ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་ཁྲིད་ཐབས།
༄༅། །སློབ་ཚན་བཅུ་གསུམ་པ། སྐྱིད་པའི་ལྷ་སྲས་ཞེས་པའི་་སློབ་ཁྲིད་སྔོན་གྱི་བཤད་པ།
སྤེལ་དུས།01-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དོན་གྲུབ།

 

 

སློབ་ཚན་བཅུ་གསུམ་པ། སྐྱིད་པའི་ལྷ་སྲས་ཞེས་པའི་་སློབ་ཁྲིད་སྔོན་གྱི་བཤད་པ།

 

དང་པོ། བསླབ་བྱ་ངོ་སྤྲོད།  

   འདིར་བཞུགས་ཀྱི་དགེ་རྒན་་རྣམ་པ།  བདེ་ལེགས་།  དེ་རིང་ངའི་འཁྲིད་བྱ་ནི་དམའ་གཅིག་སྐད་ཡིག་སྨད་ཆའི་སློབ་ཚན་བཅུ་གསུམ་པ་སྟེ། སྐྱིད་པའི་ལྷ་སྲས་ཞེས་པ་དེ་་ཡིན།    སློབ་ཐུན་འདིའི་ནང་གི་ཁྲིད་བྱའི་ནང་དོན་ནི་སློབ་ཚན་ལ་གོ་བ་ཟབ་མོ་ལེན་པ་དང་།     དེའི་ལོ་རྒྱུས་ཀྱི་དོན་དངོས། 

འབྲེལ་ཡོད་ལོ་རྒྱུས་མི་སྣ་དང་ལོ་རྒྱུས་ཐ་སྙད་སོགས་ཀྱི་དོན་གོ་བ་དེ་ཡིན།  

གཉིས་པ། སློབ་ཁྲིད་ཀྱི་དམིགས་འབེན་བཤད་པ། 

        ཤེས་བྱའི་དམིགས་འབེན། 

  སློབ་ཚན་ཡང་ཡང་གྱེར་འདོན་བྱེད་པ་དང་སློབ་ཚན་ནང་གི་མི་སྣ་སོ་སོའི་མིང་དང་གོ་གནས།  དེ་དག་གི་འབྲེལ་བར་རྒྱུས་ལོན་བྱེད་དགོས། 

༢  སློབ་ཚན་འདིའི་ལོ་རྒྱུས་རྒྱབ་ལྗོངས་ཤེས་རྟོགས་བྱུང་བ་བརྒྱུད་དེ་སློབ་ཚན་གྱི་ནང་དོན་གཏམ་རྒྱུད་ཀྱི་ཚུལ་དུ་ཕན་ཚུན་ལ་བཤད་ཤེས་དགོས། 

   ཁ        ནུས་པའི་དམིགས་འབེན། 

༣  སློབ་ཚན་གྱེར་ཀློག་དང་ནང་དོན་ལ་རྩད་ཞིབ་བྱས་པ་བརྒྱུད་ནས་སློབ་མའི་ལྟ་ཀློག་གི་ནུས་པ་ཇེ་མཐོར་གཏོང་དགོས། 

 ག    སློབ་ཁྲིད་ཀྱི་དཀའ་གཙོ་གནད།  

༡སློང་ཚན་འདིར་ བོད་རྒྱལ་སྲོང་བཙན་སྒམ་པོ་ཆུང་ངུ་དུས་ནས་བློ་རིག་ལྡན་པ་དང་གནད་དོན་ལ་བསམ་གཞིག་བྱེད་མཁས་པའི་མི་   

འཇོན་ཐང་ཅན་ཞིག་ཇི་ལྟར་ཡིན་པར་ཤེས་རྒྱུ་ནི་སློབ་ཁྲིད་ཀྱི་གཙོ་གནད་ཡིན། 

སློབ་ཚན་ནང་གི་མགུར་གླུའི་ནང་དོན་དང་མཚོན་དོན་ལ་དབྱེ་ཞིབ་བྱེད་པ་ནི་སློབ་ཁྲིད་ཀྱི་དཀའ་གནད་ཡིན། 

གསུམ་པ། ཁྲིད་ཐབས་དང་སློབ་ཐབས་བཤད་པ། 

  ཁྲིད་སྟོན་བྱེད་གཞིའི་རེ་བ་ལྟར་སློབ་ཚན་ལ་སྔོན་སྦྱོང་བྱེད་པ་དང་འབྲི་བ།      

དོགས་གཞི་ཅན་གྱི་དྲི་བ་འཚོལ་བ་དང་རྩད་ཞིབ་བྱེད་པ།  

མཉམ་འབྲེལ་སྒོས་དྲི་བའི་གནད་དོན་ཐག་གཅོད་བྱེད་པ།       

  ཚོ་ཆུང་རང་རང་གི་བསམ་ཚུལ་ལྟར་དྲིས་ལན་འགྲེམ་སྟོན་བྱེད་པ། 

སློབ་ཐུན་སྤྱི་སྡོམ་བྱེད་པ་དང་ཤེས་ཟིན་པར་བརྟན་ཆགས་བྱེད་པ།   

  སློབ་ཁྲིད་རྗེས་ཀྱི་སྦྱོང་བརྡར་དང་ལས་བྱ་བཀོད་སྒྲིག 

བཞི་བ།  སློབ་ཁྲིད་ཀྱི་བརྒྱུད་རིམ་བཤད་པ། 

     སློབ་ཚན་ངོ་སྤྲོད། 

  སྔོན་སྦྱོང་བྱས་ཡོད་མེད་ལ་བལྟ་བ་དང་དཔྱད་འཇོག 

  སློབ་ཁྲིད་ཀྱི་དམིགས་འབེན་ངོ་སྤྲོད། 

  སློབ་ཚན་གྱི་ནང་དོན་དང་བསྟུན་ནས་འཚོལ་དཔྱོད་ཀྱི་ དྲི་བ་དག་ལ་རྩད་ཞིབ་བྱེད་པ། 

  འགྲེམ་སྟོན་སྟོང་དཀྲུགས་མར་ལོ།  

  སྦྱོང་བརྡར་རིག་པའི་ཚད་འཇལ། 

  སྤྱི་སྡོམ་བདུད་རྩིའི་ཐིགས་པ།  

  སྣོད་ལྡན་སློབ་མའི་ལེགས་སྐྱེས། 

ལྔ་བ།  སློབ་ཁྲིད་ཀྱི་ཡོ་བྱད་བཤད་པ། 

    སྨྱན་མང་གཟུགས་དང་་ཁྲིད་སྟོན་བྱེད་གཞི།  འབྲེལ་ཡོད་འདྲ་པར་སོགས། 

དྲུག་པ།  ནུས་པ་བསྐྱེད་བསྲིང་། 

   འབྲས་ལེགས་སློབ་ཁྲིད་ཀྱི་རེ་བ་ལྟར་སློབ་མའི་རང་འགུལ་སློབ་སྦྱོང་གི་ནུས་པ་བསྐྱེད་སྲིང་དང་།   ཚོ་ཆུང་མཉམ་འབྲེལ་སྒོས་སློབ་སྦྱོང་བྱེད་པ།   

རང་འགུལ་གྱི་འདྲི་གཞི་བཟོ་བ་དང།  འདྲི་གཞི་དེ་དག་ཕན་ཚུན་ལ་རྩད་ཞིབ་བྱེད་པ།  འདྲི་གཞི་ཀུན་མཉམ་འབྲེལ་སྒོས་ཐག་གཅོད་བྱེད་པའི་ནུས་པ་གསོ་སྐྱོང་བྱ་རྒྱུ།

  

                                                           དོན་གྲུབ་ནས།  

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号