ད་སྔ་གཟིགས་བཞིན་པ།  མདུན་ངོས། > སློབ་གྲྭ་མཚམས་སྦྱོར། > སློབ་ཆེན་སློབ་གྲྭ།
༄༅། །མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་།
སྤེལ་དུས།05-08  ཡོང་ཁུངས།  རྩོམ་པ་པོ།

      མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ནི་སློབ་གྲྭ་གཅིག་དང་པུའུ་གཉིས(དེ་སྔོན་མཚོ་སྔོན་མི་རིགས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང༌། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སློབ་གསོ་པུའུ། མཚོ་སྔོན་སློབ་གསོ་སློབ་གླིང་མི་རིགས་དགེ་རྒན་གསོ་སྦྱོང་པུའུ)ཀྱི་རྨང་གཞིའི་སྟེང་ཟླ་སྒྲིལ་གྱིས་བཙུགས་པའི་ཐིན་གཞོན་པའི་རིམ་པ་གཉིས་པའི་སློབ་གླིང་ཞིག་ཡིན་ལ། མཚོ་སྔོན་དང་རྒྱལ་ཡོངས་བོད་ཁུལ་སོ་སོར་བོད་རྒྱ་སྐད་གཉིས་ཀྱི་རྩིས་ཚན་དགེ་རྒན་གསོ་སྐྱོང་བྱེད་པའི་ལས་འགན་ཁུར་དུ་བླངས་ཡོད།སློབ་གླིང་འདིས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་ས་ཆར་ཚད་ལྡན་གྱི་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་དང་སྤྱི་ཚོགས་ལ་དཔལ་འབྱོར་གྱི་ཉེ་བར་མཁོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་གཙོ་བོར་བཟུང་ཡོད་ལ། སློབ་ཁྲིད་ལ་བརྟེན་ནས་སློབ་གྲྭ་སྟོབས་ལྡན་ཅན་དུ་གཏོང་བ། ཤེས་ལྡན་པར་བརྟེན་ནས་སློབ་གྲྭ་སྒྲུབ་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་སློབ་གསོ་གཙིགས་ཆེར་འཛིན་པའི་འདུ་ཤེས་དང་སློབ་ཁྲིད་སྙིང་འཛིན་འདུ་ཤེས། སྤུས་ཀ་རྐང་འཛིན་འདུ་ཤེས། རྩལ་ནུས་འཚོ་གནས་འདུ་ཤེས། སྐད་གཉིས་ཀྱི་ཁྱད་ཆོས་འདོན་པའི་འདུ་ཤེས་སོགས་ཇེ་བརྟན་དུ་གཏོང་བཞིན་ཡོད།

    མིག་སྔའི་སློབ་སྒྲུབ་རྣམ་པ་ནི། ཟི་ལིང་སློབ་ཁུལ་དུ་མི་རིགས་དངོས་གཞིའི་སློབ་གསོ་དང་ཞིབའཇུག་སློབ་མའི་སློབ་གསོ། མཚོ་ལྷོ་སློབ་ཁུལ་དུ་ཆེད་སྦྱོང་སློབ་གསོ་གཙོར་འཛིན་སྒོས་གྲ་སྒྲིག་སློབ་གསོ་དང་དར་མའི་སློབ་གསོ། ཕྱི་འགྲིམ་སློབ་མའི་སློབ་གསོ་བཅས་ཤུགས་ཆེན་པོས་སྤེལ་བཞིན་ཡོད།
    སློབ་གླིང་འདིར་ད་ལྟ་སློབ་ཁུལ་གཉིས(མཚོ་ལྷོ་སློབ་ཁུལ་ལ་མུའུ༡༩༥ཡོད་ལ། ཟི་ལིང་སློབ་ཁུལ་ལ་མུའུ༣༧ཡོད་ཅིང༌། སློབ་ཁུལ་གཉིས་པོའི་བར་ཐག་ལ་སྤྱི་ལེ༡༤༤ཡོད།)དང༌། སློབ་གྲྭའི་སྡོད་ཁང་གི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཁྲི༤ཡོད་ལ། སློབ་ཁྲིད་སྡེ་ཚན༧དང་འགན་སྒྲུབ་ལས་ཁུངས༤ཡོད་ཅིང༌། ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་རྩིས་ཚན་གྱི་དགེ་རྒན་གསོ་སྦྱོང་ལྟེ་གནས་དང་ཀྲུང་གོའི་སློབ་གྲྭ་ཆུང་འབྲིང་གི་ལྗང་མདོག་སློབ་གསོ་ལྟེ་གནས་གཉིས་ཀྱང་སློབ་གླིང་འདིར་བཙུགས་ཡོད། ད་ལྟ་དགེ་བཟོ་བ༢༡༡ཡོད་པའི་ནང༌། དགེ་རྒན་ཆེན་མོ་བ༣༥དང་དགེ་རྒན་ཆེན་མོ་གཞོན་པ༦༡ འཆད་ཁྲིད་དགེ་རྒན༤༡ འབུམ་རམས་པ༡༠(བསླབ་གནས་གཉེར་བཞིན་པ་ཚུད)རབ་འབྱམས་པ༥༢(བསླབ་གནས་གཉེར་བཞིན་པ་ཚུད)བཅས་ཡོད་ལ། སློབ་གླིང་ཡོངས་སུ་ཆེད་གཉེར་དགེ་རྒན༡༥༨ཡོད་པ་ལས། དགེ་རྒན༩༥ནི་བོད་རྒྱ་སྐད་གཉིས་ལ་བྱང་བའི་དགེ་རྒན་ཡིན་ཞིང༌། དེས་དགེ་བཟོ་བ་ཡོངས་ཀྱི60%ཟིན་པས། བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་བདེ་བླག་ངང་འགྱི་བར་ཁག་ཐེག་བྱས་ཡོད། ད་ལྟ་སློབ་གླིང་འདིར་སློབ་མ༢༣༡༤ཡོད་ལ། དེའི་ཁྲོད་རབ་འབྱམས་ཞིབ་འཇུག་སློབ་མ༢༦དང༌། དངོས་གཞི་སློབ་མ༡༡༤༣ཆེད་སྦྱོང་སློབ་མ་༣༧༣གྲ་སྒྲིག་སློབ་མ༥༩༩དར་མའི་སློབ་མ༢༤༣བཅས་ཡོད། སློབ་གླིང་གིས་སློབ་ཆེན་གྱི་སློབ་ཁྲིད་ཐོན་ཁུངས་བེད་སྤྱོད་པ་ལས་གཞན། མཚོ་ལྷོ་སློབ་ཁུལ་དུའང་དཔེ་མཛོད་ཁང་གཉེར་ཡོད་ལ། (སློབ་ཁུལ་ནུབ་མར་ཉར་བའི་དཔེ་ཆ་དེབ་ཁྲི་བཞི་ལྷག་ཡོད)ཞིང་ཆེན་རིམ་པའི་གནད་ཆེའི་ཚོད་ལྟ་ཁང་གཅིག་དང་ཚད་ལྡན་ཅན་གྱི་སྨྱན་མང་གཟུགས་སློབ་ཁང་ལྔ་ཡོད། སློབ་གླིང་ལ་ད་སྔ་བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྐད་ཡིག བོད་ཀྱི་རྩོམ་རིག་སྒྱུ་རྩལ་བཅས་ཀྱི་རབ་འབྱམས་ཞིབ་འཇུག་ཁ་ཕྱོགས་གསུམ་ཡོད་པའི་སྟེང༌། བོད་ཀྱི་སྐད་ཡིག་རྩོམ་རིག་དངབོད་རྒྱ་སྐད་གཉིས་གྲངས་རིག བོད་རྒྱ་སྐད་གཉིས་རྩིས་འཁོར། བོད་རྒྱ་སྐད་གཉིས་དངོས་ལུགས།བོད་རྒྱ་སྐད་གཉིས་མི་གཞུང་སློབ་གསོ། དབྱིན་ཡིག(བོད་དབྱིན)བཅས་དངོས་གཞི་དགེ་ཐོན་ཆེད་ལས༨དང༌། བོད་རྒྱ་སྐད་གཉིས་དམའ་རིམ་སློབ་གསོ་དང་བོད་རྒྱ་སྐད་གཉིས་རྩིས་འཁོར། དབྱིན་ཡིག(བོད་རྒྱ་དབྱིན་ཡིག་ཁ་ཕྱོགས)སློབ་སྔོན་སློབ་གསོ་བཅས་ཆེད་སྦྱོང་དགེ་ཐོན་ཆེད་ལས་༣དེ་མིན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཉེ་བར་མཁོ་བའི་དགེ་ཐོན་མིན་པའི་ཆེད་ལས་སོགས་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་སྐདྭཡིག་རྩོམ་རིག་དང(བོད་ཀྱི་སྐད་ཡིག་རྩོམ་རིག)གྲངས་རིག་དང་ཉེར་བཀོལ་གྲངས་རིག(བོད་རྒྱ་སྐད་གཉིས)གཉིས་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རིགས་དང་པོ་དང་གཉིས་པའི་ཁྱད་ཆོས་ཅན་གྱི་ཆེད་ལས་འཛུགས་སྐྲུན་བྱེད་ཡུལ་དུ་འདམས་ཏེ། རིག་ཚན་འཛུགས་སྐྲུན་གྱི་སྔ་ན་མེད་པའི་ཁྱད་ཆོས་མངོན་བཞིན་ཡོད།
    ཉེ་བའི་ལོ་འདི་དག་རིང༌། སློབ་གླིང་འདིའི་དགེ་རྒན་ལ་སྔ་ཕྱིར་སློབ་གྲྭ་རིམ་པ་ཡན་གྱི་བྱ་དགའ་སྣ་ཚོགས༦༠ལྷག་ཐོབ་ལ། དེའི་ཁྲོད་རྒྱལ་ཁབ་རིམ་པའི་བྱ་དགའ༣དང༌། རྒྱལ་ཁབ་ཀྱི་༨༦༣ཞེས་པའི་ལས་གཞིའི་རྣམ་གྲངས་ཀྱི་བྱ་དགའ༢ཡོད། བོད་ཡིག་རྩིས་འཁོར་མཐེབ་གཞོང་དང་ཨང་གྲངས་ནང་འཇུག་བྱེད་ཐབས་ཞིབ་འཇུག་ལ་སྤྱི་ལོ༢༠༠༤ལོར་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་ཅིང༌། སློབ་གྲྭས་ལས་འགན་འཁུར་བའི་རྒྱལ་ཁབ༨༦༣ཞེས་པའི་སྔོན་ཐོན་ཚན་རྩལ་ལས་གཞི་རྒྱ་བོད་ཚན་རྩལ་འཕྲུལ་ཆས་སྒྲ་སྒྱུར་མ་ལག་ནི་རྒྱལ་ཁབ་ཀྱི་གསལ་འབྱེད་ཆོད་སྡོམ་བརྒྱུད་པ་མ་ཟད། རྒྱལ་ནང་གི་སྟོང་ཆ་བསྐངས་ཤིང་ལག་རྩལ་ནི་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབས་ཡོད། སློབ་ཆེན་གྱིས་བོད་རྒྱ་སྐད་གཉིས་ཀྱི་དགེ་ཐོན་སློབ་གསོར་དམིགས་ཏེ་གཞུང་ལུགས་ཞིབ་འཇུག་དང་སློང་ཁྲིད་ལག་ལེན་ཞིབ་འཇུག་རབས་དང་རིམ་པར་འགྱིས་ཤིང༌། རིག་གཞུང་དཔྱད་རྩོམ༩༠༠ལྷག་སྤེལ་བ་དང༌། ཆེད་དེབ་བཞི་བཅུ་ལྷག་པར་བསྐྲུན་འགྲེམ་སྤེལ་བྱས། དེ་ལས་《མཐོ་རིམ་སློབ་གྲྭ་ཕལ་བའི་མི་རིགས་སློབ་གྲྭའི་བོད་རྒྱ་སྐད་གཉིས་སློབ་ཁྲིད་ལ་རྟོག་ཞིབ་བྱེད་པ》སོགས་ལ༡༩༣༣ལོར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཀྱི་ཨང་རིམ་གཉིས་པའི་བྱ་དགའ་ཐོབ། དེ་དང་མཐུན་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་དགོས་མཁོར་གཞིགས་ཏེ། བསླབ་དེབ་ཁག་གཅིག་སྒྲིག་སྒྱུར་བྱས་པ་དང༌། སློབ་གྲྭའི་བསླབ་དེབ༥བསྒྲིགས་ལ།༢༠༠༨ལོའི་བར་དུ་《མཐོ་རིམ་གྲངས་རིག་》དང་《རྫས་འགྱུར་དབྱེ་ཞིབ》་སོགས་བོད་རྒྱ་སྐད་གཉིས་ཀྱི་བསླབ་དེབ་ཁག50ལྷག་དངོས་སུ་པར་བསྐྲུན་བྱས་པས། རྒྱལ་ནང་གི་མཐོ་རིམ་སློབ་གསོར་བོད་ཡིག་རྩིས་ཚན་གྱི་བསླབ་དེབ་མེད་པའི་སྟོང་ཆ་ཁ་བསྐངས། དེའི་ནང་ནས་ཀྱང་བསླབ་དེབ༡༠ལྷག་ལ་མཚོ་སྔོན་ཞིང་ཆེན་བོད་ཡིག་རིགས་ཀྱི་བསླབ་དེབ་བྱ་དགའ་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ་ཅིང༌། བསླབ་དེབ་མང་པོ་ཞིག་མི་རིགས་སློབ་ཆེན་གཞན་པས་བེད་སྤྱོད་བཞིན་པ་ལས། བོད་རྒྱ་སྐད་གཉིས་བསླབ་དེབ་སྒྲིག་སྦྱོར་ཐད་ནས་ཕུན་སུམ་ཚོགས་པའི་ཉམས་མྱོང་གསོག་འཇོག་བྱས། དེ་མིན། 《རྒྱ་བོད་དབྱིན་གསུམ་གྱི་དངོས་ལུགས་རིག་པའི་ཚིག་མཛོད》དང་《རྒྱ་བོད་དབྱིན་གསུམ་གྱི་གྲངས་རིག་པའི་ཚིག་མཛོད》སོགས་ལས་མཁོའི་དཔེ་དེབ༡༠ལྷག་ཀྱང་བསྒྲིགས། དུས་ཡུན་རིང་པོའི་བོད་རྒྱ་སྐད་གཉིས་སློབ་གསོའི་ཞིབ་འཇུག་བརྒྱུད། སློབ་གླིང་འདིས་བོད་རྒྱ་སྐད་གཉིས་དགེ་ཐོན་སློབ་གསོའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས་ཏེ། བོད་ཀྱི་སློབ་གསོ་དང་ཚན་རྩལ། རིག་གནས། དཔལ་འབྱོར་སོགས་ཀྱི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་བཏོན། སློབ་གླིང་འདིས་ད་ལྟའི་བར་བོད་ཁུལ་དུ་འགྲོ་བར་སྤོབས་ཤིང་རྐང་ཚུགས་ཐུབ་པ། ལས་ཆོད་ལེགས་པའི་ཆེད་ལས་ཤེས་ལྡན་མི་སྣ༦༠༠༠ལྷག་གསོ་སྐྱོང་བྱས་ཤིང༌། དེའི་ཁྲོད70%ཡན་གྱི་སློབ་མས་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བྱ་བ་སྒྲུབ་ཀྱིན་པ་དང༌། ལོ་རེའི་དངོས་གཞི་སློབ་མའི་ལས་འགོའི་ཚད་ནི་80%ཡན་དུ་སླེབས་པས། རྒྱལ་ཡོངས་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་སློབ་ཁྲིད་ཐད་ནས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གོ་གནས་དང་སྤྱི་ཚོགས་ཤུགས་རྐྱེན་བཞག་ཡོད་དོ།།
བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་ནི༢༠༠༤ལོའི་ཟླ་བ༩ བར་མཚོ་སྔོན་མི་རིགས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་བོད་ཡིག་སྡེ་ཁག་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་ཚན་ཁག་གི་བོད་ཡིག་སློབ་དཔྱོད་ཁང་གཉིས་ཟླ་སྒྲིལ་གྱིས་བཙུགས་པའི་སློབ་སྒྲུབ་ལོ་རྒྱུས་ཅུང་རིང་ཞིང༌། དགེ་རྒན་གྱི་དཔུང་སྡེ་རྔམས་མཐུག་པའི་ཁྲུའུ་རིམ་སློབ་ཁྲིད་སྡེ་ཚན་ཞིག་ཡིན། ད་ལྟ་སྡེ་ཁག་འདིར་ཆེད་ལས་དགེ་རྒན༣༢ཡོད་པ་དང༌། དེའི་ཁྲོད་དགེ་རྒན་ཆེན་མོ༡༤དང༌། དགེ་རྒན་ཆེན་མོ་གཞོན་པ༡༠ ། འཆད་ཁྲིད་པ༤། རོགས་ཁྲིད་པ༤བཅས་ཡོད། ད་དུང་འབུམ་རམས་པའི་ཐོབ་ཐང་ཡོད་པའི་དགེ་རྒན༢ དང༌། འབུམ་རམས་པའི་བསླབ་གནས་གཉེར་བཞིན་པ༤ ཡོད།གཞན་རབ་འབྱམས་པའི་ཐོབ་ཐང་ཡོད་པའི་དགེ་རྒན༨ ཡོད་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་པ༤ ཡོད། དཔུང་སྡེ་འདིའི་ནང་ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན༣ དང་ཞིང་ཆེན་རིམ་པའི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ༡། སློབ་གསོ་པུའུ་ཡིས་གཏན་འཁེལ་བྱས་པའི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ལྡན་མི་སྣ༡ བཅས་ཡོད།འདིར་སློབ་དཔྱོད་ཁང་གསུམ་ཡོད་པ་སྐད་བརྡ་སློབ་དཔྱོད་ཁང་དང་རྩོམ་རིག་སློབ་དཔྱོད་ཁང༌། སྣ་འཛོམས་སློབ་དཔྱོད་ཁང་བཅས་ཡིན། ལོ་འདི་དག་གི་རིང་ལ་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ༣༩༩ སྤེལ་བ་དང༌། དེ་དག་ལས་དཔྱད་རྩོམ༨༧ དུས་དེབ་གཙོ་ཤོས་དག་གི་སྟེང་དུ་སྤེལ། པར་བསྐྲུན་བྱས་ཟིན་པའི་བསླབ་དེབ་དང་ཆེད་དེབ༤༠ ལྷག་ཡོད། ༢༠༠༥ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག(བོད་ཀྱི་སྐད་ཡིག་དང་རྩོམ་རིག)ཆེད་ལས་དེ་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་སུ་གཏན་འཁེལ་བྱས་ཤིང༌། མིག་སྔར་བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྐད་དང་ཡི་གེ བོད་ཀྱི་རྩོམ་རིག་སྒྱུ་རྩལ། བོད་ཀྱི་གནའ་རབས་ཡིག་ཆ་བཅས་གཏན་འཇགས་ཀྱི་ཞིབ་འཇུག་ཁ་ཕྱོགས་བཞི་ཡོད། ༢༠༠༨ལོར་བོད་ཀྱི་སྐད་ཡིག་རྩོམ་རིག་གི་སློབ་ཁྲིད་དཔུང་སྡེ་དེ་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་སློབ་ཁྲིད་དཔུང་སྡེར་གཏན་འཁེལ་བྱས། ༢༠༠༨ལོར་བོད་ཀྱི་སྐད་ཡིག་རྩོམ་རིག་གི་རིག་ཚན་དེ་རྒྱལ་ཁབ་སློབ་གསོ་པུའུ་དང་མི་དོན་པུའུ། ནོར་སྲིད་པུའུ་བཅས་ཀྱིས་མཐོ་རིམ་སློབ་གྲྭའི་རིགས་དང་པོའི་ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྲུན་བྱེད་གནས་སུ་གཏན་འཁེལ་བྱས།
ཆེད་ལས་ཀྱི་མིང༌། ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག(བོད་ཀྱི་སྐད་ཡིག་རྩོམ་རིག) ལོ་བཞིའི་སློབ་ཡུན་ལམ་ལུགས་ཀྱི་རྩོམ་རིག་རིག་པའི་ཤེས་རམས་པའི་ཡོན་ཚད་ཀྱི་ཐོབ་ཐང་གནང་བའི་དགེ་འོས་སློབ་གསོ།
སྐྱེད་སྲིང་དམིགས་ཡུལ། སྤྱོད་ཤེས་ལུས་གསུམ་གྱི་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང༌།བོད་ཀྱི་སྐད་ཡིག་རྩོམ་རིག་རིག་ཚན་གྱི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་སོགས་ཁོང་དུ་ཆུད་པར་མ་ཟད་དེང་རབས་སློབ་གསོའི་འདུ་ཤེས་ལྡན་པ་ཞིག་ཏུ་བཏང་ནས་ནུབ་རྒྱུད་བོད་ཡུལ་ས་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་དང་ཚད་རན་པའམ་ཡང་ན་དགོས་མཁོ་ལྡན་པའི་འབྲིང་རིམ་སློབ་གྲྭར་བོད་ཀྱི་སྐད་ཡིག་རྩོམ་རིག་གི་དགེ་རྒན་དང༌། སློབ་ཁྲིད་ཞིབ་འཇུག་མི་སྣ།   གཞན་སློབ་གསོ་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣ་སོགས་སྐྱེད་སྲིང་བྱེད་པ།
བསླབ་ཚན་གཙོ་བོ། བོད་ཀྱི་བརྡ་སྤྲོད། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། བོད་ཀྱི་རྩོམ་རིག་ལོ་རྒྱུས། རྩོམ་འཇུག་རིག་པ། དེང་རབས་རྩོམ་རིག བོད་ཀྱི་ལོ་རྒྱུས། ནང་དོན་རིག་པ། སྐད་བརྡ་རིག་པ། ཚད་མ་རིག་པ། རྩོམ་རིག་དཔྱད་བསྡུར།སྙན་ངག བརྡ་རྙིང་ཡིག་ཆ་སོགས་ཡོད།
ལས་ཞུགས་ཀྱི་ཁ་ཕྱོགས། སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་ཁྲིད་དང་སློབ་གསོ་དོ་དམ་ཀྱི་ལས་དོན་སྒྲུབ་པ། ཡང་ན་འབྲེལ་ཡོད་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པའི་ལས་དོན་སྒྲུབ་པ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号