཡོད།
   སྤྱི་ཁྲེ་གཅིག’’ཁྲུ་ཙེ་གསུམ་ཡོད།
   ལེ་བར་གཅིག’’སྟོང་རྨིད་གཅིག་ཡོད།
   སྤྱི་ལེ་གཅིག’’ལེ་བར་གཉིས་ཡོད།
   རྒྱ་མ་གང༌།’’སྲང་བཅུ་ཡོད།
   སྤྱི་རྒྱ་གཅིག’’རྒྱ་མ་གཉིས་ཡོད།
   ཏུན་གཅིག’’སྤྱི་རྒྱ་སྟོང་གཅིག་ཡོད།
 
 

སྒོ་ཕྱུགས་ཀྱི་འབོད་མིང་སྐོར།

 

གཅིག སྒོ་ཕྱུགས་ཀྱི་དབྱེ་བའི་མིང༌།

 
 

འདོ་རིགས་རྟ་ལ་རྟེའུ་མོ་རྟེའུ། །རྒྱེ་འུ་རྒྱ་མོ་ཐོ་རུ་རྒོད་མ། །གཡང་དཀར་ལུག་ལ་ལུ་གུ་དང༌། ། འཚེར་མོ་མ་མོ་ཤབ་གཟན་ཁྲོམ། །ར་ལ་རེའུ་དང་མོ་རེའུ་དང༌། །རྩིད་པུ་རྩིད་མོ་ར་མ་དང༌། །ར་སྐྱེས་ར་ཐུག་ར་བོ་ཟེར། །ནོར་ལ་བེའུ་མོ་བེའུ་ཐུལ་མ་དང༌། །ཡ་རུ་ཡར་མོ་ཤད་ཤད་མོ། །འབྲི་གཡག་ཞོལ་གཡག་ཁལ་མ་དང༌། །བཞོན་མ་རྟོལ་དང་རྟོལ་མོ་དང༌། །མཛོ་དང་མཛོ་མོ་རྒེའུ་རྒེའུ་མོ། །བ་གླང་བ་མོ་གླང་ཐུག་ཟེར། །དྲེལ་བོང་རྔ་མོང་སྒོ་ཕྱུགས་ཡིན། །ཅེས་པ་ལྟར། ཞིབ་ཏུ་བཀྲལ་ན་འདི་ལྟར།

འདོ་རིགས།’’རྟ་ཕོའི་མིང་གཞན།  
ཐོ་རུ།’’ལོ་གཉིས་ནས་བཞི་མན་གྱི་རྟ་ཕོའི་མིང་ལ་ཐོ་རུ་ཟེར། མོ་ལ་ཐོར་མོ་ཟེར།
   རྒོད་མ།’’རྟེའུ་བཙའ་བའི་ན་ཚོད་ལོན་པའི་སྒོ་ཕྱུགས་མོ་རྟའི་མིང༌།
   བ་ལང༌།’’སྒོ་ཕྱུགས་བ་ལང་ཕོའི་མིང༌།
   བ་མོ།’’བ་ལང་མོའི་མིང༌།
   ལག་ག’’ལོ་གཉིས་ཅན་གྱི་ཕོ་ལུག་གི་མིང༌།
   ལག་མོ།’’ལོ་གཉིས་ཅན་གྱི་མོ་ལུག་གི་མིང༌།
   ཐོང་བ།’’ལོ་གསུམ་ཅན་གྱི་ཕོ་ལུག་གི་མིང༌། ཐོང་ང་ཡང་ཟེར།
   འཚེར་མོ།’’ལོ་གསུམ་ཅན་གྱི་མོ་ལུག་གི་མིང༌།
   ཤབ་གཟན།’’བཤའ་རན་པའི་ཕོ་ལུག་གི་མིང༌།
   ཁྲོམ།’’འབྲས་བུ་མ་བཏོན་པར་ཕྱུགས་རྒྱུད་སྤེལ་བྱེད་དུ་བཞག་པའི་ལུག་གི་མིང༌།
   ར་སྐྱེས།’’འབྲས་བུ་བཏོན་པའི་ཕོ་རའི་མིང༌།
   ར་ཐུག’’འབྲས་བུ་མ་བཏོན་པའི་ཕོ་རའི་མིང༌། ར་བོ་ཡང་ཟེར།
   ཡ་རུ།’’འབྲོ་མོའི་ཕྲུ་གུ་ལོ་གཉིས་ཅན་གྱི་མིང༌། མོ་ལ་ཡར་མོ་ཟེར།
ཤད།’’འབྲི་མོའི་ཕྲུ་གུ་ལོ་གསུམ་ཅན་གྱི་མིང༌། མོ་ལ་ཤད་མོ་ཟེར།
ཞོལ་གཡག’’སྦོ་རྩིད་རིང་བོ་ཅན་གྱི་གཡག་གི་མིང༌།
ཁལ་མ།’’སྐྱེལ་འདྲེན་ལ་བཀོལ་བའི་མཛོ་དང་གཡག་གི་མིང༌།
མཛོ།’’འབྲི་གཡག་དང་བ་མོ་བསྡེབས་པ་ལས་བྱུང་བའི་གནག་ཕྱུགས་ཕོའི་མིང་ལ་ཟེར་ཞིང༌། མོ་ལ་མཛོ་མོ་ཟེར།
རྒེའུ་ལི།’’འབྲི་དང་བ་མོ་བསྡེབས་པ་ལས་བྱུང་བའི་སྒོ་ཕྱུགས་ཤིག་གི་མིང༌།
དྲེལ།’’རྟ་བོང་གཉིས་རྒྱུད་བསྡེབས་པ་ལས་བྱུང་བའི་སྒོ་ཕྱུགས་ཤིག་གི་མིང༌།
རྔ་མོང༌།’’སྒོ་ཕྱུགས་རྔ་མོང་སྟེ། གཟུགས་ཆེ་ཞིང་སྐེ་རིང་བ། རྒྱབ་ཏུ་ནོག་གཅིག་ཅན་དང་      གཉིས་ཅན་རིགས་གཉིས་ཡོད་ལ། སྤུ་མདོག་ཁམས་སེར་ཅན་གྱི་སྒོ་ཕྱུགས་ཁལ་ལྕི་ མོ་ཐེག་ལ་ཞོན་ཡང་ཆོག་པ་ཞིག་གི་མིང༌།
 

གཉིས། སྒོ་ཕྱུགས་ཀྱི་ལོ་གྲངས་བརྩི་ཚུལ།

 

རྟའི་སྐོར།

 
ལོ་གཅིག་ཅན་ལ་རྟེའུ་དང་མོ་རྟེའུ་ཟེར། །ལོ་གཉིས་ཅན་ལ་ཐོ་རུ་ཐོར་མོ་དང༌། ལོ་གསུམ་ཅན་ལ་རྒྱེའུ་དང་རྒྱ་མོ་ཟེར། །ལོ་བཞི་ཅན་ལ་ཕོག་བཞི་ཟེར་བ་དང༌། །ལོ་ལྔ་ཅན་ལ་ན་སོ་གཅིག་པ་དང༌། །ལོ་དྲུག་ཅན་ལ་ན་སོ་གཉིས་པ་ཟེར། །ལོ་བདུན་ཅན་ལ་ན་སོ་གསུམ་པ་ཞེས། །དེ་ལྟར་བགྲངས་ན་རྟ་ཡི་ལོ་གྲངས་ངེས། །
 

 ཕྱུགས་ཟོག་གི་སྐོར།

 
ལོ་གཅིག་ཅན་ལ་བེའུ་དང་མོ་བེའུ་ཟེར། །ལོ་གཉིས་ཅན་ལ་ཡ་རུ་ཡར་མོ་ཟེར། །ལོ་གསུམ་ཅན་ལ་ཤད་དང་ཤད་མོ་དང༌། །ལོ་བཞི་ཅན་ལ་སོ་གཉིས་སོ་གཉིས་མ། །ལོ་ལྔ་ཅན་ལ་སོ་བཞི་སོ་བཞི་མ། །ལོ་དྲུག་ཅན་ལ་སོ་དྲུག་སོ་དྲུག་མ། །ལོ་བདུན་ཅན་ལ་ཁ་གང་ཁ་གང་མ། །ཁ་གཉིས་ཁ་གསུམ་ཞེས་པའི་མིང་བགྲངས་ན། །ཟོག་གི་སྐོར་གྱི་ལོ་གྲངས་ངེས་པ་ཡིན། །
 

ལུག་གི་སྐོར།

 
ལོ་གཅིག་ཅན་ལ་ལུ་གུ་མི་ལུག་དང༌། །ལོ་གཉིས་ཅན་ལ་ལག་ག་ལག་མོ་ཡིན། །ལོ་གསུམ་ཅན་ལ་ཐོང་བ་ཟེར་བ་དང༌། །ལོ་བཞི་ཅན་ལ་སོ་གཉིས་དང༌། །ལོ་ལྔ་ཅན་ལ་སོ་བཞི་དང༌། །ལོ་དྲུག་ཅན་ལ་ སོ་དྲུག །ལོ་བདུན་ཅན་ལ་ཁ་གང་དང༌། །ཁ་གཉིས་ཁ་གསུམ་ཞེས་པ་སོགས། །ལུག་གི་ལོ་གྲངས་བརྩི་ཚུལ་ལོ། །
 
 

བོད་ཀྱི་གྲངས་གནས་དྲུག་ཅུ་བརྩི་ཚུལ།

 
གྲངས་གནས་དྲུག་ཅུ་བརྩི་ཚུལ་ནི། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌། །ས་ཡ་བྱེ་བ་དུང་ཕྱུར་ཏེ། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང༌། །སྤང་རྟེན་དེད་འདྲེན་མཐའ་སྣང་དང༌། །རྒྱུ་རིག་འོད་མཛེས་དབང་པོ་དང༌། །ལེགས་འབྱིན་སྟོགས་འགྲོ་འབྱིང་རྡུལ་དང༌། །རྒྱ་རྟགས་དང་ནི་སྟོབས་འཁོར་དང༌། །བརྡ་   ཤེས་རྣམ་བྱུང་སྟོབས་མིག་དང༌། །བྱམས་པ་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་རྣམས་ཏེ་ཆེན་ པོར་བཅས། །ཁུག་པའི་གྲངས་སུ་ཤེས་པར་བྱ། ། གྲངས་མེད་པ་ནི་ཐ་མའོ། །ཞེས་གསུངས་སོ། ། དེ་ དག་ཁ་བཀྲལ་ན།
(༡)གཅིག ༡ གཅིག
(༢) བཅུ། ༡༠ བཅུ།
(༣)བརྒྱ། ༡༠༠ བརྒྱ་ཐམ་པ།
(༤)སྟོང༌། ༡༠༠༠ ཆིག་སྟོང༌།
(༥)ཁྲི། ༡༠༠༠༠ ཆིག་ཁྲི།
(༦)འབུམ། ༡༠༠༠༠༠ ཆིག་འབུམ།
(༧)ས་ཡ། ༡༠༠༠༠༠༠ ས་ཡ་གཅིག
(༨)བྱེ་བ། ༡༠༠༠༠༠༠༠ བྱེ་བ་གཅིག
(༩)དུང་ཕྱུར། ༡༠༠༠༠༠༠༠༠ དུང་ཕྱུར་གཅིག
(༡༠)ཐེར་འབུམ། དུང་ཕྱུར ༡༠ ལ་ཐེར་འབུམ་གཅིག
(༡༡)ཐེར་འབུམ་ཆེན་པོ། ཐེར་འབུམ ༡༠ ལ་ཐེར་འབུམ་ཆེན་པོ་གཅིག
(༡༢)ཁྲག་ཁྲིག ཐེར་འབུམ་ཆེན་པོ ༡༠ ལ་ཁྲག་ཁྲིག་གཅིག
(༡༣)ཁྲག་ཁྲིག་ཆེན་པོ། ཁྲག་ཁྲིག ༡༠ ལ་ཁྲག་ཁྲིག་ཆེན་པོ་གཅིག
(༡༤)རབ་བཀྲམ། ཁྲག་ཁྲིག་ཆེན་པོ ༡༠ ལ་རབ་བཀྲམ་གཅིག
(༡༥)རབ་བཀྲམ་ཆེན་པོ། རབ་བཀྲམ ༡༠ ལ་རབ་བཀྲམ་ཆེན་པོ་གཅིག
(༡༦)གཏམས། རབ་བཀྲམ་ཆེན་པོ ༡༠ ལ་གཏམས་གཅིག
(༡༧)གཏམས་ཆེན་པོ། གཏམས ༡༠ ལ་གཏམས་ཆེན་པོ་གཅིག
(༡༨)དཀྲིགས། གཏམས་ཆེན་པོ ༡༠ ལ་དཀྲིགས་གཅིག
(༡༩)དཀྲིགས་ཆེན་པོ། དཀྲིགས ༡༠ ལ་དཀྲིགས་ཆེན་པོ་གཅིག
(༢༠)མི་འཁྲུགས། དཀྲིགས་ཆེན་པོ ༡༠ ལ་མི་འཁྲུགས་གཅིག
(༢༡)མི་འཁྲུགས་ཆེན་པོ། མི་འཁྲུགས ༡༠ལ་མི་འཁྲུགས་ཆེན་པོ་གཅིག
(༢༢)ཁྱད་འབྱིན། མི་འཁྲུགས་ཆེན་པོ ༡༠ ལ་ཁྱད་འབྱིན་གཅིག
(༢༣)ཁྱད་འབྱིན་ཆེན་པོ། ཁྱད་འབྱིན ༡༠ ལ་ཁྱད་འབྱིན་ཆེན་པོ་གཅིག
(༢༤)སྤང་རྟེན། ཁྱད་འབྱིན་ཆེན་པོ ༡༠ ལ་སྤང་རྟེན་གཅིག
(༢༥)སྤང་རྟེན་ཆེན་པོ། སྤང་རྟེན ༡༠ ལ་སྤང་རྟེན་ཆེན་པོ་གཅིག
(༢༦)དེད་འདྲེན། སྤང་རྟེན་ཆེན་པོ ༡༠ ལ་དེད་འདྲེན་གཅིག
(༢༧)དེད་འདྲེན་ཆེན་པོ། དེད་འདྲེན ༡༠ ལ་དེད་འདྲེན་ཆེན་པོ་གཅིག
(༢༨)མཐའ་སྣང། དེད་འདྲེན་ཆེན་པོ ༡༠ ལ་མཐའ་སྣང་གཅིག
(༢༩)མཐའ་སྣང་ཆེན་པོ། མཐའ་སྣང་ ༡༠ ལ་མཐའ་སྣང་ཆེན་པོ་གཅིག
(༣༠)རྒྱུ་རིག མཐའ་སྣང་ཆེན་པོ ༡༠ ལ་རྒྱུ་རིག་གཅིག
(༣༡)རྒྱུ་རིག་ཆེན་པོ། རྒྱུ་རིག ༡༠ ལ་རྒྱུ་རིག་ཆེན་པོ་གཅིག
(༣༢)འོད་མཛེས། རྒྱུ་རིག་ཆེན་པོ ༡༠ ལ་འོད་མཛེས་གཅིག
(༣༣)འོད་མཛེས་ཆེན་པོ། འོད་མཛེས ༡༠ ལ་འོད་མཛེས་ཆེན་པོ་གཅིག
(༣༤)དབང་པོ། འོད་མཛེས་ཆེན་པོ ༡༠ ལ་དབང་པོ་གཅིག
(༣༥)དབང་པོ་ཆེན་པོ། དབང་པོ ༡༠ ལ་དབང་པོ་ཆེན་པོ་གཅིག
(༣༦)ལེགས་འབྱིན། དབང་པོ་ཆེན་པོ༡༠ ལ་ལེགས་འབྱིན་གཅིག
(༣༧)ལེགས་འབྱིན་ཆེན་པོ། ལེགས་འབྱིན ༡༠ ལ་ལེགས་འབྱིན་ཆེན་པོ་གཅིག
(༣༨)རྟོགས་འགྲོ། ལེགས་འབྱིན་ཆེན་པོ ༡༠ ལ་རྟོགས་འགྲོ་གཅིག
(༣༩)རྟོགས་འགྲོ་ཆེན་པོ། རྟོགས་འགྲོ ༡༠ ལ་རྟོགས་འགྲོ་ཆེན་པོ་གཅིག
(༤༠)འབྱིང་རྡུལ། རྟོགས་འགྲོ་ཆེན་པོ ༡༠ ལ་འབྱིང་རྡུལ་གཅིག
(༤༡)འབྱིང་རྡུལ་ཆེན་པོ། འབྱིང་རྡུལ ༡༠ ལ་འབྱིང་རྡུལ་ཆེན་པོ་གཅིག
(༤༢)རྒྱ་རྟགས། འབྱིང་རྡུལ་ཆེན་པོ ༡༠ ལ་རྒྱ་རྟགས་གཅིག
(༤༣)རྒྱ་རྟགས་ཆེན་པོ། རྒྱ་རྟགས ༡༠ ལ་རྒྱ་རྟགས་ཆེན་པོ་གཅིག
(༤༤)སྟོབས་འཁོར། རྒྱ་རྟགས་ཆེན་པོ ༡༠ ལ་སྟོབས་འཁོར་གཅིག
(༤༥)སྟོབས་འཁོར་ཆེན་པོ། སྟོབས་འཁོར ༡༠ ལ་སྟོབས་འཁོར་ཆེན་པོ་གཅིག
(༤༦)བརྡ་ཤེས། སྟོབས་འཁོར་ཆེན་པོ ༡༠ ལ་བརྡ་ཤེས་གཅིག
(༤༧)བརྡ་ཤེས་ཆེན་པོ། བརྡ་ཤེས ༡༠ ལ་བརྡ་ཤེས་ཆེན་པོ་གཅིག
(༤༨)རྣམ་བྱུང༌། བརྡ་ཤེས་ཆེན་པོ ༡༠ ལ་རྣམ་བྱུང་གཅིག
(༤༩)རྣམ་བྱུང་ཆེན་པོ། རྣམ་བྱུང་ ༡༠ ལ་རྣམ་བྱུང་ཆེན་པོ་གཅིག
(༥༠)སྟོབས་མིག རྣམ་བྱུང་ཆེན་པོ ༡༠ ལ་སྟོབས་མིག་གཅིག
(༥༡)སྟོབས་མིག་ཆེན་པོ། སྟོབས་མིག ༡༠ ལ་སྟོབས་མིག་ཆེན་པོ་གཅིག
(༥༢)བྱམས་པ། སྟོབས་མིག་ཆེན་པོ ༡༠ ལ་བྱམས་པ་གཅིག
(༥༣)བྱམས་པ་ཆེན་པོ། བྱམས་པ ༡༠ ལ་བྱམས་པ་ཆེན་པོ་གཅིག
(༥༤)སྙིང་རྗེ། བྱམས་པ་ཆེན་པོ ༡༠ ལ་སྙིང་རྗེ་གཅིག
(༥༥)སྙིང་རྗེ་ཆེན་པོ། སྙིང་རྗེ ༡༠ ལ་སྙིང་རྗེ་ཆེན་པོ་གཅིག
(༥༦)དགའ་བ། སྙིང་རྗེ་ཆེན་པོ ༡༠ ལ་དགའ་བ་གཅིག
(༥༧)དགའ་བ་ཆེན་པོ། དགའ་བ ༡༠ ལ་དགའ་བ་ཆེན་པོ་གཅིག
(༥༨)བཏང་སྙོམས། དགའ་བ་ཆེན་པོ ༡༠ ལ་བཏང་སྙོམས་གཅིག
(༥༩)བཏང་སྙོམས་ཆེན་པོ། བཏང་སྙོམས ༡༠ ལ་བཏང་སྙོམས་ཆེན་པོ་གཅིག
(༦༠)གྲངས་མེད། བཏང་སྙོམས་ཆེན་པོ ༡༠ ལ་གྲངས་མེད་གཅིག་བཅས་གྲངས་དང་ གྲངས་གནས་བརྩི་ཚུལ་ལོ། །
 

གྲངས་ཀའི་དག་ཆ་འབྲི་ཚུལ།

 
ཉི་ཤུ་ནས་བརྒྱ་བར་ལ་རྗེས་འཇུག་ཡོད་ན། བཅུ་ཡི་སྔོན་འཇུག་མེད། དཔེར་ན། སུམ་ཅུ། དྲུག་ཅུ། བདུན་ཅུ། བརྒྱད་ཅུ། ལྟ་བུ་དང༌། རྗེས་འཇུག་མེད་ན་བཅུ་ལ་སྔོན་འཇུག་ཡོད་པ། དཔེར་ན།   བཞི་བཅུ། ལྔ་བཅུ། དགུ་བཅུ་བཅས་སོ། །
ལྡབ་གཅིག ཤད་གཅིག བརྒྱ་གཅིག སྟོང་གཅིག ཁྲི་གཅིག འབུམ་གཅིག་ལྟ་བུའོ། །
ཆིག་ལྡབ། ཆིག་ཤད། ཆིག་བརྒྱ། ཆིག་སྟོང༌། ཆིག་ཁྲི། ཆིག་འབུམ་ལྟ་བུའོ། །
ཉིས་ལྡབ། ཉིས་ཤད། ཉིས་བརྒྱ། ཉིས་སྟོང༌། ཉིས་ཁྲི། ཉིས་འབུམ་ལྟ་བུའོ། །
ཉེར་གཅིག་ནས་བརྒྱ་བར་གྱི་གྲངས་ལ་སྔོན་འཇུག་དང་མགོ་ཅན་ནམ་ཡང་མི་འཇུག་པ།      དཔེར་ན། ཉེར་གཅིག ཉེར་གཉིས། ཉེར་གསུམ། ཉེར་བཞི་ལྟ་བུ་དང༌། སོ་གཅིག་ནས་སོ་དགུ་བར་དང༌། ཞེ་གཅིག་ནས་ཞེ་དགུ་བར་དང༌། ང་གཅིག་ནས་ང་དགུ་བར། རེ་གཅིག་ནས་རེ་དགུ་བར།   དོན་གཅིག་ནས་དོན་དགུ་བར། གྱ་གཅིག་ནས་གྱ་དགུ་བར་ལྟ་བུའོ། །
བཅུ་ནས་ཉི་ཤུ་བར་གྱི་གྲངས་དཔེར་ན། བཅུ་གཅིག བཅུ་གཉིས། བཅོ་ལྔ། བཅུ་བདུན། བཅོ་བརྒྱད། བཅུ་དགུ་བཅས་ལ་སྔོན་འཇུག་རྣམས་རང་དགར་གཞག་དགོས་སོ། །
གཅིག་ནས་བརྒྱ་བར་དཀྱུས་སུ་བཀོད་ན་འདི་ལྟར། གཅིག གཉིས། གསུམ། བཞི། ལྔ། དྲུག   བདུན། བརྒྱད། དགུ། བཅུ། བཅུ་གཅིག བཅུ་གཉིས། བཅུ་གསུམ། བཅུ་བཞི། བཅོ་ལྔ། བཅུ་དྲུག   བཅུ་བདུན། བཅོ་བརྒྱད། བཅུ་དགུ། ཉི་ཤུ། ཉེར་གཅིག ཉེར་གཉིས། ཉེར་གསུམ། ཉེར་བཞི། ཉེར་ ལྔ། ཉེར་དྲུག ཉེར་བདུན། ཉེར་བརྒྱད། ཉེར་དགུ། སུམ་ཅུ། སོ་གཅིག སོ་གཉིས། སོ་གསུམ།       སོ་བཞི། སོ་ལྔ། སོ་དྲུག སོ་བདུན། སོ་བརྒྱད། སོ་དགུ། བཞི་བཅུ། ཞེ་གཅིག ཞེ་གཉིས། ཞེ་གསུམ། ཞེ་བཞི། ཞེ་ལྔ༌། ཞེ་དྲུག ཞེ་བདུན། ཞེ་བརྒྱད། ཞེ་དགུ། ལྔ་བཅུ། ང་གཅིག ང་གཉིས། ང་གསུམ། ང་བཞི། ང་ལྔ། ང་དྲུག ང་བདུན། ང་བརྒྱད། ང་དགུ། དྲུག་ཅུ། རེ་གཅིག རེ་གཉིས། རེ་གསུམ།       རེ་བཞི། རེ་ལྔ། རེ་དྲུག རེ་བདུན། རེ་བརྒྱད། རེ་དགུ། བདུན་ཅུ། དོན་གཅིག དོན་གཉིས། དོན་ གསུམ། དོན་བཞི། དོན་ལྔ༌། དོན་དྲུག དོན་བདུན། དོན་བརྒྱད། དོན་དགུ། བརྒྱད་ཅུ། གྱ་གཅིག   གྱ་གཉིས། གྱ་གསུམ། གྱ་བཞི། གྱ་ལྔ། གྱ་དྲུག གྱ་བདུན། གྱ་བརྒྱད། གྱ་དགུ། དགུ་བཅུ། གོ་གཅིག གོ་གཉིས། གོ་གསུམ། གོ་བཞི། གོ་ལྔ། གོ་དྲུག གོ་བདུན། གོ་བརྒྱད། གོ་དགུ། བརྒྱ་ཐམ་པ་བཅས་སོ། །
 
 

བོད་ཁུལ་གྱི་ས་མིང་ཤེས་བྱ།

 

བོད་རང་སྐྱོང་ལྗོངས།

 

ལྷ་ས་གྲོང་ཁྱེར་དང་དེའི་མངའ་ཞབས་ཀྱི་རྫོང་བདུན།

འདམ་གཞུང༌།        སྟོད་ལུང་བདེ་ཆེན།       ཆུ་ཤུར།          སྙེ་མོ།
ལྷུན་གྲུབ།            མལ་གྲོ་གུང་དཀར།       སྟག་རྩེ།
 

ལྷོ་ཁ་ས་ཁུལ་གྱི་རྫོང་བཅུ་གཉིས།

        སྣེ་གདོང༌།            ཆུ་གསུམ།                འཕྱོངས་རྒྱས།     ལྷུན་རྩེ།
གོང་དཀར།           སྣ་དཀར་རྩེ།              གྲ་ནང༌།          མཚོ་སྣ།
ཟངས་རི།             ལྷོ་བྲག                   རྒྱ་ཚ།           མཚོ་སྨད།
 

གཞིས་ཀ་རྩེའི་ས་ཁུལ་གྱི་རྫོང་བཅོ་བརྒྱད།

གཞིས་ཀ་རྩེ།          འབྲོང་པ།                ས་དགའ།          སྐྱིད་གྲོང༌།
ངམ་རིང༌།            ལྷ་རྩེ།                    ས་སྐྱ།              གཏིང་སྐྱེས།      
གམ་པ།               དིང་རི།                  པ་སྣམ།            རྒྱལ་རྩེ།
རིན་སྤུངས།           གཞད་མཐོང་སྨོན།       རྣམ་གླིང༌།          ཁང་དམར།
གྲོ་མོ།                 གཉའ་ལམ།
 

མངའ་རིས་ས་ཁུལ་གྱི་རྫོང་བདུན།

      མངའ་རིས་སྒར།       རུ་ཐོག                  དགེ་རྒྱས།          སྒེར་རྩེ།
མཚོ་ཆེན།             སྤུ་ཧྲེང༌།                  རྩ་མདའ།
 

ཉིང་ཁྲི་ས་ཁུལ་གྱི་རྫོང་བདུན།

   ཉིང་ཁྲི།               ཀོང་པོ་རྒྱ་མདའ།          རྫ་ཡུལ།           སྤོ་མེས།
སྣང་རྫོང༌།             སྨིན་གླིང༌།                མེ་ཏོག
 

ནག་ཆུ་ས་ཁུལ་གྱི་རྫོང་བཅུ་གཅིག

      ནག་ཆུ།                སྦྲ་ཆེན།                  སོག་རྫོང༌།         འབྲི་རུ།
ཨ་མདོ།                ལྷ་རི།                    དཔལ་མགོན།      ཤན་རྩ།
སྙན་རོང༌།              ཉི་མ།                    མཚེའུ་གཉིས།
 

ཆབ་མདོ་ས་ཁུལ་གྱི་རྫོང་བཅུ་གཅིག

ཆབ་མདོ།             འཇོ་མདའ།               གོ་འཇོ།           སྨར་ཁམས།
མཛོ་སྒང༌།             བྲག་གཡབ།               དཔའ་ཤོད།       རི་བོ་ཆེ།
སྟེང་ཆེན།              ལྷོ་རོང༌།                  དཔལ་འབར།
 

མཚོ་སྔོན་ཞིང་ཆེན།

 

མཚོ་ཤར་ས་ཁུལ་གྱི་རྫོང་བརྒྱད།

     ཙོང་ཁ།                གྲོ་ཚང༌།                  བ་ཡན།          བཀའ་མ་ལོག
ཡ་རྫི།                  དགོན་ལུང༌།              སྟོང་སྐོར།        གསེར་ཁོག
 

མཚོ་ལྷོ་ཁུལ་གྱི་རྫོང་ལྔ།

     ཆབ་ཆ།                གད་པ་སུམ་མདོ།          ཁྲི་ཀ            མང་ར།
རྩི་གོར་ཐང༌།
 

མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་གཉིས་དང་རྫོང་གསུམ།

      ན་གོར་མོ་གྲོང་ཁྱེར།    གཏེར་ལེན་ཁ་གྲོང་ཁྱེར།    དབུས་ལམ།     དུར་ལམ།
ཐེམ་ཆེན།
 

ཡུལ་ཤུལ་ཁུལ་གྱི་རྫོང་དྲུག

      ཡུལ་ཤུལ།             ཆུ་དམར་ལེབ།             འབྲི་སྟོད།        ཁྲི་འདུ།
ནང་ཆེན།             རྫ་སྟོད།
 

རྨ་ལྷོ་ཁུལ་གྱི་རྫོང་བཞི།

      རེབ་གོང༌།             གཅན་ཚ།                 རྩེ་ཁོག          སོག་རྫོང༌།
 

མགོ་ལོག་ཁུལ་གྱི་རྫོང་དྲུག

   རྨ་ཆེན།                གཅིག་སྒྲིལ།               པད་མ།         དགའ་བདེ།
དར་ལག               རྨ་སྟོད།
 

ཡུན་ནན་ཞིང་ཆེན།

 

ཡུན་ནན་ཞིང་ཆེན་ལ་རྫོང་གསུམ།

རྒྱལ་ཐང༌།              བདེ་ཆེན།                འབའ་ལུང༌། 
 

སི་ཁྲོན་ཞིང་ཆེན།

 

དཀར་མཛེས་ཁུལ་གྱི་རྫོང་བཅོ་བརྒྱད།

དར་མདོ།              སེར་ཤུལ།                 སྡེ་དགེ           དཔལ་ཡུལ།
ཉག་རོང༌།             དཀར་མཛེས།              བྲག་མགོ         གསེར་རྟ།
རྟའུ།                  རོང་བྲག                   ཉག་ཆུ།           ལི་ཐང༌།
འབའ་ཐང༌།           འདབ་པ།                  ཆ་ཕྲེང༌།          སྡེ་རོང༌།
བརྒྱད་ཟིལ།            ལྕགས་ཟམ།
 

རྔ་བ་ཁུལ་གྱི་རྫོང་བཅུ་གསུམ།

འབར་ཁམས།         རྣམ་འཕེལ།                མཛོད་དགེ         རྔ་བ།
རྐ་ཁོག                ཟུང་ཆུ།                    ཛམ་ཐང༌།         ཆུ་ཆེན།
ཁྲོ་ཆུ།                 བཀྲ་ཤིས་གླིང༌།             མའོ་ལྦུན།          ལུང་དགུ།
བཙན་ལྷ།
 

ཀན་སུའུ་ཞིང་ཆེན། 

 

ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་བདུན།

གཙོད་གྲོང་ཁྱེར།         བ་ཙེ།                  ཅོ་ནེ།             ཐེ་བོ།
རྨ་ཆུ།                   འབྲུག་ཆུ།              ཀླུ་ཆུ།             བསང་ཆུ།
དཔའ་རིས།
 
 
རྩོམ་པ་པོའི་མ་པར་པན་ཀྲི་ཏ་ཡིག་གཟུགས་ཕབ་ལེན་ས་གནས།http://www.teducn.com/d/file/2024/12/25/cc4ccb7f387d4a009dbf92ccf7c21bc8.zip

 
 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号