བོད་ཀྱི་འཇུ་རེས་རྒྱག་ཚུལ། །བོད་ཀྱི་འཇུ་རེས་རྒྱག་ཚུལ་ལ་རང་དབང་གི་འཇུ་ལུགས་དང་། ངེས་གཏན་གྱི་འཇུ་ལུགས་གཉིས་ཡོད་ལ།རང་དབང་གི་འཇུ་ལུགས་ཀྱིས་མགོ་དང་རྐང་པ། ལག་པ་སོགས་གང་རུང་ནས་འཇུ་ཞིང་འཐེན་ཏེ་ཕ་རོལ་པོ་ཐང་ལ་རྒྱག་ཅི་ཐུབ་བྱེད་པ་ཡིན།

ངེས་གཏན་གྱི་འཇུ་ལུགས་ནི་གཞོགས་གཉིས་ཀྱིས་རང་རང་གི་འགྲན་ཡའི་སྐེད་པ་དང་ཕྲག་པ་ནས་འཇུས་ཏེ་ཕ་རོལ་པོ་ཐང་ལ་རྒྱག་ཅི་ཐུབ་བྱེད། །
 |