མིང་། |
༄༅། །ངག་ཐོག་སྲོལ་རྒྱུན་དང་བོད་ཀྱི་སྒྲུང་རྒྱུད་རིག་པ། |

|
ཁྲིད་མཁན། |
ནོར་བུ་དབང་ལྡན། |
ཡིག་ཆའི་རིགས། |
སྒྲ། |
བལྟ་གནས། |
[ 1 ] |
གསལ་བཤད། |
སློབ་ཁྲིད་ལ་གཟིགས་མི་ཐུབ་ན་ང་ཚོ་ལ་འབྲེལ་གཏུགས་བྱེད་པར་བཀའ་དྲིན་ཆེ།
|
མཚམས་སྦྱོར། |
|
ཟླ4བའི་ཚེས29ཉིན་གྱི་ཕྱི་དྲོའི་ཆུ་ཚོད4:00སྟེང་དུ། མཚོ་སྔོན་དགེ་ཐོན་སློབ་ཆེན་བྱང་གླིང་གི་ཐེམ་ཀྱཱ་པུན་རིག་གཞུང་སྙན་ཞུ་ཚོམས་ཁང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་རིག་པའི་གླེང་སྟེགས་ཀྱི་རིག་གཞུང་སློད་ཁྲིད་ཐེངས་བཅུ་གཅིག་པ་དུས་ལྟར་སྤེལ་ཞིང་། ཐེངས་འདིའི་རིག་གཞུང་འཆད་ཁྲིད་དུ་རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགོ་གཙོའམ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཁང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་གི་འགོ་གཙོ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ནོར་བུ་དབང་ལྡན་གདན་འདྲེན་ཞུས་ཡོད།
འབུམ་རམས་པ་ནོར་བུ་དབང་ལྡན་གྱིས་བོད་ཀྱི་གནའ་བོའི་ལོ་རྒྱུས་སྙན་རྩོམ་དང་འབྲེལ་བའི་གནད་དོན་ཐད་གཏིང་ཟབ་སྒོས་རིག་གཞུང་བགྲོ་གླེང་མཛད་ཅིང་། གཙོ་ཆེར་བོད་མི་རིགས་ཀྱི་ངག་ཐོག་སྲོལ་རྒྱུན་དང་། ལོ་རྒྱུས་སྙན་རྩོམ་རིང་མོའི་རིགས་དབྱེ། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་ཁྱད་ཆོས་དང་དེ་མྱུར་སྐྱོབ་དང་། སྲུང་སྐྱོབ། ཞིབ་འཇུག་སོགས་བྱེད་པའི་ཐད་ནས་དབྱེ་གསལ་རིམ་ལྡན་གྱི་སྙན་ཞུ་སྤེལ་བ་དང་ཆབས་ཅིག ཡུལ་དངོས་ཀྱི་དགེ་སློབ་དང་ལྷན་དུ་བགྲོ་གླེང་མཛད་པ་དང་། དེར་འགོ་ཁྲིད་དང་། དགེ་རྒན། སློབ་མ་སོགས་ལས་གཞན་ད་དུང་ཁྱབ་ཁོངས་གཞན་གྱི་མི་སྣ་བཅས་ལྷན་འཛོམས་ཀྱིས་ཁོང་གི་སློབ་ཁྲིད་ལ་གསན་པ་དང་། འབུམ་རམས་པ་ཡུལ་ལྷ་ཐར་གྱིས་ཐེངས་འདིའི་རིག་གཞུང་སློབ་ཁྲིད་ལ་མདོ་འཛིན་མཛད། |
|
|
|
|
|
|
 |
ཉེ་ལམ་གསར་བརྗེས། |
|
|
|
|
|
|
|
 |
ཕབ་ཐེངས་མང་ཤོས། |
|
|
|
|
|
|
|
|