བོད་མི་དམངས་ལ་གླང་ཆེན་ལ་བཀུར་སྲོལ་ཡོད། གླང་ཆེན་ནི་བཀྲ་ཤིས་པའི་སྲོག་ཆགས་སུ་བརྩི་ལ། དེ་ནི་ནུས་སྟོབས་ཆེ་ལ། ལུས་ཕུང་ཡོངས་རྫོགས་རིན་པོ་ཆེ་ལས་གྲུབ་པས་མི་རྣམས་ཀྱིས་བསྟོད་བསྔགས་དང་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད།

བོད་ཀྱི་ཐག་འཐེན་ནི་འཚོ་བ་དང་ཐོན་རྐྱེད་ཀྱི་ཁྲོད་དུ་བྱུང་བ་རེད།ཡུན་རིང་གི་འབྲོག་ལས་འཚོ་བའི་ནང་བོད་མི་དམངས་ཀྱིས་གླང་ཆེན་ལ་བཀུར་སྲོལ་ཡོད་པ་ཕུད། གཞན་ཡང་ཟོག་དང་རྟ་བཅས་ཀྱི་ཕྱུགས་རིགས་ལ་བརྩེ་དུང་ཚད་མེད་ཡོད། གླང་ཆེན་གྱི་གཤིས་རྒྱུད་བཟང་བོ་དང་ཁྱད་པར་གྱི་ནུས་སྟོབས་ལ་བསྟོད་བསྔགས་བྱེད་པ་བརྒྱུད་ཁོ་ཚོས་ཀྱང་ནུས་ཤུགས་ལྡན་པའི་མི་ལ་ཆེས་ཆེར་བཀུར་སྲོལ་ཡོད།

དེ་བས་ནུས་ཤུགས་ཅན་གྱི་འགྲན་བསྡུར་ཡང་ཇེ་མང་དུ་གྱུར། གང་ལྟར་ཕྲག་འཐེན་ཡིན་ནའང་འདྲ། ཡང་ན་གླང་ཆེན་ས་གཤགས་སམ་སྒུར་འཐེན་ཡིན་ནའང་འདྲ། ཚང་མ་སྟོབས་ཤུགས་ཀྱི་མཚོན་རྟགས་རེད།བོད་ཀྱི་ཐག་འཐེན་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་ཟེར་སྲོལ་མཆིས་། བཤད་སྲོལ་ལྟར་ན་གེ་སར་རྒྱལ་བོས་སྟག་རོང་དང་ལི་རྫོང་རྒྱལ་ཁབ་ཆམ་ལ་ཕབས་ནས་སླར་ཡང་གླིང་ཡུལ་དུ་ལོག་པའི་ལམ་བར་དུ་གཡག་སྟོང་ལྷག་མཐོང་བས་དེ་དག་ཐག་འཐེན་གྱི་ཐབས་བཀོལ་ནས་སོ་སོར་བགོས། མིག་སྔར་ཡིག་ཐོག་ཏུ་མཐོང་རྒྱུ་ཡོད་པའི་སྲོལ་འདི་ནི་ལོ་ངོ་བཞི་བརྒྱའམ་ལྔ་བརྒྱ་ཚུན་ཆད་ཀྱི་ལོ་རྒྱུས་ཁོ་ན་རེད།

བོད་ཀྱི་ལུས་རྩལ་སྦྱོང་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད། དེ་ལ་ཕྲག་འཐེན་དང་གླང་ཆེན་ས་གཤགས་སོགས་རྣམ་གྲངས་སམ་རིགས་མང་བོ་ཡོད།།
 |