ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐད་གཉིས་སློབ་གསོ། > མིང་བརྡ་གཅིག་གྱུར།
༄༅། །བོད་ཀྱི་ལྗོངས་དང་ཞིང་ཆེན་ལྔའི་ཁོངས་ཀྱི་བོད་ཡུལ།
སྤེལ་དུས།06-07  ཡོང་ཁུངས།  རྩོམ་པ་པོ།

གཉིས། སི་ཁྲོན་མངའ་ཁོངས།

1.གཞུང་ས་དར་རྩེ་མདོར་བྱས་པའི་དཀར་མཛེས་ས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ནི།

༡.དར་མདོ་རྫོང་།﹙康定县﹚༢.སེར་ཤུལ་རྫོང་།﹙石渠县﹚༣.སྡེ་དགེ་རྫོང་།﹙德格县﹚༤.དཔལ་ཡུལ་རྫོང་།﹙白玉县﹚༥.ཉག་རོང་རྫོང་།﹙新龙县﹚༦.དཀར་མཛེས་རྫོང་།﹙甘孜县﹚༧.བྲག་མགོ་རྫོང་།﹙炉霍县﹚༨.གསེར་རྟ་རྫོང་།﹙色达县﹚༩.རྟའུ་རྫོང་།﹙道孚县﹚༡༠.རོང་བྲག་རྫོང་།﹙丹巴县﹚༡༡.ཉག་ཆུ་རྫོང་།﹙雅江县﹚༡༢.ལི་ཐང་རྫོང་།﹙理塘县﹚༡༣.འབའ་ཐང་རྫོང་།﹙巴塘县﹚༡༤.འདབ་པ་རྫོང་།﹙稻城县﹚༡༦.སྡེ་རོང་རྫོང་།﹙得荣县﹚༡༧.བརྒྱད་ཟིལ་རྫོང་།﹙九龙县﹚༡༨.ལྕགས་ཟམ་རྫོང་﹙泸定县﹚བཅས་སོ། 
ལྕགས་ ཟམ་རྫོང་ན་སྡེ་ཤོག་གཅིག་ཙམ་མ་གཏོགས་རིགས་འགྱུར་ཟིན་པའི་རྒྱ་རིགས་འདུས་སྡོད་ ཀྱི་ས་ཁུལ་དུ་འགྱུར་ཟིན། གནས་ཡུལ་ཤར་ཐིག་དཔག་ཚད་༩༨ནས་དཔག་ཚད་༡༠༢བར་དང་། བྱང་ཐིག་དཔག་ཚད་༢༨ནས་དཔག་ཚད་༣༤བར་གནས་ཡོད།
ཁུལ་ཡོངས་ཀྱི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ལྔ་ཁྲི་སུམ་སྟོང་བརྒྱད་བརྒྱ་བདུན་ཅུ་༡༥༣.༧༨༠ཙམ་ཡོད་ལ། མི་འབོར་འབུམ་དགུ་ལྷག་ཙམ་ཡོད་པའི་ནང་བོད་རིགས་འབུམ་བདུན་ལྷག་ཙམ་ཡོད་པ་རེད།


2.
གཞུང་ས་འབར་ཁམས་སུ་བྱས་པའི་རྔ་པ་ཁུལ་གྱི་རྫོང་ཁག་བཅུ་གསུམ་ནི།

༡.འབར་ཁམས་རྫོང་།﹙马尔康县﹚༢.རྣམ་འཕེལ་རྫོང་།﹙汶川县﹚༣.མཛོད་དགེ་རྫོང་།﹙若尔盖县﹚༤.རྔ་པ་རྫོང་།﹙阿坝县﹚༥.རྐ་ཁོག་རྫོང་།﹙红原县﹚༦.ཟུང་ཆུ་རྫོང་།﹙松潘县﹚༧.ཛམ་ཐང་རྫོང་།﹙囊唐县﹚༨.ཆུ་ཆེན་རྫོང་།﹙金川县﹚༩.ཁྲོ་ཆུ་རྫོང་།﹙黑水县﹚༡༠.བཀྲ་ཤིས་གླིང་།﹙理县﹚༡༡.མའོ་ཝུན་རྫོང་།﹙茂汶县﹚༡༢.ལུང་དགུ་རྫོང་།﹙九寨沟﹚༡༣.བཙན་ལྷན་རྫོང་།﹙小金县﹚བཅས་སོ། །
ས་ ཁུལ་གྱི་གནས་ཕྱོགས་ཤར་ཐིག་དཔག་ཚད་༡༠༠དང་ཆ་ཕྲན་༣༠ནས། དཔག་ཚད་༡༠༤དང་ཆ་ཕྲན་༢༧བར་གནས་ཤིང་། བྱང་ཐིག་དཔག་ཚད་༣༠དང་ཆ་ཕྲན་༣༥ནས། དཔག་ཚད་༣༤དང་ཆ་ཕྲན་༡༩བར་གནས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞིན་མ་བརྒྱད་ཁྲི་སུམ་སྟོང་བཞི་བརྒྱ་ ཉེར་དྲུག༨༣.༤༢༦ཡོད་པ། དེ་ལ་མི་འབོར་འབུམ་བདུན་དང་ཁྲི་བརྒྱད་༤༠༠.༠༠༠ཙམ་ཡོད་པ་རེད།
3.
ལོ་སོ་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་རྨུ་གླིང་木里བོད་རིགས་རང་སྐྱོང་རྫོང་ནི།

གནས་ ཡུལ་ཤར་ཐིག་དཔག་ཚད་༡༠༠དང་ཆ་ཕྲན་༡༥ནས། དཔག་ཚད་༡༠༡དང་ཆ་ཕྲན་༤༥བར་གནས་ཤིང་། བྱང་ཐིག་དཔག་ཚད་༢༧དང་ཆ་ཕྲན་༤༥ནས། དཔག་ཚད་༢༩དང་ཆ་ཕྲན་༡༥བར་གནས་ཡོད། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ཉིས་སྟོང་ཡོད་ཅིང་། མི་འབོར་ཆིག་འབུམ་ཆིག་སྟོང་ལྷག་ཙམ་ཡོད་པའི་ནང་བོད་རིགས་ཁྲི་བཞི་ལྷག་ཙམ་ཡོད།
4.
སི་ཁྲོན་ཕིན་ཝུ་平武རྫོང་གི་མངའ་ཁོངས་སུ་གནས་པའི་བོད་དམག་སྡེ་ཤོག་ནི།

གནས་ ཡུལ་རྔ་པ་ཁུལ་རྣམ་འཕེལ་རྫོང་དང་། ཀན་སུའུ་ཞིང་ཆེན་གྱི་ཝེན་རྫོང་ས་ཁུལ་དང་འབྲེལ་བའི་སི་ཁྲོན་ཕིང་ཝུ་རྫོང་ ཁོངས་སུ་གནས་ཤིང་། མི་འབོར་ཆིག་ཁྲི་ལྷག་ཙམ་ཡོད། རྒྱ་སྐད་དུ་白马藏族ཟེར།
ཞིང་ཆེན་ཡོངས་ལ་བོད་ཀྱི་ས་ཁུལ་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་ཆིག་སྟོང་༢༥༡༠༠༠ལྷག་ཙམ་ཡོད་པ་རེད། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号