དང་པོ། བྱ་འགུལ་གྱི་དམིགས་ཡུལ།
སློབ་མའི་དགའ་ཕྱོགས་བསྐྱེད་བསྲིང་བྱེད་རྒྱུ་དང་སློབ་མ་རང་ཉིད་ལ་རང་ནུས་འདོན་སྤེལ་གྱི་གོ་སྐབས་མང་དུ་སྟེར་རྒྱུ་ནི་སློབ་གསོའི་གོ་རིམ་ཁྲོད་མེད་མི་རུང་བའི་ཆ་ཤས་ཤིག་ཡིན་པ་མ་ཟད། སློབ་མའི་འཇོན་ནུས་གསོ་སྐྱོང་གི་ཐབས་ཤེས་རིགས་ཤིག་ཀྱང་ཡིན་པས། སློབ་གྲྭ་དང་སློབ་སྟོན་ཁང་གི་བྱ་བའི་འཆར་གཞི་ལྟར་ཡིག་གཟུགས་དང་རི་མོའི་ཚོ་ཆུང་གི་བྱ་འགུལ་ལ་ཕན་ནུས་ལྡན་པའི་འབྲས་བུ་ཐོན་ཡོད་མེད་དང་། སློབ་མ་ཚོར་རང་ནུས་འདོན་སྤེལ་གྱི་གར་སྟེགས་ཤིག་བསྐྲུན་ཕྱིར་འགྲན་བསྡུར་གྱི་བྱ་འགུལ་འདི་སྤེལ་བ་རེད།
གཉིས་པ། བྱ་འགུལ་གྱི་བརྒྱུད་རིམ།
༡ ལོ་རིམ་གསུམ་པ་དང་བཞི་བའི་སློབ་ཁང་དུ་ཡིག་གཟུགས་དང་། ཚོད་ལྟའི་སྒྲིག་ཆས་ཁང་དུ་རི་མོ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ་སྟེ། སོ་སོའི་མཛུབ་སྟོན་དགེ་རྒན་གྱིས་ནང་དོན་གཏན་འཁེལ་བྱས་པ་ལྟར་ཡུལ་དངོས་ནས་དུས་ཡུན་གཅིག་གི་རིང་ལ་འགྲན་བསྡུར་བྱས་པ་རེད།
༢ འགྲན་བསྡུར་བྱས་ཚར་རྗེས་སློབ་གྲྭའི་གསོལ་ཚིགས་ཁང་དུ་རི་མོ་དང་ཡིག་གཟུགས་ལ་དགའ་མོས་ཡོད་མཁན་དགེ་རྒན་གྱི་བརྩམས་ཆོས་དང་། འགྲན་ཞུགས་སློབ་མའི་བརྩམས་ཆོས་བསྡོམས་པས་༧༠ལྷག་འགྲེམས་སྟོན་བྱས་ཏེ། སློབ་གྲྭའི་དགེ་སློབ་ཡོངས་ཀྱི་གཟིགས་མོར་བཀྲམས་པ་རེད།
༣ མཇུག་མཐར་སློབ་གྲྭས་བཀོད་སྒྲིག་བྱས་པའི་ཡིག་གཟུགས་དང་རི་མོའི་འགྲན་སྡུར་གྱི་དཔྱད་འདེམས་དགེ་རྒན་གྱིས་སློབ་མའི་བརྩམས་ཆོས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་བྱས་ཏེ། རྒྱུ་འབྲས་དྲང་སྙོམས་ཀྱི་དཔྱད་འདེམས་བྱས་པ་བརྒྱུད་ཡིག་གཟུགས་ཀྱི་ཚོ་ཆུང་དང་པོ་དང་གཉིས་པའི་ནང་སོ་སོར་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་འདེམས་ཐོན་བྱུང་།
གཉིས་པ། བྱ་འགུལ་གྱི་མཇུག་འབྲས།
འགྲན་བསྡུར་གྱི་བྱ་འགུལ་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་མའི་མིང་ཐོ་གཤམ་གསལ་ལྟར།

༡ ཡིག་གཟུགས་ཚོ་ཆུང་དང་པོ།
ཨང་དང་པོ། ལོ་རིམ་བཞི་བའི་སློབ་མ་ཕྱག་རྡོར་འཚོ།
ཨང་གཉིས་པ། ལོ་རིམ་ལྔ་བའི་སློབ་མ་བདེ་སྐྱིད་སྒྲོལ་མ། ལྷ་མོ་འཚོ།
ཨང་གསུམ་པ། ལོ་རིམ་དྲུག་པའི་སློབ་མ་སྐལ་བཟང་སྒྲོལ་མ་དང་ཏྰ་རེ་སྐྱིད།

ལོ་རིམ་ལྔ་བའི་སློབ་མ་མགོན་པོ་འཚོ།
༢ ཡིག་གཟུགས་ཚོ་ཆུང་དང་པོ།
ཨང་དང་པོ། ལོ་རིམ་ལྔ་བའི་སློབ་མ་བསོད་ནམས་དབང་རྒྱལ།
ཨང་གཉིས་པ། ལོ་རིམ་ལྔ་བའི་སློབ་མ་ཚེ་རིང་དོན་འགྲུབ།
ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་མ་གཡང་འཛོམས་སྐྱིད།

ཨང་གསུམ་པ། ལོ་རིམ་བཞི་བའི་སློབ་མ་ཟླ་བ་སྒྲོན།
ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་སློབ་མ་གཟུངས་འདུས་འཚོ།
ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་བཀྲ་ཤིས་ཕུན་ཚོགས། ཆེ་བ།
༣ རི་མོའི་ཚོ་ཆུང་།
ཨང་དང་པོ། ལོ་རིམ་ལྔ་བའི་སློབ་བན་དེ་འཚོ།
ཨང་གཉིས་པ། ལོ་རིམ་དྲུག་པའི་སློབ་མ་མཚོ་རྒྱལ་ལྷ་མོ།

ཨང་གསུམ་པ། ལོ་རིམ་དྲུག་པའི་སློབ་མ་བཀྲ་ཤིས་འཚོ། ཆེ་བ།

ཐེངས་འདིའི་ཡིག་གཟུགས་དང་རི་མོ་འགྲན་བསྡུར་དང་། བརྩམས་ཆོས་འགྲེམས་སྟོན་གྱི་བྱ་འགུལ་གྱིས་སློབ་མའི་ཡིག་གཟུགས་དང་རི་མོ་འབྲི་སྦྱོང་གི་འདུན་པ་བསྐྱེད་བསྲིང་། སློབ་མའི་སློབ་སྦྱོང་གི་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བྱེད་ནུས་གལ་ཆེན་ཐོན་ནོ།།


༢༠༡༦ལོའི་ཟླ་༡༡པའི་ཚེས༩ཉིན།