ད་སྔ་གཟིགས་བཞིན་པ།  མདུན་ངོས། > སློབ་གྲྭ་མཚམས་སྦྱོར། > སློབ་ཆེན་སློབ་གྲྭ།
༄༅། །མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་།
སྤེལ་དུས།05-08  ཡོང་ཁུངས།  རྩོམ་པ་པོ།
མཐར་ཕྱིན་མི་གྲངས། མི༤༩ (ཕོ༢༨ མོ༢༡)
ཆེད་ལས་ཀྱི་མིང༌། རྐུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག(བོད་ཀྱི་སྐད་ཡིག་རྩོམ་རིག)   ལོ་བཞིའི་སློབ་ཡུན་ལམ་ལུགས་ཀྱི་རྩོམ་རིག་རིག་པའི་ཤེས་རམས་པའི་ཐོབ་ཐང་གནང་བའི་དགེ་འོས་མ་ཡིན་པའི་སློབ་གསོ།
སྐྱེད་སྲིང་དམིགས་ཡུལ། རིག་གནས་གཞུང་ལུགས་ཀྱི་སྦྱངས་འབྲས་ཅུང་བརྟན་པོ་ཡོད་པ་དང་བོད་ཀྱི་སྐད་ཡིག་རྩོམ་རིག་གི་གཞི་རྩའི་གཞུངལུགས་དང་གཞི་རྩའི་ཤེས་ཡོན། གཞི་རྩའི་ནུས་རྩལ་སོགས་ཅུང་བརྒྱུད་རིམ་ལྡན་པ་ཞིག་ཡོད་པར་མ་ཟད། ད་དུང་ཕྱོགས་བསྡུས་ཀྱི་སྤུས་ཚད་ཅུང་མཐོ་ལ། གསར་འགྱུར་དང་རིག་རྩལ། པར་སྐྲུན་ཁང༌། ཁེ་ལས་དང་ལས་དོན་སྡེ་ཚན་སོགས་སུ་དྲིལ་བསྒྲགས་དང་ཞིབ་འཇུག དྲུང་ཡིག་སྤྱི་འབྲེལ་སོགས་ཀྱི་བྱ་བར་ཞུགས་ཐུབ་པའི་ཤེས་ལྡན་མི་སྣ་མང་བོ་ཞིག་སྐྱེད་སྲིང་བྱེད་པ།
བསླབ་ཚན་གཙོ་བོ། བོད་ཀྱི་བརྡ་སྤྲོད། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་གཅེས་བསྡུས། བོད་ཀྱི་རྩོམ་རིག་ལོ་རྒྱུས། དེང་རབས་རྩོམ་རིག བོད་ཀྱི་རིག་གནས་སྤྱི་བཤད། བོད་ཀྱི་ལོ་རྒྱུས། ནང་དོན་རིག་པ། སྐད་བརྡ་རིག་པ། ཚད་མ་རིག་པ། རིག་གནས་ལྔའི་རྣམ་བཞག བོད་རྒྱ་ཡིག་སྒྱུར། སྙན་ངག བརྡ་རྙིང་ཡིག་ཆ། དམངས་ཁྲོད་རྩོམ་རིག དམངས་སྲོལ་རིག་པ།བོད་ཀྱི་རིག་གནས་ཆེད་དོན་ཞིབ་འཇུག་སོགས་སོ།།
ལས་ཞུགས་ཀྱི་ཁ་ཕྱོགས། སློབ་འབྲིང་དང་སློབ་ཆུང་གི་བོད་ཡིག་སློབ་ཁྲིད་དང་སློབ་གསོ་དོ་དམ་གྱི་བྱ་བ་གཉེར་བ།སྲིད་འཛིན་ལས་ཁུངས་དང་གསར་འགྱུར་པར་སྐྲུན་ལས་ཁུངས་ནས་དོ་དམ་དང་དྲིལ་སྒྲོག དྲུང་ཡིག་ཞིབ་འཇུག་གི་བྱ་བ་གཉེར་བ།
མཐར་ཕྱིན་སློབ་མའི་མི་གྲངས། མི༤༡ (ཕོ་༢༢ དང་མོ་༡༩ )
སྐབས་འདིའི་མཐར་ཕྱིན་སློབ་མའི་ཁྱད་ཆོས། ༢༠༠༦ལོའི་འཛིན་གྲྭ་གཉིས་ལ་མཐར་ཕྱིན་སློབ་མ༩༠ ཡོད་པ་སྟེ། དགེ་རྒན་དང་དགེ་རྒན་མ་ཡིན་པ་རིགས་གཉིས་ཡོད། ཕོ་མོའི་མི་གྲངས་ཀྱི་ཚད་མཉམ་པ་དང་སློབ་མ་སྤྱིའི་སྤུས་ཀ་ཅུང་ལེགས་ཤིང༌། ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་བརྟན་ལ། སློབ་སྦྱོང་གི་ཁ་དབུགས་ལེགས་པ། རྩིས་འཁོར་དང་གྲངས་ཉུང་མི་རིགས་ཀྱི་རྒྱ་ཡིག་ཆུ་ཚད་ཀྱི་རྒྱུགས་གཞི (MHK)ལ་རྒྱུགས་འཕྲོད་པའི་ཚད་མཐོ་བ། རང་འགུལ་གྱི་སྒོ་ནས་སློབ་གླིང་དང་སྡེ་ཁག་གི་བྱ་འགུལ་ཁག་སྤེལ་བར་རྩ་འཛུགས་ཀྱི་ནུས་པ་ཡོད་པ་སོགས་ཀྱིས་དགེ་སློབ་ཡོངས་ཀྱི་བསྟོད་བསྔགས་ཐོབ་ཀྱིན་ཡོད། ད་དུང་བོད་ཡིག་སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བ་གཉེར་བ། དྲུང་ཡིག་གི་ལས་འགན་འཁུར་བ་སོགས་སློབ་གསོ་དང་ཚན་རིག་ཞིབ་འཇུག་ ཁེ་ལས། སྲིད་འཛིན་དོ་དམ་ལས་ཁུངས་སོགས་ནས་བྱ་བ་གཉེར་ཐུབ་པ་རེད།།
གྲངས་རིག་སྡེ་ཁག
མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་མི་རིགས་དགེ་ཐོན་སློབ་གླིང་གྲངས་རིག་སྡེ་ཁག་ནི་མཚོ་སྔོན་མི་རིགས་དགེ་ཐོན་མཐོ་རིམ་སློབ་གྲྭའི་གྲངས་རིག་སྡེ་ཁག (༡༩༨༥ལོར་བཙུགས)དང༌། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སྡེ་ཁག་གྲངས་རིག་ཁང་གི་རྨང་གཞིའི་སྟེང༣༠༠༠ལོར་བཙུགས་པ་ཡིན།ད་ལྟ་བོད་རྒྱ་སྐད་གཉིས་གྲངས་རིག་དང་གྲངས་རིག་བེད་སྤྱོད། བོད་རྒྱ་སྐད་གཉིས་ཀྱི་བརྡ་འཕྲིན་དང་རྩིས་འཁོར་རིག་ཚན་གྱི་དངོས་གཞི་ཆེད་ལས་གཉིས་ཡོད། དགེ་རྒན་༢༥ཡོད་པ་དང༌། དེའི་ནང་དགེ་རྒན་ཆེན་མོ༦དང༌། དགེ་རྒན་ཆེན་མོ་གཞོན་པ༡༢ འཆད་ཁྲིད་དགེ་རྒན༧ཡོད། དེར་མ་ཟད་ཞིང་ཆེན་རིམ་པའི་དགེ་རྒན༣ཡོད། དེ་དག་ནི་སྐད་གཉིས་སློབ་ཁྲིད་ལ་ཉམས་མྱོང་ཕུན་སུམ་ཚོགས་ཤིང༌། བོད་རྒྱ་སྐད་གཉིས་སློབ་ཁྲིད་ཀྱི་སྒྲིག་རིམ་ལ་ཆ་རྒྱུས་ཡོད་པ། ཆེད་ལས་རྨང་གཞི་བརྟན་པོ་ཡིན་པར་མ་ཟད། གསར་སྤེལ་གྱི་ནུས་པ་ལྡན་པ། ན་ཚོད་དང་དགེ་རྒན་གྱི་ཐོབ་ཐང་སོགས་གྲུབ་ཚུལ་འོས་འཚམ་ཡིན་པའི་རུ་ཁག་ཅིག་ཡིན། སྡེ་ཁག་བཙུགས་ནས་ལོ་འཁོར་ཉི་ཤུའི་རིང་ལ་སློབ་ཁྲིད་ཀྱི་གཞི་རྐང་ཚུགས་ཤིང༌། ཚན་རིག་ཞིབ་འཇུག་ལ་མཐོང་ཆེན་བྱེད་པ་སོགས་ཀྱི་ཁྱད་ཆོས་ཕྱིར་མངོན་ཏེ་ལྗོངས་ཞིང་ལྔའི་བོད་ཁམས་ཡོངས་ལ་ཚད་ལྡན་གྱི་ཤེས་ཡོན་པ་སྐྱེད་སྲིང་བྱེད་པ་དམིགས་སུ་བཟུང་ནས་སྐད་གཉིས་སློབ་གསོ་ལ་ནན་གྱིས་བསྐུལ་བཞིན་ཡོད། བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་པོར་འཛིན་པའི་འདུ་ཤེས་དང༌། སློབ་ཁྲིད་དཀྱིལ་སྙིང་དུ་འཛིན་པའི་འདུ་ཤེས། སྤུས་ཚད་གཙོ་བོར་འཛིན་པའི་འདུ་ཤེས། ནུས་རྩལ་འཚོ་གནས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང༌། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ཟུང་འབྲེལ་བྱེད་པ་གཙིགས་སུ་བཟུང་ཡོད། ལོ་འདི་འགའི་རིང་ལ་རང་རེའི་སྡེ་ཁག་གི་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་ཞོར་དུ་ཚན་རིག་ཞིབ་འཇུག་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་པས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད། དེར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ་དང༌། མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་རྒྱས་བྱ་དགའ་ཨང་གཉིས་པ་སོགས་བྱ་འགའི་མཚན་སྙན་གནང༌། ད་དུང་བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་རང་བྱུང་ཚན་རིག་གི་ཐ་སྙད་དཔེ་ཚོགས-དངོས་ལུགསསོགས་ཚིག་མཛོད་གསུམ་སྒྲིག་རྩོམ་མཛད། ད་ལྟའི་བར་དུ་བོད་རྒྱ་སྐད་གཉིས་ཀྱི་ཁྱད་ཆོས་ལྡན་པའི་སློབ་དེབ༡༩ལྷག་སྒྱུར་སྒྲིག་བྱས། སློབ་དེབ་འདི་དག་དང་རམ་འདེགས་སློབ་དེབ་འདི་དག་གིས་རྒྱལ་ནང་གི་སྟོང་ཆ་བསྐངས་ཤིང༌། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་སློབ་དེབ་འཛུགས་བསྐྲུན་ལ་སྐུལ་འདེད་བྱས་ཡོད་པས་བོད་རྒྱ་སྐད་གཉིས་སློབ་ཁྲིད་བདེ་བླག་ངང་ལག་བསྟར་བྱེད་པ་ལ་འགན་སྲུང་བྱས་ཡོད། སྤྱི་ལོ༢༠༠༡ལོ་ནས་ད་ལྟའི་བར་སྡེ་ཁག་གི་དགེ་རྒན་ཡོངས་ཀྱིས་རིག་གཞུང་དཔྱད་རྩོམ༡༠༠ལྷག་སྤེལ།
རང་སྡེ་ཁག་གི་བོད་རྒྱ་སྐད་གཉིས་གྲངས་རིག་དང་གྲངས་རིག་བེད་སྤྱོད་ཀྱི་ཆེད་ལས་ནི༢༠༠༨ལོར་སློབ་གསོ་པུའུ་ཡིས་མཐོ་རིམ་སློབ་གྲྭའི་ཆེས་ཐོག་མའི་ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་བསྐྲུན་ལྟེ་གནས་སུ་གཏན་འཁེལ་བྱས།
ཆེད་ལས། གྲངས་རིག་དང་གྲངས་རིག་བེད་སྤྱོད(བོད་རྒྱ་སྐད་གཉིས) (དགེ་འོས)།སློབ་ཡུན་ལོ་བཞི།རྩིས་ཚན་རིག་པའི་ཤེས་རམས་པའི་ཡོན་ཚད་ཀྱི་ཐོབ་ཐང་སྤྲོད།
སྐྱེད་སྲིང་དམིགས་ཡུལ། ཆེད་ལས་འདིས་གྲངས་རིག་དང་གྲངས་རིག་བེད་སྤྱོད་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་དང༌། རྨང་གཞིའི་ཤེས་ཡོན། གཞི་རྩའི་ནུས་རྩལ་ལྡན་པ།མི་རིགས་ས་ཁུལ་དུ་བོད་རྒྱ་སྐད་གཉིས་ཀྱི་གྲངས་རིག་སློབ་ཁྲིད་དང་ཞིབ་འཇུག་བྱེད་ཐུབ་པའི་དགེ་རྒན།དངུལ་རྩ་དང་གྲངས་རིག་ཆེད་ལས་ལ་འབྲེལ་ཡོད་གྱི་ལས་རིག་རྣམས་ལ་ལས་བྱེད་མི་སྣ་སྐྱེད་སྲིང་བྱེད་པར་མ་ཟད།རིམ་པ་མཐོ་བའི་སློབ་གཉེར་བརྒྱུད་རིམ་སློབ་གསོ་ལ་ཚད་ལྡན་གྱི་སློབ་མའང་སྐྱེད་སྲིང་བྱེད་པའོ།
བསླབ་གཞི་གཙོ་བོ། གྲངས་རིག་དབྱེ་ཞིབ།ཞིབ་འགྲེལ་དབྱིབས་རྩིས།མཐོ་རིམ་ཚབ་རྩིས།ཉེ་རབས་ཚབ་རྩིས།དངོས་ལུགས་དཀྱུས་མ།ཆ་ཕྲན་དབྱིབས་རྩིས།རྒྱུན་ཆ་ཕྲན་མཉམ་བྱ།སྲིད་ཕྱོད་སྨྲ་བ་དང་རྩིས་ལུགས་སྡོམ་རྩིས།ཚོ་འགྱུར་རྟེན་འབྱུང་གྲངས།སྐོར་སྒྲིག་རྩིས་རིགབོད་རྒྱ་ཚན་རིག་ལག་རྩལ་ཡིག་སྒྱུར།སློབ་གསོ་རིག་པ།སེམས་ཁམས་རིག་པ་བཅས།མཐར་ཕྱིན་སློབ་མའི་ཁ་གྲངས།སློབ་མ༤༠ (ཕོ༡༩ མོ༢༡)
ལས་ཞུགས་ཁ་ཕྱོགས། བོད་རྒྱ་སྐད་གཉིས་གྲངས་རིག་སློབ་ཁྲིད་དང༌།སློབ་གསོའི་ཞིབ་འཇུག་བྱ་བ། སློབ་ཁྲིད་དོ་དམ་བྱ་བ་སོགས།
ཐེངས་འདིའི་མཐར་ཕྱིན་སློབ་མའི་ཁྱད་ཆོས།
འཛིན་གྲྭ་འདིའི་སློབ་མ་ལ་ཆེད་ལས་རྨང་གཞི་ཤེས་བྱ་བརྟན་པོ་ཡོད་པར་མ་ཟད། སྔོན་གྱི་སྐབས་འགའི་མཐར་ཕྱིན་སློབ་མ་དང་བསྡུར་ན། ཐེངས་འདིའི་མཐར་ཕྱིན་སློབ་མའི་ཕྱོགས་བསྡུས་གཤིས་རྒྱུད་སྤུས་ཚད་ལེགས་པ་དང༌། ལག་ལེན་ནུས་ཤུགས་ཆེ་བའི་ཁྱད་ཆོས་ལྡན། བོད་རྒྱ་སྐད་གཉིས་གྲངས་རིག་སློབ་ཁྲིད་བྱ་བ་ལ་ཞུགས་པའི་ནུས་བ་ལྡན་པར་མ་ཟད། མི་རིགས་ཆུང་འབྲིང་སློབ་གྲྭའི་བོད་རྒྱ་སྐད་གཉིས་གྲངས་རིག་སློབ་ཁྲིད་བྱ་བའང་འགན་ཁུར་ཐུབ་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号