ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྐད་གཉིས་སློབ་གསོ། > མིང་བརྡ་གཅིག་གྱུར།
༄༅། །བོད་ཀྱི་ལྗོངས་དང་ཞིང་ཆེན་ལྔའི་ཁོངས་ཀྱི་བོད་ཡུལ།
སྤེལ་དུས།06-07  ཡོང་ཁུངས།  རྩོམ་པ་པོ།

གསུམ། ཡུན་ནན་ཞིང་ཆེན་ཁོངས།

1.གཞུང་ས་རྒྱལ་ཐང་བྱས་པའི་བདེ་ཆེན་ས་ཁུལ་གྱི་རྫོང་ཁག་གསུམ་ནི།

༡.རྒྱལ་ཐང་རྫོང་།﹙中甸县﹚༢.བདེ་ཆེན་རྫོང་།﹙德钦县﹚༣.འབའ་ལུང་རྫོང་﹙维西自治县﹚བཅས་སོ། །
གནས་ ཡུལ་ཤར་ཐིག་དཔག་ཚད་༩༨དང་ཆ་ཕྲན་༣༧ནས། དཔག་ཚད་༡༠༠དང་ཆ་ཕྲན་༢༣བར་གནས་ཤིང་། བྱང་ཐིག་དཔག་ཚད་༢༦དང་ཆ་ཕྲན་༥༧ནས། དཔག་ཚད་༢༩དང་ཆ་ཕྲན་༡༢བར་གནས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་སུམ་སྟོང་བརྒྱད་བརྒྱ་ བདུན་ཅུ་ཐམ་པ་ཡོད་ཅིང་། དེ་ལ་བོད་རིགས་མི་འབོར་ཆིག་འབུམ་ལྷག་ཙམ་བསྡད་ཡོད། གཞན་ཡང་ས་དམ་རྫོང་﹙丽江﹚ཁོངས་སུ་བོད་རིགས་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་ཡོད་པ་དང་། འཇང་ཁྲ་འབུམ་དགོན﹙贡山县﹚ཁོངས་སུ་བོད་རིགས་ཆིག་སྟོང་ཉིས་བརྒྱ་གོ་དྲུག ལམ་རྫོང་﹙宁浪县﹚ཁོངས་སུ་བོད་རིགས་བདུན་སྟོང་ལྷག་ཙམ་དང་། ཨེར་ཡོན་རྫོང་﹙洱源县﹚ཁོངས་སུ་བོད་རིགས་ཉིས་བརྒྱ་ལྷག་ཙམ་དང་། འཇང་ད་ལིས་﹙大理县﹚ཁོངས་སུ་བོད་རིགས་བརྒྱ་དང་བདུན་ཅུ་ལྷག་ཙམ་དང་། ཧེ་ཆིང་རྫོང་﹙鹤庆县﹚ཁོངས་སུ་བོད་རིགས་སུམ་ཅུ་ལྷག་ཙམ་དང་།ཡོངས་པའི་རྫོང་﹙漾县﹚ཁོངས་སུ་བོད་རིགས་ཉི་ཤུ་ལྷག་ཙམ་དང་།གཡུང་ཧྲིན་རྫོང་﹙永胜县﹚ཁོངས་སུ་བོད་རིགས་སུམ་ཅུ་ལྷག་ཙམ་བཅས་འཚོ་སྡོད་བྱས་ཡོད་པ་རེད།

བཞི། མཚོ་སྔོན་ཞིང་ཆེན་ཁོངས།

1.གཞུང་ས་ཙོང་ཁ་མཁར་བྱས་པའི་མཚོ་ཤར་ས་ཁུལ་གྱི་རྫོང་ཁག་དྲུག་ནི།

༡.ཙོང་ཁ་རྫོང་།﹙湟中县﹚༢.གྲོ་ཚང་རྫོང་﹙乐都县﹚༣.བ་ཡན་རྫོང་།﹙化隆县﹚༤.བཀའ་མ་ལོག་རྫོང་།﹙平安县﹚༥.ཡ་རྫི་རྫོང་།﹙循化县﹚༦.དགོན་ལུང་རྫོང་།﹙互助县﹚བཅས་ སོ། ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་བདུན་སྟོང་ལྷག་ཙམ་ཡོད། མི་འབོར་ས་ཡ་གཉིས་དང་ཁྲི་བརྒྱད་ལྷག་ཙམ་ཡོད་པའི་ནང་བོད་དང་། ཁ་ཆེ། སོག་པོ་ལ་སོགས་གྲངས་ཉུང་མི་རིགས་འབུམ་བདུན་ཙམ་ཡོད།

2. གཞུང་ས་སེམས་ཉིད་བྱས་པའི་མཚོ་བྱང་ས་ཁུལ་གྱི་རྫོང་ཁག་བཞི་ནི།

༡.སེམས་ཉིད་རྫོང་།﹙门源县﹚༢.མདའ་བཞི་རྫོང་།﹙海晏县﹚༣.མདོ་ལ་རྫོང་།﹙祁连县﹚༤.རྐང་ཚ་རྫོང་﹙刚察县﹚བཅས་སོ།
གནས་ ཡུལ་ཤར་ཐིག་དཔག་ཚད་༩༨དང་ཆ་ཕྲན་༣ནས། དཔག་ཚད་༡༠༢དང་ཆ་ཕྲན་༢བར་གནས་ཤིང་། བྱང་ཐིག་དཔག་ཚད་༣༦དང་ཆ་ཕྲན་༧ནས། དཔག་ཚད་༣༩དང་ཆ་ཕྲན་༡བར་གནས་ཡོད། ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་ལྔ་ཁྲི་ཉིས་སྟོང་ལྷག་ཙམ་ཡོད་ཅིང་། ཁུལ་ཡོངས་ཀྱི་མི་འབོར་ཉིས་འབུམ་ཉིས་སྟོང་ལྷག་ཙམ་ཡོད་པའི་ནང་བོད་རིགས་མི་ འབོར་ཁྲི་བཞི་ཡོད་པ་རེད།

3. གཞུང་ས་ཆབ་ཆ་བྱས་པའི་མཚོ་ལྷོ་ས་ཁུལ་གྱི་རྫོང་ལྔ་ནི།

༡.ཆབ་ཆ་རྫོང་།﹙共和县﹚༢.གད་པ་སུམ་མདོ་རྫོང་།﹙同德县﹚༣.ཁྲི་ག་རྫོང་།﹙贵德县﹚༤.མང་ར་རྫོང་།﹙贵南县﹚༥.རྩི་གོར་ཐང་རྫོང་།﹙兴海县﹚རྣམས་ སོ། གནས་ཡུལ་ཤར་ཐིག་དཔག་ཚད་༩༩དང་ཆ་ཕྲན་༥༥ནས། དཔག་ཚད་༡༠༡དང་ཆ་ཕྲན་༥༠བར་དང་། བྱང་ཐིག་དཔག་ཚད་༣༤དང་ཆ་ཕྲན་༣༨ནས། དཔག་ཚད་༣༧དང་ཆ་ཕྲན་༡༠བར་གནས་ཡོད། ས་ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་དྲུག་སྟོང་ལྷག་ཙམ་ཡོད་ ཅིང་། ས་ཁུལ་ཡོངས་ཀྱི་མི་འབོར་སུམ་འབུམ་སུམ་ཁྲི་ལྷག་ཙམ་ཡོད་པ་དེའི་ནང་བོད་རིགས་ མི་འབོར་ཆིག་འབུམ་དྲུག་ཁྲི་ལྷག་ཙམ་ཡོད་པ་རེད།

4.གཞུང་ས་གཏེར་ལེན་ཁ་བྱས་པའི་མཚོ་ནུབ་ས་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ཁག་གསུམ་ནི།

༡.ཝུའུ་ལན་རྫོང་།﹙乌兰县﹚༢.ཏུའུ་ལན་རྫོང་།﹙都兰县﹚༣.ཐེམ་ཆེན་རྫོང་།﹙天峻县﹚༤.གོར་མོ་གྲོང་ཁྱེར་﹙格尔木﹚བཅས་སོ། གཏེར་ལེན་ཁ་﹙德令卡﹚གྲོང་ རྡལ་ནི་ཝུའུ་ལན་རྫོང་ཁོངས་སུ་གཏོགས། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སུམ་འབུམ་ཉིས་ཁྲི་དགུ་བརྒྱ་བདུན་ ཅུ་ཡོད་ལ། མི་འབོར་ཉིས་འབུམ་དགུ་ཁྲི་ལྷག་ཙམ་ཡོད་པ་གཙོ་བོ་བོད་རིགས་དང་། གཞན་སོག་པོ་དང་ཧ་སག་ཡོད་པ་རེད།

5. གཞུང་ས་སྐྱེ་རྒུ་མདོར་བྱས་པའི་ཡུལ་ཤུལ་ས་ཁུལ་གྱི་རྫོང་ཁག་དྲུག་ནི།

༡.ཡུལ་ཤུལ་རྫོང་།﹙玉树县﹚༢.ཆུ་དམར་ལེབ་རྫོང་།﹙曲麻莱县﹚༣.འབྲི་སྟོད་རྫོང་།﹙治多县﹚༤.ནང་ཆེན་རྫོང་།﹙囊谦县﹚༥.ཁྲི་འདུ་རྫོང་།﹙称多县﹚༦.རྫ་སྟོད་རྫོང་﹙杂多县﹚བཅས་སོ། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་དྲུག་ཁྲི་བདུན་སྟོན་ལྷག་ཙམ་དང་། མི་འབོར་གསུམ་འབུམ་ཙམ་ཡོད་པ་རེད།

6.གཞུང་ས་རེབ་གོང་བྱས་པའི་རྨ་ལྷོ་ས་ཁུལ་གྱི་རྫོང་ཁག་བཞི་ནི།

༡.རེབ་གོང་རྫོང་།﹙同仁县﹚༢.གཅན་ཚ་རྫོང་།﹙尖扎县﹚༣.རྩེ་ཁོག་རྫོང་།﹙泽库县﹚༤.ཡུལ་རྒན་རྫོང་བཅས་སོ།གཡུ་སྒང་ཉིན། རྨ་ལྷོ་སོག་རྫོང་།﹚河南蒙古族自治县
གནས་ ཡུལ་ཤར་ཐིག་དཔག་ཚད་༡༠༠དང་ཆ་ཕྲན་༡༠ནས། དཔག་ཚད་༡༠༢དང་ཆ་ཕྲན་༣༠བར་དང་། བྱང་ཐིག་དཔག་ཚད་༣༤དང་ཆ་ཕྲན་༢༠ནས། དཔག་ཚད་༣༦དང་ཆ་ཕྲན་༡༠་བར་གནས་ཡོད། ཁུལ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་བདུན་སྟོང་དགུ་བརྒྱ་ཐམ་པ་ དང་གཉིས་ཡོད་ཅིང་། རྫོང་ཡོངས་ཀྱི་མི་འབོར་ཆིག་འབུམ་དྲུག་ཁྲི་ཙམ་ཡོད་པའི་ནང་། བོད་རིགས་མི་འབོར་ཆིག་འབུམ་ཙམ་ཡོད་པ་རེད།

7.གཞུང་ས་རྨ་ཆེན་བྱས་པའི་མགོ་ལོག་ས་ཁུལ་གྱི་རྫོང་ཁག་བདུན་ནི།

༡.རྨ་ཆེན་རྫོང་།﹙玛沁县﹚༢.གཅིག་སྒྲིལ་རྫོང་།﹙久治县﹚༣.པད་མ་རྫོང་།﹙班玛县﹚༤.དགའ་བདེ་རྫོང་།﹙甘德县﹚༥.དར་ལག་རྫོང་།﹙达日县﹚༦.རྨ་སྟོད་རྫོང་﹙玛多县﹚བཅས་སོ།
ཁུལ་ ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བདུན་ཁྲི་ལྔ་སྟོང་བདུན་བརྒྱ་ང་གཉིས་ ཡོད་ཅིང་། མི་འབོར་ཆིག་འབུམ་ཉིས་ཁྲི་ལྷག་ཙམ་ཡོད་པའི་ནང་བོད་རིགས་ཆིག་འབུམ་ཆིག་ཁྲི་ཙམ་ ཡོད།

8.ཟི་ལིང་གྲོང་ཁྱེར་གྱི་ཐད་གཏོགས་རྫོང་གསུམ་ནི།

༡.གསེར་ཁོག་རྫོང་།﹙大通县﹚ནི་ཕལ་ཆེར་རིགས་འགྱུར་ཟིན་པའི་བོད་རིགས་འདུས་སྡོད་ས་ཁུལ་ཞིག་ཡིན། ༢.སྐུ་འབུམ་རྫོང་།﹙湟中县﹚༣.སྟོང་སྐོར་རྫོང་།﹙湟源县﹚

མཚོ་སྔོན་ཞིང་ཆེན་ལ་ཟི་ལིང་གྲོང་ཁྱེར་ཕུད་པའི་ས་ཆ་གཞན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་པ་བདུན་འབུམ་ཉིས་ཁྲི་བརྒྱད་བརྒྱ་བདུན་ཅུ་༧༢༠༨༧༠ཡོད།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号