ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐད་གཉིས་སློབ་གསོ། > མིང་བརྡ་གཅིག་གྱུར།
༄༅། །བོད་ཀྱི་ལྗོངས་དང་ཞིང་ཆེན་ལྔའི་ཁོངས་ཀྱི་བོད་ཡུལ།
སྤེལ་དུས།06-07  ཡོང་ཁུངས།  རྩོམ་པ་པོ།

ལྔ། ཀན་སུའུ་ཞིང་ཆེན་ཁོངས།

ཀན་སུའུ་ཞིང་ཆེན་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་གཅིག་དང་རྫོང་གཅིག་ཡོད་པ་སྟེ།

༡.གཞུང་ས་གཙོད་གཙོསབྱས་པའི་ཀན་ལྷོ་ས་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ཁག་བདུན་ནི།

༡. གཙོད་གཙོསགྲོང་ཁྱེར།﹙合作市﹚༢.ཅོ་ནེ་རྫོང་།﹙卓尼县﹚༣.བསང་ཆུ་རྫོང་།﹙夏河县﹚

༤.ཀླུ་ཆུ་རྫོང་།﹙碌曲县﹚༥.རྨ་ཆུ་རྫོང་།﹙玛曲县﹚༦.ཐེ་བོ་རྫོང་།﹙迭部县﹚༧.འབྲུག་ཆུ་རྫོང་﹙丹曲县﹚བཅས་ སོ། གནས་ཡུལ་ཤར་ཐིག་དཔག་ཚད་༡༠༠དང་ཆ་ཕྲན་༤༦ནས། དཔག་ཚད་༡༠༤དང་ཆ་ཕྲན་༤༤བར་ན་གནས་ཤིང་། བྱང་ཐིག་དཔག་ཚད་༣༣དང་ཆ་ཕྲན་༦ནས། དཔག་ཚད་༣༦དང་ཆ་ཕྲན་༡༠བར་གནས་ཡོད། ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་བཞི་སྟོང་ལྷག་ཙམ་དང་། བོད་རིགས་མི་འབོར་ཉིས་འབུམ་བཞི་ཁྲི་ལ་ཉེ་བ་ཞིག་ཡོད།

2.དཔའ་རིས་﹙天祝县﹚བོད་རིགས་རང་སྐྱོང་རྫོང་ནི།
གནས་ཡུལ་ཤར་ཐིག་དཔག་ཚད་༡༠༢ དང་ཆ་ཕྲན་༢ ནས། དཔག་ཚད་༡༠༣ ནས་ཆ་ཕྲན་༣༨ བར་གནས་ཤིང་། བྱང་ཐིག་དཔག་ཚད་༣༦ དང་ཆ་ཕྲན་༢༩ ནས། དཔག་ཚད་༣༧ དང་ཆ་ཕྲན་༤༡ བར་གནས་ཡོད། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱད་སྟོང་ལྷག་ཙམ་ཡོད་ཅིང་། རྫོང་ཡོངས་ཀྱི་མི་འབོར་ཧ་ཅང་ཉིས་འབུམ་ཙམ་ཡོད་པའི་ནང་བོད་རིགས་མི་འབོར་དྲུག་ཁྲི་དྲུག་སྟོང་ལྷག་ཙམ་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་བོད་ས་ཁུལ་སྤྱི་ལེ་གྲུ་བཞི་པ་ལྔ་ཁྲི་ཉིས་སྟོང་༥༢༠༠༠ལྷག་ཙམ་ཡོད་པ་རེད། གོང་གསལ་གྱི་ས་ཆའི་གནས་ཡུལ་དང་རྒྱ་ཁྱོན། མི་འབོར་བཅས་ནི་ས་གནས་སོ་སོའི་སྤྱི་བཤད་རྒྱ་ཡིག་ཐོག་ཏུ་བྲིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱིས་པར་སྐྲུན་བྱས་པའི་དཔེ་དེབ་དེ་དག་ནང་འཁོད་པ་བཞིན་བཀོད་ཡོད། འདིར་བཀོད་པའི་མི་འབོར་ནི༡༩༨༢ ལོར་མི་འབོར་ཞིབ་གཤེར་ཐེངས་གསུམ་པའི་བསྡོམས་རྩིས་ལྟར་བཀོད་འདུག་པས། དེ་ནས་ད་བར་མི་ལོ་བཅུ་དྲུག་ལྷག་ཙམ་གྱི་རིང་ལ་མི་འབོར་གང་འཚམས་ཤིག་འཕེལ་ཡོད་པ་བཤད་མ་དགོས་པ་རེད།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号