ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་ཁྲིད་ཐབས།
༄༅། །སློབ་ཚན་བཅུ་གསུམ་པ། སྐྱིད་པའི་ལྷ་སྲས། ༼ ཐུན་དང་པོ ༽
སྤེལ་དུས།01-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དོན་གྲུབ།

 

སློབ་ཚན་བཅུ་གསུམ་པ། སྐྱིད་པའི་ལྷ་སྲས།

  ཐུན་དང་པོ 

 

སྐྱིད་པའི་ལྷ་སྲས།

བསླབ་བྱ

སྐད་ཡིག

སློབ་ཁྲིད་བྱ་ཡུལ

སློབ་རིམ་བདུན་པ

སློབ་ཐུན

ཐུན་དང་པོ

ཁྲིད་མཁན

དོན་གྲུབ

ལས་ཁུངས

ཞུན་ཧྭ་བོད་ཡིག་སློབ་འབྲིང

དང་པོ།      ཐོས་བརྩོན་འཇུག་པའི་དམིགས་འབེན།

སློབ་ཚན་ཡང་ཡང་གྱེར་འདོན་བྱེད་པ་དང་སློབ་ཚན་ནང་གི་མི་སྣ་སོ་སོའི་མིང་དང་གོ་གནས།  དེ་དག་གི་འབྲེལ་བར་རྒྱུས་ལོན་བྱེད་དགོས།

༢  སློབ་ཚན་འདིའི་ལོ་རྒྱུས་རྒྱབ་ལྗོངས་ཤེས་རྟོགས་བྱུང་བ་བརྒྱུད་དེ་སློབ་ཚན་གྱི་ནང་དོན་གཏམ་རྒྱུད་ཀྱི་ཚུལ་དུ་ཕན་ཚུན་ལ་བཤད་ཤེས་དགོས།

༣  སློབ་ཚན་གྱེར་ཀློག་དང་ནང་དོན་ལ་རྩད་ཞིབ་བྱས་པ་བརྒྱུད་ནས་སློབ་མའི་ལྟ་ཀློག་གི་ནུས་པ་ཇེ་མཐོར་གཏོང་དགོས།

གཉིས་པ།   སློབ་ཁྲིད་ཀྱི་ནང་དོན་ལ་དབྱེ་ཞིབ།

སློབ་ཚན་གྱི་དོན་ལ་གོ་བ་ཟབ་མོ་ལེན་ཆེད།  སློབ་ཁྲིད་ཀྱི་སྔོན་ལ་སློབ་མས་ཁྲིད་སྟོན་བྱེད་གཞིའི་རེ་བ་ལྟར་སློབ་ཚན་གྱེར་འདོན་ཡང་ཡང་བྱེད་པ་དང་། ཞོར་དུ་སློབ་ཚན་ནང་གི་མི་སྣ་སོ་སོའི་རུས་མིང་དང་གོ་གནས།   དེ་དག་གི་འབྲེལ་བར་རྒྱུས་ལོན་བྱེད་དགོས།   

 སློབ་ཚན་འདི་ནི་གནམ་རི་སྲོང་བཙན་སྐབས་ཀྱི་ལོ་རྒྱུས་དོན་དངོས་དེ་རྒྱུ་ཆ་བྱས་ནས་སྒྲུང་གཏམ་གྱི་རྣམ་པའི་ཐོག་ནས་བྲིས་པ་ཡིན།

གསུམ་པ།   ནུས་པ་བསྐྱེད་བསྲིང་།

འབྲས་ལེགས་སློབ་ཁྲིད་ཀྱི་རེ་བ་ལྟར་སློབ་མའི་རང་འགུལ་སློབ་སྦྱོང་གི་ནུས་པ་བསྐྱེད་སྲིང་དང་།ཚོ་ཆུང་མཉམ་འབྲེལ་སྒོས་སློབ་སྦྱོང་བྱེད་པ། རང་འགུལ་གྱི་

འདྲི་གཞི་བཟོ་བ་དང།  འདྲི་གཞི་དེ་དག་ཕན་ཚུན་ལ་རྩད་ཞིབ་བྱེད་པ། འདྲི་གཞི་ཀུན་མཉམ་འབྲེལ་སྒོས་ཐག་གཅོད་བྱེད་པའི་ནུས་པ་གསོ་སྐྱོང་བྱ་རྒྱུ།  

བཞི་བ།  སློབ་ཁྲིད་ཀྱི་ཇུས་འགོད་དང་བྱེད་སྟངས།

ཁྲིད་སྟོན་བྱེད་གཞིའི་རེ་བ་ལྟར་སློབ་ཚན་ལ་སྔོན་སྦྱོང་བྱེད་པ་དང་འབྲི་བ།      དོགས་གཞི་ཅན་གྱི་དྲི་བ་འཚོལ་བ་དང་རྩད་ཞིབ་བྱེད་པ།

མཉམ་འབྲེལ་སྒོས་དྲི་བའི་གནད་དོན་ཐག་གཅོད་བྱེད་པ།              ཚོ་ཆུང་རང་རང་གི་བསམ་ཚུལ་ལྟར་དྲིས་ལན་འགྲེམ་སྟོན་བྱེད་པ།

སློབ་ཐུན་སྤྱི་སྡོམ་བྱེད་པ་དང་ཤེས་ཟིན་པར་བརྟན་ཆགས་བྱེད་པ།         སློབ་ཁྲིད་རྗེས་ཀྱི་སྦྱོང་བརྡར་དང་ལས་བྱ་བཀོད་སྒྲིག

ལྔ་བ།  སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད།

བོད་རྒྱལ་སྲོང་བཙན་སྒམ་པོ་ཆུང་ངུ་དུས་ནས་བློ་རིག་ལྡན་པ་དང་གནད་དོན་ལ་བསམ་གཞིག་བྱེད་མཁས་པའི་མི་འཇོན་ཐང་ཅན་ཞིག་ཇི་ལྟར་ཡིན་པར་

ཤེས་རྒྱུ་ནི་སློབ་ཁྲིད་ཀྱི་གཙོ་གནད་ཡིན།

སློབ་ཚན་ནང་གི་མགུར་གླུའི་མཚོན་དོན་ལ་དབྱེ་ཞིབ་བྱེད་པ་ནི་སློབ་ཁྲིད་ཀྱི་དཀའ་གནད་ཡིན།

དྲུག་པ།  སློབ་ཁྲིད་ཀྱི་བརྒྱུད་རིམ།

དགེ་རྒན་གྱི་བྱེད་སྒོ

སློབ་མའི་བྱེད་སྒོ

བྱེད་སྒོའི་དོན་སྙིང

  སློབ་ཚན་ངོ་སྤྲོད།

ཁྱོད་ཀྱིས་བོད་རྒྱལ་སྲོང་བཙན་གྱི་ལོ་རྒྱུས་དང་མཛད་རྗེས་ བཤད་ཐུབ་བམ།  

༢བོད་རྒྱལ་སྲོང་བཙན་གྱི་རྣམ་ཐར་ལ་བལྟས་མྱོང་ངམ།

སློབ་ཚན་འདིར་ལོ་རྒྱུས་ཀྱི་དོན་དངོས་ ཅི་ཞིག་གཞིར་བཟུང་ནས་བྲིས་ཡོད།

༤སྲོང་བཙན་སྒམ་པོ་ བྱིས་པའི་དུས་སུ་མི་ཅི་འདྲ་ཞིག་ཡིན། ༥ཀུན་སྤྱོད་སློབ་གསོ་གཏོང་བ།

སློབ་མས་རང་འགུལ་གྱིས་དྲིས་ལན་འདེབས་པ།

རང་རང་གི་ལྟ་ཀློག་གི་ནུས་པ་ཅི་འདྲ་ཡིན་པ་ཤེས་ པར་བྱེད་པ།

དྲིས་ལན་འདེབས་པའི་སྙིང་སྟོབས་དང་སློབ་སྦྱོང་གི་རྣམ་འགྱུར་ཇེ་བཟང་དུ་གཏོང་བ་ཡིན།

  སྔོན་སྦྱོང་བྱས་ཡོད་མེད་ལ་བལྟ་བ་དང་དཔྱད་འཇོག

ཁྲིད་སྟོན་བྱེད་གཞིའི་སྔོན་སྦྱོང་རིག་བརྒྱའི་སྒོ་མོ་བྲིས་ཡོད་ མེད་ལ་བལྟ་བ།  

བོད་རྒྱལ་སྲོང་བཙན་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་ཡོད་

མེད་ལ་བལྟ་བ།

༡རང་ཉིད་ཀྱི་འཚོལ་བསྡུ་བྱས་པའི་རྒྱུ་ཆ་སློབ་གྲོགས་ གཞན་ལ་འཆད་པ།

༢གཞན་གྱིས་བཤད་པའི་ནང་དོན་ལ་ཁ་གསབ་རྒྱག་པ།

བྱེད་སྒོ་འདི་ལས་སློབ་མའི་ལོ་རྒྱུས་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་ ནུས་པ་གསོ་སྐྱོང་དང་རང་འགུལ་ གྱིས་སློབ་སྦྱོང་བྱེད་པར་གོམས་པར་བྱེད་པ་དེ་ཡིན།

  སློབ་ཁྲིད་ཀྱི་དམིགས་འབེན་ངོ་སྤྲོད།

  སློབ་ཚན་གྱེར་ཀློག་བྱས་སམ། མི་སྣ་གང་དག་ཡོད། དེ་དག་གི་འབྲེལ་བ་ཅི་ཡིན།   སློབ་ཚན་གྱི་ནང་དོན་

གཏམ་རྒྱུད་ཀྱི་ཚུལ་དུ་བཤད་ཐུབ་བམ། 

༡དགེ་རྒན་གྱིས་དྲི་བ་ལྟར་ཚོ་ཆུང་ནང་མི་ཕན་ཚུན་བར་མཉམ་འབྲེལ་བྱས་ནས་དྲི་བར་ལན་འདེབས་པ།

༢སྨྲ་བརྗོད་དག་ཅིང་སྐད་གདངས་མཐོན་པོ་ངང་ནས་ འཆད་པ།

༡མཉམ་འབྲེལ་སློབ་སྦྱོང་གི་སྤྲོ་བ་ དང་ནུས་པ་བསྐྱེད་བསྲིང་བྱེད་པ། ༢ཡུལ་མི་ལུང་སྐད་དོར་ཅི་ཐུབ་དང་ཡིག་སྐད་བཀོལ་སྤྱོད་བྱེད་པའི་ལམ་དུ་ཕྱོགས་པ།

  སློབ་ཚན་གྱི་ནང་དོན་དང་བསྟུན་ནས་འཚོལ་དཔྱོད་ཀྱི་ དྲི་བ་དག་ལ་རྩད་ཞིབ་བྱེད་པ།

  གོ་དཀའ་བའི་མིང་ཚིག་དང་མགུར་གླུ་ཚན་པ་བཞི་བོའི་

མཚོན་དོན་ལ་སྣེ་སྟོན་བྱེད་པ།

སློབ་ཚན་འདིའི་ལོ་རྒྱུས་རྒྱབ་ལྗོངས་ལ་སྣེ་སྟོན་བྱེད་པ།

འཚོལ་དཔྱོད་ཀྱི་ནང་དོན་རེ་རེ་ལ་རྩད་ཞིབ་བྱེད་པ།

རང་གིས་ཐག་གཅོད་མི་ཐུབ་པའི་གནད་དོན་ཡོད་ན་ གཞན་དང་མཉམ་འབྲེལ་སྒོས་ཐག་གཅོད་བྱེད་དགོས།

ཕན་ཚུན་ལ་རྩད་ཞིབ་བྱེད་པ་དང་ ཡང་དག་པའི་སློབ་སྦྱོང་གི་རིགས་ ལམ་བསྐྱེད་བསྲིང་བྱེད་པ།

  འགྲེམ་སྟོན་སྟོང་དཀྲུགས་མར་ལོ།

༡རྣ་བ་བླགས་སྟེ་སློབ་མའི་འགྲེམ་སྟོན་ལ་ཉན་པ་མ་ཟད། ཁ་ གསབ་དང་ཇེ་ལེགས་སུ་གཏོང་རྒྱུ། 

སྐུལ་སློང་གི་ཚུལ་དུ་སྐར་མ་སྟེར་བ།

༡འགྲེམ་སྟོན་ཚོ་ཆུང་གིས་འགྲེམ་སྟོན་བྱེད་པ།

༢སློབ་གྲོགས་ཡོངས་ཀྱིས་དྲི་བ་འཕེན་པ།

༣དཔྱད་བརྗོད་ཚོ་ཆུང་གིས་དཔྱད་འཇོག་བྱེད་པ།

༡རང་ཉིད་ལ་ཡིད་ཆེས་དང་སློབ་ སྦྱོང་གི་སྤོབས་པ་བསྐྱེད་བསྲིང་བྱེད་པ། ༢སློབ་སྦྱོང་བྱེད་དུས་བློ་གཟུར་ བོར་གནས་རྒྱུར་གོམས་པར་བྱེད་པ།་

  སྦྱོང་བརྡར་རིག་པའི་ཚད་འཇལ།

  འགྲེམ་སྟོན་བྱས་པར་སློབ་མའི་རྣམ་འགྱུར་དང་སྐད་ གདངས།  སྤོབས་པ། སྨྲ་བརྗོད་སོགས་ནས་སྤྱི་སྡོམ་བྱེད་པ།

༢སྨྱན་མང་གཟུགས་ནས་དྲི་བ་སྟོན་པ་དང་སློབ་མས་འགྲན་རྩོད་ཀྱི་ངང་ནས་ལན་འདེབས་པ།

༡རང་རང་གི་ཚོ་ཆུང་དུ་སློབ་ཁྲིད་འདིར་ཅི་ཞིག་ཤེས་ སོང་བ་ལ་སྤྱི་སྡོམ་བྱོས། ༢བོད་རྒྱལ་སྲོང་བཙན་ཆུང་ངུ་ དུས་སུ་མི་ཅི་འདྲ་ཞིག་ཡིན།  ༣ཚོ་ཆུང་རེའི་མི་སྣ་རེ་ བདམས་ནས་ཚོགས་མི་ཚོར་སློབ་ཚན་འདི་སྒྲུང་གཏམ་གྱི་ཚུལ་དུ་འཆད་དགོས།

སློབ་སྦྱོང་ལ་འཆར་གཞི་དང་སྤྱི་སྡོམ་དགོས་པའི་ཕན་ཡོན་ཤེས་པ།

  སྤྱི་སྡོམ་བདུད་རྩིའི་ཐིགས་པ།

སློབ་ཚན་འདིར་སྐུ་ན་ཆུང་བའི་སྲོང་བཙན་སྒམ་པོ་ནི་མི་ཇི་ འདྲ་ཞིག་ཡིན་པ་བསྟན་ཡོད།༢སློབ་ཚན་འདི་ནང་དུ་ཁྱོད་ལ་སྔོན་ཆད་སྦྱངས་མ་མྱོང་བའི་ཐ་སྙད་གསར་བ་གང་དག་ཡོད།

༣སློབ་ཚན་འདི་ནང་ནས་ཁྱོད་ཀྱིས་ལོ་རྒྱུས་མི་སྣ་གང་དག་ལ་རྒྱུས་ལོན་བྱས་སོང་། ༤ལས་བྱ་བཀོད་སྒྲིག

༡ཚོ་ཆུང་རེའི་འགྲན་རྩོད་ཀྱི་ཚུལ་དུ་ལན་འདེབས་པ།

༢སྦྱང་ལྷན་ངོས་ཀྱི་༡ནས་༤བར་ཕྲིས།

འདི་ལས་ཁྲིད་ཟིན་པར་བརྟན་ ཆགས་བྱེད་པར་མ་ཟད།  རྒྱུན་དུ་ དྲན་ཤེས་བརྟན་པོས་ཡོན་ཏན་སྦྱོང་བའི་གོམས་སྲོལ་ཆགས་པར་བྱེད།

  སྣོད་ལྡན་སློབ་མའི་ལེགས་སྐྱེས།

༡ བཙན་པོའི་སྐབས་ཀྱི་ལོ་རྒྱུས་དཔེ་ཆར་བལྟ་བ།

༢ སྒྲུང་གཏམ་གྱི་རྩ་བའི་གྲུབ་ཆ་གསུམ་ནི་གང་དག་ཡིན།

བདུན་པ།  ཁྲིད་རྗེས་ཀྱི་བསམ་གཞིག

 

 

 

 

 

 

 

 

 

 

 

               

གསལ་བཤད།   ཐུན་དང་པོར་སློབ་ཚན་གྱི་ནང་དོན་ལ་གོ་བ་ཟབ་མོ་ལེན་རྒྱུ་དང་།   ཐུན་གཉིས་པར་རྩོམ་སྟངས་ཀྱི་ཁྱད་ཆོས་དང་བརྗོད་དོན་ལ་དབྱེ་ཞིབ་བྱེད་རྒྱུ།

 ཐུན་གསུམ་པར་སློབ་ཐུན་སྔ་མ་གཉིས་ཀྱི་ནང་དོན་ཀུན་རང་རྒྱུད་དུ་འབྱོར་ཡོད་མེད་ལ་བལྟ་རྒྱུའོ།

 

 

 

 

                                                                     དམའ་གཅིག་སྐད་ཡིག

དོན་གྲུབ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号