ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་འདུལ་བའི
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
བསྙེན་པར་རྫོགས་པའི་ལས།མུ་སྟེགས་ལ་གནས་པ་སྦྱིན་པའི་ལས།འཚམས་ཆེ་ཆུང་དགྲོལ་བའི་ལས།ཕན་ཚུན་འཐུན་པ་སྦྱིན་པའི་ལས། འཐུན་པའི་གསོ་སྦྱོང་སྦྱིན་པའི་ལས།ནན་ཏུར་བྱ་བའི་ལས།ནན་ཏུར་ལ་བཟོད་པ་གསོལ་བའི་ལས།སྤོ་བ་དང་མགུ་བའི་ལས་དྲུག   དབྱུང་བའི་ལས།སྲ་བརྐྱང་དབྱུང་བའི་ལས།དྲན་པའི་འདུལ་བ་སྦྱིན་པའི་ལས།སྨྱོས་པའི་འདུལ་བ་སྦྱིན་པའི་ལས།ངོ་བོ་ཉིད་འཚོལ་དུ་གཞུག་པའི་ལས།དགེ་འདུན་དབྱེན། དེ་རྗེས་ཕྱོགས།ཁྱིམ་སུན་འབྱིན།བཀའ་བློ་མི་བདེ་བ།སྡིག་ལྟ་མི་གཏོང་བ།གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ། དཀོན་མཆོག་གཏོང་བའི་དགེ་སློང་མ།འཐབ་ཀྲོལ་བྱེད་པ།བདེ་ཞིང་གནས་པ།བདེ་ཞིང་གནས་སུ་འཇུག་པ་སྟེ་བཅུ་ལ་བཟློག་པ་བསྒོ་གྱུར་བྱེད་པའི་ལས་བཅུ།སྡིག་ལྟ་མི་གཏོང་བའི་དགེ་ཚུལ་བསྙིལ་བའི་ལས།ཉམས་པ་ལ་བསླབ་པ་སྦྱིན་པའི་ལས་ཏེ་གསོལ་བ་དང་བཞིའི་ལས་སུམ་ཅུ་རྣམས་བསྡོམས་པས་བརྒྱ་རྩ་གཅིག་གོ། །གཞན་ཡང་དགེ་འདུན་དབྱེན་སྤང་བ་དང༌།གང་ཟག་རླབས་པོ་ཆེ་བསྟན་པ་ལ་འཇུག་པའི་དོན་དུ་བག་ཡངས་ཀྱི་ལས་བྱ་བ་དང༌། བསྟན་པ་འཕེལ་བར་བྱེད་པའི་དོན་དུ་བག་ཡངས་ཀྱི་ལས་བྱ་བ་དང༌། མདོ་སྡུད་པ་པོ་བསྐོ་བའི་ལས་སོགས་གསོལ་བ་དང་བཞིའི་ལས་དུ་མ་དང༌། ཆོས་གོས་བྱིན་བརླབ།གསོ་སྦྱོང་བྱིན་བརླབ།སྨན་བྱིན་བརླབ་སོགས་མང་དུ་ཡོད་དོ། །
བཞི་པ་ཕྱིར་བཅོས་ཀྱི་གཞི་ལ།ལྟུང་བ་ཕྱིར་བཅོས།   རྩོད་པ་ཕྱིར་བཅོས་གཉིས།དང་པོ་ལ་བཞི་ལས།ཕྱིར་བཅོས་ཀྱི་གཞི་དངོས་ནི།ནན་ཏུར་ལ་དབྱེན་བཅོ་ལྔ་སྟེ།   བསྡིགས་པ་ནན་ཏུར།སྨད་པ་ནན་ཏུར།བསྐྲད་པ་ནན་ཏུར། ཕྱིར་འགྱེད་ནན་ཏུར་བཞི་དང༌། མ་མཐོང་བ་གནས་ནས་དབྱུང་བའི་ནན་ཏུར།ཕྱིར་མི་འཆོས་པ་གནས་ནས་དབྱུང་བའི་ནན་ཏུར།སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བའི་ནན་ཏུར། འཐབ་ཀྲོལ་ལ་འབད་པ་གནས་ནས་དབྱུང་བའི་ནན་ཏུར། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ་གནས་ནས་དབྱུང་བའི་ནན་ཏུར། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་གནས་ནས་དབྱུང་བའི་ནན་ཏུར། དགེ་སློང་མ་དང་འདྲེ་ཞིང་གནས་པ་གནས་ནས་དབྱུང་བའི་ནན་ཏུར་ཏེ་གནས་དབྱུང་བདུན།གསོ་སྦྱོང་བཞག་པའི་ནན་ཏུར།   དགག་དབྱེ་བཞག་པའི་ནན་ཏུར།དགེ་ཚུལ་སྙིལ་བའི་ནན་ཏུར།ཁྱིམ་པ་ལ་ལྟུང་བཟེད་ཁ་སྦུབ་པའི་ནན་ཏུར་ཏེ་བསྡོམས་པས་བཅོ་ལྔ། བསྡུ་ན་སྨད་པ་ནན་ཏུར། བསྐྲད་པ་ནན་ཏུར།རྣམ་པར་བཞག་པའི་ནན་ཏུར་ཏེ་གསུམ་མོ།།ནན་ཏུར་འགྲོལ་བའི་རྒྱུ་ནི།བཟོད་པ་གསོལ་བ།བདེན་པ་མཐོང་བ། དགྲ་བཅོམ་ཐོབ་པ་སྟེ་ཐུན་མོང་གི་རྒྱུ་གསུམ།
ཕྱིར་བཅོས་ལ།མཐོལ་བའི་ཚུལ།བཤགས་པའི་ཚུལ་གཉིས།   བཤགས་པ་ལ་དགེ་སློང་མིན་པའི་བཤགས་ཚུལ།དགེ་སློང་གི་བཤགས་ཚུལ་གཉིས།དགེ་སློང་གི་བཤགས་ཚུལ་ལ། བཤགས་པ་ཙམ་དང༌།ཞག་གི་ཆད་ལས་ཀྱི་སྒོ་ནས་བཤགས་ཚུལ་གཉིས།ལྟུང་བ་དག་པར་བྱེད་པའི་རྒྱུ་གསུམ་ནི། མིང་རིགས་ཀྱི་སྒོ་ནས་ཕྱིར་བཅོས་པ།དགྲ་བཅོམ་ཐོབ་པ།སྟོང་ཉིད་ཟབ་མོ་སྒོམ་པའོ། །ཡང་ན་དེའི་སྟེང་དུ་མཚན་འགྱུར་བ།འཕགས་པའི་བདེན་པ་མངོན་དུ་བྱས་པ། རྣམ་ཐར་སྒོ་གསུམ་རྟོགས་པ།  སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ། ཐེག་ཆེན་ལྟར་ན་བྱང་ཆུབ་ཀྱི་སེམས་བསྒོམ་པ་རྣམས་ཀྱང་ཡིན་ནོ།  །གཉིས་པ་དུས་དང་དུས་མ་ཡིན་པ་བསྡུ་བ་འབྱུང་བའི་གཞི་ལ། བཅབས་ཉེས་འབྱུང་བའི་རྟེན།བསམ་པ།སྦྱོར་བ།མཐར་ཐུག་རྣམས་དང༌། འཆབ་སེམས་དང་འཆབ་པའི་ལྟུང་བ་གཉིས་ཀྱི་ཁྱད་པར་རྣམས་ཏེ་གོ་སླའོ། །གསུམ་པ་ས་གཞན་ན་གནས་པའི་གཞི་ལ་ཆེ་ལོང་རགས་རིམ་གྱི་དབྱེ་བ་ནི།སྤོ་སྤྱོད་གསུམ།སྤོ་ལྡན་གསུམ།མགུ་སྦྱོད་གསུམ།    མགུ་ལྡན་གསུམ་ཏེ་བཅུ་གཉིས་དང་། བསྡིགས་པ།སྨད་པ།བསྐྲད་པ།ཕྱིར་འགྱེད་བཞི། གནས་དབྱུང་བདུན། དགེ་ཚུལ་བསྙིལ་བ།ངོ་བོ་ཉིད་འཚོལ་བ།བསླབ་པ་བྱིན་པ་སྟེ་ཉེར་དྲུག ཞིབ་མོ་རྣམ་དག་གི་སྒོ་ནས་དབྱེ་ན།སྤོ་བ་སྤྱོད་པ།གཞི་ནས་སྤོ་བ་སྤྱོད་པ། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱོད་པ་གསུམ།   མགུ་བ་སྤྱོད་པ།གཞི་ནས་མགུ་བ་སྤྱོད་པ། ཡང་གཞི་ནས་བསླང་སྟེ་མགུ་བ་སྤྱོད་པ་གསུམ། སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ།གཞི་ནས་སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ།ཡང་དེ་ལྟ་བུའི་སྤོ་ལྡན་གསུམ་མགུ་ལྡན་གསུམ། བསྡིགས་སོགས་བཞི། གནས་དབྱུང་བདུན།བསྙིལ་བ།ནན་ཏུར།ངོ་བོ་ཉིད་འཚོལ་བ།   བསླབ་པ་བྱིན་པ་སྟེ་བཞི་བཅུ་ཞེ་བཞིའོ། །བསྡུ་ན་ངོ་བོའི་སྒོ་ནས་གསུམ་སྟེ།སྤང་བ་ས་གཞན།སྨད་པ་ས་གཞན།   རྣམ་པར་དག་པ་ས་གཞན་ནོ། །རྣམ་གྲངས་ཀྱི་སྒོ་ནས་གཉིས་ཏེ།   ས་གཞན་ན་གནས་པ་ལ་ནན་ཏུར་བྱས་པ་དང་མ་བྱས་པའོ། །བསླབ་བྱའི་སྒོ་ནས་གཉིས་ཏེ།ས་གཞན་ན་གནས་པ་ཆེན་པོ་དང་ཆུང་ངུའོ། །ཆེན་པོ་རྣམས་ཀྱིས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་དང༌།དམན་པའི་སྤྱོད་པ་ལྔ་དང་དུ་ལེན་དགོས།ཆུང་ངུ་རྣམས་ཀྱིས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་དགོས་ཀྱང༌། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་མི་དགོས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号