ད་སྔ་གཟིགས་བཞིན་པ།  མདུན་ངོས། > སློབ་གྲྭ་མཚམས་སྦྱོར། > སློབ་ཆེན་སློབ་གྲྭ།
༄༅། །མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་།
སྤེལ་དུས།05-08  ཡོང་ཁུངས།  རྩོམ་པ་པོ།
དངོས་ལུགས་སྡེ་ཁག
དངོས་ལུགས་སྡེ་ཁག་ནི་སློབ་གླིང་གིས་གཙོ་བོར་བཟུང་ནས་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བཞིན་པའི་སྡེ་ཁག་ཅིག་ཡིན་པ་དང༌། དེར་ཁོར་ཡུག་སྲུང་སྐྱོབ་ནུས་ཁུངས་གཞུང་ལས་ཁང་དང་སྡེ་ཁག་གཞུང་ལས་ཁང༌། སྤྱིར་བཏང་དངོས་ལུགས། གཞུང་ལུགས་དངོས་ལུགས། དངོས་བཤེར་གཞུང་ལུགས། གློག་རྡུལ་ལག་རྩལ་བཅས་ཀྱི་སློབ་དཔྱོད་ཁང་བཙུགས་ཡོད། ད་ལྟ་དགེ་རྒན༡༦ཡོད་པ་དང༌། དེ་ལས་སློབ་དཔོན་ཆེན་མོ༢དང༌། སློབ་དཔོན་ཆེན་མོ་གཞོན་པ༨། འཆད་ཁྲིད་དགེ་རྒན༦བཅས་ཡོད། ད་སྔ་བོད་རྒྱ་སྐད་གཉིས་དངོས་ལུགས་སློབ་གསོ་དང་བོད་རྒྱ་ཚན་རིག་སློབ་གསོའི་ཆེད་ལས་གཉིས་ཡོད་པ་དང༌། སློབ་ཡུན་ལོ་བཞི་ཡིན་ལ། སློབ་མ༢༡༣ཡོད། དངོས་ལུགས་སློབ་གསོའི་ཆེད་ལས་སློབ་ཁྲིད་གཙོ་བོ་ལ་ཤུགས་རིག་པ་དང༌། ཚ་བའི་རིག་པ། གློག་ཁབ་ལེན་རིག་པ། འོད་རིག་པ། མ་རྡུལ་རིག་པ། གློག་རྡུལ་གློག་ལམ། གློག་ལས་རིག་པ། གཞུང་ལུགས་ཤུགས་རིག་པ། ཚད་རྡུལ་ཤུགས་རིག་པ། ཚད་ཤུགས་རིག་པ་དང་སྡོམ་རྩིས་དངོས་ལུགས། གློག་སྒུལ་ཤུགས་རིག་པ། མཐོ་རིམ་རྩིས་རིག རྩིས་འཁོར་རྨང་གཞི་ཉེར་སྤྱོད། སྤྱིར་བཏང་དངོས་ལུགས་དངོས་བཤེར་སོགས་བཙུགས་ཡོད།
སློབ་གླིང་ཏང་དང་སྲིད་འཛིན་གྱི་འགོ་ཁྲིད་འོག སློབ་ཁྲིད་རྟེན་གཞི་བྱས་ཏེ་ཚན་རིག་ཞིབ་འཇུག་ལ་མཐོང་ཆེན་དང༌། རང་གི་ཁྱད་ཆོས་སྤེལ་བ། སྐད་གཉིས་དམིགས་སུ་འཛིན་པ་དང༌། ཞིང་ལྗོངས་ལྔར་ཚད་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་སློབ་སྒྲུབ་དམིགས་ཡུལ་དུ་བཟུང་ནས། ཀུན་སྤྱོད་སློབ་གསོ་གནད་དུ་འཛིན་པའི་འདུ་ཤེས་དང༌། སློབ་ཁྲིད་སྙིང་འཛིན་འདུ་ཤེས། སྤུས་ཀ་རྐང་འཛིན་འདུ་ཤེས། རྩལ་ནུས་འཚོ་གནས་འདུ་ཤེས། ཚན་རིག་ཞིབ་འཇུག་གིས་སྡེ་ཁག་སྤེལ་བའི་འདུ་ཤེས་བཅས་རྒྱུན་འཁྱོངས་བྱེད་པ་དང༌། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སྦྲགས་མར་སྤེལ་རྒྱུར་མཐོང་ཆེན་བྱས་ཏེ། ཧུར་ཐག་གིས་སློབ་ཁྲིད་བཅོས་བསྒྱུར་ཞིབ་འཇུག་ལག་ཏུ་བསྟར་བཞིན་ཡོད། སྔ་གཞུག་ཏུ་རིག་གཞུང་དུས་དེབ་སྟེང་དཔྱད་རྩོམ་བརྒྱ་ལྷག་སྤེལ་བ་དང༌། བོད་རྒྱ་སྐད་གཉིས་དངོས་ལུགས་བསླབ་དེབ་བཅུ་ལྷག་རྩོམ་སྒྱུར་བྱས་ཏེ་དཔེ་སྐྲུན་བྱས། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་འབྲས་བུ་ཕུན་སུམ་ཚོགས་པས་རྒྱལ་ཁབ་སློབ་ཁྲིད་གྲུབ་འབྲས་བྱ་དགའ་རིམ་པ་གཉིས་པ་དང༌། ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ་རིམ་པ་གཉིས་པ། ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་སོགས་ཐོབ་མྱོང༌། ཆེད་ལས་འཕེལ་རྒྱས་ཁྲོད་དུ་སྔ་ས་ནས་བོད་རྒྱ་དངོས་ལུགས་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལམ་གསར་བ་འཚོལ་ཞིབ་དང་ཉི་ནུས་བེད་སྤྱོད་ཀྱི་ཞིབ་འཇུག་བྱེད་པ། སློབ་སྒྲུབ་གཞི་ཁྱོན་མུ་མཐུད་དེ་བསྐྱེད་པ་དང་བསྟུན་ནས།སློབ་སྒྲུབ་རིམ་པ་དང་ཆུ་ཚད་མཐོར་འདེགས་ཀྱིས་བསླབ་བྱ་བཀོད་སྒྲིག་ཉིན་རེ་ལས་ཉིན་རེར་ཚད་ལྡན་དང་འཐུས་ཚང་དུ་གཏོང་བཞིན་ཡོད་ལ། ལོ་རེ་རེའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་རྒྱ་ཆའི༩༠ཡན་ཟིན་ཡོད།།
ཆེད་ལས། དངོས་ལུགས་སློབ་གསོ(བོད་རྒྱ་སྐད་གཉིས) (དགེ་ཐོན)སློབ་ཡུན་ལོ་བཞི། རྩིས་ཚན་གྱི་ཤེས་རམས་པའི་ཡོན་ཚད་ཐོབ་ཐང་ཡོད།
སྐྱེད་སྲིང་དམིགས་ཡུལ། བསམ་བློ་ཀུན་སྤྱོད་སོགས་ཕྱོགས་ཡོངས་འཕེལ་རྒྱས་དང༌།དངོས་ལུགས་ཚན་རིག་གི་གཞི་རྩའི་ཤེས་བྱ་ནང་བྱན་ཆུད་པ། དེང་རབས་སློབ་གསོའི་འདུ་ཤེས་ཡོད་པ། རོང་འབྲོག་མི་རིགས་ས་ཁུལ་གྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ལ་མཁོ་བའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ནམ་སློབ་ཁྲིད་ཞིབ་འཇུག་མི་སྣའི་ཐད་ཀྱི་སློབ་གསོ་བ་བསྐྱེད་སྲིང་བྱེད་པ།
བསླབ་བྱ་གཙོ་བོཤུགས་རིག་པ་དང༌།ཚ་བའི་རིག་པ། གློག་ཁབ་ལེན་རིག་པ། འོད་རིག་པ། མ་རྡུལ་རིག་པ། གློག་རྡུལ་གློག་ལམ། གློག་ལས་རིག་པ། གཞུང་ལུགས་ཤུགས་རིག་པ། ཚད་རྡུལ་ཤུགས་རིག་པ། ཚད་ཤུགས་རིག་པ་དང་སྡོམ་རྩིས་དངོས་ལུགས། གློག་སྒུལ་ཤུགས་རིག་པ། མཐོ་རིམ་རྩིས་རིག རྩིས་འཁོར་རྨང་གཞི་ཉེར་སྤྱོད། སྤྱིར་བཏང་དངོས་ལུགས་དངོས་བཤེར། སློབ་གསོ་རིག་པ་དང་སེམས་ཁམས་རིག་པ་སོགས་སྦྱངས་པ་ཐོབ་ཡོད།
མཐར་ཕྱིན་སློབ་མའི་གྲངས་ཀ  མི༤༠ཡོད། (ཕོ༢༣ དང་མོ༡༧ )
ལས་ཞུགས་ཁ་ཕྱོགས། དངོས་ལུགས་རིག་པ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྐད་གཉིས་སློབ་གསོ་དང་ཞིབ་འཇུག་བྱ་བ། སློབ་གསོ་དོ་དམ་གྱི་ལས་ཀ་གཉེར་བ། སློབ་འབྲིང་དངོས་ལུགས་དང་རྩིས་འཁོར་རྨང་གཞི་བཅས་བོད་རྒྱ་སྐད་གཉིས་སློབ་ཁྲིད་སོགས་ཀྱི་ལས་ཀའི་འགན་ཁུར་ཐུབ།
སྐབས་འདིའི་མཐར་ཕྱིན་སློབ་མའི་ཁྱད་ཆོས། འཛིན་གྲྭ་འདིར་མཐར་ཕྱིན་སློབ་མ༤༠ཡོད་པའི་ཁྲོད་དུ་བོད་རིགས་དང་སོག་རིགས། ཧོར་དང་རྒྱ་རིགས་བཅས་ཡོད། བོད་རྒྱ་སྐད་གཉིས་ཀྱིས་ཆེད་ལས་རྨང་གཞིའི་སློབ་ཁྲིད་བྱས་ཏེ་སློབ་མའི་གཞི་རྩའི་ནུས་པ་བསྐྱེད་སྲིང་ལེགས་པོ་བྱས་ཡོད་པས། ཁོ་ཚོར་བོད་རྒྱ་སྐད་གཉིས་སློབ་ཁྲིད་དང་ཞིབ་འཇུག་བྱ་བའི་ཆེད་ལས་ཐད་ཀྱི་གཞུང་ལུགས་རྨང་གཞི་བརྟན་པོ་ཆགས་ཡོད། ཤེས་བྱ་སྣ་འཛོམས་ཅན་གྱི་སློབ་མ་འདི་དག་གིས་མི་རིགས་སློབ་འབྲིང་གི་བོད་རྒྱ་སྐད་གཉིས་དངོས་ལུགས་སློབ་ཁྲིད་ཀྱི་འགན་ཡོངས་སུ་ཁུར་ཐུབ་བོ།
ཆེད་ལས་ཀྱི་མིང། རྩིས་འཁོར་བེད་སྤྱོད། (བོད་རྒྱ་སྐད་གཉིས) (དགེ་རྒན)ཆེད་སྦྱོང༌། སློབ་ཡུན་ལོ་གསུམ།
གསོ་སྐྱོང་དམིགས་ཡུལ། སློབ་མའི་ཀུན་སྤྱོད་དང༌། བློ་རིག ལུས་ཕུང༌། མཛེས་དཔྱོད།ངལ་རྩོལ་བཅས་མཉམ་དུ་ཡར་རྒྱས་སུ་གཏོང་པ་དང༌།དེང་རབས་སློབ་གསོའི་ལྟ་བ་ཆགས་པ། རྩིས་འཁོར་ཚན་རིག་ལག་རྩལ་གྱི་རྨང་གཞིའི་གཞུང་ལུགས་དང༌། རྨང་གཞིའི་ཤེས་བྱ།ཉམས་མྱོང་ཐབས་རྩལ་བཅས་ལ་བྱང་ཆུབ་པ། བྱ་རིམ་ཇུས་འགོད་དང་གཞི་གྲངས་མཛོད།དྲ་རྒྱའི་ལག་རྩལ། སྨྱན་གཟུགས་ལག་རྩལ་སོགས་སྤྱོད་པར་ཅུང་བྱང་ཆ་ལྡན་པ་ཞིག་གསོ་སྐྱོང་བྱེད་པ་ཡིན། རང་རྒྱལ་གྱི་ལྗོངས་ཞིང་ལྔའི་བོད་ཁུལ་ལ་རྩིས་འཁོར་སློབ་ཁྲིད་དང་ཞིབ་འཇུག་བྱེད་པའི་རྒྱ་བོད་སྐད་གཉིས་ཀྱི་ཤེས་ཡོན་པ་སྐྱེད་སྲིང་བྱེད་ཅིང་ཆེད་ལས་འདིའི་ཞིབ་འཇུག་སློབ་མའི་སློབ་གསོ་ལ་ཚད་ལྡན་མི་སྣ་སྐྱེལ་བཞིན་ཡོད།
བསླབ་ཚན་གཙོ་བོ། སྐད་བརྡའི་བྱ་རིམ་ཇུས་འགོད། གཞི་གྲངས་སྒྲིག་གཞི །ཕྱོགས་བསྒྲིགས་སྐད་བརྡ། ཕྲ་དབྱིབས་རྩིས་འཁོར་གྱི་རྩ་བའི་རིགས་པ། གཞི་གྲངས་མཛོད་བེད་སྤྱོད། བཀོལ་སྤྱོད་རྒྱུད་ཁོངས། དྲ་རྒྱའི་བཟོ་འགོད། ཡུལ་གཏད་ཀྱི་བྱ་རིམ་ཇུས་འགོད།རྒྱུད་ཁོངས་སྲུང་སྐྱོང་དང་ཞིག་གསོ། སློབ་གསོ་རིག་པ། སེམས་ཁམས་རིག་པ་སོགས་ཡོད།
མཐར་ཕྱིན་མི་གྲངས།མི༤༡(ཕོ ༢༡་མོ༢༠)
ལས་ཞུགས་ཁ་ཕྱོགས། སློབ་གསོ་དང༌། ཁེ་ལས། ལས་གཉེར། སྲིད་འཛིན་དོ་དམ་སོགས་ཀྱི་ལས་ཁོངས་དུ་རྩིས་འཁོར་གྱི་སྐད་གཉིས་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག རྩིས་འཁོར་དོ་དམ་སོགས་ཀྱི་ལས་ལ་ཞུགས་ཆོག
ཐེངས་འདིའི་མཐར་ཕྱིན་སློབ་མའི་ཁྱད་ཆོས། ལོ་གསུམ་གྱི་ཆེད་ལས་བསླབས་སྦྱངས་དང་ལག་ལེན་བྱ་འགུལ། སློབ་གསོའི་དངོས་སྦྱོང་བརྒྱུད་དེ་སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་དང་ཆེད་ལས་ནུས་རྩལ་ཇེ་མཐོར་སླེབས་ལ་བོད་རྒྱ་སྐད་གཉིས་ཀྱི་རྩིས་འཁོར་སློབ་ཁྲིད་ནུས་པ་དང༌། རྩིས་འཁོར་དྲ་རྒྱ་འདོན་སྤེལ་དང་སྲུང་སྐྱོང་ནུས་པ། བོད་རྒྱ་སྐད་གཉིས་ཀྱི་རྩིས་འཁོར་དྲ་ཚིགས་འཛུགས་སྐྲུན་ནུས་པ། བོད་རྒྱ་སྐད་གཉིས་ཀྱི་སྨྱན་གཟུགས་ཁྲིད་བྱང་ཇུས་འགོད་ནུས་པ།བོད་ཡིག་ཆ་འཕྲིན་ཐག་གཅོད་ནུས་པ། བོད་རྒྱ་ལོ་ཙཱའི་ནུས་པ། གསར་གཏོད་ཀྱི་འདུ་ཤེས་གསར་གཏོད་ཀྱི་ནུས་པ་སོགས་ཡོད་དོ།།
ཆེད་ལས་ཀྱི་མིང༌། བེད་སྤྱོད་དབྱིན་ཡིག ། (བོད་དབྱིན་སྐད་གཉིས།)(དགེ་རྒན)ཆེད་སྦྱོང༌། སློབ་ཡུན་ལོ་གསུམ།
གསོ་སྐྱོང་དམིགས་ཡུལ། སློབ་མའི་ཀུན་སྤྱོད་དང༌། བློ་རིག ལུས་ཕུང༌། མཛེས་དཔྱོད།ངལ་རྩོལ་བཅས་མཉམ་དུ་ཡར་རྒྱས་བྱུང་ཡོད་ལ་སློབ་གྲྭ་ཆུང་འབྲིང་དུ་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བ་སྐྲུབ་པ།དེང་རབས་སློབ་གསོའི་ལྟ་བ་ཆགས་ཤིང་ལས་ལ་བརྩོན་པའི་དབྱིན་ཡིག་དགེ་རྒན་ཞིག་ཡིན་པ།ད་དུང་འབྲེལ་ཡོད་ལོ་ཙཱ་དང་༌། ཕྱི་དོན་བྱ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་པར་འཚམས་པའི་དགེ་རྒན་དང་དབྱིན་ཇིའི་སྐད་ཡིག་གི་ཤེས་ཡོན་པ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན།
བསླབ་ཚན་གཙོ་བོ། དབྱིན་ཡིག་ཉན་བཤད། ཕྱོགས་བསྡུས་དབྱིན་ཡིག དབྱིན་ཡིག་ཀློག་འདོན། དབྱིན་ཡིག  དབྱིན་ཡིག་རྩོམ་འཇུག བོད་དབྱིན་ལོ་ཙཱའི་རྨང་གཞི། བོད་ཡིག དཔྱད་རྩོམ་ལ་འཇུག་ཚུལ།ཚན་རྩལ་དབྱིན་ཡིག སློབ་གསོ་རིག་པ། སེམས་ཁམས་རིག་པ་སོགས་ཡོད།
མཐར་ཕྱིན་མི་གྲངས། མི༤༤ (ཕོ ༢༤མོ༢༠)
ལས་ཞུགས་ཁ་ཕྱོགས།མི་རིགས་བློབ་གྲྭ་ཆུང་འབྲིང་གི་དབྱིན་ཡིག་དགེ་རྒན་ནམ་ཁེ་ལས་ལས་གཉེར་སོགས་ཀྱི་ལས་ཁོངས་དུ་ལོ་ཙཱ་དང་ཕྱི་དོན་སོགས་ཀྱི་ལས་ལ་ཞུགས་ཆོག
སྐབས་འདིའི་མཐར་ཕྱིན་སློབ་མའི་ཁྱད་ཆོས།འཛིན་གྲྭ་འདིའི་སློབ་མ་དག་གིས་དབྱིན་ཡིག་ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་སྦྱངས་བ་བརྒྱུད་དེ་ཉན་བཤད་ཀློག་འབྲི་སྒྱུར་བའི་ནུས་པ་ལྡན་ཞིང་དབྱིན་ཡིག་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིག་གནས་དང་ཚན་རིག་འཕེལ་རྒྱས་ལ་ཆ་རྒྱུས་ཡོད་པ།རྩིས་འཁོར་ལག་རྩལ་ལ་བྱང་ཞིང་ཡིག་ཆ་འཚོལ་སྡུད་ཀྱི་ནུས་པ་ལྡན་ཞིང་བོད་རྒྱ་སྐད་གཉིས་དཔེ་ཁྲིད་ནུས་པ་ངེས་ཅན་ཞིག་ཡོད།
ཆེད་ལས་ཀྱི་མིང། སློབ་སྔོན་སློབ་གསོ། བོད་རྒྱ་སྐད་གཉིས། དགེ་རྒན། ཆེད་སྦྱོང༌། སློབ་ཡུན་ལོ་གསུམ།
གསོ་སྐྱོང་དམིགས་ཡུལ། སློབ་མའི་ཀུན་སྤྱོད་དང༌། བློ་རིག ལུས་ཕུང༌། མཛེས་དཔྱོད།ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་ལ་་སྤྱི་ཚོགས་འཕེལ་རྒྱས་དང་འོས་མཚམས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཕྲུ་གུའི་སློབ་གསོ་དང་ཕྲུ་གུའི་དོ་དམ༌།དེ་ལས་བྱུང་བའི་གནད་དོན་ཐག་གཅོད་ཐུབ་པའི་་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་ཡིན།
བསླབ་ཚན་གཙོ་བོ།སློབ་སྔོན་སློབ་གསོ་རིག་པ། ཕྲུག་གསོའི་སེམས་ཁམས་རིག་པ། ཕྲུ་གུའི་སེམས་ཁམས་རིག་པ། ཕྲུ་གུའི་འཕྲོད་བསྟེན་རིག་པ། ཁྱིམ་ཚང་སློབ་གསོ་རིག་པ། བུ་སྙོར་ཁང་གི་སྐད་ཆའི་སློབ་གསོ། བུ་སྙོར་ཁང་གི་རྒྱུན་ཤེས་ཁྲིད་ཐབས། བུ་སྙོར་ཁང་གི་ལུས་རྩལ་ཁྲིད་ཐབས།བུ་བཅོལ་ཁང་རོལ་དབྱངས་ཁྲིད་ཐབས། སློབ་གསོ་རིག་པ། སེམས་ཁམས་རིག་པ་སོགས་ཡོད།
མཐར་ཕྱིན་མི་གྲངས། མི༤༡ །(ཕོ ༡༩མོ༢༢)
ལས་ཞུགས་ཁ་ཕྱོགས། མི་རིགས་ས་ཁུལ་གྱི་བུ་སྙོར་ཁང་སློབ་ཁྲིད་དང་བུ་སྙོར་ཁང་གི་སློབ་གསོ་དོ་དམ་གྱི་བྱ་བར་ཞུགས་ཆོག
སྐབས་འདིའི་མཐར་ཕྱིན་སློབ་མའི་ཁྱད་ཆོས། ༢༠༡༠ལོར་མཐར་ཕྱིན་སློབ་མ ༤༡ཆེད་ལས་རྨང་གཞི་བཟང་ཞིང་གླུ་གར་ལ་མཁས་པ། རྩ་འཛུགས་དོ་དམ་དང་མཐུན་སྦྱོར་ནུས་པ་ཡོད་པ། ངེད་སློབ་གླིང་གི་སྒྱུ་རྩལ་བྱ་འགུལ་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་མྱོང་པས་ཕྲུ་གུའི་སློབ་གསོ་དོ་དམ་སྡེ་ཁག་དང་བུ་སྙོར་ཁང་དུ་བོད་རྒྱ་སྐད་གཉིས་ཀྱི་ཕྲུ་གུའི་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ལ་ཞུགས་ཐུབ་པ་ཡིན།
ཆེད་ལས་ཀྱི་མིང། དམའ་རིམ་སློབ་གསོ། (རྩོམ་ཚན། །བོད་རྒྱ་སྐད་གཉིས།ཆེད་སྦྱོང༌། སློབ་ཡུན་ལོ་གསུམ།
གསོ་སྐྱོང་དམིགས་ཡུལ། སློབ་མའི་ཀུན་སྤྱོད་དང༌། བློ་རིག ལུས་ཕུང༌། མཛེས་དཔྱོད།ངལ་རྩོལ་བཅས་མཉམ་དུ་ཡར་རྒྱས་བྱུང་ཡོད་པ་དང་མི་གཞུང་བཟང་ཞིང་རྩོམ་རིག་ཆེད་ལས་ཀྱི་གཞུང་ལུགས་དང་རྨང་གཞིའི་ཤེས་བྱ་ལ་བྱང་ཆུབ་པ། རྩོམ་འབྲིའི་ནུས་པ་ལྡན་ཞིང་ཁེ་ལས་ལས་གཉེར་དང་སྲིད་འཛིན་དོ་དམ་སྡེ་ཁག་དང་སློབ་གསོ་སྡེ་ཁག་སོགས་སུ་དྲུང་ཡིག་དང་སློབ་ཁྲིད་ཀྱི་བྱ་བ་ཁུར་ཐུབ་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་ཡིན།
བསླབ་ཚན་གཙོ་བོ། སྐད་བརྡའི་བྱ་རིམ་ཇུས་འགོད། སློབ་ཆེན་དབྱིན་ཡིག ཀྲུང་གོའི་ལོ་རྒྱུས།ཀྲུང་གོའི་གནའ་རྩོམ༌། མཛེས་ད་པྱོད་རིག་པ།དེང་རབས་རྒྱ་ཡིག་རྩོམ་འཇུག ཕྱི་རྒྱལ་གྱི་རྩོམ་རིག བོད་སྐད་ཡིག དེང་སློབ་གསོའི་གཞུང་ལུགས། སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཁྲིད་གཞི་དང་ཁྲིད་ཐབས། སློབ་གསོ་རིག་པ། སེམས་ཁམས་རིག་པ།ཏིན་ཞོ་ཕེན་གཞུང་ལུགས་སོགས་ཡོད།
མཐར་ཕྱིན་མི་གྲངས།མི༥༠(ཕོ ༢༧མོ༢༣)
ལས་ཞུགས་ཁ་ཕྱོགས། སློབ་གསོ་དང༌།ཁེ་ལས།ལས་གཉེར། སྲིད་འཛིན་དོ་དམ་སོགས་ཀྱི་ལས་ཁོངས་སུ་དྲུང་ཡིག་དང་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཀྱི་སོགས་ཀྱི་ལས་ལ་ཞུགས་ཆོག

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号