ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན།
སྤེལ་དུས།09-05  ཡོང་ཁུངས།མགོ་ལོག་ཁུལ་ཨུ་ཏང་གི་སློབ་གྲྭ  རྩོམ་པ་པོ།འབྲུག་རྒྱལ་ཚེ་རིང་།
  ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ༢༠༡༢ལོའི་ཟླ༡༡པའི་ཚེས༨ཉིན་ནས་ཚེས༡༤ཉིན་བར་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས།  རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚོགས་ཐོག་ནས་སྤྱི་ཁྱབ་ཧྲི་ཅུའུ་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་བདུན་པའི་ཚབ་བྱས་ནས་ཁ་བྱང་ལ  《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་ནས་བློ་རྩ་བརྟན་པོའི་ངང་མདུན་དུ་བསྐྱོད་དེ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་འབད་འཐབ་བྱ་དགོས》 ཞེས་པ་སྙན་སྒྲོན་ཞུས། ཐེངས་འདིར་ཞུགས་པའི་འཐུས་མི༢༣༠༩ཡོད་དང་།  གྲོས་ཚོགས་ཐོག་གྲོས་རིམ་ཚན་པ་ལྔ་ལེགས་གྲུབ་བྱུང་། གཅིག ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་དང་ཞིབ་དཔྱོད་བྱས། གཉིས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཞིབ་དཔྱོད་བྱས། གསུམ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ལ་ཞིབ་བཤེར་གྲོས་འཆམ་བྱུང་། བཞི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་འདེམས།  ལྔ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས།   ཚོགས་ཆེན་བཅོ་བརྒྱད་པའི་བརྗོད་བྱ་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ་དང་། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་བྱེད་པ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། བཅོས་བསྒྱུར་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་དེ་བློ་རྩ་བརྟན་པོའི་སྒོ་ནས་མདུན་སྐྱོད་བཅས་བྱས་ཏེ་འབྱོར་འབྲིང་གི་སྤྱི་ཚོགས་རིང་ལུགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་ཕྱིར་འབད་འཐབ་བྱ་དགོས་པ་རེད། ཞེས་པ་འདི་ཡིན། བརྗོད་བྱ་འདིས་ཧ་ཅང་གསལ་བོ་སྒོ་ནས་ཏང་ཕྱི་ནང་དང་།  རྒྱལ་ཁབ་ཕྱི་ནང་ལ་ང་ཚོའི་ཏང་གིས་དར་ཆ་ཅི་འདྲ་བ་ཞིག་བསྒྲེང་རྒྱུ་དང་། ལམ་ཅི་འདྲ་བ་ཞིག་ལ་བསྐྱོད་རྒྱུ། བསམ་ཚུལ་ཅི་འདྲ་བ་ཞིག་གིས་འཕེལ་རྒྱས་དམིགས་ཡུལ་ཅི་འདྲ་བ་ཞིག་ལ་དམིགས་ནས་མུ་མཐུད་ནས་མདུན་དུ་བསྐྱོད་རྒྱུ་བཅས་ལ་ལན་གསལ་བོ་ཞིག་བཏབ་ཡོད་པ་རེད། འདིའི་ཁྲོད་ཀྱི་འབྲེལ་བ་བཞི་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡོངས་ཀྱི་གནད་དོན་གལ་ཆེན་རེད།

ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ཡིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བར་ཁྱོན་ཡོངས་ནས་བཀོད་བསྒྲིག་བྱས་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་བསྒྲགས་གཏམ་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཡིན།  

རྒྱ་ཡིག་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ཁ་ཚང་ལ་ཡིག་འབྲུ༢༨༠༠༠ལྷག་ཡོད། སྙན་ཞུ་དེའི་གཞི་རྩའི་སྒྲིག་གཞི་དེ་ཁག་ཆེན་པོ་གསུམ་ལ་དབྱེ་ཆོག ཁག་དང་པོ་ནི་གླེང་གཞིའི་སྐོར་དེ་རྒྱབ་ལྗོངས་ངོ་སྤྲོད་དང་། བརྗོད་བྱ་གསལ་སྟོན། ཏང་གི་འགན་ཁུར་དང་ལས་འགན་གསལ་བོ་ངང་བསྟན་ཡོད།  ཁག་གཉིས་པ་ནི་ནང་དོན་དངོས་དེ་ཚན་པ་བཅུ་གཉིས་ཀྱིས་གྲུབ་ཡོད།  དེ་བྱེ་བྲག་གིས་དབྱེ་ན་དོན་ཚན་ཆུང་བ་གསུམ་ལ་དབྱེ་ཆོག  ༡  སྤྱིར་བཤད། (ཚན་པ་དང་པོ་ནས་གསུམ་པའི་བར།) ཚན་པ་འདི་ནི་སྙན་ཞུ་ཡོངས་ཀྱི་སྲོག་ཤིང་ལྟ་བུ་དང་དཀྱིལ་སྙིང་ཡིན། ༢ ཁག་བཤད། (ཚན་པ་བཞི་པ་ནས་བཅུ་གཅིག་བར། ) འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་པ་ཡིན། ༣ ཆེད་བཤད། (ཚན་པ་བཅུ་གཉིས་པ།) ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་སྐོར་རྒྱས་བཤད་བྱེད་ཡོད། ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་གྱི་ཚན་རིག་ཆུ་ཚད་མཐོར་འདེགས་གཏོང་དགོས།  གསུམ། མཇུག་སྒྲིལ་པའི་གཏམ། ཏང་གི་རེ་བ་ན་གཞོན་དང་མི་དམངས་ལ་བཅོལ་ནས་ཏང་ཡོངས་མཐུན་སྒྲིལ་དམ་པོ་བྱས་ཏེ་འབྱོར་ཕྱུག་བདེ་སྐྱིད་ལྡན་པའི་མ་འོངས་པ་མཉམ་དུ་སྐྲུན་དགོས།

རང་ཉིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པ་བརྒྱུད་ནས་རང་གི་མྱོང་ཚོར་ཙམ་གཤམ་གྱི་ཕྱོགས་བཞི་ནས་འདིར་བཞུགས་ཀྱི་སྡེ་བའི་འགོ་ཁྲིད་དང་། ཏང་ཀྲི་པུའུ་ཧྲིའུ་ཅི་རྣམས་ལ་སྙན་སེང་ཅིག་ཞུ།

གཅིག ཚོགས་ཆེན་བཅོ་བརྒྱད་པའི་བརྗོད་བྱ་དང་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།

གཉིས། ལོ་ལྔའི་བྱ་བར་ཕྱིར་དྲན་དང་ལོ་བཅུའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ།

གསུམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱེད་པ།

བཞི།  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བྱེད་པ།

གཅིག ཚོགས་ཆེན་བཅོ་བརྒྱད་པའི་བརྗོད་བྱ་དང་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།

ཚོགས་ཆེན་བཅོ་བརྒྱད་པ་ནི་སྤྱི་ལོ༢༠༡༢ལོར་ཏང་ཡོངས་ཀྱི་ཆེས་གལ་འགངས་ཆེ་བའི་བྱ་བ་ཞིག་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་བྱ་བ་ཞིག་ཡིན་ལ།  དེ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱིས་མཐོང་ཆེན་བྱེད་པའི་དོན་ཆེན་ཞིག་ཀྱང་ཡིན།  ཚོགས་ཆེན་བཅོ་བརྒྱད་པ་དེ་ཀྲུང་གོ་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་འཚོགས་པས་ཀྲུང་གོ་འཕེལ་རྒྱས་ཀྱི་གནས་ཚུལ་ཧྲིལ་བོ་དང་། ཀྲུང་གོ་འཕེལ་རྒྱས་ཀྱི་མ་འོངས་བར་དོན་སྙིང་གལ་ཆེན་ལྡན།

ཚོགས་ཆེན་བཅོ་བརྒྱད་པའི་དོན་སྙིང་ཕྱོགས་གཅིག་ཏུ་བསྡུས་ནས་བཤད་ན།  གཅིག་ནི་འདི་འདྲའི་གནད་འགག་གི་དུས་སྐབས་སུ་ང་ཚོའི་ཀྲུང་གོ་གུང་ཁྲན་ཏང་གིས་དར་ཆ་ཅི་འདྲ་བ་ཞིག་བསྒྲེང་རྒྱུ་དང་། ལམ་ཅི་འདྲ་བ་ཞིག་ལ་བསྐྱོད་རྒྱུའི་གནད་དོན་སྐོར་ལ་ལན་ཧ་ཅང་གསལ་བོའི་ཞིག་བཏབ་ཡོད།  བརྡར་ཤ་གཅོད་དཀའ་བའི་གནད་དོན་འདི་ལྟ་བུ་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ལན་གསལ་བོ་བརྟན་པོ་ཞིག་བཏབ་ཡོད།  ང་ཚོའི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཆེས་གཞི་རྩའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་ནས་བློ་རྩ་བརྟན་པོའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་དེ་མདུན་དུ་བསྐྱོད་རྒྱུ་ཞེས་པ་དེ་ཡིན། འདི་ནི་ཚོགས་ཆེན་བཅོ་བརྒྱད་པའི་ཆེས་གཞི་རྩའི་དོན་སྙིང་ཞིག་ཀྱང་ཡིན།   

གཉིས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ཏང་གི་མཛུབ་སྟོན་བསམ་བློ་དང་དུས་བསྟུན་ལྷན་སྐྱོད་ཀྱི་བསམ་བློ་མངོན་འགྱུར་བྱེད་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ལག་ལེན་བྱས་པ་གཞིར་བཟུང་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་ཏང་གིས་ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློ་ཡིན་པ་ཐག་གཅོད་བྱས།  འདི་ནི་ཀྲུང་གོའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་དེ་བཞིན་དུ་དོན་སྙིང་གཏིང་ཟབ་ལྡན། ཨུ་ཁུ་སུས་སྔར་གསུངས་དོན། ང་ཚོའི་ཏང་འདི་ལ་ལེགས་ཆ་ཆེན་པོ་ཞིག་ཡོད། གསར་ཞིང་ཚན་རིག་གི་འཇིག་རྟེན་ལྟ་ཚུལ་དེ་ང་ཚོའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བྱེད་ཡོད།   དེའི་ཕྱིར་གཞུང་ལུགས་ཡོད་པ་མ་ཟད་ལག་ལེན་ཁྲོད་དུ་གཞུང་ལུགས་མུ་མཐུད་དུ་གསར་གཏོད་བྱེད་པ་བརྒྱུད་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་མཛུབ་སྟོན་བསམ་བློ་དེ་དུས་བསྟུན་ལྷན་སྐྱོད་བྱས་ཡོད།  འདི་ནི་ཏང་གི་བྱ་གཞག་མུ་མཐུད་དུ་འཕེལ་རྒྱས་འགྲོ་བའི་རྩ་བའི་ཁག་ཐེག་ཡིན།

གསུམ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་རྗེས་ཕྱོགས་ཀྱི་འབད་བརྩོན་དམིགས་འབེན་གསལ་བོ་བསྟན་ཡོད་པ་མ་ཟད་དམིགས་འབེན་འདི་ཡོངས་འགྲུབ་བྱེད་ཆེད་ལས་འགན་སོ་སོའང་གཏན་འབེབས་བཀོད་སྒྲིག་བྱེད་ཡོད། ཐད་ཀར་དང་བྱེ་བྲག་གིས་བཤད་ན ༢༠༢༠ལོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པའི་དམིགས་འབེན་གཏན་ཁེལ་བྱེད་ཡོད།

བཞི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཀྲུང་དབྱང་གི་འགོ་ཁྲིད་ཚན་ཆུང་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་རྙིང་བ་གསར་བརྗེ་བྱས། ཀྲུང་དབྱང་འགོ་ཁྲིད་ཚན་ཆུང་གི་རྙིང་བ་གསར་བརྗེ་ཡི་ལམ་ལུགས་ཅན་དང་ཚད་ལྡན་ཅན་དེ་གོམ་གང་མདུན་སྤོས་སྒོས་སྲ་བརྟན་དང་གཏན་ཁེལ་བྱས། དེའི་ཕྱིར་ཕྱོགས་ཡོངས་ནས་བཤད་ན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་གོང་གི་ཕྱོགས་འདི་དག་གི་དོན་སྙིང་གལ་ཆེན་ལྡན།

 གཉིས།  ལོ་ལྔའི་བྱ་བར་ཕྱིར་དྲན་དང་ལོ་བཅུའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ།

ཉམས་མྱོང་ཕྱོགས་སྡོམ་བྱེད་པ་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་བོ་ཞིག་ཡིན། མི་སྒེར་དང་ལས་ཁུངས་སོ་སོས་རྒྱུན་པར་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་ཡིན། ལོ་རེ་རེར་ལོ་མཇུག་གི་སྐབས་སུ་ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཚང་མར་ལས་འགན་སྒྲུབ་ཚུལ་ཕྱོགས་བསྡོམས་དང་གསལ་ཞུ་བྱེད་དགོས།  རྒྱལ་ཁབ་ཀྱི་སྲོག་ཤིང་ལྟ་བུའི་ཏང་ཞིག་ཡིན་པའི་ཆ་ནས་མུ་མཐུད་དུ་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་སྤྱི་ཁྱབ་ཧྲིའུ་ཅུས་ཐོག་མར་འདས་པའི་ལོ་ལྔའི་བྱ་བ་དང་ཚོགས་ཆེན་བཅུ་དྲུག་པའི་ཚུན་གྱི་ལོ་བཅུའི་བྱ་གཞག་ལ་དངོས་ཐོག་བདེན་འཚོལ་གྱིས་ཕྱོགས་བསྡོམས་བྱས།

ལོ་ལྔ་པོ་འདི་དང་འདས་པའི་ལོ་ངོ་བཅུ་ཡི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།  ཚོགས་ཆེན་བཅུ་བདུན་པ་འཚོགས་པ་ནས་བཟུང་གི་ལོ་ལྔ་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བློ་སྟོབས་ཆེན་པོས་མདུན་དུ་བསྐྱོད་པའི་ལོ་ལྔ་ཡིན་པ་དང་། ང་ཚོས་དཀའ་ངལ་དང་ཉམས་ཉེན་སྣ་ཚོགས་ཉམས་སད་ཐེག་སྟེ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་བླངས་པའི་ལོ་ལྔ་རེད། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ཡོད། བཅོས་བསྒྱུར་སྒོ་འབྱེད་འཕེལ་རྒྱས་གལ་ཆེན་བྱུང་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོར་མཐོ་རུ་ཕྱིན་ཡོད། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་པའི་གོམ་སྟབས་གསར་པ་སྤོས་པ་རེད། རིག་གནས་དར་རྒྱས་སྐས་རིམ་གསར་པར་འཛེགས་ཡོད། སྤྱི་ཚོགས་ལེགས་སྐྱོང་སྔར་མེད་ཡར་རྒྱས་བྱུང་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་ཡོད།  ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་སྒྲུབ་ཤུགས་སྔར་ལས་ཆེ་རུ་བཏང་ཡོད། ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཏང་ལེགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད།

དེ་དང་མཉམ་དུ་བྱ་བའི་ཁྲོད་མི་འདང་བ་མང་པོ་ཡོད་པའང་སྦ་གསང་མེད་པར་བརྗོད་ཡོད།  ང་ཚོའི་ལས་ཀའི་ཁྲོད་དུ་མི་འདང་བ་མང་པོ་ཡོད་པ་དང་། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་སྔར་བཞིན་དཀའ་ངལ་དང་གནད་དོན་མི་ཉུང་བ་ཡོད་པ་དུས་མཚུངས་སུ་ང་ཚོས་རིག་པ་དྭངས་གསལ་གྱི་ཤེས་པར་བྱ་དགོས་། དཀའ་ངལ་དང་གནད་དོན་འདི་དག་ལ་ང་ཚོས་ངེས་པར་དུ་མཐོང་ཆེན་ཆེན་པོ་བྱེད་དགོས་པ་དང་གོམ་གང་མདུན་སྤོས་ཀྱིས་ཐག་གཅོད་ནན་མོ་བྱེད་དགོས། འཕེལ་རྒྱས་ཁྲོད་དོ་མི་མཉམ་པ་དང་། མཐུན་སྦྱོར་མེད་པ། རྒྱུན་སྐྱོང་མི་ཐུབ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། ཚན་རྩལ་གསར་གཏོད་བྱེད་ནུས་མི་ཆེ་བ། ཐོན་ལས་ཀྱི་གྲུབ་ཚུལ་ལུགས་མཐུན་མིན་པ། ཞིང་ལས་ཀྱི་རྨང་གཞི་སྔར་བཞིན་ཞན་པ། ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཆེ་རུ་ཕྱིན་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་གནོད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ཅུང་མང་བ། གཞན་ཡང་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་ལས་འགན་དཀའ་ཚེགས་ཆེ་བ།  གྲོང་ཁྱེར་དང་གྲོང་གསེབ་བར་ས་ཁོངས་འཕེལ་རྒྱས་ཀྱི་ཁྱད་པར་ཆེ་བ་དང་གྲོང་མིའི་ཡོང་འབབ་བགོ་བཤའི་ཁྱད་པར་སྔར་བཞིན་ཆེ་བ། གཞི་རིམ་ཏང་རྩ་འཛུགས་ཁ་ཤས་ནུས་མེད་ཉམས་ཞན་ཡིན་པ།  ཁྱབ་ཁོངས་ཁ་ཤས་སུ་སྒྱིད་ལུག་དང་རུལ་སུངས་སུ་གྱུར་པའི་སྣང་ཚུལ་ཐོན་སླ་བ་དང་མང་པོ་ཐོན་པས། རུལ་རྒོལ་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན།

གནད་དོན་འདི་དག་ལ་ང་ཚོས་ཇི་ལྟར་བྱ།  ལོ་ལྔ་པོ་འདི་དང་འདས་པའི་ལོ་ངོ་བཅུ་ལ་ཕྱིར་བལྟ་བྱེད་པ་བརྒྱུད་ནས་ཆེས་གཞི་རྩ་དང་ཆེས་དཀྱིལ་སྙིང་གི་སྡོམ་ཚིག་ཞིག་ཐོབ་ཡོད་པ་ནི་ཚན་རིག་གི་འཕེལ་རྒྱས་ལྟ་བ་རེད། ཚན་རིག་གི་འཕེལ་རྒྱས་ལྟ་བ་ནི་ང་ཚོ་ཚང་མར་ཆ་རྒྱུས་ཡོད་ལ། ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ༢༠༠༣ལོ་གླེང་བ་ནས་ད་རག་བར་དུ་ལོ་བཅུ་འགོར། ལོ་བཅུ་བོ་འདིའི་རིང་ལ་ཏང་ཀྲུང་དབྱང་གིས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ཡི་ལག་ལེན་ཧ་ཅང་གཙིགས་ཆེན་དུ་བཟུང་ཡོད།  ཏང་གི་ཚོགས་ཆེན་བཅུ་བདུན་པས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་ཏང་གི་སྒྲིག་ཡིག་ཏུ་བཀོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་ཁ་བྱང་དུ་བཞག།  ཐེངས་འདིའི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཁོང་གིས་ལག་ལེན་འཐའ་འཁྱོལ་གྱི་གནད་དོན་གསུང་ཡོད་ལ་ངེས་པར་དུ་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་བོ་ཁྲོད་ལག་ལེན་དོན་འཁྱོལ་བྱེད་དགོས་པ་དང་།  ཏང་གི་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་མངོན་དགོས་པར་བསྟན། དེ་རིང་གི་གུང་ཁྲང་ཏང་ལ་མཚོན་ནས་བཤད་ན། ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་བསམ་བློའི་མཛུབ་སྟོན་དུ་བཞག་ནས་ཏང་ཡོན་ལས་བྱེད་པས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་སྐབས་རང་རྟོགས་རང་བཞིན་དང་། བློ་བརྟན་འགྱུར་མེད་ཀྱི་བསམ་བློ་ལ་བག་ཆགས་གསལ་བོ་ཡོད་དགོས། དེ་བསམ་བློ་མཛུབ་སྟོན་དང་འགུལ་སྐྱོད་ཕྱོགས་སྟོན་དུ་གྱུར་བའི་ཆ་ནས་འགོ་ཁྲོད་ལས་བྱེད་པས་གནད་དོན་ལ་བསམ་བློ་གཏོང་སྐབས་དང་། གནད་དོན་ཐག་གཅོད་སྐབས། འགུལ་སྐྱོད་མ་བྱེད་པའི་སྔོན་ལ་ངེས་པར་དུ་ཚན་རིག་གི་འཕེལ་རྒྱས་ལྟ་བའི་རེ་བར་འཚམས་མིན་ལ་བསམ་བློ་ཡག་པོ་གཏོང་དགོས། ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་དུས་སྐབས་གསར་བའི་ཁྲོད་འཕེལ་རྒྱས་ག་འདྲ་ཞིག་ལ་མངོན་འགྱུར་བྱེད་ཐུབ་པ་དང་། ཅི་འདྲ་བ་ཞིག་འཕེལ་རྒྱས་ལ་འགྲོ་བ་སོགས་ཀྱི་གནད་དོན་ཐད་ལ་ཚན་རིག་དང་མཐུན་པའི་ལན་གསར་བ་ཞིག་བཏབ་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཆོས་ཉིད་ཀྱི་ངོས་འཛིན་ཐད་ལ་ཆུ་ཚད་གསར་བ་ཞིག་ལ་སླེབས་ཡོད། ཚན་རིག་གི་འཕེལ་རྒྱས་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་གི་གྲུབ་འབྲས་གསར་བ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡང་ཡིན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡོད་ཚད་ལ་མཛུབ་སྟོན་བྱེད་པའི་བསམ་བློ་ཡིན། ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་མར་ལེའི་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ།  ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན་སོགས་དང་འདྲ་བར་ཏང་གིས་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་སྲིང་དགོས་པའི་མཛུབ་སྟོན་བསམ་བློ་ཡིན།   དེའི་ཕྱིར་སྤྱི་ཁྱབ་ཧྲིའུ་ཅིས་ལོ་ལྔ་དང་ལོ་བཅུའི་བྱ་བར་ཕྱིར་བལྟ་བྱེད་སྐབས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་མ་ཟད་ཆབ་སྲིད་ཀྱི་གནད་མཐོ་སར་བཞག་ནས་མ་འོངས་ཀྲུང་གོ་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་དགོས།  འདི་ནི་སྤྱི་ཁྱབ་ཧྲིའུ་ཅིའི་སྙན་ཞུའི་ཁག་དང་པོའི་ནང་དོན་ཡིན།

གསུམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱེད་པ།

གལ་ཏེ་ཚན་རིག་གི་འཕེལ་རྒྱས་ལྟ་བ་ནི་ལོ་ལྔ་དང་འདས་པའི་ལོ་བཅུའི་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་ཡིན་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་རྒྱུ་ནི་ལོ་ལྔ་དང་ལོ་བཅུ། ཐ་ན་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་། ཏང་བཙུགས་པའི་ལོ་ངོ་དགུ་བཅུ་རིང་ལ་ཧུར་ཐག་གིས་འཚོལ་བཤེར་བྱེད་པའི་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་གྱི་ཉམས་མྱོང་གལ་ཆེན་ཡིན།

བློ་མཐུན་ཏིན་ཞའོ་ཕིན་གྱིས་ཐོག་མར་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་སྐབས་གླེང་བ་དང་། རང་ཉིད་ཀྱི་ལམ་ལ་སོང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་དགོས། ཏང་གི་ཚོགས་ཆེན་རིམ་བྱུང་དུའང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཞེས་བ་ཐོག་མཐའ་བར་དུ་ནན་བཤད་བྱེད་ཡོད། ཕྱིར་དྲན་ཞིག་བྱེད་ན་ཤེས་སླ་སྟེ། ཚོགས་ཆེན་བཅུ་གསུམ་པའི་སྙན་ཞུའི་ཁ་བྱང་ལ《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་ནས་མདུན་དུ་བསྐྱོད་དགོས》། ཚོགས་ཆེན་བཅུ་བཞི་པའི་སྙན་ཞུའི་ཁ་བྱང་ལ《བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ལ་ཤུགས་བསྣན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱལ་ཁ་ཆེན་པོ་ལེན་པར་བརྩོན་ལེན་བྱ་དགོས། 》 ཚོགས་ཆེན་བཅོ་ལྔ་པའི་སྙན་ཞུའི་ཁ་བྱང་ལ《ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཕྱོགས་ཡོངས་ནས་དུས་རབས་ཉེར་གཅིག་པར་བསྐྱོད་དགོས། 》 ཚོགས་ཆེན་བཅུ་དྲུག་པའི་སྙན་ཞུའི་ཁ་བྱང་ལ《འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྣམ་པ་གསར་པ་ཞིག་གསར་སྐྲུན་བྱེད་དགོས། 》 ཚོགས་ཆེན་བཅུ་བདུན་པའི་སྙན་ཞུའི་ཁ་བྱང་ལ《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ཕྱིར་འབད་འཐབ་བྱ་དགོས། 》 ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཁ་བྱང་ལ《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་ནས་བློ་རྩ་བརྟན་པོའི་ངང་མདུན་དུ་བསྐྱོད་དེ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་འབད་འཐབ་བྱ་དགོས》  འདིར་ལྟར་ཕྱིར་དྲན་ཞིག་བྱེད་ན་ཤེས་ཐུབ་པ་ནི་ཏང་གི་ཚོགས་ཆེན་བཅུ་གསུམ་པ་ནས་བཅོ་བརྒྱད་པའི་བར། ཐེངས་རེ་རེའི་ཚོགས་ཆེན་སྙན་ཞུའི་ཁ་བྱང་གི་གནད་འཛིན་ས་མི་གཅིག་རུང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པ་འདི་ཐོག་མཐའ་བར་གསུམ་དུ་འགྱུར་མེད།  ཅི་ཕྱིར་གནད་དོན་འདི་ནན་བཤད་བྱེད་དགོས་ཞེས་ན། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་བཅོས་བསྒྱུར་སྒོ་འབྱེད་ཁྲོད་ཀྲུང་གོའི་དེང་རབས་ཅན་གསར་གཏོད་ཀྱི་ཡང་དག་པའི་བགྲོད་ལམ་ཉག་གཅིག་ཡིན་པ་དང་། སྙན་ཞུའི་ཁྲོད་ཀྱི་སྐད་ཆས་བཤད་ན། བཅོས་བསྒྱུར་སྒོ་འབྱེད་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་གཅིག་རྗེས་གཉིས་མཐུད་ཀྱིས་འཚོལ་ཞིབ་བྱེད་པའི་ཁྲོད་དུ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་བློ་བརྟན་འགྱུར་མེད་ཀྱིས་མཐོན་པོར་བསྒྲེངས།   དར་ཆ་ཡིས་ཁ་ཕྱོགས་དང་རེ་བ། བགྲོད་ལམ་མཚོན་ལ། བློ་མཐུན་མའོ་ཙེ་དུང་གིས་གསུང་དོན། སྤྱི་ཚོགས་རིང་ལུགས་ནི་དར་ཆ་ཞིག་དང་མཚུངས་ལ།  དར་ཆ་འདི་མཐོར་པོར་བསྒྲེང་ན་ད་གཟོད་མི་དམངས་མང་ཚོགས་ཕྱོགས་གང་ལ་བསྐྱོད་དགོས་པ་ཤེས་ལ། ཕྱོགས་གང་ལ་འབད་བརྩོན་བྱེད་དགོས་པའང་ཤེས་ཐུབ། ཡིན་ནའང་དེ་རིང་གི་ཀྲུང་གོའི་སྤྱི་ཚོགས་ལ་མཚོན་ནས་བཤད་ན། དར་ཆ་འདི་ཅི་ཞིག་ཡིན་ནམ།ཞེས་དྲིས་ན།     དེ་ནི་སྔར་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཚང་མར་མཚོན་ནའང་ཆ་རྒྱུས་མེད་པ་ཞིག་མ་ཡིན་མོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དོན་ངོ་མ་ཅི་ཞིག་ཡིན་ནམ་ཞེས་དྲིས་ན། མི་མང་པོ་ཞིག་གིས་ཕལ་ཆེར་དེ་ལ་ལན་གསལ་བོ་འདེབས་མི་ཤེས་སྙམ། ཐེངས་འདིའི་ཏང་གི་ཚོགས་ཆེན་བརྒྱད་པའི་སྟེང་ཐེངས་དང་པོར་ཆ་ཚང་བའི་སྒོ་ནས་འགྲེལ་བ་རྒྱས་བཤད་བྱེད་ཡོད། དེར་ནང་དོན་ཆེན་པོ་གསུམ་འདུས་ཏེ།

༡ བགྲོད་ལམ། ——ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོའི་དེང་རབས་ཅན་གྱི་ཡང་དག་པའི་བགྲོད་ལམ་ཉག་གཅིག་ཡིན།

བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་ཚན་པ་རབས་དང་པོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་གྲུབ་བྱུང་རྗེས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་འཚོལ་ཞིབ་བྱེད་པའི་འགོ་བརྩམས། སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་ཁེལ་གནང་། འཚོལ་ཞིབ་འདི་དག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱེད་པར་ཉམས་མྱོང་རྩ་ཆེན་དང་། གཞུང་ལུགས་ཐོག་གི་གྲ་སྒྲིག  དངོས་པོའི་རྨང་གཞི་བཅས་འདོན་སྤྲོད་བྱས། འཚོལ་ཞིབ་ཀྱི་བརྒྱུད་རིམ་ཁྲོད་དུ་ཀྱག་ཀྱོག་བརྒྱུད་མྱོང་ལ། རིན་དོད་ཚབས་ཆེན་ཡང་བཏང་མྱོང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མ་འཚོགས་པའི་སྔོན་ལ། ཀྲུང་གོ་བགྲོད་ལམ་གང་ལ་འགྲོ་རྒྱུའི་གནད་དོན་ལ་ཐུག་མྱོང་བ་དང་། ལམ་ཅི་འདྲ་བ་ལ་ཞིག་བསྐྱོད་རྒྱུ།  སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ། བློ་མཐུན་ཏིན་ཞའོ་ཕིན་གྱིས་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་སྐབས་སུ་རང་ཉིད་ཀྱི་ལམ་ལ་སོང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་དགོས་ཞེས་ཐོག་མར་གླེང་། དེ་མ་ཐག་བསམ་བློ་གཏོང་རྒྱ་ཧ་ཅང་ཆེ་རུ་ཕྱིན་ནས། སྐབས་དེ་ནས་བཟུང་སྟེ་ཀྲུང་གོ་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་གིས་དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་ཡིན་པའི་བགྲོད་ལམ་དོན་དུ་གཉེར། དེས་ཀྲུང་གོ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དེ་སྔར་བྱུང་མ་མྱོང་བའི་བཅིངས་འགྲོལ་དང་འཕེལ་རྒྱས་བྱུང་བས། དེར་ཀྲུང་གོ་མི་དམངས་ཀྱིས་ཁས་ལེན་གང་ལེགས་ཐོབ། ཡིན་ནའང་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་སུམ་ཅུ་རིང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་ཁྱད་འཕགས་དགེ་མཚན་དེ་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་མཉམ་དུ་གནད་དོན་ཡང་མུ་མཐུད་དུ་འབྱུང་བཞིན་འདུག  མི་ལ་ལས་མའོ་ཙེ་ཏུང་གི་དུས་སྐབས་དབུལ་བོ་ཡིན་ལ་ཆ་སྙོམས་པའི་སྤྱི་ཚོགས་རིང་ལུགས་དེར་ཕྱིར་དྲན་བྱེད་འགོ་བརྩམས་བྱུང་། འཆར་གཞི་ཅན་གྱི་དཔལ་འབྱོར་དུས་སྐབས་ལ་སོང་ན་བཟང་བསམ། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྔོན་གྱི་ལམ་ལ་སོང་ན་བཟང་སྙམ། ལམ་རྙིང་བ། སོང་ཟིན་པའི་ལམ་ལ་བསྐྱོད་འདོད་ཡོད། ཡང་མི་ཁ་ཤས་ལ་ནུབ་ཕྱོགས་རང་དབང་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་ཐེབས་པས་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་བཟང་བར་འདོད། ནུབ་ཕྱོགས་ལ་སློབ་སྦྱོང་དང་ཡོད་ཚད་ནུབ་ཕྱོགས་ཅན་དུ་བསྒྱུར་ནས་ལྟ་བ་བརྗེ་སྒྱུར་བྱེད་པའི་ནུབ་ཕྱོགས་ཀྱི་ལམ་ལ་བསྐྱོད་ན་ལེགས་པར་འདོད།  མི་གཅིག་པའི་བསམ་བློ་འདི་དག་དང་། མི་གཅིག་པའི་བསམ་འཆར་འདི་དག་ལ་ཁ་གཏད་སྐབས་སྤྱི་ཁྱབ་ཧྲིའི་ཅི་ཡིས་སྙན་ཞུ་ཁྲོད་གསལ་བོར་གསུངས་དོན། བཅོས་བསྒྱུར་སྒོ་འབྱེད་ལོ་ངོ་སུམ་ཅུ་ལྷག་ཙམ་བྱེད་པའི་རིང་ཐོག་མཐའ་བར་གསུམ་དང་།  གཅིག་རྗེས་གཉིས་མཐུད་ཀྱིས་འཚོལ་ཞིབ་བྱེད་པའི་ཁྲོད་དུ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་བློ་བརྟན་འགྱུར་མེད་ཀྱིས་མཐོན་པོར་བསྒྲེངས་ཤིང་། ཕྱི་བཀག་ནང་སྡོམ་དང་འཕེལ་རྒྱུན་ཆད་པའི་འགྲོ་ལམ་རྙིང་པའི་སྟེང་དུ་མི་འགྲོ་ལ། ལྟ་བ་བརྗེ་སྒྱུར་བྱེད་པའི་འཁྱོག་ལམ་སྟེང་དུའང་མི་འགྲོ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་འདིར་འགྲོ་རྒྱུར་བྱས། ལོ་ངོ་སུམ་ཅུ་རིང་གི་ལག་ལེན་དངོས་ལས་ར་སྤྲོད་བྱུང་བ་ནི་ལམ་འདི་ནི་ཡང་དག་ཞིག་ཡིན་ལ། ལམ་འདིའི་སྟེང་ནས་ང་ཚོས་བཟོ་ལས་གསར་བརྗེ་དང་། ལག་རྩལ་གསར་བརྗེ། སྤྱི་ཚོགས་གསར་བརྗེ་ལེགས་གྲུབ་བྱུང་ལ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་མངོན་གསལ་གྱི་ཇེ་མཐོར་སོང་ཡོད་ལ། ལོ་ངོ་སུམ་ཅུ་རིང་གི་ལག་ལེན་དང་གྲུབ་འབྲས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་དེང་རབས་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ཡོང་བའི་ཡང་དག་པའི་བགྲོད་ལམ་ཉག་གཅིག་ཡིན་པ་དངོས་སུ་ར་སྤྲོད་བྱས།

༢ གཞུང་ལུགས། —— ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ནི་ཀྲུང་གོ་དེང་རབས་ཅན་ཀྱི་དམིགས་འབེན་དང་ཆ་རྐྱེན་ཐད་ཀྱི་ཚན་རིག་གཞུང་ལུགས་ཡིན། ཀྲུང་གོ་དེང་རབས་ཅན་གྱི་མཛུབ་སྟོན་བསམ་བློ་ཡིན།

ལག་ལེན་ཁྲོད་ནས་གནས་ལུགས་ངོ་མ་རྟོགས་ཐུབ་ཞེས་པ་ལྟར། ང་ཚོ་རང་ཉིད་ཀྱིས་འདེམས་པའི་ལམ་ལ་སོང་ཟིན་པས་རང་ཉིད་ཀྱི་གནས་ལུགས་ཞིག་ཡོད་དགོས་རྒྱུ་རེད། ལག་ལེན་དངོས་ཁྲོད་ནས་རང་ཉིད་ཀྱི་གཞུང་ལུགས་མ་ལག་ཆགས་དགོས་ལ། ལམ་འདི་ཅིའི་ཕྱིར་ཡང་དག་པའི་ལམ་ཞིག་ཡིན་པར་འགྲེལ་བཤད་གསལ་བོ་ཞིག་བརྒྱག་དགོས། བཅོས་བསྒྱུར་སྒོ་འབྱེད་ཚུན་ནས་ང་ཚོས་ཏིན་ཞའོ་ཕིན་གྱི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ལྟ་བ་འདི་གསུམ་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གྲུབ་འདུག  དེ་གསུམ་པོ་གཅིག་ལ་གཅིག་བརྟེན་དང་། ཡང་དུས་བསྟུན་ལྷན་སྐྱོད་བྱེད་དགོས།  དེར་མངོན་གསལ་གྱི་དུས་རབས་ཁྱད་ཆོས་ལྡན།

མི་ལ་ལས་ཅིའི་ཕྱིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ཁྲོད་མའོ་ཙེ་ཏུང་གི་དགོངས་པ་མེད་པ་ཅི་ཡིན་ཞེས་དོགས་གཞི་ཡོད་ནའང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏིན་ཞའོ་ཕིན་གྱི་བཏོན་པ་དང་ཁོང་གི་དུས་སྐབས་ནས་འགོ་བརྩམས། དེའི་ཕྱིར་ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ཏུ་བཞག་ཡོད་མོད། འོན་ཀྱང་དོན་དངོས་ཐོག་མའོ་ཙེ་ཏུང་གི་དུས་སྐབས་ནས་དེར་འཚོལ་ཞིབ་དང་གྲ་སྒྲིག་བྱས་པ་ཡིན། མའོ་ཙེ་ཏུང་གི་དགོངས་པ་དང་མར་ལེའི་རིང་ལུགས་གཉིས་འདྲ་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་སྐྲུན་ལ་ཉམས་མྱོང་རྩ་ཆེན་དང་། གཞུང་ལུགས་ཐད་ཀྱི་གྲ་སྒྲིག  དངོས་པོའི་རྨང་གཞི་སོགས་འདོན་སྤྲོད་གང་ལེགས་བྱེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཁོ་ནི་རྨང་གཞི་དང་གཞུང་ལུགས་ཀྱི་འབྱུང་ཁུངས་ཡིན། མའོ་ཙེ་ཏུང་གི་དགོངས་པ་ནི་ནམ་ཡང་ང་ཚོའི་ཏང་གི་མཛུབ་སྟོན་བསམ་བློ་ཡིན། འདིར་དོགས་པ་ཟ་མི་དགོས། ཚང་མས་ཤེས་གསལ་ལྟར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་ད་རག་གི་བར་དུ།  དུས་སྐབས་སོ་སོར་མཛུབ་སྟོན་བསམ་བློ་རེ་ཡོད། གུང་ཁྲན་ཏང་བཙུགས་པ་ནས་རྒྱལ་ཁབ་དབུ་བརྙེས་པའི་ཐོག་མའི་དུས་སྐབས་སུ་མཛུབ་སྟོན་བསམ་བློ་ནི་མར་ལེའི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་ཡིན། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ཀྱི་མཛུབ་སྟོན་བསམ་བློ་ནི་ཏིན་ཞའོ་ཕིན་གྱི་གཞུང་ལུགས་ཡིན། བཅོས་བསྒྱུར་སྒོ་འབྱེད་རྗེས་ཀྱི་ཡང་དུས་སྐབས་གསར་བ་ཞིག་གི་ནང་མཚོན་བྱེད་གསུམ་གྱི་བསམ་བློས་མཛུབ་སྟོན་བྱས། ཐེངས་འདིའི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་ཏང་གི་མཛུབ་སྟོན་བསམ་བློ་ལ་བཞག  ཚན་རིག་གི་འཕེལ་རྒྱས་ལྟ་བས་རྗེས་ཕྱོགས་ཀྱི་དུས་སྐབས་ཅིག་གི་ནང་དུ་ཏང་གི་མཛུབ་སྟོན་བསམ་བློ་ཁྲོད་གོ་གནས་གལ་ཆེན་བཟུང་ནས་ཀྲུང་གོའི་སྤྱི་ཚོགས་མདུན་སྐྱོད་ཀྱི་གནས་ཁྲིད་དགོས།

༣ ལམ་ལུགས།  —— ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་གོ་དེང་རབས་ཅན་གྱི་རྩ་བའི་ཁེག་ཐེག་ཡིན།

བགྲོད་ལམ་དང་གཞུང་ལུགས་ལས་གཞན་གལ་ཆེན་པོ་ཞིག་ཡོད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན། ཐེངས་འདིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་ཐོག་མར་ཏང་གི་སྙན་ཞུ་ཁྲོད་བཞག་ཡོད། སྔོན་ཆར་བློ་མཐུན་ཏིན་ཞའོ་ཕིན་གྱིས་བློ་གཏད་ཆོག་པ་ནི་ད་རུང་ལམ་ལུགས་རེད་ཞེས་གསུངས་པ་ནང་བཞིན། ལམ་ལུགས་ཀྱིས་ཚད་ལྡན་མཚོན་གྱི་ཡོད་ལ། བློ་མཐུན་ཏིན་ཞའོ་ཕིན་གྱིས་ཆེས་ཐོག་མར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གླེང་སྐབས་དེ་ནི་འདུ་ཤེས་ཙམ་དུ་གླེང་བ་ཡིན་མོད། ལོ་ངོ་སུམ་ཅུ་ལྷག་གི་ལག་ལེན་དང་། ཉམས་མྱོང་མུ་མཐུད་དུ་ཕུན་སུམ་ཚོགས་པར་སོང་བ་དང་བསྟུན་ནས་བསྒྲུབ་ཐབས་བཟང་ཤོས་ཕྱོགས་བསྡོམས་བྱས་ཏེ་ལམ་ལུགས་གཏན་ཁེལ་བྱེད་པའི་གཞིར་འཛིན་སར་གྱུར།   མིག་སྔར་ང་ཚོ་ལ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་སོ་སོ་ན་ཕན་ཚུན་འབྲེལ་ཞིང་མཐུད་པའི་ལམ་ལུགས་མ་ལག་ཁ་ཚང་ཞིག་ཆགས་ཡོད། ལམ་ལུགས་འདི་དག་གྲུབ་པ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོམ་གང་མདུན་སྤོས་ཀྱིས་ཚད་ལྡན་ཅན་ལ་འགྲོ་བཞིན་པ་མཚོན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནིང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡུན་རིང་ལ་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བའི་གྲུབ་འབྲས་ཆེན་པོ་གསུམ་ཡིན། ཁག་འདིའི་ནང་དོན་གྱི་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅིས་གསུང་དོན། ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་སྒོ་ནས་བགྲོད་ལམ་ལ་ཡིད་ཆེས་དང་། རིགས་པའི་གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས་བཅས་བྱ་དགོས་ཞེས་གསུངས་ཡོད། འདི་དག་ཚང་མ་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་པ་ཡིན།  ཡིད་ཆེས་འདི་གསུམ་པོས་ང་ཚོའི་ཏང་གིས་ང་ཚོའི་རྒྱལ་ཁབ་དང་མི་དམངས་བློ་བརྟན་འགྱུར་མེད་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་བསྐྱོད་པར་སྣེ་ཁྲིད་ཁག་ཐེག་བྱེད་ཡོད།

བཞི།  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བྱེད་པ།

འབྱོར་འབྲིང་སྤྱི་ཚོགས་ལ་མཚོན་ནས་བཤད་ན། ཏང་གི་ཚོགས་ཆེན་བཅུ་བདུན་པའི་བརྗོད་དོན་ནང་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ཕྱིར་འབད་འཐབ་བྱ་དགོས་ཞེས་བཀོད་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ནང་དུ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་འབད་འཐབ་བྱ་དགོས་ཞེས་བཀོད་ཡོད་ལ། དེ་གཉིས་ལ་ཡིག་འབྲུ་གཅིག་གཉིས་ཙམ་གྱི་ཁྱད་པར་མ་གཏོགས་མེད་མོད།  དོན་སྙིང་གི་ཐད་ནས་ཁྱད་པར་ཧ་ཅང་ཆེན་པོ་ཡོད། དེས་རང་རྒྱལ་འཕེལ་རྒྱས་དུས་སྐབས་ཀྱི་འགྱུར་ལྡོག་གལ་ཆེན་མཚོན་བཞིན་ཡོད། འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པ་ལ་ནང་གསེས་ཀྱི་ཕྱོགས་ཡོངས་གསུམ་འདུས་ཞིང་། གཅིག་ནི་མངའ་ཁོངས་ཀྱི་ཕྱོགས་ཡོངས། དེའི་ས་ཆ་སོ་སོ་འབྱོར་འབྲིང་ལ་སླེབས་དགོས་པ་བསྟན་ཡོད། ནང་ལོག་ས་ཆ་འབྱོར་འབྲིང་ལ་སླེབས་ནས་ནུབ་བརྒྱུད་ས་ཁུལ་འཕེལ་རྒྱས་ལ་སོང་མེད་པ་དེ་མ་ཡིན། གཉིས་ནི་ཚོགས་པའི་ཕྱོགས་ཡོངས། ཚོགས་པ་སོ་སོ་འབྱོར་འབྲིང་ལ་སླེབས་དགོས་པ་བསྟན་ཡོད།  མི་སྒེར་དང་ཚོགས་པ་ཁ་ཤས་སྔོན་ལ་ཕྱུག་པོར་གྱུར་ནས་ཚོགས་པ་གཞན་པའི་མི་དལ་མོར་ཕྱུག་པོ་གྱུར་བ་དེ་ཡང་མ་ཡིན། གསུམ་ནི་ནང་དོན་ཐད་ཀྱི་ཕྱོགས་ཡོངས། འདིར་བསྟན་པ་ནི་དཔལ་འབྱོར་ཁོ་ནས་ཐོག་འབྱོར་འབྲིང་ལ་སླེབས་པ་མཚོན་པ་མིན་པར། ཆབ་སྲིད་འཚོ་བ་དང་རིག་གནས་འཚོ་བ་ཡང་ཕུན་སུམ་ཚོགས་པར་སླེབས་དགོས་པ་མཚོན། ཕྱོགས་འདི་གསུམ་པའི་སྟེང་ནས་འབྱོར་འབྲིང་ལ་སླེབས་ན་ད་གཟོད་དོན་ངོ་མའི་སྟེང་ནས་འབྱོར་འབྲིང་དུ་སླེབས་པ་ཡིན།  སྤྱི་ཁྱབ་ཧྲིའུ་ཅིས་འདས་པའི་ལོ་ལྔ་དང་ལོ་བཅུའི་མི་འདང་ས་གསུང་པའི་སྐབས་སུ་གསུང་དོན། དེང་སྐབས་འཕེལ་རྒྱས་ཁྲོད་དོ་མི་མཉམ་པ་དང་། མཐུན་སྦྱོར་མེད་པ། རྒྱུན་སྐྱོང་མི་ཐུབ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡིན་པས། དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་འཛུགས་སྐྲུན་ཐུབ་པར་རྒྱལ་ཁའི་རེ་བ་ཆེ་ནའང་འགན་ཁུར་སྔར་བཞིན་ཧ་ཅང་ལྗིད། ཐེངས་འདིའི་སྙན་ཞུ་ཁྲོད་དཔལ་འབྱོར་ལ་ཚད་གཞི་གཏན་ཁེལ་བྱེད་པ་དང་། ཐོག་དང་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་གི་འཕར་དགོས་པའི་དམིགས་འབེབས་དེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུར་བཀོད།  སྤྱི་ལོ༢༠༡༠ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཕལ་ཆེར་དམངས་སྒོར་ཁྲི་གཉིས་ཡིན། ཞིང་གྲོང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཕལ་ཆེར་དམངས་སྒོར་སྟོང་དྲུག་ལ་སླེབས་ཡོད། དེས་ན་སྤྱི་ལོ༢༠༢༠ལོར་སླེབས་དུས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཕལ་ཆེར་དམངས་སྒོར་ཁྲི་བཞི་དང་ཞིང་གྲོང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཕལ་ཆེར་དམངས་སྒོར་ཁྲི་གཅིག་སྟོང་གཉིས་ལ་སླེབས་དགོས།  གྲངས་ཀ་འདི་ང་ཚོ་མང་ཚོགས་ལ་མཚོན་ནས་བཤད་ན་མི་སེམས་ལ་དགའ་སྤྲོ་དང་སྐུལ་མ་གཏོང་བའི་དོན་དག་ཞིག་ཡིན་ལ། ཏང་དང་སྲིད་གཞུང་ལ་མཚོན་ནས་བཤད་ན་དཀའ་ཚེགས་ཆེ་བའི་འགན་ཁུར་ཞིག་རེད།

དཀའ་ཚེགས་ཆེ་བའི་དམིགས་འབེན་འདི་མངོན་འགྱུར་བྱ་དགོས་ན། མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་ན་གནས་པའི་དཀའ་ངལ་ལ་འཕྲད་དུས། ང་ཚོས་ཇི་ལྟར་བསྒྲུབ་དགོས་སམ། བཅོས་བསྒྱུར་གསར་གཏོད་བརྒྱུད་ནས་ཐག་གཅོད་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ཁྲོད་དུ་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་བྱེད་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པའི་ལེའུ་ཁག་ཏུ་བཞག་ཡོད། འདིས་བཅོས་བསྒྱུར་གཏིང་ཟབ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པར་མཚོན་ནས་བཤད་ན་ཕན་ནུས་གལ་ཆེན་ལྡན་པ་གསལ་བཤད་བྱེད་ཡོད། སྤྱི་ཁྱབ་ཧྲིའུ་ཅིས་ཧིན་ཅིན་ཐའོ་གསུང་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་སྙིང་སྟོབས་དང་བློ་གྲོས་སྔར་ལས་ཆེ་བར་བརྟེན་པ་དང་། གོ་སྐབས་མི་ཤོར་བར་ཁྱབ་ཁོངས་གལ་ཆེན་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ནི༡༩༧༨ལོར་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་རྗེས་ནས་འགོ་བརྩམས་པ་སྟེ་ད་ལྟའི་བར་དུ་ལོ་ངོ་སུམ་ཅུ་ལྷག་འདས་ཟིན་ལ། ལོ་འདི་དག་རིང་ལ་ང་ཚོ་ཀྲུང་གོ་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་རིམ་པ་མི་འདྲ་བའི་སྒོ་ནས་བཅོས་བསྒྱུར་བྱས། དང་ཐོག་གི་ཞིང་པའི་ཐོན་སྦྲེལ་འགན་འཁྲིའི་ལམ་ལུགས་འགོ་བརྩམས་པ་ནས་གྲོང་ཁྱེར་གྱི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ཕྱོགས་ཡོངས་ནས་འགོ་སློང་པའི་བར། བཅོས་བསྒྱུར་གྱི་གོམ་པ་གང་སྤོས་ན་དེ་ལ་ངོ་རྒོལ་བྱེད་པའི་མི་ཡོད་སྲིད། ཐ་ན་སྐབས་ལ་ལར་ངོ་རྒོལ་བྱེད་པའི་མི་ཧ་ཅང་མང་། དོགས་འདྲི་དེ་དག་ལ་གནས་ལུགས་ཏིལ་འབྲུ་ཙམ་ཡང་མེད་པ་མ་ཡིན། བཅོས་བསྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ང་ཚོ་ལ་ཚད་ལྡན་མིན་ས་དང་། ཚན་རིག་དང་མི་མཐུན་པའི་སྒྲུབ་ཐབས་ཡོད་ལ། བཅོས་བསྒྱུར་བྱས་ནས་ད་ཐུག་གི་བར་དུ་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཁེ་ཕན་འབྲེལ་བ་མང་པོར་འཕྲད། ཚད་ལྡན་མིན་པ་དང་ཚན་རིག་དང་མི་མཐུན་པའི་སྒྲུབ་ཐབས་ལེགས་སྒྲིག་བྱ་དགོས་ན་ཆབ་སྲིད་ཀྱི་སྙིང་སྟོབས་དང་བློ་གྲོས་སྔར་ལས་ཆེ་བར་བརྟེན་དགོས། དེ་དང་མཉམ་དུ་དཔངས་མཐོ་ས་དང་རྒྱང་རིང་ས་ནས་བསམ་བློ་གཏོང་དགོས།  སྙན་ཞུའི་ཁྲོད་དུ་ལམ་ལུགས་དེ་བཅོས་བསྒྱུར་ཁྲོད་ཀྱི་གོ་གནས་དེ་ལྷག་ཏུ་འབུར་ཐོན་ཡིན། ཧྲིའུ་ཅི་ཧིན་ཅིན་ཐའོ་ཡིས་བསྟན་དོན། རྒྱུད་ཁོངས་ཆ་ཚང་དང་། ཚན་རིག་དང་ཚད་མཐུན། འཁོར་སྐྱོད་གོ་ཆོད་ཀྱི་མ་ལུགས་འཛུགས་པ་བཅས་བྱས་ཏེ་ཕྱོགས་གང་ཅིའི་ལམ་ལུགས་སྔར་ལས་འཐུས་ལེགས་དང་སྔར་ལས་གཏན་འཁེལ་ཡོང་བར་བྱ་དགོས་ཞེས་བཅོས་བསྒྱུར་ལ་ཤུགས་སྣོན་དགོས་པར་བསྟན།

འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་བྱེད་པའི་དམིགས་འབེན་དང་འབྲེལ་ནས། སྤྱི་ཁྱབ་ཧྲིའི་ཅིས་མ་འོངས་པའི་ཀྲུང་གོ་འཕེལ་རྒྱས་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

༡ དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བར་ཤུགས་སྣོན་པ།

དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་རྒྱུ་ནི་རྒྱལ་ཁབ་དར་རྒྱས་གཏོང་བའི་གཙོ་གནད་ཡིན་པ་དང་། འཕེལ་རྒྱས་ནི་སྔར་བཞིན་རང་རྒྱལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་འགག་རྩ་རེད།    དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་རྒྱུ་དེ་ཐེངས་འདིའི་སྙན་ཞུའི་ཁྲོད་དུ་རྒྱལ་ཁབ་དར་རྒྱས་གཏོང་བའི་གཙོ་གནད་ཡིན་ཞེས་གསུངས་ཡོད།  དུས་སྐབས་ཅི་ཞིག་དང་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུ། དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་རྒྱུ་ལ་གཡོ་འགུལ་སྤུ་ཙམ་ཡང་མེད།  དུས་སྐབས་མི་འདྲ་བའི་གནད་འཛིན་ས་མི་གཅིག་པ་མ་གཏོགས་གཅིག་མཚུངས་ཡིན། དེང་སྐབས་ཀྱི་གནད་འཛིན་ས་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བའི་ཐོག་བཞག་ཡོད།

སྙན་ཞུས་བསྟན་དོན། བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་འགག་རྩ་ཡིན། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པའི་སྲོག་ཤིང་གི་གནད་དོན་ནི་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོར་བྱ་རྒྱུ་དེ་ཡིན་ཞིང་།  ཚོང་རའི་ཆོས་ཉིད་ལ་ངེས་པར་དུ་བརྩི་འཇོག་སྔར་ལས་ལྷག་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པར་འདོན་སྤེལ་བྱ་དགོས།

ང་ཚོའི་ད་སྐབས་ཀྱི་ཚོང་རའི་དཔལ་འབྱོར་ནི་སྔར་གྱི་འཆར་གཞི་དཔལ་འབྱོར་ལས་བྱུང་བ་ཡིན་པས་འཆར་གཞི་དཔལ་འབྱོར་གྱི་བསམ་བློ་གཏོང་སྟངས་དང་བྱ་བ་བསྒྲུབ་སྟངས་སྔར་བཞིན་གནས་ཡོད་ལ། ཐོན་ལས་འཕེལ་རྒྱས་གྱི་གནད་ཆེ་ས་ཡིན་ནའང་འདྲ། དཔལ་འབྱོར་ཐོན་ཁུངས་ཀྱི་བཀོད་བསྒྲིག་ཚང་མར་སྲིད་གཞུང་གིས་ནུས་པ་གལ་ཆེན་ཐོན་ཡོད། སྐབས་འགར་སྲིད་གཞུང་གི་ཆོག་མཆན་ཐོབ་པར་དུས་ཚོད་དང་བརྒྱུད་རིམ་ཧ་ཅང་མང་པོ་བརྒྱུད་དགོས་པས། མི་དམངས་མང་ཚོགས་དང་ཁེ་ལས་པར་བསམ་འཆར་མང་པོ་ཡོད། ཙུང་ལི་བུན་ཅ་པོ་ཡི་འགོ་ཁྲིད་འོག་ཆོག་མཆན་གྱི་བརྒྱུད་རིམ་མང་པོ་ཞིག་མེད་པར་བཟོས། དེའི་ཕྱིར་ཐེངས་འདིའི་སྙན་ཞུ་ཁྲོད་དུ་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཡག་པོ་ཐག་གཅོད་བྱ་དགོས་པ་བསྟན་ཡོད་ལ། ཚོང་རའི་ཆོས་ཉིད་ལ་ངེས་པར་དུ་བརྩི་འཇོག་སྔར་ལས་ལྷག་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པར་འདོན་སྤེལ་བྱ་དགོས།

གཞན་དཔལ་འབྱོར་འཛུགས་སྐྲུན་ཐོག་སྙན་ཞུ་ཁྲོད་བཟང་ཆ་ཞིག་ཡོད་པ་ནི་ཞིང་བར་ས་ཞིག་གི་གནས་ཐང་འཕར་སྣོན་བྱུང་བའི་ཁེ་ཕན་མང་པོ་ཐོན་པའི་ཁག་ཐེག་བྱེད་ཡོད། སྙན་ཞུས་བསྟན་དོན། ས་ཞིང་བསྡུ་ལེན་ལམ་ལུགས་བསྒྱུར་བཅོས་བྱས་ཏེ་ས་ཞིང་གི་གནས་ཐང་འཕར་སྣོན་བྱུང་བའི་ཁེ་ཕན་ཁྲོད་ཀྱི་ཞིང་བའི་བགོ་བཤའི་བསྡུར་ཚད་ཇེ་ཆེར་གཏོང་དགོས་ཞེས་གསུངས་ཡོད། མིག་སྔར་ཞིང་པ་མང་ཚོགས་ཀྱིས་གོང་གཏུག་ཞུ་བར་ཡོང་བ་ཆེས་མང་བ་ནི་ས་ཞིང་གི་གནད་དོན་རེད། ཞིང་བའི་ས་ཞིང་དེ་ཐུན་མོང་ས་ཞིང་ལ་རྟོགས་པས་ཉོ་ཚོང་བྱེད་མི་ཆོག་པ་དང་། གྲོང་ཁྱེར་ཅན་དུ་འགྱུར་བ་དང་བསྟུན་ཞིང་བའི་ས་ཞིང་མང་པོ་ཞིག་སྤྱི་པའི་ཁེ་ཕན་གྱི་ཆེད་དུ་སྲིད་གཞུང་གིས་ཐུན་མོང་ས་ཞིང་ལྟར་བསྡུ་ལེན་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་ས་ཞིང་དུ་བསྒྱུར་རྗེས་གསར་སྤེལ་ལས་ཁུངས་ལ་བཙོངས་པ་དང་། བརྒྱུད་རིམ་འདིའི་ཁྲོད་དུ་ས་ཞིང་རིན་གོང་ལྡབ་འགྱུར་གྱིས་འཕར་ནའང་ཞིང་བ་མང་ཚོགས་ལ་ཁེ་ཕན་ཐོབ་མི་ཐུབ། སྲིད་གཞུང་དང་གསར་སྤེལ་ལས་ཁུངས་ལ་མཚོན་ནས་བཤད་ན་མང་ཚོགས་ལས་ཁེ་ཕན་ལྡབ་འགྱུར་གྱིས་མང་། ཐེངས་འདིའི་ས་ཞིང་བསྡུ་ལེན་ལམ་ལུགས་བསྒྱུར་བཅོས་ནི་ཏང་གིས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཐད་ལ་ཤུགས་བསྣན་ཡོད།

༢ ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།

ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་ནི་དུས་རབས་སྔོན་མའི་ལོ་རབས༨༠ནང་བློ་མཐུན་ཏིན་ཞའོ་ཕིན་གྱི་བཏོན་པ་དང་། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ལོ་འདི་གའི་རིང་ལ་བཅོས་སྒྱུར་གྱི་གནད་ས་དཔལ་འབྱོར་ཐོག་བཞག་པར་ཁས་ལེན་དགོས་ལ། སྐབས་དེ་དུས་ཀྱི་ཁོར་ཡུག་ལ་མཚོན་ནས་བཤད་ན་འགྲིག་མོད། དཔལ་འབྱོར་དར་སྤེལ་སོང་རྗེས་གལ་ཏེ་ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་རྗེས་མ་ཆོད་ན་གནས་འགལ་བྱུང་ཡོད།  དེའི་ཕྱིར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཁྲོད་བསྟན་དོན། ཆབ་སྲིད་འཛུགས་སྐྲུན་དང་ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་བྱ་རྒྱུའི་སྤྱིའི་བསམ་ཕྱོགས་ནི་ཏང་གིས་འགོ་ཁྲིད་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱ་རྒྱུ་རྩ་བར་འཛིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། མི་དམངས་ཀྱི་བརྩོན་སེམས་སྐུལ་སློང་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་སྐྱེད་དུ་གཏོང་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་གོང་དུ་སྤེལ་བ་བཅས་ཡིན། སྤྱིའི་ལམ་ཕྱོགས་འདི་གཞི་བཟུང་ནས་སྙན་ཞུའི་ནང་བསྟན་དོན། ཏང་གི་འགོ་ཁྲིད་བྱེད་སྟངས་དང་ཆབ་སྲིད་སྐྱོང་སྟངས་ལེགས་འགྱུར་བྱེད་པར་སྔར་བས་དོ་སྣང་ཆེན་པོ་བྱས་ཏེ། དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྔར་བས་དོ་སྣང་ཆེན་པོ་བྱེད། རྒྱལ་ཁབ་བདག་སྐྱོང་དང་སྤྱི་ཚོགས་དོ་དམ་བྱེད་པའི་ཁྲོད་ཁྲིམས་སྐྱོང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་སྔར་བས་དོ་སྣང་ཆེན་པོ་བྱས་པ་མ་ཟད། འགན་ཁུར་གཙོ་བོ་བདུན་བཏོན་ཡོད་པ་ནི་མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་བྱེད་པའི་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། སྲིད་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

མི་རྣམས་ཀྱི་དོ་སྣང་ཆེན་པོ་བྱེད་ས་གསུམ་ཡོད་དེ།  གཅིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་བྱེད་པའི་དམངས་གཙོ་ནི་རང་རྒྱལ་གྱི་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཡིན་པ་མ་ཟད་ཐེངས་འདིའི་སྙན་ཞུ་ཁྲོད་ཆབ་སྲིད་སྒྲིག་སྲོལ་བཅོས་བསྒྱུར་གྱི་གལ་ཆེན་ནང་དོན་དུ་བཞག་ནས་རྒྱས་བཤད་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་བྱེད་པའི་དམངས་གཙོ་བཏོན་པ་དེས་མི་དམངས་དམངས་གཙོའི་མངོན་འགྱུར་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཆབ་སྲིད་དཔལ་ཡོན་གཉིས་ཀྱི་འཕེལ་རྒྱལ་དང་། དམངས་གཙོ་ངོ་མ་མངོན་འགྱུར་བྱུང་བར་ཡང་དག་པའི་ཁ་ཕྱོགས་བསྟན། སྙན་ཞུའི་ཁྲོད་མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས་ཞེས་བསྟན་ཡོད། དཔེར་ན་ཐེངས་འདིའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་འདེམས་སྐོར་བྱུང་བར་མཚོན་ན།  འཐུས་མིའི་སྔོན་ཐོན་རང་བཞིན་དང་རྒྱ་ཁྱབ་རང་བཞིན་ཐབས་བརྒྱ་ཇུས་སྟོང་གིས་མངོན་འགྱུར་བྱས་ཡོད། འཐུས་མི་ཁྲོད་ཐོན་སྐྱེད་དང་བྱ་བའི་ལས་གནས་དང་པོའི་ཏང་ཡོན་གྱིས་བརྒྱ་ཆའི་སུམ་ཅུ་ཚེག་ལྔ་ཟིན། ཏང་གི་ཚོགས་ཆེན་ཐོག་འཐུས་མིས་གྲོས་གཞི་བཏོན་ཆོག་པའི་ལམ་ལུགས་ལག་བསྟར་བྱས། དམངས་ཆེན་འཐུས་མིས་ཏང་གི་འཐུས་མིའི་ཚོགས་ཆེན་ལ་གྲོས་གཞི་བཏོན་ཆོག་པ་མ་ཟད་ཏང་གི་འཐུས་མིས་ཏང་གི་འཐུས་མིའི་ཚོགས་ཆེན་ལ་གྲོས་གཞི་བཏོན་ཆོག་པས་རྒྱ་ཆེ་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཡང་ཚོགས་ཆེན་ཐོག་ཐོན་ཐུབ་པ་བྱུང་། འདི་ནི་དམངས་གཙོ་རྒྱ་ཇེ་ཆེར་བཏང་བ་མཚོན་ཡོད།

གཉིས་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་ནན་བཤད་བྱེད་ཡོད། ཁྲིམས་སྐྱོང་ནི་རྒྱལ་ཁབ་བདག་སྐྱོང་དང་སྤྱི་ཚོགས་དོ་དམ་ཁྲོད་ཀྱི་གལ་ཆེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཡོད། རྩ་འཛུགས་སམ་མི་སྒེར་གང་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་ཁྱད་དབང་ཡོད་མི་ཆོག་ལ། གཏམ་གྱིས་ཁྲིམས་ཚབ་བྱེད་པ་དང་དབང་གིས་ཁྲིམས་གནོན་པ། ཉེ་སྐྱོར་ཁྲིམས་འགལ་བཅས་གཏན་ནས་བྱས་མི་ཆོག་ཞེས་ནན་བཤད་བྱེད་ཡོད།

གསུམ་ནི་དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད། ལྷག་པར་དུ་ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཕན་ཚུན་ཚོད་འཛིན་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་འགན་ལེན་བྱ་དགོས་ན། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་གཅོད་དབང་ཚད་དང་གོ་རིམ་ལྟར་དབང་ཆ་སྤྱོད་པར་འགན་ལེན་ཏན་ཏིག་བྱ་དགོས། དབང་ཆ་བཀོལ་སྤྱོད་ཡོངས་བསྒྲགས་ཅན་དང་ཚད་ལྡན་ཅན་དུ་སྐུལ་སྤེལ་གཏོང་བས། ཏང་དང་རྒྱལ་ཁབ་ཀྱི་དབང་ཆ་ཡང་དག་པར་སྤྱོད་པར་ཁག་ཐེག་བྱས་ཡོད་པ་དང་།  ཏང་དང་རྒྱལ་ཁབ་ལ་བློ་དཀར་བ་དང་ཡིད་ཆེས་པའི་ཚད་མཐོར་འདེགས་བྱུང་བར་དོན་སྙིང་གལ་ཆེན་ལྡན།   དཔེར་ན། ཚང་མས་ཤེས་གསལ་ལྟར། བཅིངས་འགྲོལ་མ་བྱེད་པའི་སྔོན་དག་ལ། གུང་མིན་ཏང་གི་སྲིད་དོན་པ་ཧོང་ཡན་པེ(黄炎培)དང་མའོ་ཙེ་ཏུང་གཉིས་ཡན་ཨན་ནས་ཁ་བརྡ་གླེང་མོལ་ཅི་བྱས། ཧོང་ཡན་པེ་ཡིས་ང་སྐྱེས་ནས་ལོ་དྲུག་ཅུ་ལྷག་འདས། གོ་ཐོས་མི་བཤད། མིག་གིས་དངོས་སུ་མཐོང་བ་ཡང་ངོ་མ་དང་ཐོག་སྐྱེས་སྟོབས་ཀྱི་དཔལ་འབར་ནའང་མཐའ་མར་ཉམས་ནས་སྟོངས་པར་གྱུར། དཔེར་ན་མི་སྒེར་དང་། ཁྱིམ་ཚང་ཞིག ཚོགས་པ་ཞིག ས་ཆ་ཞིག ཡང་ན་རྒྱལ་ཁབ་ཞིག ལས་ཁུངས་མི་ཉུང་བ་ཞིག་ཡང་དུས་ཀྱི་ཆོས་ཉིད་འདིས་བཀོད་པ་ལས་བརྒལ་ཐུབ་མེད་ཞེས་བརྗོད། ཡང་གསལ་བོ་བརྗོད་ན་ང་ཚོ་ཀྲུང་གོའི་ལོ་རྒྱུས་ཀྱི་སྔ་གཞུག་དང་ཡང་ན་འཛམ་གླིང་ཐོག་གི་རྒྱལ་ཁབ་སོ་སོའི་ལོ་རྒྱུས་སོགས་གང་ལ་བལྟས་ནའང་། སྲིད་དབང་བཙུགས་རྗེས་ཀྱི་ཐོག་མའི་དུས་སྐབས་སུ་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་ལ། ཡིན་ནའང་དེའི་རྗེས་སུ་དལ་བུ་ངང་ཉམས་ནས་སྟོངས་པར་གྱུར། ཀྲུང་གོ་གུང་ཁྲན་ཏང་ཅི་ལྟར་དུས་ཀྱི་ཆོས་ཉིད་འདི་ལས་བརྒལ་རྒྱུ་ཞེས་དྲིས། མའོ་ཙེ་ཏུང་གིས་ཉན་ཚར་རྗེས་གདོང་ལ་འཛུམ་ཞིག་རྒྱས་ནས་བཤད་རྒྱུར་ང་ཚོས་ལན་གསར་བ་རྙེད་ཡོད། དེ་ནི་དམངས་གཙོ་ཡིན།  མི་དམངས་མང་ཚོགས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་པར་རྒྱབ་རྟེན་ན་སྲིད་གཞུང་གིས་ད་གཟོད་ལྷོད་གཡེང་བྱེད་མི་ཕོད། འདི་འདྲའི་སྲིད་གཞུང་ནམ་ཡང་ཉམས་ནས་སྟོངས་པར་མི་འགྱུར།    དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་ཚང་བཏང་ནས་མི་དམངས་ལ་དབང་ཆ་ལྟ་སྐུལ་བྱེད་དུ་འཇུག་པ་དང་དབང་ཆ་ཁ་གསལ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པར་བྱ་དགོས། འདི་ཡང་ཐེངས་འདིའི་སྙན་ཞུ་ཁྲོད་དུ་ཡང་བཤད་བསྐྱར་བཤད་བྱས་ཡོད།

༣ སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ།

རིག་གནས་འཛུགས་སྐྲུན་ནི་ལོ་འདི་གའི་རིང་ལ་ང་ཚོས་ཏང་གིས་མཐོང་ཆེན་བྱེད་པའི་གནད་དོན་ཞིག་ཡིན། རྒྱལ་ཁབ་ཞིག་འཕེལ་རྒྱལ་ལ་སོང་ནས་ཚད་ངེས་ཅན་ཞིག་སླེབས་དུས། སྟོབས་ལྡན་རྒྱལ་ཁབ་ཞིག་ལ་ཇི་ལྟར་འགྱུར་བའི་ཕྱོགས་ལ་བསམ་བློ་གཏོང་ངེས། ད་ལྟ་འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་སྟོབས་ལྡན་རྒྱལ་ཁབ་ལ་འགྱུར་རྒྱུ་རེད་ཅེས་བཤད་ཀྱིན་འདུག  དེ་ན་སྟོབས་ལྡན་རྒྱལ་ཁབ་ཞིག་གི་འགོ་འཛུགས་ས་དེ་གང་ཡིན་ནམ། རིག་གནས་བསམ་བློ་དང་མི་དམངས་ཀྱི་རིན་ཐང་ལྟ་ཚུལ་དེ་སྟོབས་ལྡན་རྒྱལ་ཁབ་ཁྲོད་དུ་ནུས་པ་ཧ་ཅང་གལ་ཆེན་ཐོན་ཐུབ། དཔེར་ན་དབྱིན་ཇི་རྒྱལ་ཁབ་ལ་མཚོན་ན་ཤེས་ཐུབ།  དབྱིན་ཇི་ནི་སྔ་ནས་སྟོབས་ལྡན་རྒྱལ་ཁབ་ཏུ་གྱུར་ཡོད། དབྱིན་ཇི་ལ་ལེགས་བཤད་གྲགས་ཅན་ཞིག་ཡོད།  ངེད་ཧྲ་ཧྲི་པེ་ཡ་མེད་པར་གཏོང་བ་ལས་རྒྱ་གར་ཞིག་མེད་པར་བཏང་ན་དགའ་ཞེས་པ་དེ་ཡིན། ཚང་མས་ཤེས་གསལ་ལྟར་རྒྱ་གར་ནི་སྔོན་ཆད་དབྱིན་ཇིས་བཙན་བཟུང་བྱས་ཡོད། ཧྲ་ཧྲི་པེ་ཡ་ནི་དབྱིན་ཇིའི་རྩོམ་རིག་མཁས་ཅན་ཞིག་ཡིན། དབྱིན་ཇི་དེ་སྟོབས་ལྡན་རྒྱལ་ཁབ་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཧྲ་ཧྲི་པེ་ཡ་ཡི་གསུང་རྩོམ་དེ་དབྱིན་ཇི་མི་དམངས་ཀྱི་བསམ་བློའི་རྒྱགས་ཕྱེ་རུ་གྱུར།  ཚན་རིག་པ་ཉིའུ་ཏུང་གི་ཤུགས་རིག་པའི་ངེས་སྲོལ་གྱིས་དབྱིན་ཇི་བཟོ་ལས་གསར་བརྗེ་ཡི་སྒོ་འབྱེད། དཔལ་འབྱོར་རིག་པ་ཡ་ཏིང་སུའི་མའི་བརྩམས་ཆོས《རྒྱལ་ཁབ་འབྱོར་ཕྱུག་སྨྲ་བ》ཡིས་དབྱིན་ཇི་ལ་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་བ་ཞིག་འདོན་སྤྲོད་བྱས། འདི་དག་གིས་དབྱིན་ཇི་སྟོབས་ལྡན་རྒྱལ་ཁབ་ལ་འགྱུར་བའི་བརྒྱུད་རིམ་ཁྲོད་རིག་གནས་བསམ་བློ་ཡིས་ནུས་པ་གལ་ཆེན་བཏོན་ཡོད་པ་ཤེས་ཐུབ།

ཀྲུང་གོ་ནི་ལོ་ངོ་ལྔ་སྟོང་ལྷག་གི་རིག་གནས་ཡོད་པའི་བརྗིད་ཉམས་ཆེ་བའི་རྒྱལ་ཁབ་ཞིག་ཡིན་ལ། ང་ཚོའི་སྲོལ་རྒྱུན་རིག་གནས་ནི་འཛམ་གླིང་གི་གཅེས་ནོར་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་བྱ་དགོས་པ་མ་ཟད་ཀྲུང་ཧྭ་རིག་གནས་འཛམ་གླིང་ལ་ཁྱབ་སྤེལ་བྱེད་དགོས། ཀྲུང་ཧྭ་རིག་གནས་དེ་འཛམ་གླིང་ཐོག་བཤད་དབང་དང་དངོས་ཡོད་སྟོབས་ཤུགས་ཡོད་པ་ཞིག་བྱ་དགོས།  སྐབས་བཅུ་བདུན་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཁ་བྱང་ལ《ཀྲུང་གོ་ཀྲུང་དབྱང་རིག་གནས་སྒྲིག་སྲོལ་བཅོས་བསྒྱུར་ཟབ་མོ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་བའི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཆོད་དོན》ཞིབ་བཤེར་གྲོས་འཆམ་བྱུང་། ཚོགས་འདུའི་བརྗོད་བྱ་ཧ་ཅང་མངོན་གསལ་ཡིན། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བགྲོད་ལམ་དེ་གཏིང་ཟབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱས་བཤད་བྱེད་ཡོད། ཐེངས་འདིའི་ཚོགས་ཆེན་བཅོ་བརྒྱད་པས་ཕྱོགས་བཞི་ཡི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་ཁ་ཕྱོགས་བསྟན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རིག་གནས་ཀྱི་དངོས་ཡོད་སྟོབས་ཤུགས་དང་འགྲན་རྩོད་སྟོབས་ཤུགས་ཧྲིལ་པོ་ཆེ་རུ་གཏོང་དགོས། ཁ་ཕྱོགས་འདི་དག་བསྟན་པ་ཡིས་ཡོད་ཚད་ཐག་གཅོད་བྱེད་ཐུབ་མིན་མ་ངེས་མོད། གནད་དོན་འདི་དག་ཇི་ལྟར་ཐག་གཅོད་ཡག་པོ་ཞིག་བྱེད་པར་བསམ་བློ་གཏོང་དགོས།

༤ སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

བློ་མཐུན་ཧིའུ་ཅིན་ཐའོ་ཡིས་གསུངས་དོན། སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བའི་ཁག་ཐེག་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་ལེགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཁག་བདུན་པའི་ཁ་བྱང་སྟེ་དམངས་འཚོ་ལེགས་བཅོས་དང་དོ་དམ་གསར་གཏོད་ཀྱི་ཁྲོད་སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཀོད་ཡོད་པས་སྤྱི་ཚོགས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་(དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་དོ་དམ་གསར་གཏོད་)གཉིས་གསལ་བོ་ངང་མཚོན་ཡོད་མོད། འོན་ཀྱང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་རྩ་བ་ཡིན། རྒྱ་ཆེ་མི་དམངས་མང་ཚོགས་ལ་སློབ་པར་འཁྲིད་མཁན་ཡོད་པ་དང་། རྩོལ་བར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐད་ལ་རྒྱུན་མཐུད་དུ་ཡར་རྒྱས་ཇེ་ཆེར་བྱུང་སྟེ་མི་དམངས་ལ་འཚོ་བ་སྔར་ལས་ལེགས་པོར་རོལ་དུ་འཇུག་གང་ཐུབ་བྱ་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་སྐོར་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ཁྲོད་རྒྱས་བཤད་མང་པོ་བྱེད་ཡོད་ལ་འཛུགས་སྐྲུན་གྱི་དམིགས་འབེན་དྲུག་བཏོན་ཡོད།

——  མི་དམངས་ཡིད་ཚིམ་པའི་སློབ་གསོའི་བྱ་བ་ལེགས་སྒྲུབ་གང་ཐུབ་བྱ་དགོས།

——  སྤུས་ཀ་སྔར་ལས་བཟང་བའི་ལས་ཞུགས་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

——གྲོང་མིའི་ཡོང་འབབ་ཐབས་བརྒྱ་ཇུས་སྟོང་གིས་འཕར་སྣོན་བྱ་དགོས།

——གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་གཅིག་གྱུར་གྱིས་འཆར་གཞི་བཀོད་ནས་སྐུལ་སྤེལ་གཏོང་དགོས།

——མི་དམངས་གཟུགས་གཞི་ཇེ་ཐང་དུ་གཏོང་དགོས།

——སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་བྱ་དགོས།

ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་བདུན་པས་ཆེ་རུ་གཏོང་བ་གཉིས་བཏོན་པ་སྟེ། རྒྱལ་དམངས་ཡོང་འབབ་བགོ་བཤའི་ཁྲོད་དུ་གྲོང་མིའི་ཡོང་སྒོས་བཟུང་བའི་བསྡུར་ཚད་རིམ་བཞིན་ཆེ་རུ་གཏོང་བ་དང་། བགོ་བཤའ་ཐོག་མའི་ཁྲོད་ཀྱི་ངལ་རྩོལ་ཐོབ་ཆའི་བསྡུར་ཚད་ཆེ་རུ་གཏོང་དགོས་ཞེས་པའི་རྨང་གཞི་སྟེང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་གོམ་གང་མདུན་སྤོས་སྒོས(འགྲོས་མཉམ་གཉིས) གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕེལ་རྒྱས་གཉིས་འགྲོས་མཉམ་པ་དང་། ངལ་རྩོལ་གྱི་ཐོབ་ཆ་འཕར་ཚད་དང་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་འཕར་ཚུལ་གཉིས་འགྲོས་མཉམ་པ་མངོན་འགྱུར་གང་ཐུབ་བྱ་དགོས་ཞེས་བསྟན་ཡོད། འགྲོས་མཉམ་པ་གཉིས་དང་ཆེ་རུ་གཏོང་བ་གཉིས་ཀྱིས་ཡོང་འབབ་བགོ་བཤའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་དང་འཕེལ་རྒྱས་ཀྱི་འབྲས་བུ་མི་དམངས་ཐུན་མོང་ནས་ལོངས་སུ་སྤྱོད་པར་མངོན་འགྱུར་ཐད་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད།  སྤྱི་ཚོགས་དོ་དམ་གསར་གཏོད་ཕྱོགས་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དོ་དམ་མ་ལག་སྒྲིག་འཛུགས་བྱས་ཏེ། ཏང་ཨུས་འགོ་ཁྲིད་པ། སྲིད་གཞུང་གིས་འགན་ཁུར་བ། སྤྱི་ཚོགས་ཀྱིས་མཉམ་རོགས་བྱེད་པ། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་སྲུང་གི་སྤྱི་ཚོགས་དོ་དམ་མ་ལག་མྱུར་དུ་ཆགས་དགོས་པ་དང་།  སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ།  གྲོང་ཁྱེར་དང་གྲོང་གསེབ་ཁེབས་པར་བྱེད་པ། རྒྱུན་སྐྱོང་ཐུབ་པའི་སྤྱི་པའི་ཞབས་ཞུ་མ་ལག་ཡང་མྱུར་དུ་ཆགས་སུ་འཇུག་དགོས།

༥ སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ཁྲོད་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་ལྟ་བ་གསར་བ་དང་། བསམ་བློ་གསར་བ་རྒྱས་བཤད་མང་པོ་བྱེད་ཡོད། དེ་དག་མཐོང་ཐོས་གསར་བ་དག་དག་རེད། དཔེར་ན་སྙན་ཞུས་ཐོག་དང་པོར་སྐྱེ་ཁམས་དཔལ་ཡོན་དང་དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་སྐྱོང་སོགས་ཚད་གཞི་གཅིག་ཏུ་བཞག་ནས་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས་པར་བསྟན། དེ་བས་འབད་བརྩོན་གྱི་དམིགས་ཡུལ་ཕྱོགས་ལྔ་ནས་གྲུབ་ཡོད་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ལ་ཏང་གིས་གོམ་གང་མདུན་སྤོས་ཀྱིས་ངོས་འཛིན་ཟབ་མོ་བྱེད་ཡོད། ང་ཚོས་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་གལ་ཆེན་གསར་གཏོད་བྱེད་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་དེ་ནི་ང་ཚོའི་ཏང་གི་ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་འཆམ་མཐུན་འཕེལ་རྒྱས་ཀྱི་འདུ་ཤེས་ཡང་ཇེ་མཐོར་སོང་བ་མཚོན། དེ་བས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ནང་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པ་ནི་མི་དམངས་ཀྱི་ཕན་བདེ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བའི་ཕུགས་ཡུན་གྱི་ཇུས་གཞི་ཆེན་པོ་ཞིག་རེད།ཞེས་བཀོད་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས་པའི་སྐོར་གྱི་ལྟ་བ་གསར་བ་ཁྲོད་གཤམ་གྱི་ཕྱོགས་བཞི་ནི་ང་ཚོས་ནམ་ཡང་བརྗེད་པར་དཀའ།

གཅིག་ནི་རང་བྱུང་ཁམས་ལ་འདུ་ཤེས་འཛིན་སྟངས།  རང་བྱུང་ཁམས་ལ་འདུ་ཤེས་ཅི་འདྲ་བ་ཞིག་འཛིན་དགོས། སྙན་ཞུ་ནང་བསྟན་དོན། རང་བྱུང་ལ་བརྩི་འཇོག་དང་།  རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ངེས་པར་ཆགས་དགོས། སྔོན་ཆད་ང་ཚོས་མི་ཤུགས་རང་བྱུང་ཁམས་ལས་རྒྱལ་བར་ངེས་ཞེས་བརྗོད་ལ། ད་སྐབས་ རང་བྱུང་ལ་བརྩི་འཇོག་དང་།  རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བྱེད་པར་ནན་བཤད་བྱེད་ཡོད། འདི་ནི་འགྱུར་ལྡོག་དང་ཁྱད་པར་རེད།

གཉིས་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཏན་ནས་གཏན་དུ་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་དགོས། འདི་ནས་ཚང་མར་གསལ་འདེབས་དང་མཉམ་འཇོག་བྱེད་དགོས་པ་ཞིག་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཐ་སྙད་གསར་བ་ཞིག་བྱུང་ཡོད། དེ་ནི་མཛེས་སྡུག་གི་ཀྲུང་གོ། དེ་དང་མཉམ་དུ་འགན་ཁུར་གསར་བ་ཞིག་ཀྱང་བྱུང་བ་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

གསུམ་ནི་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱ་མཚོའི་ཕྱོགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱ་དགོས། དེའི་ཕྱིར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཧུའུ་ཅིན་ཐའོ་ཡིས་གསུངས་དོན། གཙོ་ནུས་ཐོན་ཁུལ་གྱི་འཐུབ་ཇུས་ལག་བསྟར་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། ས་ཁུལ་ཁག་གིས་གཙོ་ཤུགས་ཀྱི་ནུས་པ་གནས་ས་གཏན་ཁེལ་དམ་ནན་གཞིར་བཟུང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་གྲོང་ཁྱེར་ཅན་དུ་འགྱུར་བའི་བཀོད་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་བཀོད་པ། སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་བཅས་ཆགས་པར་བྱ་དགོས། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱ་མཚོའི་ཕྱོགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱ་དགོས། འདི་ནི་འཕེལ་རྒྱས་ཁྲོད་ཀྱི་ཀྲུང་གོ་མཚོན་ནས་བཤད་ན་རྒྱ་མཚོ་ལམ་དུ་འགྲོ་བར་འགོ་བརྩམས་པ་གསལ་བསྒྲགས་ནན་མོ་བྱེད་པ་ཡིན། ང་བསམ་ན་འདི་བཞུགས་ཀྱི་ཀྲུང་ཧྭའི་བུ་རབས་ཚ་རྒྱུད་ཚང་མའི་སྙིང་གཏམ་ཡིན་པའང་ཐག་གིས་ཆོད།

བཞི་ནི་སྤྱི་ཁྱབ་ཧྲིའུ་ཅིའི་སྙན་ཞུའི་ཁྲོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གསུངས་པའི་སྐབས། བུ་རབས་ཚ་རྒྱུད་ལ་མཁའ་དབྱིངས་སྔོ་ཞིང་ས་གཞི་ལྗང་མདོག་ལྡན་ལ་ཆུ་མོ་དྭངས་ཤིང་གཙང་བའི་ཁྱིམ་གཞིས་མཛེས་སྡུག་ལྡན་པ་ཞིག་འཇོག་དགོས་ཞེས་གསུངས་ཡོད། མི་འབོར་དང་ཐོན་ཁུངས་དང་ཁོར་ཡུག་གསུམ་ཕན་ཚུན་དོ་མཉམ་ཡོང་བ་དང་། དཔལ་འབྱོར། སྤྱི་ཚོགས། སྐྱེ་ཁམས། ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་པའི་རྩ་དོན་གཞིར་བཟུང་ནས་གསར་སྤེལ་གྱི་ཤུགས་ཚད་ཚོད་འཛིན་དང་། གནས་ཀྱི་གྲུབ་ཚུལ་ལེགས་སྒྲིག ཐོན་སྐྱེད་བྱ་ཡུལ་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བ། འཚོ་བ་སྐྱེལ་ཡུལ་སྡོད་པར་འཚམ་ཞིང་ཚད་དང་མཐུན་པ། སྐྱེ་ཁམས་ཁོར་ཡུག་གི་རི་བོ་མཛེས་ཤིང་ཆུ་བོ་དྭངས་པ་བཅས་ཡོང་བར་སྐུལ་འདེད་དང་། རང་བྱུང་ཁམས་ལ་སླར་གསོའི་བར་སྟོང་སྔར་ལས་མང་བ་འཇོག་པ། ཞིང་ལས་ལ་ས་ཞིང་ལེགས་པོ་སྔར་ལས་མང་བ་འཇོག་པ། བུ་རབས་ཚ་རྒྱུད་ལ་མཁའ་དབྱིངས་སྔོ་ཞིང་ས་གཞི་ལྗང་མདོག་ལྡན་ལ་ཆུ་མོ་དྭངས་ཤིང་གཙང་བའི་ཁྱིམ་གཞིས་མཛེས་སྡུག་ལྡན་པ་ཞིག་འཇོག་པ་བཅས་བྱ་དགོས།  འདི་ནི་ང་ཚོས་ཅི་ཕྱིར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས་པའི་རྒྱུ་རྐྱེན་ཡིན། ང་ཚོས་སྐབས་འདི་ནས་བུ་རབས་ཚ་རྒྱུད་ལ་དབང་བའི་ཐོན་ཁུངས་ཡོད་ཚད་བརླགས་མི་རུང་། དེའི་ཕྱིར་ཧྲིའི་ཅིས་ཡིས་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་དགོས་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་དང་ཁོར་ཡུག་སྲུང་སྐྱོང་ཐད་ནུས་ཤུགས་ཆེན་པོ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།  

༦ རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་དང་། མེས་རྒྱལ་གཅིག་གྱུར། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།

ཁག་ལྔ་ཕུང་གཅིག་གི་འཐབ་ཇུས་བཀོད་བསྒྲིག་བྱས་རྗེས། མུ་མཐུད་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་དང་། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བ་ཕྱོགས་ཡང་རྒྱས་པར་གསུངས་ཡོད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་སྐོར་ལ་བརྡ་འཕྲིན་ཅན་འཛུགས་སྐྲུན་དེ་གལ་ཆེན་རང་བཞིན་ཡིན་པ་འབུར་ཐོན་དུ་བརྗོད།  མེས་རྒྱལ་གཅིག་གྱུར་ཡོང་བའི་ཕྱོགས་ལ་ཐོག་དང་པོར་དགུ་གཉིས་བཞེད་མཐུན་རྒྱུན་འཁྱོངས་དང་ཀྲུང་གོ་གཅིག་གི་གཞི་སྒྲོམ་སྲུང་སྐྱོང་བྱེད་རྒྱུ་དེ་ཏང་གི་སྙན་ཞུ་ཁྲོད་བྲིས་ཡོད། ཀྲུང་གོ་གཅིག་གི་གཞི་སྒྲོམ་གྱི་སྲོག་ཤིང་ནི་རང་རྒྱལ་སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་རྒྱལ་ཁབ་གཅིག་ཡིན་ལ། འཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཡང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་མ་ཡིན། འདི་དོན་དངོས་སུ་བཟོད་སྒོམ་ཚད་མེད་གནང་བ་ཡིན་པ་མཚོན། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་ཕྱོགས་ལ་སྙན་ཞུ་བསྟན་དོན་ཐོག་མཐའ་བར་གསུམ་དུ་ཞི་བའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་དང་མིའི་རིགས་ཀྱི་ཞི་བདེ་ངང་འཕེལ་རྒྱས་གཏོང་བའི་བྱ་གཞག་བླ་ན་མེད་པའི་དོན་དུ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། འདི་ཀྲུང་གོ་ནི་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་བརྗིད་རྔམ་གྱི་ཁས་ལེན་ཡིན།

༧ ཏང་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུ་ཁྲོད་ཡིག་ཚོགས་ཅུང་མང་པོས་གནས་སྐབས་གསར་བའི་འོག་ཏུ་ཏང་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་སྐོར་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་མ་ཟད་སྤྱིའི་བཀོད་སྒྲིག་དང་གནད་འཁེལ་བའི་སྒོ་ནས་རྒྱས་བཤད་བྱེད་ཡོད།

འདིར་བཞུགས་ཀྱི་ཏང་ཡོན་རྒན་པ་དང་འགོ་ཁྲིད་རྒན་པ་རྣམས། ཐེངས་འདིས་སློབ་སྦྱོང་བྱེད་པ་བརྒྱུད་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་བའི་ཐབས་ལམ་གསལ་བོ་རྟོགས་དགོས།

——  གཙོ་གནད་གསལ་བོ་ངང་གཏན་ཁེལ་བྱེད་ཡོད།  ཏང་གི་སྲིད་སྐྱོང་ནུས་ཤུགས་ཇེ་ཆེར་གཏོང་བ། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཇེ་ཆེར་གཏོང་བ་བཅས་ཀྱི་གཙོ་གནད་འདི་དམ་འཛིན་ནན་མོར་བྱེད་པ།

——  འཛུགས་སྐྱོང་ལྔ་ལ་ཤུགས་སྣོན་རྒྱག་པ། ཏང་གི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་ནན་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། རལ་རྒོལ་གཙང་སྤེལ།  ལམ་ལུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ།

—— ཅན་གསུམ་གྱི་རེ་བ་འབུར་ཐོན་ཡིན་པ།  སློབ་སྦྱོང་ཅན་དང་། ཞབས་ཞུ་ཅན། གསར་གཏོད་ཅན་བཅས་སུ་འགྱུར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྱོང་བཅས་བྱས།

——  འཁན་ཁུར་བརྒྱད་བཏོན་ཡོད། ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་འཚོལ་སྙེག་གཡོ་མེད་བྱ་དགོས། མི་གཙོ་བོར་འཛིན་པ་དང་། དམངས་དོན་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་དང་།  ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཛིན་བྱ་དགོས། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་ཧུར་ཐག་དང་། ཏང་གི་གསར་གཏོད་འཕེལ་ཤུགས་ཇེ་ཆེར་གཏོང་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། བྱང་ཚད་མཐོ་བའི་སྲིད་སྐྱོང་གི་རྐང་འཛིན་དཔུང་སྡེ་འཛུགས་སྐྱོང་བྱ་དགོས། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱོགས་ཁག་གི་ཕུལ་བྱུང་མི་སྣ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་བསྡུ་རུབ་བྱ་དགོས།  གཞི་རིམ་གྱི་ཏང་འཛུགས་ལས་དོན་གསར་གཏོད་བྱས་ནས་ཏང་གིས་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རུལ་སུངས་ལ་བློ་བརྟན་འགྱུར་མེད་ངང་ངོ་རྒོལ་བྱས་ནས་གུང་ཁྲན་ཏང་མིའི་སྤྱོད་གཙང་གི་ཆབ་སྲིད་ངང་ཚུལ་ཇི་སྲིད་བར་གནས་པར་བྱ་དགོས། ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་རང་རྟོགས་ངང་ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་བྱ་དགོས།

——  དམིགས་འབེན་གཅིག་གཏན་ཁེལ་བྱེད། ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་འགྱུར་མེད་སྟོབས་ལྡན་དུ་འགྱུར་བའི་འགན་ལེན་ཏན་ཏིག་བྱ་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་བསྟན་དོན། ཏང་ཡོངས་ཀྱིས་མཁོ་གནད་ཆེ་བའི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས་ཤུགས་ཇེ་ཆེར་བཏང་ནས་།  ཏང་གི་སྲིད་སྐྱོང་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཇེ་ཆེར་གཏོང་བ་བཅས་ཀྱི་གཙོ་གནད་འདི་དམ་འཛིན་ནན་མོར་བྱེད་པ།  ཚོགས་ཆེན་བཅུ་བདུན་པའི་སྐབས་སུ་ཏང་གི་སྲིད་སྐྱོང་ནུས་ཤུགས་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་སྐོར་བཤད་མྱོང་ལ་ཐེངས་འདིར་ཏང་གི་དྭངས་གཙང་རང་བཞིན་འཛུགས་སྐྲུན་དེ་གཙོ་གནད་དུ་བཞག་ཡོད།  དྭངས་གཙང་རང་བཞིན་གྱི་འཛུགས་སྐྲུན་དེ་ད་སྐབས་ཏང་གི་འཛུགས་སྐྲུན་གྱི་སྲོག་ཤིང་གི་ལས་གཞིར་བཞག་ནས་ང་ཚོས་ཏང་གིས་ཏང་གི་དྭངས་གཙང་རང་བཞིན་མཐོང་ཆེན་དང་རྒྱུན་འཁྱོངས་བྱེད་བཞིན་ཡོད།

སྙན་ཞུའི་ཁྲོད་ཕུགས་བསམ་དང་དད་སེམས་ཀྱི་གནད་དོན་གླེང་བའི་སྐབས། སྤྱི་ཁྱབ་ཧྲིའུ་ཅིས་ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་འཚོལ་སྙེག་གཡོ་མེད་བྱ་དགོས། དད་པའི་སྟོབས་ཤུགས་ནི་ཧ་ཅང་ཆེ། ལྷག་པར་དུ་གསར་བརྗེ་དུས་སྐབས་སུ། དེ་དུས་ཀྱི་ཡན་ཨན་དྲན་ན། ཡན་ཨན་དུས་སྐབས་སུ་དངོས་པོའི་ཆ་རྐྱེན་ཅི་ཡང་མེད་མོད། ན་གཞོན་དེའི་འདྲ་མང་པོ་ཞིག་ཡན་ཨན་ལ་སོང་བ་ཅི་ཕྱིར་ཡིན་ནམ། དེ་དག་ཚང་མར་དད་སེམས་ཡོད་པའི་རྟགས་རེད། དད་པ་ཡོད་ན་ཁོ་ཚོའི་སེམས་ཁམས་ཀྱི་བདེ་སྐྱིད་དེ་ཐོབ་ཐུབ་པ་རེད།  དཔེར་ན། ལོ་སུམ་ཅུ་སོ་གསུམ་ཐོག་གཤེགས་པའི་བློ་མཐུན་ཕིན་ཕད་ལ་མཚོན་ནས་བཤད། ཁོས་གསར་བརྗེ་བྱེད་པའི་སྐབས་སུ་ཞིང་པ་ཁྲི་སྟོང་མང་པོའི་མདུན་ནས་ཁྱིམ་གྱི་ཁང་བའི་འཛིན་ཡིག་དང་ས་ཞིང་འཛིན་ཡིག་སྒམ་གང་མེར་བསྲེགས་པ་མ་ཟད་འདི་ཡོད་ཚད་མང་ཚོགས་ཁྱེད་ཚོར་བྱིན་པ་ཡིན། སྐབས་དེ་དུས་གསར་བརྗེ་བྱེད་པ་ནི་རྒྱུ་ནོར་པ་ཙམ་མ་ཡིན་པར་ཐ་ན་རང་གི་ཚེ་སྲོག་ཤོར་བ་གང་མང་མང་ཡིན། དེ་དུས་དད་པ་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་འཐབ་འཛིང་བྱེད་པ་ཡིན། གལ་ཏེ་ཁེ་ཕན་རེ་ཐོབ་ནའང་ཚང་མ་མི་དམངས་སྤྲོད་ཐག་ཆོད་ཡིན། དེར་དོགས་པ་ཟ་མི་དགོས། གསར་བརྗེ་ལ་རྒྱལ་ཁ་ཐོབ་རྗེས། སྲིད་སྐྱོང་པའི་རྗེས་སུ་འབྲེལ་བ་རྙོག་འཛིང་ཅན་ལ་གྱུར། ང་ཚོའི་ཏང་ལ་མི་དམངས་ཀྱི་ཁེ་ཕན་ལས་གཞན་པའི་ཁེ་ཕན་མེད་མོད། ཡིན་ནའང་ཏང་གི་མི་སྣ་ཁ་ཤས་ཀྱི་སྒེར་གྱི་ཁེ་ཕན་བསམ། དད་པའི་སྙིང་སྟོབས་ལ་གཡོ་འགུལ་ཐེབས་པ་མ་ཟད་། དད་སེམས་ཤོར།  ཡང་དཔེར་ན། བཅོས་བསྒྱུར་སྒོ་འབྱེད་རྗེས་སུ། ཞིང་ཆེན་རིམ་པ་ཅན་གྱི་ལས་བྱེད་པ་ལྔ་བརྒྱ་ལྷག་འཛིན་བཟུང་བྱས་ཏེ་ཐག་གཅོད་བྱས། མཐོ་རིམ་ལས་བྱེད་པ་འདི་དག་བཙོན་འཇུག་བྱེད་རྗེས་ཆེས་མཐའ་མཇུག་གི་ངེས་འབྱུང་སྐྱེས་པའི་སྡོམ་ཚིག་ནི་སློབ་སྦྱོང་བྱེད་རྒྱུ་སྣང་མེད་བཞག་པ་དང་། དད་པའི་སེམས་མེད་པར་སོང་བ་དེ་ཡིན།

ང་ཚོ་ཏང་ནང་དུ་ཞུགས་དུས་དམ་བཅའ་འཇོག་པའི་སྐབས་སུ་གུང་ཁྲན་ཏང་གི་ཆེད་དུ་མི་ཚེ་གང་བོར་འབད་བརྩོན་བྱེད་རྒྱུ་ཞེས་དམ་བཅོས་མྱོང་ལ། ད་སྐབས་ཏང་ཡོན་ལས་བྱེད་པ་ལ་ལར་དད་སེམས་བཤད་མི་དགོས། ཐ་ན་ཆེས་རྨང་གཞིའི་ཀུན་སྤྱོད་ཡང་བོར་ཚར་འདུག རང་གི་ཁེ་ཕན་ཆུང་ཆུང་གི་ཆེད་དུ་དབང་ཆ་བྱུང་རྒྱལ་དུ་སྤྱོད་པ་དང་།  མང་ཚོགས་སྣང་མེད་ལ་འཇོག་པ།  དེ་བས་ཏང་ནང་གི་གནད་དོན་འདི་དག་ལ་ཁ་གཏད་པར་སྤྱི་ཁྱབ་ཧྲིའི་ཅིས་འཛུགས་སྐྱོང་ལྔ་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་ནན་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། རལ་རྒོལ་གཙང་སྤེལ།  ལམ་ལུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་ནས་ང་ཚོའི་ཏང་འདི་སློབ་སྦྱོང་ཅན་དང་། ཞབས་ཞུ་ཅན། གསར་གཏོད་ཅན་བཅས་སུ་འགྱུར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་དགོས། ང་ཚོའི་སྲིད་སྐྱོང་ཏང་ལ་ཀྲུང་གོའི་སྤྱི་ཚོགས་མདུན་སྐྱོད་ཀྱི་སྣེ་ཁྲིད་པར་སྔར་ལས་ནུས་པ་ཡོད་པ་དང་སྔར་ལས་ཐོབ་ཐང་ཡོད་པར་བྱེད་དགོས་སོ།

 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号