ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་ཁྲིད་ཐབས།
༄༅། །༡༣ སྐྱིད་པའི་ལྷ་སྲས། ༼ ཐུན་དང་པོ ༽
སྤེལ་དུས།01-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།དོན་གྲུབ།

                                               ༡༣  སྐྱིད་པའི་ལྷ་སྲས།

  ཐུན་དང་པོ 

དང་པོ།  ཐོས་བརྩོན་འཇུག་པའི་དམིགས་འབེན།

  སློབ་ཚན་ཡང་ཡང་གྱེར་འདོན་བྱེད་པ་དང་སློབ་ཚན་ནང་གི་མི་སྣ་སོ་སོའི་མིང་དང་གོ་གནས།དེ་དག་

གི་འབྲེལ་བར་རྒྱུས་ལོན་བྱེད་དགོས།

  སློབ་ཚན་འདིའི་ལོ་རྒྱུས་རྒྱབ་ལྗོངས་ཤེས་རྟོགས་བྱུང་བ་བརྒྱུད་དེ་སློབ་ཚན་གྱི་ནང་དོན་གཏམ་རྒྱུད་ཀྱི་

ཚུལ་དུ་ཕན་ཚུན་ལ་བཤད་ཤེས་དགོས།

  སློབ་ཚན་གྱེར་ཀློག་དང་ནང་དོན་ལ་རྩད་ཞིབ་བྱས་པ་བརྒྱུད་ནས་སློབ་མའི་ལྟ་ཀློག་གི་ནུས་པ་ཇེ་མཐོར་

གཏོང་དགོས།

གཉིས་པ།  གཙོ་གནད་འོ་མའི་མར་ལོ།

སློབ་ཚན་འདིའི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པ་དང་སྐུ་ན་ཆུང་བའི་བོད་རྒྱལ་སྲོང་བཙན་སྒམ་པོ་ནི་

མི་ཇི་འདྲ་ཞིག་ཡིན་པ་ཤེས་དགོས།

གསུམ་པ།  དཀའ་གནད་མདུད་པ་རང་གྲོལ།

སློབ་ཚན་འདིའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་མགུར་གླུའི་ནང་དོན་ལ་གོ་བ་ལེན་རྒྱུ།

བཞི་བ།  རམ་འདེགས་དུས་ཐོག་ཆར་བ།

  ལོ་རྒྱུས་མི་སྣ་ངོ་སྤྲོད།

༡སྟག་རི་གཉན་གཟིགས་ཡབ་སྲས།  བོད་ཀྱི་རྒྱལ་རབས་སོ་གཅིག་པ་དང་སོ་གཉིས་པ་ཡིན་ལ།

རྗེ་འདི་གཉིས་ཀྱི་རིང་ནས་བཟུང་སྟེ་སྤུར་རྒྱལ་བོད་ཀྱི་ཆབ་སྲིད་མཐའ་བཞིར་བསྐྱེད་པའི་མགོ་ བརྩམས།

༢ཁྱུང་པོ་སྤུང་སད་དང་མྱང་ཙེང་སྐུ།   ཁྱུང་པོ་སྤུང་ཟད་ཟུ་ཙེ་ནི་དེ་སྔ་གཙང་གི་རྒྱལ་པོའི་བློན་པོ་

ཡིན་ཞིང་རྗེས་སུ་གཙང་རྗེ་མར་མུན་གྱི་མགོ་བཅད་དེ་དུད་ཁྱིམ་ཉིས་ཁྲི་བཅས་བོད་ཀྱི་རྒྱལ་པོ་༼ གནམ་རི་སྲོང་བཙན ༽ལ་མགོ་བཏགས་ཞུས།  མྱང་ཙེང་སྐུ་ནི་དེ་སྔ་ཟིང་པོ་རྗེ་ཁྲི་པང་སུམ་གྱི་

བློན་པོ་ཡིན་ཞིང་རྗེས་སུ་སྤུར་རྒྱལ་བཙན་པོ་གནམ་རི་སྲོང་བཙན་ལ་མགོ་བཏགས་ནས་ཟིང་རྗེ་བཀུམ།

༣སེང་གོ་མྱི་ཆེན། གནམ་རི་སྲོང་བཙན་གྱི་བློན་པོ་ཞིག་ཡིན་སྟེ། སྙིང་སྟོབས་ཆེ་ལ་དཔའ་ངར་ལྡན་པ། གཡུལ་ཐབས་ལ་མཁས་པའི་མི་ཞིག་ཡིན།  དྭགས་པོ་སྔར་ནས་སྤུར་རྒྱལ་གྱི་འབངས་སུ་ཡོད་པ་ལས་

ངོ་ལོག  བཙན་པོས་སེང་གོ་མྱི་ཆེན་བྱ་བ་སླར་བསྡུ་བའི་དམག་དཔོན་དུ་བསྐོས་པ་དེས་ཀྱང་དྭགས་པོ་

ཐམས་ཅད་འབངས་སུ་བཀུག

༤མྱང་ཞང་སྣང་།   མྱང་ཙེང་སྐུ་ཡི་བུ་ཡིན་ལ།   སྲོང་བཙན་སྒམ་པོ་སྐུ་ན་ཆུང་དུས་ཀྱི་སྐུ་གྲོགས་

སུ་གྱུར་ཡོད།

༥སློན་བཙན་དང་སློན་ཀོལ།  སློན་བཙན་ནི་གནམ་རི་སྲོང་བཙན་དང་སློན་ཀོལ་ནི་ཁོའི་གཅུང་

པོ་ཡིན།

༦དབའ་དབྱི་ཚབ་པང་ཏོ་རེ།   སྔར་ཟིང་པོ་རྗེ་ཁྲི་པང་སུམ་གྱི་བློན་པོ་ཡིན་པ་དང་།  རྗེས་སུ་

སྤུར་རྒྱལ་ལ་མགོ་བཏགས་ནས་གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོ་གཉིས་ཀྱི་བློན་པོར་གྱུར།

  མིང་འགྲེལ།

   སྤུར་རྒྱལ།   སྔ་རབས་བོད་ཀྱི་ཡུལ་སྤྱི་ལ་ཟེར།   སྐུ་ཡོན།    ཡོན་ཏན་གྱི་ཞེ་ས།

   བཙུད།    འཛུད་པའི་འདས་ཚིག         ལྕོགས།    ཐུབ་པའམ་ནུས་པའི་དོན།

   དོག་པ།    ཕོན་པོའམ་ཆུན་པོ།           མི་ཕོ།     སྐྱེས་པ་རྒོད་པོ།

  དོན་གྱི་ལོ་རྒྱུས་རྒྱབ་ལྗོངས།

   ༡ས་མོན་ཀའི་ཡུལ་ན་སྟག་མོ་གཅིག་ཞེས་པ་ནས་གངས་ཏི་སེའི་ཤྭ་རྐྱང་གཅིར་ཉེན་ཡོད། དེའི་དོན་གྱི་རྒྱབ་ལྗོངས་ནི་ཟིང་པོ་རྗེའི་རྒྱལ་སྲིད་མྱང་ཙེང་སྐུ་དང་དབས་དབྱི་ཚབ། མནོན་འདྲོན་པོ་

གསུམ་གྱིས་གནམ་རི་སྲོང་བཙན་ལ་ཕུལ་བ་དང་།   ཁྱུང་པོ་སྤུང་སད་ཟུ་ཙེས་གཙང་གི་རྒྱལ་པོའི་

མགོ་བཅད་དེ་གནམ་རི་སྲོང་བཙན་ལ་ཕུལ་བ།   སེང་གོ་མྱི་ཆེན་གྱིས་དྭགས་པོ་འབངས་སུ་བཀུག་

པར་གནམ་རི་སྲོང་བཙན་གྱིས་དགྱེས་སྟོན་གསོལ་བའི་དུས་སུ་ཁྱུང་པོ་སྤུང་སད་ཟུ་ཙེས་བླངས་པའི་

གླུ་ཚིག་ཡིན།   མགུར་ཚིག་འདིའི་ནང་དུ་ཐོག་མར་རང་ཉིད་ཀྱི་བྱས་རྗེས་དང་ཡོན་ཏན་གྱི་ཆེ་བ་

བརྗོད་པ་དང་བར་དུ་བཙན་པོས་གཞན་བློན་ལ་སྙིང་ཉེ་བ་ལས་རང་ལ་མཐོང་ཆུང་བྱེད་པ་བྲིས་ཡོད།

མཇུག་མཐར་ཕྱིང་བ་སྟག་རྩེ་ལ་རོང་འབྲོག་དར་བའམ་ཡང་ན་སྟོབས་འབྱོར་རྒྱས་པ་ནི་བློན་པོ་ང་ཡིན་ ཞེས་རྗེ་བློན་རྣམས་ལ་དྲན་སྐུལ་བྱས་ཡོད།

ཀྱེ་ན་ནིང་དང་གཞེས་ནིང་ལོ་ཡི་སྔོན་ཞེས་པ་ནས་མཁར་ཕྱིང་བ་སྟག་རྩེའི་སྣོན་མ་བྱས་

བར་གྱི་དོན་གྱི་རྒྱབ་ལྗོངས་ནི་ཁྱུང་པོ་སྤུང་སད་ཟུ་ཙེ་ཡིས་རང་ལ་འུད་བསྟོད་དང་། རྗེ་ལ་འཁང་ར།

བློན་ལ་ཕྲག་དོག་བཅས་བྱེད་པའི་མགུར་དེ་བླངས་པ་ན།  བཙན་པོའི་ངག་བརྡ་བཞིན་མྱང་མང་པོ་

རྗེ་ཞང་སྣང་གིས་གླུ་དེ་བླངས་པ་ཡིན།  དེའི་དོན་ནི་གནས་ལུགས་དང་ཡིན་ལུགས་མང་པོ་དྲངས་

ཏེ་བློན་པོ་བྱས་རྗེས་ཅན་རྣམས་ཀྱི་ཡོན་ཏན་གྱི་ཆེ་བ་བརྗོད་པ་དང་།  ཁྱུང་པོ་སྤུང་ཟད་ཟུ་ཙེ་ཁྱོད་

ཀྱིས་ངོམ་སོ་དེ་འདྲ་བྱེད་པ་ནི་མི་འོས་པ་ཞིག་ཡིན་པ་བསྟན་ཡོད།

ལྔ་བ།   སྔོན་སྦྱོང་རིག་བརྒྱའི་སྒོ་འབྱེད།

 སློབ་ཚན་ཞིབ་བཀླགས་བྱས་པ་བརྒྱུད་གཤམ་གྱི་དྲི་བ་དག་ལ་ལན་གདབ་དགོས།

༡ཁྱུང་བོ་སྤུང་ཟད་ཟུ་ཙེ་ནི་དེ་སྔ་སུའི་བློན་པོ་ཡིན།ཁྱུང་བོ་སྤུང་ཟད་དང་མྱང་ཙེང་སྐུའི་བར་གྱི་འབྲེལ་བ་ནི།     ལན།                                                                                                               

                                                                                                      

 

༢ སྲོང་བཙན་སྒམ་པོ་དང་གནམ་རི་སྲོང་བཙན་བར་གྱི་འབྲེལ་བ་ནི།

ལན།                                                                                                              

 

༣ མྱང་ཙེང་སྐུ་དང་མྱང་ཞང་སྣང་གི་འབྲེལ་བ་ནི། 

ལན།                                                   

༤ ཁྱུང་བོ་སྤུང་ཟད་དང་མྱང་ཙེང་སྐུའི་བར་གྱི་འབྲེལ་བ་ནི།

ལན།                                                                                                                 

 

མྱང་མང་པོ་རྗེ་ཞང་སྣང་བཙན་པོ་སུའི་བློན་པོ་ཡིན།

ལན།                                                      

 

༧ ཁྱུང་པོ་སྤུང་ཟད་ཟུ་ཙེའི་མགུར་གླུ་ལ་ལན་ལེན་མཁན་སུ་ཡིན།

ལན།                                                    

 

ཐ་སྙད་ལ་མཆན་ཐོབས།

ཀླུམ།  ཀླུམ་ཡ་གསུམ་གྱི་ཡུལ།          བཀུམ།

བསྩལ།                       གཉན་པོ།

གཅིར།

༩ གཤམ་གྱི་མིང་དག་གི་མཚོན་དོན་ཅི་ཞིག་ཡིན་པ་ཤོད།

སྟག་མོ།_____                              རྒོད།______              སྟག་ལྤགས།______              

གཤོག་ཟུང་། _____              སྤུ་གསོབ་གསོབ། ______            རྒྱུ་མ།_______

དྲུག་པ།   འཚོལ་དཔྱོད་གསེར་གྱི་ལྡེ་མིག

   མི་སྣའི་འབྲེལ་བར་ཐིག་གིས་སྦྲེལ་དགོས།

ཕ་བུའི་འབྲེལ་བ               གནམ་རི་སྲོང་བཙན་དང་ཁྱུང་པོ་སྤུང་སད་ཟུ་ཙེ།

རྒྱལ་བློན་གྱི་འབྲེལ་བ            སློན་བཙན་དང་སློན་ཀོན།

   བློན་པོའི་འབྲེལ་བ              གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོ།

   ཕུ་ནུའི་འབྲེལ་བ               མྱང་ཙེང་སྐུ་དང་ཞང་སྣང་།

   ཕ་བུའི་འབྲེལ་བ               ཁྱུང་པོ་སྤུང་སད་དང་མྱང་ཙེང་སྐུ།

༢ སློབ་ཚན་འདིའི་ནང་དུ་བློན་ཆེན་ཁྱུང་པོ་སྤུང་སད་ནི་མི་ཅི་འདྲ་ཞིག་ཡིན་པ་དང་། མཛད་རྗེས་ཆེ་ཤོས་ གང་དག་བཀོད་ཡོད།

ལན།                                                                                                                       

                                                                                                                              

 

༣སློབ་ཚན་དུ་སེང་གོ་མི་ཆེན་ནི་མི་ཇི་ལྟ་བུ་ཞིག་ཡིན་པ་དང་། ཁོང་གི་མཛད་རྗེས་གཅོ་བོ་ནི།

ལན།                                                                                                                      

                                                                                                                             


༤སྲོང་བཙན་སྒམ་པོའི་གཏམ་གླེང་དང་བྱ་བྱེད་གང་དག་ལས་ཁོང་ནི་ལོ་ན་ཆུང་ཡང་བློ་རིག་ལྡན་ལ་

གནད་དོན་ལ་བསམ་གཞིག་བྱེད་མཁས་པའི་མི་འཇོན་ཐང་ཅན་ཞིག་ཡིན་པ་ཤེས་ཐུབ།

ལན།                                                                                                                         

                                                                                                                             

                                                                                                               

 

༥ ཁྱུང་པོ་སྤུང་སད་ཀྱིས་རྒྱལ་བློན་ཚོགས་པའི་གྲས་ནས་བླངས་པའི་མགུར་ཚིག་དེའི་མཚོན་དོན་ཅི་ཡིན།

ལན།                                                                                                                          

                                                                                                                              

                                                                                                               

 

ཞང་སྣང་གིས་གླུ་ལན་སློག་པའི་མགུར་ཚིག་དེའི་མཚོན་དོན་ཅི་ཡིན།

ལན།                                                                                                                             

                                                                                                                             

                                                                                                                

༧ ཁྱོད་ཀྱིས་ལོ་རྒྱུས་སྒྲུང་གཏམ་འདི་གཞན་ལ་བཤད་ཐུབ་བམ།

 

དྲུག་པ།  སྦྱོང་བརྡར་རིག་པའི་ཚད་འཇལ།

༡ གཤམ་གྱི་རྟགས་བཀོད་ཡོད་པའི་མིང་གི་བསྟན་དོན་གང་ཡིན་ཤོད།

ཀྱེ་ན་ནིང་ལོ་དང་གཞེས་ནིང་ལོ།།             གཞེས་ནིང་ལོ་ཡི་སྔ་རོལ་དུ།།

སྟོད་ཏི་སེ་གངས་རི་དཀར་པོའི་དྲུང་།།        ཤྭ་ཡུ་མོ་རྐྱང་དང་བསྡེབས་ནས་བཤར།།

དེ་བཤར་བ་ཤམ་པོའི་རྩ་ཡི་ཆེད།།    དུས་དེ་རིང་གནངས་ཀ་བལྟས་ཙ་ན།།

                                                                                                                    

                                                                                                                             

༢ བརྡར་ཤ་གཅོད་པ།

ཀ ཟུ་ཙེ་དང་མྱང་མང་པོ་རྗེ་ཞང་སྣང་བར་གྱི་མགུར་གླུས་རྗེ་བློན་བར་གྱི་འགལ་བ་དང་། བློན་གསར་རྙིང་

བར་གྱི་འགལ་བ་མངོན་པར་མཚོན་ཡོད།   (    )

    མི་སྣའི་གཏམ་གླེང་དང་བྱ་བྱེད་ཞིབ་འབྲི་བྱས་ནས་མི་སྣའི་སྣང་བརྙན་གསར་བཞེངས་བྱས་པ་ནི་

རྩོམ་འདིའི་ཁྱད་ཆོས་སུ་བརྩི་འོས།  (      )

 སློབ་ཚན་དུ་སྲོང་བཙན་སྒམ་པོ་ནི་ཆུང་དུས་ནས་བཟུང་གནད་དོན་ལ་དབྱེ་ཞིབ་དང་བསམ་གཞིག་

གཏོང་བའི་སྙིང་སྟོབས་མངའ་བ་ཤེས་ཐུབ། (     )

བདུན་པ།  སྣོད་ལྡན་སློབ་མའི་ལེགས་སྐྱེས།

༡ བཙན་པོའི་སྐབས་ཀྱི་ལོ་རྒྱུས་དཔེ་ཆར་བལྟ་བ།

༢ སྒྲུང་གཏམ་གྱི་རྩ་བའི་གྲུབ་ཆ་གསུམ་ནི་གང་དག་ཡིན།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号