ཁོར་ཡུག་གི་ཆ་རྐྱེན་དང་ནམ་ཟླའི་དྲོད་འཁྱགས་དང་བསྟུན་ནས་འབྲོག་པ་ཚོས་གནའ་སྔ་མོ་ནས་བཟུང་རང་ཉིད་དང་ཆེས་འཚམས་པའི་རྩེད་སྟངས་ཐུན་མོང་མ་ཡིན་པ་ཞིག་བསྐྲུན་ཡོད། བྱིས་པ་ཚོར་མཚོན་ན་ཕན་ཚུན་ལ་ཁེད་བཤད་རེས་ཀྱིས་རི་རབ་དང་ཁང་ཁྱིམ་ནོར་ལུག་བཅས་ལེན་རེས་བྱེད་པ་དང་ཚག་དཀའ་མོ་རྡོ་འཕེན(ཡུལ་སྐད་དེ་ཡིན་པ་ནི་རྡོ་གོར་ཆུང་བ་ཞིག་གི་ལེབ་ངོས་སུ་རི་མོ་བྲིས་ཏེ་བྱིས་པ་ཞིག་གམ་མི་གཞན་པ་ཞིག་གིས་བྱིས་པ་ཚོར་མཐོང་དུ་མ་བཅུག་པར་ཕྱོགས་གང་རུང་ཞིག་ཏུ་གཡུག་རྗེས་ཁ་ཕྱོགས་ཟུར་ཙམ་ཞིག་བཤད་དེ་ཁོ་ཚོར་བཙལ་དུ་འཇུགབྱིས་པ་དེ་ཚོའི་ནང་གི་སུའི་ལག་ཏུ་ཡོང་ན་ཁོ་རང་མྱུར་དུ་ཕྱིར་རྡོ་ལེབ་གཡུག་མཁན་དེའི་གམ་དུ་རྒྱུགས་ཡོང་དགོས་ལ་བྱིས་པ་གཞན་པ་ཚོས་ཁོ་འཛིན་ཨེ་ཐུབ་ལྟ་དགོས།གལ་ཏེ་འཛིན་ཐུབ་ཚེ་ཁོ་རང་ལ་རྒྱལ་ཁ་ཐོབ་པ་ཡིན་པའི་རྩེད་མོ་ཞིག)པ།
 |