ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > བོད་ཡིག
༄༅། །ཏང་གི་དམངས་ཕན་སྲིད་ཇུས་ཀྱི་སྐོར།
སྤེལ་དུས།09-05  ཡོང་ཁུངས།མགོ་ལོག་ཁུལ་ཨུ་ཏང་གི་སློབ་གྲྭ  རྩོམ་པ་པོ།འབྲུག་རྒྱལ་ཚེ་རིང་།

རོང་འབྲོག་མི་དམངས་རྣམ་པ།

ཏང་ཀྲུང་དབྱང་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས “ཞིང་གསུམ ”བྱ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་ཆེད། ཞིང་འབྲོག་པའི་བྱ་བར་ཤུགས་སྣོན་དང༌། གཟིགས་སྐྱོང༌། ཕྱུག་བསྒྱུར་ཐད་ཀྱི་སྲིད་ཇུས་མང་པོ་ཞིག་ཕུད་ཡོད། སྲིད་ཇུས་འདི་གསལ་བོར་ཤེས་ཆེད་དང༌། སྲིད་ཇུས་འདི་དག་ཇི་མ་ཇི་བཞིན་དུ་ལག་ལེན་མཐའ་འཁྱོལ་བྱེད་པར་འགན་ལེན་བྱེད་ཆེད། 2012ལོར་ ཞིང་འབྲོག་པའི་བྱ་བར་ཤུགས་སྣོན་དང༌།  གཟིགས་སྐྱོང༌། ཕྱུག་བསྒྱུར་ཐད་ཀྱི་སྲིད་ཇུས་གསལ་བོར་གཤམ་གསལ་ལྟར།

གཅིག ཞིང་ལས་ཀྱི་སྐོར།

གཅིག འབྲི་རིགས་ལ་ཐད་ཀར་དུ་ཁ་གསབ་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ། ཞིང་སྡེ་དངུལ་ཁྲལ་བཅོས་བསྒྱུར་ཀྱིས་ཞིབ་བཤེར་གཏན་ཕབ་ཀྱི་ཞིང་ལས་རྩིས་ཁྲལ་གྱི་སའི་རྒྱ་ཁྱོན་གཞི་བཟུང་སྟེ། ས་ཞིང་མི་འདེབས་པའི་རྒྱུ་རྐྱེན་དང་དཔལ་འབྱོར་ལོ་ཏོག་གཞན་བཏབ་པའི་རྒྱ་ཁྱོན་ཕྱིར་འཐེན་ནས། ལོ་ཏོག་འདེབས་པའི་ཞིང་བ་ལ་འབྲི་རིགས་ཀྱི་ཁ་གསབ་རོགས་སྐྱོར་བྱེད་རྒྱུ་ཡིན། ཁ་གསབ་བྱེད་པའི་ཚད་གཞི་ནི་ས་མུའུ་རེ་ལ་་ཁ་གསབ་སྒོར15.2ཡིན།

གཉིས། ཞིང་ལས་མ་རྩའི་ཕྱོགས་བསྡུས་ལ་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ། སྣུམ་ཐོན་རིན་གོང་གི་ནང་རྐྱེན་བཅོས་བསྒྱུར་བྱས་རྗེས། ནང་རྐྱེན་གསར་བའི་ལག་བསྟར་གྱིས་སྣུམ་རིགས་ཐོན་རྫས་ཀྱིས་རིན་གོང་འཕར་པའི་རྐྱེན་གྱིས་ཞིང་བའི་(ཞིང་ར)སྤྱི་ཚོགས་ཉམས་ཞན་ཚོགས་པ་དང་སྤྱི་ཕན་རང་བཞིན་གྱི་ལས་རིགས་འགྲོ་སོང་ཇེ་མང་དུ་སོང་བས། སྲིད་གཞུང་གིས་ཁ་གསབ་བྱེད་པ་ཡིན། ཁ་གསབ་བྱེད་ཡུལ་ནི་ཐད་ཀར་དུ་འབྲི་རིགས་ཁ་གསབ་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཞིང་བ་དང་རྒྱལ་དབང་ཞིང་ཕྱུགས་ར་བཅས་ཡིན། ཁ་གསབ་ཀྱི་ཚད་གཞི་ནི་ས་མུའུ་རེ་ལ་སྒོར19.8ཡིན། (-4.6)

གསུམ། ཞིང་ལས་འཕྲུལ་ཆས་ཉོ་བསྡུ་བྱེད་པར་ཐད་ཀར་དུ་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་དང༌། ཞིང་ཕྱུགས་རའི་ནགས་ར་ལས་བཟོ་བ། ཐད་ཀར་དུ་ཞིང་ལས་འཕྲུལ་ཆས་ལས་སྒྲུབ་ཀྱི་ཐོན་སྐྱེད་ལས་གཉེར་རྩ་འཛུགས།  རྨོ་ཞིང་ལེགས་བསྒྱུར་དང༌། སོན་འདེབས་ལུད་བརྒྱག ཞིང་བར་དོ་དམ། ལོ་ཏོག་བརྔ་བསྡུ་དང༌། ལོ་ཏོག་བསྡུས་རྗེས་ཀྱི་བྱ་བ། ཞིང་ནགས་ཐོན་རྫས་ལས་སྣོན། རྨོ་ཞིང་ཆུ་འདྲེན། ཕྱུགས་ལས་ཆུ་ཐོན་གསོ་སྤེལ། སྒུལ་ཤུགས་དང༌ །ས་ཞིང་རྨང་གཞིའི་འཛུགས་སྐྲུན། ཞིང་ཕྱུགས་ལས་གཞི་རྩའི་འཕྲུལ་ཆས་དང༌། འཕྲུལ་ཆས་གཞན་དག་སོགས་རིགས་ཆེན་པོ13དང་རིགས་ཆུང་བ་41གི་དངོས་མིང་འཕྲུལ་ཆས་153ལ། ཀྲུང་དབྱང་སྲིད་གཞུང་གིས་གྲངས་ཀ་གཏན་འཁེལ་བྱས་ཡོད་པའི་ཁ་གསབ་ལག་བསྟར་བྱེད་པ་ཡིན། ཁ་གསབ་ཀྱི་དངུལ་གྲངས་ཞིང་ཆེན་ནང་ཁུལ་གྱི་ཉེ་བའི་ལོ་གསུམ་རིང་གི་ཚོང་རའི་ཆ་སྙོམས་རིན་གོང་གི་བརྒྱ་ཆའི30ལས་བརྒལ་མི་རུང༌། འཕྲུལ་ཆས་ཁེ་རྐྱང་གི་ཁ་གསབ་གྲངས་ཀ་སྤྱིར་བཏང་དུ་སྒོར་ཁྲི་5ལས་བརྒལ་མི་རུང༌། རྟ་ཤུགས(马力)100ཡན་ཆད་ཀྱི་འདྲུད་འཕེན་འཕྲུལ་འཁོར་ཆེན་པོ་དང༌། ནུས་པ་མཐོ་བའི་གཟན་རྩྭ་བསྡུ་ལེན་འཕྲུལ་འཁོར།  རྨོ་འདེབས་འཕྲུལ་འཁོར་ཆེན་མོ། འོ་ཞོ་འཕྲུལ་ཆས། བརྔ་བསྡུ་མཉམ་ལས་འཕྲུལ་འཁོར་ཆེན་མོ་དང༌། སྲོ་སྐམ་འཕྲུལ་འཁོར་བཅས་འཕྲུལ་ཆས་ཁེ་རྐྱང་གི་ཁ་གསབ་དངུལ་གྲངས་སྒོར་ཁྲི12ལས་བརྒལ་མི་ཆོག  རྟ་ཤུགས(马力)200ཡན་གྱི་འདྲུད་འཐེན་འཕྲུལ་འཁོར་གྱི་འཕྲུལ་ཆས་ཁེ་རྐྱང་གི་ཁ་གསབ་སྒོར་ཁྲི20ལ་མཐོར་འདེགས་བཏང་ཆོག  འབྲུ་རིགས་བརྔ་བསྡུ་མཉམ་ལས་འཕྲུལ་འཁོར།  རྨོ་འདེབས་འཕྲུལ་འཁོར། ས་ཞིང་གཏིང་སློག་འཕྲུལ་འཁོར།  ཞོག་ཁོག་རྨོ་བསྡུ་འཕྲུལ་འཁོར་སོགས་ལ་ཞིང་ཆེན་རིམ་པའི་ཐེངས་གཉིས་ལ་ཁ་གསབ་ལག་བསྟར་བྱེད་རྒྱུ། ཐེངས་གཉིས་ལ་ཁ་གསབ་བྱེད་པའི་བསྡུར་ཚད་ནི་བརྒྱ་ཆའི30˜60བར་ཡིན།

བཞི།ལོ་ཏོག་གི་ས་བོན་སྤུས་ལེགས་ཅན་དུ་བསྒྱུར་བའི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ། ཞིང་ཆེན་ཡོངས་ཀྱི་གྲོ་དང༌། ནས། མ་རྨོས་ལོ་ཏོག་སོགས་ཞིང་ལས་སྐྱེ་དངོས་འདེབས་པའི་ཞིང་རའི་ལས་བཟོ་བ་ལ། ཀྲུང་དབྱང་གིས་བྱང་བུ་གཅིག་བརྒྱུད་ནས་སྤྲོད་པའི་ཐབས་ལམ་བརྒྱུད་དེ་ས་མུའུ་རེ་ལ་སྒོར10ཡི་ཁ་གསབ་བྱེད་རྒྱུ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་ཆེན་ཡོངས་ཀྱི་རྫོང་ཁག20ལ། ས་མུའུ་ཁྲི100ལ་ཞོག་ཁོག་དང་མ་རྨོས་ལོ་ཏོག་རྨོ་འདེབས་ལག་རྩལ་ཁྱབ་སྤེལ་བྱེད་པ་ལ། ས་མུའུ་རེ་ལ་སྒོར120ཁ་གསབ་བྱེད་པ་ཡིན།

གཉིས།  ཕྱུགས་ལས་སྐོར།

ལྔ། ཕྱུགས་རྒྱུད་ལེགས་བཅོས་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ། ཤར་ཕྱོགས་ས་ཁུལ་དང་མཚོ་སྔོན་པོའི་མཚོ་འགྲམ་ས་ཁུལ་བཞོན་མ་དང། ཤ་བཞོན་གཉིས་འཛོམ་གྱི་ནོར། ནོར་ཤ་ལེགས་བསྒྱུར་བཅས་ཀྱི་ཁ་གསབ་ལག་བསྟར་བྱེད་པར། བཞོན་མའི་ཟོག་གཅིག་ལ་ཁམས་དཀར་འཁྱག་པའི་བུམ་ཕྲ་2རེ་ཁ་གསབ་དང༌། འབྲོག་ཁུལ་དང་ཞིང་འབྲོག་ཕྱེད་མའི་ས་ཁུལ་དུ་ནོར་མ500ཁྱབ་སྤེལ་དུ་བཏང་ཚེ། དེའི་ནང་དུ་ཏ་ཐུང་ནོར་ནག2000ཁྱབ་སྤེལ་དུ་བཏང་ཚེ། ཟོག་རེ་ལ་སྒོར4000ཡི་ཁ་གསབ་ཡོད་པ་ཡིན། མཐོ་སྒང་གི་ཟོག་ནག3000ཁྱབ་སྤེལ་དུ་བཏང་ཚེ། ཟོག་རེ་ལ་སྒོར2000ཡི་ཁ་གསབ་ཡོད།

དྲུག  ཞིང་ཕྱུགས་ལས་ཉེན་སྲུང་སྲིད་ཇུས་མུ་མཐུད་དུ་དར་སྤེལ་བྱེད་རྒྱུ། གྲོ་དང་སྐེ་ཚེ། ནས་དང་སྲན་མ། ཞོག་ཁོག་དང༌། མ་རྨོས་ལོ་ཏོག་ཡང་ན་དྲོད་ཁང་རྨོ་འདེབས་ལ་ཉེན་སྲུང་མ་དངུལ་ཁ་གསབ་ལག་བསྟར་བྱེད་རྒྱུ་ཡིན། དེའི་ནང་གི་དྲོད་ཁང་དུ་འདེབས་འཛུགས་ཉེན་སྲུང་མ་དངུལ་ནོར་སྲིད་ཀྱིས་ཁ་གསབ་བརྒྱ་ཆའི80ཡོད། ཞིང་ཁྱིམ་དང་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱིས་བརྒྱ་ཆའི20འགན་ལེན་བྱེད་དགོས། དེ་ལས་ལྷག་མའི་འདེབས་ཆས་གཞན་དག་ལ་ནོར་སྲིད་ཀྱིས་ཉེན་སྲུང་མ་དངུལ་ཁ་གསབ་བརྒྱ་ཆའི90ཡོད། ཞིང་ཁྱིམ་དང་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱིས་བརྒྱ་ཆའི10འགན་ལེན་བྱེད་དགོས། ཕག་མ་དང་བཞོན་མ་ལ་ཉེན་སྲུང་ཁ་གསབ་ལག་བསྟར་བྱེད་པར། ནོར་སྲིད་ཀྱིས་ཉེན་སྲུང་མ་དངུལ་ཁ་གསབ་བརྒྱ་ཆའི80ཡོད། གསོ་བདག་གིས་བརྒྱ་ཆའི20འགན་ལེན་བྱེད་དགོས། ནགས་ཚལ་ལ་ཉེན་སྲུང་ཁ་གསབ་ལག་བསྟར་བྱེད་པར། ནོར་སྲིད་ཀྱིས་ཉེན་སྲུང་མ་དངུལ་ཁ་གསབ་བརྒྱ་ཆའི 95ཡོད། ནགས་ཞིང་དང་ནགས་ཚལ་ཁེ་ལས་ཀྱིས་བརྒྱ་ཆའི5འགན་ལེན་བྱེད་དགོས།

བདུན། ཞིང་འབྲོག་ཁུལ་སྡོད་ཁང་འཛུགས་སྐྲུན་གྱི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ། ཞིང་ཆེན་ཡོངས་སུ་ཞིང་སྡེ་རུ་ཡོད་པའི་ཉེན་ཁ་ཅན་གྱི་ཁང་བ་ཁྱིམ་ཚང་ཁྲི2.5བསྒྱུར་བཀོད་བྱེད་དགོས། ཁྱིམ་ཚང་རེ་ལ་ཁ་གསབ་ན་ནིང་ལོའི་སྒོར1.92ནས་སྒོར་ཁྲི2ལ་འཕར་ཡོད། ཞིང་སྡེ་ལ་བྱ་དགའ་རང་བཞིན་གྱི་སྡོད་ཁང་ཁྱིམ་ཚང་ཁྲི6ལག་བསྟར་བྱེད་རྒྱུ། ཁྱིམ་ཚང་རེ་ལ་ཁ་གསབ་ན་ནིང་གི་སྒོར6000ནས་སྒོར་ཁྲི1.3འཕར་ཡོད། འབྲོག་ཁུལ་གྱི་གཏན་སྡོད་ཁང་བའི་ལས་གཞི་ཁྱིམ་ཚང་རེར་ཁྲི1.46ལག་བསྟར་བྱེད་རྒྱུ། མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་ཁྱིམ་ཚང་རེ་ལ་ཁ་གསབ་སྒོར4.3ཡོད། མཚོ་སྔོན་པོའི་མཐའ་སྐོར་གྱི་ཁྱིམ་ཚང་རེ་ལ་ཁ་གསབ་སྒོར་3.5ཡོད། རྩྭ་ཐང་གི་སྦྲ་གུར་གསར་བའི་བྱ་འགུལ་ཁྱིམ་ཚང་རེར་ཁྲི1ལག་བསྟར་བྱེད་རྒྱུ། ཁྱིམ་ཚང་རེ་ཁ་གསབ་སྒོར་ཁྲི1.2ཡོད། འདི་ནི་གཙོ་བོ་སྦྲ་གུར་དང༌།བརྙན་འཕྲིན།མལ་ཁྲི་བཅས་ཀྱི་འཚོ་བའི་སྒྲིག་ཆས་ཉོ་སྤྱད་ཡིན།

བརྒྱད། ཞིང་འབྲོག་ཁུལ་མ་མཐའི་འཚོ་བ་འགན་སྲུང་སྲིད་ཇུས། མི་རེའི་ཆ་སྙོམས་ཡོང་སྒོ་ཞིང་སྡེའི་དམའ་སྲུང་གི་ཚད་གཞི་ལ་མི་ཐོན་པའི་ཁྱིམ་ཚང༌། དམའ་སྲུང་ཁྲོད་དུ་འཇོག་དགོས་ལ།  དམའ་སྲུང་ཁ་གསབ་རོགས་སྐྱོར་ལོངས་སུ་སྤྱོད་དུ་འཇུག་དགོས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ནི་མི་རེ་ལ་ལོ་རེར་སྒོར1325ཡོད། མཚོ་ལྷོ་དང། མཚོ་ནུབ། མཚོ་བྱང་ཁུལ་བཅས་ལ་ལོ་རེ་ལ་མི་རེར་སྒོར1440ཡོད། སྐྱེ་དགུ་དང༌། མགོ་ལོག རྨ་ལྷོ་ཁུལ་བཅས་ཀྱི་མི་རེ་ལ་ལོ་རེར་སྒོར1500ཡོད།

དགུ། ཞིང་འབྲོག་ཁུལ་གྱི་ལྔ་སྐྱོང་ཁྱིམ་ཚང་གསོ་གཉོར་གྱི་སྲིད་ཇུས། རྒན་པ་དང་དབང་བོ་སྐྱོན་ཅན། ཡང་ན་ལོ་ཧྲིལ་བོ16ལ་མ་སོན་པའི་ཞིང་འབྲོག་དམངས་ཚོགས། ངལ་རྩོལ་གྱི་ནུས་པ་མེད་པ། འཚོ་བའི་འབྱུང་ཁུངས་མེད་པ་འམ་ཁྲིམས་བཀོད་གསོ་གཉོར་གྱི་འགན་ལེན་མི་སྣ་མེད་པ།  ཡང་ན་ཁྲིམས་བཀོད་གསོ་གཉོར་འགན་ལེན་མི་སྣ་གསོ་གཉོར་གྱི་ནུས་པ་མེད་པ་བཅས་ལ། ལྔ་སྐྱོང་འགན་སྲུང་གི་སྲིད་ཇུས་ལོངས་སྤྱོད་བྱེད་དུ་མཇུག་དགོས། ཐ་ཐོར་དུ་ལྔ་སྐྱོང་གསོ་གཉེར་བྱེད་ཡུལ་གྱི་ལོ་རེའི་གསོ་གཉོར་ཚད་གཞི་ནི་ས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ལོ་སྔོན་པའི་ཞིང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོའི་བརྒྱ་ཆའི70ནང་ལྟར་གཏན་འཁེལ་བྱེད་དགོས། ལས་ཁུངས་གཅིག་བསྡུས་ཀྱིས་ལྔ་སྐྱོང་གསོ་གཉེར་བྱེད་ཡུལ་ལ་ས་དེའི་ལོ་སྔོན་པའི་མི་རེའི་ཆ་སྙོམས་ཡོང་སྒོའི་བརྒྱ་ཆའི80ནང་ལྟར་གཏན་འཁེལ་བྱེད་དགོས།

བཅུ། དྭ་ཕྲུག་རོགས་སྐྱོབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ། ཞིང་སྡེ་འབྲོག་ཁུལ་གྱི་དྭ་ཕྲུག་དང་དོན་དངོས་སུ་གཉོར་སྐྱོང་བྱེད་མཁན་མེད་པའི་ལོ་ན་མ་སོན་པའི་མི་ལ།  ལས་ཁུངས་ནང་ནས་གཅིག་བསྡུས་ཀྱིས་གསོ་གཉོར་བྱེད་པར་མི་རེ་ཟླ་རེར་འཚོ་བའི་ཁ་སྣོན་སྒོར་1000ཡོད །ཐ་ཐོར་དུ་བསྡད་ཡོད་པའི་མི་རེ་ལ་ཟླ་རེར་འཚོ་བའི་ཁ་སྣོན་སྒོར600ཡོད། ཞིང་སྡེ་ས་ཁུལ་གྱི་དོན་དངོས་སུ་གཉོར་སྐྱོང་བྱེད་མཁན་མེད་པའི་ལོ་ན་མ་སོན་པའི་མི་ལ་མི་རེ་ལ་ཟླ་རེར་འཚོ་བའི་ཁ་སྣོན་སྒོར150ཡོད།

བཅུ་གཅིག  གནས་སྐབས་སུ་རོགས་སྐྱོར་བྱེད་པའི་སྲིད་ཇུས། གནས་སྐབས་སུ་རོགས་སྐྱོར་བྱེད་ཡུལ་ནི་དམའ་སྲུང་དང་ཞིང་སྡེའི་ལྔ་སྐྱོང་འགན་སྲུང༌། ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་གཞན་གྱི་ནང་དུ་བཞག་མེད་པ། ཁྱིམ་ཚང་མི་རེའི་ཆ་སྙོམས་ཡོང་སྒོ་སྤྱིར་བཏང་དུ་ས་དེའི་དམའ་སྲུང་ཚད་གཞི་ལས་བརྒྱ་ཆའི150མི་མཐོ་ལ༌།  ཡང་གློ་བུར་རང་བཞིན་དང །གནས་སྐབས་རང་བཞིན་གྱི་དབང་གིས་གཞི་རྩའི་འཚོ་བ་ལ་གནས་སྐབས་སུ་དཀའ་ཁག་བྱུང་བའི་ཁྱིམ་ཚང༌། གནས་སྐབས་ཀྱི་རོགས་སྐྱོར་ཚད་གཞི་ནི་ཁྱིམ་ཚང་དཀའ་ཁག་གི་བྱེ་བྲག་གི་གནས་ཚུལ་ལ་བལྟོས་ནས། གང་ལེགས་ཀྱིས་རོགས་སྐྱོར་བྱེད་ཡུལ་གྱི་དོན་དངོས་ཀྱི་དཀའ་ཁག་ལ་འོས་མཐུན་གྱིས་གཏན་འཁེལ་བྱེད་པར་བསམ་བློ་གཏོང་དགོས། སྤྱིར་བཏང་དུ་སྒོར500ནས་3000བར་དུ་ཚོད་འཛིན་བྱ་དགོས། དུས་མཚུངས་སུ་རེ་འདོད་ཞུ་མཁན་གྱིས་ལོ་གཅིག་གི་ནང་དུ་ཐེངས་གཅིག་ལས་རེ་འདོད་ཞུ་མི་ཆོག

བཅུ་གཉིས། དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་འཚོ་བའི་ཁ་སྣོན་སྲིད་ཇུས། ཞིང་སྡེ་འབྲོག་ཁུལ་གྱི་ཞིང་སྡེའི་མ་མཐའི་འགན་སྲུང་དང༌། ལྔ་སྐྱོང་འགན་སྲུང་གི་སྲིད་ཇུས་ལོངས་སྤྱོད་མི་བྱེད་པ། རང་ཉིད་ལ་དཔལ་འབྱོར་གྱི་ཡོང་སྒོ་མེད་པ་མ་ཟད་དབང་བོ་སྐྱོན་ཅན་གྱི་རིམ་པ་དང་པོ་ནས་གཉིས་པའི་བར་གྱི་དབང་བོ་སྐྱོན་ཅན་ལྗིད་མོ་ལ། མི་རེ་ལ་ཟླ་རེར་སྒོར50ཡི་ཚད་གཞི་ལྟར་འཚོ་བའི་ཁ་སྣོན་བསྟེར་དགོས།

བཅུ་གསུམ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས། ཞིང་འབྲོག་ཁུལ་གྱི་མ་མཐའི་འགན་སྲུང་བྱ་ཡུལ་དང༌། ལྔ་སྐྱོང་ཁྱིམ་ཚང༌། དབང་བོ་སྐྱོན་ཅན་ལྗིད་མོ། གནད་སའི་གཟིགས་སྐྱོང་བྱེད་ཡུལ། ལོ་དྲུག་བཅུ་བའི་ལས་འཁྱུར་མི་སྣ། ལོ་རྒས་ཤིང་དབང་བོ་སྐྱོན་ཅན་ཡིན་པའི་མི་སྣ། ཁྱིམ་གཅིག་ཏུ་དབང་བོ་སྐྱོན་མང་བོའི་ཁྲོད་ཀྱི་དབང་བོ་སྐྱོན་ཅན་དང༌། གློ་བུར་བྱུང་བའི་དོན་རྐྱེན་གྱིས་སྨན་ཡོན་ཆེན་པོ་གཏོང་དགོས་བའི་ཞིང་འབྲོག་ཁུལ་གྱི་ཡོང་སྒོ་དམའ་བའི་སྡོད་དམངས། ནད་ཆེན་པོ་བྱུང་ནས་སྨན་ཡོན་འབོར་ཆེན་དགོས་པ། ཐེངས་གཅིག་གིས་གནས་སྐབས་ཀྱི་སྨན་བཅོས་རོགས་སྐྱོར་བྱེད་པ་དང་ནད་ཆེན་པོ་བྱུང་ནས་སྨན་བཅོས་རོགས་སྐྱོར་ཐེངས་གཅིག་གིས་བྱེད་དགོས། སྒོ་བསྟེན་གྱི་རོགས་སྐྱོར་ནི། ཞིང་སྡེ་ཡི་ལྔ་སྐྱོང་ཁྱིམ་ཚང་མི་རེ་ལ་ལོ་རེར་རོགས་སྐྱོར་སྒོར360ཡོད།  དམའ་སྲུང་བྱེད་ཡུལ་གྱི་ལོ་རྒན་པ་ལོ་60ཡན་ཕལ་ཆེར་ངལ་རྩོལ་གྱི་ནུས་པ་ཤོར་བའི་དབང་བོ་སྐྱོན་ཅན། ཡུན་རིང་དུ་མལ་ཁྲིའི་སྟེང་དུ་ཉལ་སར་ལྷུང་ཡོད་པ་ལོ་ཕྱེད་ཡན་ཆད་དུ་ན་ཚ་བྱུང་བ་ཚབས་ཆེ་བའི་དབང་བོ་སྐྱོན་ཅན་མི་སྣ། གནད་སའི་གཟིགས་སྐྱོང་བྱེད་ཡུལ། ལོ་རྒས་ཤིང་དབང་བོ་སྐྱོན་ཅན་ཡིན་པའི་མི་སྣ། ཁྱིམ་གཅིག་ཏུ་དབང་བོ་སྐྱོན་མང་བོའི་ཁྲོད་ཀྱི་དབང་བོ་སྐྱོན་ཅན་བཅས་ལ་མི་རེ་ལ་ལོ་རེར་སྒོར 240རོགས་སྐྱོར་ཡོད། སྤྱིར་བཏང་དུ་དམའ་སྲུང་བྱེད་ཡུལ་དང་ལོ་རབས་དྲུག་བཅུ་བའི་ལས་འཁྱུར་མི་སྣ་བཅས་ལ་མི་རེ་ལ་ལོ་རེར་སྒོར120རོགས་སྐྱོར་ཡོད། སྨན་ཁང་བསྡད་པའི་རོགས་སྐྱོར་ནི། ཞིང་སྡེ་ཡི་ལྔ་སྐྱོང་ཁྱིམ་ཚང་ལ་སྨན་ཡོན་ཚང་མའི་རོགས་སྐྱོར་བྱེད་པ་ཡིན། དམའ་སྲུང་བྱེད་ཡུལ་གྱི་ལོ་རྒན་པ་ལོ་60ཡནཕལ་ཆེར་ངལ་རྩོལ་གྱི་ནུས་པ་ཤོར་དབང་བོ་སྐྱོན་ཅན། ཡུན་རིང་དུ་མལ་ཁྲིའི་སྟེང་དུ་ན་ཚ་བྱུང་ཡོད་པའི་ནད་པས་རང་ཉིད་ཀྱི་བརྒྱ་ཆའི10འགན་འཁུར་དགོས། སྤྱིར་བཏང་དུ་དམའ་སྲུང་བྱེད་ཡུལ་གྱིས་རང་ཉིད་ཀྱིས་བརྒྱ་ཆའི15འགན་འཁུར་དགོས། མི་རེ་ལ་ལོ་རེར་ཆེས་མཐོ་ཡང་སྒོར་ཁྲི3གིས་ཚོད་འཛིན་བྱ་དགོས།  གནས་སྐབས་སུ་སྨན་བཅོས་རོགས་སྐྱོར་ནི། སྨན་བཅོས་རོགས་སྐྱོར་མ་ཡིན་པའི་ཞིང་འབྲོག་ཁུལ་གྱི་དམའ་སྲུང་སྡོད་དམངས་དང༌། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་སྨན་ཡོན་ཅུང་ཆེན་པོ་སྟེར་དགོས་པ། རང་ཉིད་འགན་ལེན་དགོས་པ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གཞུང་རྩིས་བྱས་པ་ཕྱིར་འཐེན་རྗེས། རང་ཉིད་ད་དུང་སྒོར5000ཡན་འགན་ལེན་དགོས་ཚེ། ཐེངས་གཅིག་གིས་གནས་སྐབས་སུ་སྨན་བཅོས་རོགས་སྐྱོར་བྱེད་པ་ལག་བསྟར་བྱས་ཆོག རོགས་སྐྱོར་ཚད་གཞི་ནི་རང་ཉིད་ཀྱི་འགན་འཁུར་དགོས་པའི་བརྒྱ་ཆའི50ཡིན། གྲངས་ཀ་ཆེས་མཐོ་ན་སྒོར10000ལས་བརྒལ་མི་རུང༌། ནད་རིགས་ཚབས་ཆེན་སྨན་བཅོས་རོགས་སྐྱོར་ནི། འབྲས་སྐྲན་དང༌། སྙིང་ཁམས་ཁྲག་རྩའི་ནད་རིགས་སོགས་ཀྱི་ནད་ཚབས་ཆེན་སྨན་བཅོས་རོགས་སྐྱོར་བྱ་ཡུལ་དང༌། ཞིང་འབྲོག་ཁུལ་གྱི་སྡོད་དམངས་གཞན་དག་ལ་སྨན་བཅོས་བྱས་ཡོན་ཧ་ཅང་འབོར་ཆེན་དགོས་པ་དང༌། རང་ཉིད་འགན་ལེན་དགོས་པ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གཞུང་རྩིས་བྱས་པ་ཕྱིར་འཐེན་རྗེས། རང་ཉིད་ཀྱིས་ད་དུང་སྒོར་ཁྲི10ཡན་འགན་ལེན་དགོས་ཚེ། རང་ཉིད་ཀྱིས་རིན་སྟེར་དགོས་པའི་སྨན་རྫས་ནང་དུ་མི་འདུས།  ཐེངས་གཅིག་གིས་གནས་སྐབས་སུ་སྨན་བཅོས་རོགས་སྐྱོར་བྱེད་པ་ལག་བསྟར་བྱས་ཆོག  རོགས་དངུལ་སྤྲད་དེ་སྨན་བཅོས་འགན་སྲུང་ལ་ཞུགས་པ་ནི། ཞིང་སྡེ་འབྲོག་ཁུལ་གྱི་སྨན་བཅོས་རོགས་སྐྱོར་བྱེད་ཡུལ་རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་སུ་ཞུགས་ནས་རང་ཉིད་ཀྱི་སྤྲོད་དངུལ་ཚང་མ་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་ཚབ་སྤྲོད་བྱས་པ་བཅས་ཡིན། ནད་རིགས་ཆེན་པོ་ཐེངས་གཉིས་པར་རོགས་སྐྱོར་བྱེད་དགོས་པ་ནི། སྐྲན་ནད་ཕོགས་པ་དང༌།སྙིང་ཁམས་ཁྲག་རྩའི་ནད་རིགས་སོགས་ཀྱི་ནད་ཚབས་ཆེན་སྨན་བཅོས་རོགས་སྐྱོར་བྱ་ཡུལ་དང་ཞིང་འབྲོག་ཁུལ་གྱི་མ་མཐའི་འགན་སྲུང་བྱ་ཡུལ་དང༌། ལྔ་སྐྱོང་ཁྱིམ་ཚང༌། དྭ་ཕྲུག། གནད་སའི་གཟིགས་སྐྱོང་བྱེད་ཡུལ། ལོ་རབས་དྲུག་བཅུ་བའི་ལས་འཁྱུར་མི་སྣ། ཚབས་ཆེ་བའི་དབང་བོ་སྐྱོན་ཅན་མི་སྣ། ལོ་རྒས་ཤིང་དབང་བོ་སྐྱོན་ཅན་ཡིན་པའི་མི་སྣ།  ཁྱིམ་གཅིག་ཏུ་དབང་བོ་སྐྱོན་ཅན་མང་བོའི་ཁྲོད་ཀྱི་དབང་བོ་སྐྱོན་ཅན། རང་ཉིད་ཀྱིས་འགན་འཁུར་དགོས་པ་ཕྱིར་འཐེན་ནས། སྨན་ཁང་དུ་བསྡད་པའི་རོགས་སྐྱོར་གཞུང་རྩིས་ལོངས་སྤྱོད་བྱས་ཚར་རྗེས། རང་ཉིད་ཀྱིས་ད་དུང་སྒོར་ཁྲི10ཡན་འགན་ལེན་དགོས་ཚེ། ཐེངས་གཉིས་པར་རོགས་སྐྱོར་བྱེད་པ་ལག་བསྟར་བྱེད་དགོས།  མི་རེ་ལ་ལོ་རེར་ཆེས་མཐོ་ཡང་སྒོར་ཁྲི3གིས་ཚོད་འཛིན་བྱ་དགོས།  རོགས་སྐྱོར་ཚད་གཞི་ནི་རང་ཉིད་ཀྱི་འགན་འཁུར་དགོས་པའི་བརྒྱ་ཆའི50ཡིན།

བཅུ་བཞི། རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་སྲིད་ཇུས། ད་ལོར། ཞིང་ཆེན་གྱི་རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་ཀྱི་མི་རེའི་གཅིག་འགོད་ཚད་གཞི2011ལོའི་སྒོར300ནས་སྒོར400འཕར་ཡོད། དེའི་ནང་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་རོགས་སྐྱོར་སྒོར156ཡོད་ལ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཁ་གསབ་རོགས་སྐྱོར་སྒོར174.4ཡོད། ཁུལ་དང་རྫོང་རིམ་པའི་ནོར་སྲིད་ཀྱི་ཁ་གསབ་རོགས་སྐྱོར་སྒོར14.8ཡོད།  ཞིང་འབྲོག་དམངས་རང་ཉིད་ཀྱི་སྒོར་40སྤྲོད་དགོས།  ཞིང་འབྲོག་མཉམ་ལས་སྨན་བཅོས་སྒོ་བསྟེན་ཐེབས་རྩ་མི་རེར་སྒོར55 ནས་སྒོར་65གོང་འཕར་སོང་ཡོད། དེའི་ནང་གི་ཁྱིམ་ཚང་གི་ཁྱིམ་ཐོ་ཐེབས་རྩ་མི་རེར་སྒོར40མི་འགྱུར་བ་དང༌། སྒོ་བསྟེན་གྱི་གཅིག་འགོད་ཐེབས་རྩ་མི་རེར་སྒོར15ནས་སྒོར་25ལ་འཕར་བ་ཡིན། འདི་གཙོ་བོ་ཁྱད་པར་ཅན་གྱི་ནད་རིགས་22དང༌། ཡུན་རིང་དུ་སྨན་བཅོས་དགོས་པའི་ཁ་གསབ་དང་སྤྱིར་བཏང་གི་སྨན་བཅོས་བྱེད་ཡོན་དུ་འགྲོ་སོང་གཏོང་དགོས།  ཁུལ་ས་གནས་གྲོང་ཁྱེར་གཅིག་འགོད་ལས་ཁུངས་ཡིན་ལ། ཞིང་སྡེ་མཉམ་ལས་ཀྱི་ནད་རིགས་ཚབས་ཆེན་སྨན་བཅོས་བྱེད་པའི་ཐེབས་རྩ་འགན་སྲུང་བྱ་དགོས་ལ། ཁྱད་པར་ཅན་གྱི་ནད་རིགས21སྨན་བཅོས་འགན་སྲུང་བྱ་དགོས།  ལོ་གཅིག་གི་ནང་དུ་ཆེས་མཐོ་ཡང་སྒོར་ཁྲི20ལས་བརྒལ་མི་ཆོག   སྨན་ཁང་དུ་བསྡད་པའི་སྨན་ཡོན་དོན་དངོས་ཀྱི་གཞུང་རྩིས་བསྡུར་ཚད་བརྒྱ་ཆའི70ལ་སླེབས།  རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་ཞིང་ཆེན་དང༌། ཁུལ་རྫོང་ཞང་སོགས་གཏན་འཁེལ་བྱས་ཡོད་པའི་སྨན་བཅོས་སྡེ་ཁག་ལྟར་སྨན་ཁང་དུ་བསྡད་པའི་སྨན་ཡོན་གཞུང་གིས་རྩིས་ལེན་བྱེད་པའི་བསྡུར་ཚད་སོ་སོར་བརྒྱ་ཆའི70˜80˜90ལ་འཕར་ཡོད།  ལོ་གཅིག་ནང་དུ་ཆེས་མཐོ་བའི་གྲངས་ཀ་ནི་གྲོང་ཁྱེར་སྡོད་དམངས་ཀྱི་འགྲོ་སོང་ཆོག་པའི་ཡོང་སྒོའི་ལྡབ6ཡན་ཆད་ཡིན། སྒོར་ཁྲི10ལ་སླེབས་ཡོད།

བཅོ་ལྔ ། རྣམ་པ་གསར་བའི་ཞིང་པའི་འགན་སྲུང་སྲིད་ཇུས། (ལོ་ཧྲིལ་བོ་16ལ་མ་སོན་པ་དང་སློབ་མ་ནང་དུ་མི་འདུས།)   གྲོང་བརྡལ་ལས་བཟོ་བའི་གཞི་རྩའི་རྒན་སྲུང་ནང་དུ་ཞུགས་མེད་པའི་ཞིང་འབྲོག་པས། རང་ཉིད་ཀྱི་ཁྱིམ་ཡོད་པའི་ས་ནས་རང་འཐད་ཀྱིས་རྣམ་པ་གསར་བའི་ཞིང་བའི་འགན་སྲུང་ནང་དུ་ཞུགས་ཆོག  རྣམ་པ་གསར་བའི་ཞིང་བའི་འགན་སྲུང་ལ་རང་ཉིད་ཀྱིས་དངུལ་སྤྲོད་པ་དང་སྲིད་གཞུང་གི་ཁ་གསབ་བྱེད་པ་ཟུང་འབྲེལ་བྱེད་དེ། རང་ཉིད་ཀྱིས་ལོ་རེ་བཞིན་སྤྲོད་པ། སྤྲོད་དངུལ་ཀྱི་ཚད་གཞི་ནི་སྒོར100དང་།  200  300, 400, 500,བཅས་རིམ་པ་ལྔ་ཡོད། འགན་སྲུང་ཞུགས་པའི་འབྲོག་དམངས་རང་ཉིད་ཀྱིས་འདེམ་ཆོག  འགན་སྲུང་ལ་ཞུགས་པའི་ཁ་གསབ་སྲིད་ཇུས་ཀྱི་སྟེང་ནས། སྲིད་གཞུང་གིས་ཞུགས་སྐབས་དང་སྟེརསྐབས་སུ་འགན་སྲུང་ལ་ཞུགས་པའི་སྡོད་དམངས་ལ་ཁ་གསབ་བྱེད་པ་ཡིན །ཆེས་དམའ་བའི་རིམ་པ་སྤྲད་ཚེ། ནོར་སྲིད་ཀྱིས་ཡང་བསྐྱར་སྒོར30ཁ་གསབ་བྱེད་པ་ཡིན། དུས་མཚུངས་སུ་རིམ་པ་གཅིག་སྔོན་དུ་འཕར་ཚེ་ཁ་སྣོན་སྒོར5ཇེ་མང་དུ་གཏོང་བ་ཡིན། ཚབས་ཆེ་བའི་དབང་བོ་སྐྱོན་ཅན་ལ་ཁ་གསབ་སྤྲོད་པའི་རྨང་གཞི་སྟེང་ནས། ཆེས་དམའ་བའི་སྤྲོད་དངུལ་ཡོད་ཚད་ནོར་སྲིད་ཀྱིས་འགན་འཁུར་བ་ཡིན། ལོ་ཧྲིལ་བོར་60ཡན་ཆད་ཀྱི་ཞིང་འབྲོག་མི་དམངས་ལ་མི་རེ་ལ་ཟླ་རེར་སྒོར55ཡི་ཚད་གཞི་ལྟར་རྒན་གསོ་རྨང་གཞིའི་མ་དངུལ་ཐད་ཀར་དུ་སྟེར་བ་ཡིན།

བཅུ་དྲུག  འཆར་ལྡན་བུ་སྐྱེས་རོགས་སྐྱོར་སྲིད་ཇུས།  རང་འགུལ་གྱིས་བུ་ཕྲུག་གཅིག་པའི་ཕ་མའི་གཟི་བརྗིད་དཔང་ཡིག་བླངས་པ་དང་ད་རུང་བུ་ཕྲུག་ལོ་ཧྲིལ་བོར་ལོ་བཅུ་བཞིའི་ནང་ཅན་གྱི་ཁྱིམ་ཚང་ལ་ཐེངས་གཅིག་ཏུ་སྒོར་སྟོང་དྲུག་གི་བྱ་དགའ་སྟེར་རྒྱུ། འབྲོག་ཁུལ་དུ་རང་འགུལ་གྱིས་བུ་ཕྲུག་གསུམ་པ་མི་བཙའ་བའི་གྲངས་ཉུང་མི་རིགས་ཁྱིམ་ཚང་ལ་ཐེངས་གཅིག་ཏུ་སྒོར་སྟོང་བཞིའི་བྱ་དགའ་སྟེར་རྒྱུ།  ལོ55ལོན་ཡོད་པ་དང་མིག་སྔར་བུ་ཕྲུག་གཅིག་དང་ཡང་ན་བུ་མོ་གཉིས། ཡང་ན་བུ་ཕྲུག་མེད་པའི་རོང་འབྲོག་མང་ཚོགས་འཆར་ལྡན་བུ་སྐྱེས་ཁྱིམ་དུད་ཀྱི་ཕ་མ་དང་ཡང་ན་ཁྱོ་ཤུག་གཉིས་ཀྱི་ཕྱོགས་གཅིག་ནི་རོང་འབྲོག་དམངས་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་གི་ཕ་མ་ཡིན་ཚེ། མི་རེ་ལོ་རེར་བྱ་དགའི་རོགས་དངུལ་སྒོར་1160ཚེ་ལས་འདས་བའི་བར་དུ་སྟེར་རྒྱུ། བུ་ཕྲུག་གཅིག་པུ་ཤི་སྐྱོན་བྱུང་ཚེ།དེའི་ཕ་མ་ནི་ལོ་ཧྲིལ་བོར49ལོན་ཡོད་པའི་རོང་འབྲོག་དམངས་ཁྱིམ་ཚང་ལ། མི་རེ་ལོ་རེར་དམིགས་གསལ་རོགས་དངུལ་སྒོར་1620ཚེ་ལས་འདས་བའི་བར་དུ་སྟེར་རྒྱུ། བུ་ཕྲུག་གཅིག་པུར་རིམ་པ་གསུམ་པ་ཡན་གྱི་རྨས་སྐྱོན་བྱུང་བ་དེའི་ཕ་མ་ལོ་ཧྲིལ་བོར་49ལོན་ཡོད་པའི་རོང་འབྲོག་ཁྱིམ་ཚང་ལ། མི་རེ་ལོ་རེར་དམིགས་གསལ་རོགས་དངུལ་སྒོར་1320ཚེ་ལས་འདས་བའི་བར་དུ་སྟེར་རྒྱུ། རྣམ་པ་གསར་བའི་རོང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་རྒན་གསོ་འགན་སྲུང་ལ་ཞུགས་པའི་བུ་སྐྱེས་གཅིག་པུའི་ཕ་མ་དང༌། ཡང་ན་བུ་མོ་གཉིས་ཅན་གྱི་ཕ་མ། བུ་ཕྲུག་གཅིག་པུ་ཤི་སྐྱོན་བྱུང་བ།  ལོ་མང་བོར་བུ་ཕྲུག་མ་སྐྱེས་པར་མིག་སྔར་བུ་ཕྲུག་མེད་པའི་ཕ་མར། སྔོན་སྤྲད་བཞིན་པའི་རྒན་གསོ་དངུལ་གྱི་རྨང་གཞི་སྟེང་མི་རེ་ལོ་རེར་སྒོར100་རྒན་གསོ་འགན་སྲུང་ཁ་གསེབ་རོགས་དངུལ་སྤྲོད་རྒྱུ་ཡིན་ལ། དེ་རྒན་གསོ་འགན་སྲུང་མི་སྒེར་གྱི་རྩིས་ཐོ་ནང་འཇོག་རྒྱུ། མཚོ་སྔོན་ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་སྐྱེས་སྲོལ་ཡིག་གཏན་ཁེལ་དང་མཐུན་ཞིང༌། བུ་མོ་གཉིས་སྐྱེས་རྗེས་སྐྱེས་འགོག་བྱེད་ཐབས་བཀོད་པའི་རོང་འབྲོག་དམངས་ཁྱིམ་ཚང་དང༌། ད་རུང་ཁྱོ་ཤུག་གཉིས་དང་ཡང་ན་གཅིག་རང་རེའི་ཞིང་ཆེན་གྱི་རོང་འབྲོག་དམངས་ཁྱིམ་ཚང་ཡིན་པ་དང༌།  མཚོ་སྔོན་ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་སྐྱེས་སྲོལ་ཡིག་གི་གཏན་འཁེལ་དང་མཐུན་པར་བུ་མོ་གཉིས་སྐྱེས་ཡོད་ལ། ཁྱོ་ཤུག་གཉིས་ལས་གཅིག་གིས་སྐྱེས་འགོག་བཤགས་བཅོས་བྱས་ཡོད་པ་དང༌། རྫོང་རིམ་པའི་འཆར་ལྡན་བུ་སྐྱེས་ཞབས་ཞུས་སྡེ་ཁག་གི་སྐྱེས་འགོག་བཤགས་བཅོས་དཔང་ཡིག་བཟུང་ཡོད་པའི་ཁྱིམ་ཚང་ལ་ཐེངས་གཅིག་ཏུ་སྒོར1000གི་བྱ་དགའ་སྟེར་རྒྱུ། རོང་འབྲོག་དམངས་འཆར་ལྡན་བུ་སྐྱེའི་ཁྱིམ་ཚང་ཁྲོད། བུ་ཕྲུག་ཤི་སྐྱོན་བྱུང་བས་མི་སྔར་བུ་ཕྲུག་མེད་ལ། ཁྱོད་ཤུག་གཉིས་ཀྱིས་བུ་ཕྲུག་མི་བཙའ་ཞིང་བུ་ཕྲུག་ཉར་གསོ་མི་བྱེད་པའི་ཁྱིམ་ཚང་ལ། བུ་ཕྲུག་ཤི་སྐྱོན་བྱུང་བ་ནས་བཟུང་ཁྱིམ་རེ་ལོ་རེར་སྒོར600ལས་མི་ཉུང་བའི་རོགས་དངུལ་སྟེར་རྒྱུ་དང༌། བྱ་དགའི་རོགས་སྐྱོར་ལོ་ཚོད་ལ་སླེབས་རྗེས་ཐད་ཀར་དུ་བྱ་དགའི་རོགས་དངུལ་ཁོངས་སུ་འཇོག་རྒྱུ་ཡིན། རོང་འབྲོག་དམངས་ཁྱིམ་ཚང་གི་བུ་ཕྲུག་གཅིག་རང་དང་བུ་མོ་གཉིས་བར་ཆད་རྨས་སྐྱོན་བྱུང་ནས་རྒྱུན་ལྡན་གྱི་ནུས་པ་ཡོད་པའི་ངལ་རྩོལ་པ་ཞིག་ཏུ་སྐྱེས་མ་ཐུབ་པའི་ཁྱིམ་ཚང་ལ། ཁྱོ་ཤུག་གཉིས་ཀྱིས་དེ་མིན་བྱིས་པ་མི་བཙའ་བ་དང་བུ་ཕྲུག་ཉར་གསོ་མི་བྱེད་པར། ཁྱིམ་ཚང་རེར་ཐེངས་གཅིག་ཏུ་སྒོར་སྟོང1000--4000རོགས་དངུལ་སྟེར་རྒྱུ་ཡིན།  བྱ་དགའི་རོགས་དངུལ་སྟེར་རན་པའི་ལོ་ཚད་ལ་བསླབས་རྗེས་ཐད་ཀར་དུ་བྱ་དགའི་རོགས་དངུལ་ཁོངས་སུ་འཇོག་རྒྱུ། རོང་འབྲོག་དམངས་ཀྱི་བུ་མོ་གཉིས་ཅན་གྱི་ཁྱིམ་ཚང་ཁྲོད་ཁྱོ་ཤུག་ཕྱོགས་གཅིག་གིས་རང་འགུལ་གྱིས་སྐྱེས་འགོག་བྱེད་ཐབས་བཀོད་ཡོད་པར། བུ་མོ་གཅིག་ཤི་སྐྱོན་བྱུང་ཞིང་ཁྱོ་ཤུག་གཉིས་ཀས་བུ་ཕྲུག་མི་བཙའ་བ་དང་བུ་ཕྲུག་གཞན་ཉར་གསོ་མི་བྱེད་པར་བུ་ཕྲུག་གཅིག་རང་གི་ཕ་མ་གཟི་བརྗིད་དཔང་ཡིག་བླངས་ཡོད་ལ །ད་རུང་བུ་ཕྲུག་གི་ལོ་ཚད་14ཡན་ཆད་ལོན་ཡོད་ཚེ། ཁྱིམ་ཚང་གཅིག་ལ་ཐེངས་གཅིག་ཏུ་སྒོར1000གི་རོགས་དངུལ་སྟེར་རྒྱུ། བྱ་དགའི་རོགས་རམས་ལོ་ཚོད་ལ་སླེབས་ཚེ་བྱ་དགའི་རོགས་དངུལ་ཁོངས་སུ་འཇོག་རྒྱུ། རོང་འབྲོག་དམངས་ཀྱི་བུ་ཕྲུག་གཅིག་ཅན་དང་བུ་མོ་གཉིས་ཅན་གྱི་ཁྱིམ་ཚང་ལ། ཁྱོ་ཤུག་གཉིས་ཀྱི་ཕྱོགས་གཅིག་གིས་རང་འགུལ་གྱིས་སྐྱེས་འགོག་བྱེད་ཐབས་བཀོད་རྗེས། ཁྱོ་ཤུག་ཕྱོགས་གཅིག་ལ་བར་ཆད་རྨས་སྐྱོན་བྱུང་བ་དང་ཡང་ན་དམིགས་གསལ་གྱི་ནད་ཆེན་ཕོགས་ནས་རྒྱུན་ལྡན་གྱི་ངལ་རྩོལ་བྱེད་མི་ཐུབ་ཞིང༌། དེའི་བུ་ཕྲུག་ལོ18ལ་ལོན་མེད་ཚེ། རྨས་སྐྱོན་རིམ་ཚད་ལྟར་ཐེངས་གཅིག་ཏུ་སྒོར་སྟོང་1000--4000་རོགས་དངུལ་སྟེར་རྒྱུ། བྱ་དགའི་རོགས་དངུལ་ལོ་ཚད་ལ་ལོན་ཚེ་ཐད་ཀར་དུ་དེའི་ཁོངས་སུ་འཇོག་རྒྱུ། རོང་འབྲོག་དམངས་ཀྱི་བུ་ཕྲུག་གཅིག་ཅན་དང་ཡང་ན་བུ་མོ་གཉིས་ཅན་གྱི་ཁྱིམ་ཚང་ལ། ཁྱོ་ཤུག་ཕྱོགས་གཅིག་གིས་རང་འགུལ་གྱིས་སྐྱེས་འགོག་བྱེད་ཐབས་བཀོད་རྗེས། ཁྱོ་ཤུག་གཉིས་ཀ་ཤི་སྐྱོན་བྱུང་ཚེ། དེའི་བུ་ཕྲུག་ལོ18ལ་མ་ལོན་ན། རྗེས་མ་ཤི་སྐྱོན་བྱུང་བའི་ལོ་ནས་བཟུང༌། ཁྱིམ་ཚང་རེར་ལོ་རེར་སྒོར2000ལས་མི་ཉུང་བའི་རོགས་དངུལ་སྤྲད་ནས་བུ་ཕྲུག་རྣམ་ལོ་18ལོན་པ་ན་ད་གཟོད་མཚམས་འཇོག་རྒྱུ་ཡིན།

འོས་འགན་སློབ་གསོའི་སྐོར།

བཅུ་བདུན།  མུ་འཐུད་དུ་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་སྲིད་ཇུས་ལག་བསྟར་བྱེད་རྒྱུ། རོང་འབྲོག་ཁུལ་དུ་འོས་འགན་སློབ་གསོའི་དུས་རིམ་དུ་སློབ་མའི་སློབ་རིན་མེད་པར་བཏང་ནས་སྤྱི་སྤྱོད་གྲོན་དངུལ་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ། དེའི་ནང་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་དུ་སློབ་མ་རེར་ལོ་རེར་སློབ་ཆུང་དུ་སྒོར580དང་སློབ་འབྲིང་དུ་སྒོར780། མཚོ་བྱང་དང་མཚོ་ལྷོ། མཚོ་ནུབ། རྨ་ལྷོའི་ཐུན་རིན་རྫོང་དང་གཅན་ཚ་རྫོང་ལ་སློབ་མ་རེར་ལོ་རེར་སློབ་ཆུང་དུ་སྒོར610དང༌། སློབ་འབྲིང་དུ་སྒོར810། ཡུལ་ཤུལ་དང༌། མགོ་ལོག  མཚོ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང༌། ཧི་ནན་རྫོང་ལ་སློབ་མ་རེར་ལོ་རེར་སློབ་ཆུང་དུ་སྒོར་660དང༌། སློབ་འབྲིང་དུ་སྒོར་860ཡིན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མ་ཁྲི་66ལ་རིན་པ་མི་དགོས་པའི་སློབ་དེབ་འདོན་སྤྲོད་བྱེད་རྒྱུ། སློབ་མ་རེར་ལོ་རེར་སློབ་ཆུང་དུ་སྒོར90དང༌། སློབ་འབྲིང་དུ་སྒོར་180ཡིན། གཙང་གསུམ་འབྱུང་ཁུངས་ས་ཁུལ་ཀྱི་སློབ་རིམ་སྔོན་དུ་སློབ་གྲྭ་དང་བུ་བཅོལ་ཁང་དུ་སྐྱེལ་ཡོད་པའི་བྱིས་པར་གཉོར་སྐྱོང་དང་སློབ་གསོའི་རིན་པ་མེད་པར་གཏོང་བ་དང༌། ད་རུང་མི་རེར་ལོ་རེར་སྒོར1500ཡི་ཚད་གཞི་ལྟར་འཚོ་བའི་རོགས་དངུལ་བཀོད་སྒྲིག་བྱེད་པ་དང༌། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་འབྲིང་ཆུང་གི་སློབ་རིམ་དང་ཁང་གླ་དྲོད་ལེན་གྲོན་དངུལ་སེལ་བ།  རིན་མི་དགོས་པར་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་པའི་སློབ་དེབ་འདོན་སྤྲོད་བྱེད་པ། ད་རུང་བཅའ་བསྡོད་སློབ་མ་རེར་ལོ་རེར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་དུ་སློབ་ཆུང་བར་སྒོར་1000་དང༌། སློབ་འབྲིང་བ་ལ་སྒོར་1250། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གྱི་རྫོང་རེའི་སློབ་ཆུང་ལ་སྒོར་1400དང༌། སློབ་འབྲིང་ལ་སྒོར1600། མཚོ་ལྷོ་ཁུལ་གྱི་རྫོང་སོ་སོ་དང་རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་གི་སློབ་ཆུང་ལ་སྒོར་1500དང༌། སློབ་འབྲིང་ལ་སྒོར་1700། ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་གྱི་རྫོང་སོ་སོ་དང་རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་ཧི་ནན་རྫོང་གི་སློབ་ཆུང་ལ་སྒོར་1600དང༌། སློབ་འབྲིང་ལ་སྒོར་1800ཡི་ཚད་གཞི་ལྟར་ཁ་གསབ་རོགས་དངུལ་སྟེར་རྒྱུ། གྲོང་གསེབ་དུ་འོས་འགན་སློབ་གསོའི་སློབ་མར་ཟས་བཅུད་ལེགས་བཅོས་འཆར་འགོད་ལག་བསྟར་བྱེད་རྒྱུ། ཟི་ལིང་གྲོང་ཁྱེར་གྱི་ཁུལ་བཞི་ལས་གཞན་གྱི་གྲོང་གསབ་ཡོངས་རྫོང་མཁར་གྱི་སློབ་གྲྭ་འདུས་མེད་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མར་ཉིན་རེར་སྒོར་3ལོ་ཧྲིལ་བོར་སྒོར600གྱི་ཚད་གཞི་ལྟར་བཅུད་ལྡན་ཟ་མའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།  གཞན་ཡང 1+9+3 གྱི་སློབ་གསོའི་འགྲོ་གྲོན་འགན་སྲུང་རྐྱེན་སྲོལ།  རང་ཞིང་གིས༢༠༠༡ལོའི་སྟོན་དུས་སློབ་སྐབས་འགོ་བརྩམས་པ་ནས་བཟུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ1+9+3 གྱི་སློབ་གསོའི་འགྲོ་གྲོན་འགན་སྲུང་རྐྱེན་སྲོལ་དངོས་སུ་སྤེལ་བ་ཡིན། དེ་ནི་ནོར་སྲིད་ཀྱིས་འགྲོ་གྲོན་ཐག་གཅོད་བྱས་ཏེ།  ལོ་འགུའི་འགན་བབས་སློབ་གསོའི་གཞུང་སྤྱོད་འགྲོ་གྲོན་གསབ་སྣོན་ཚད་གཞི་ཇེ་མཐོར་གཏོང་བ་དང་ཆབས་ཅིག་ཏུ། སློབ་སྔོན་གྱི་ལོ་གཅིག་གི་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོའི་འགྲོ་སོང་ལ་འོས་འཚམ་གྱི་གསབ་སྣོན་བྱེད་རྒྱུ་དེ་ཡིན།  ༢༠༡༣ལོའི་དཔྱིད་དུས་སློབ་སྐབས་འགོ་བརྩམས་པ་ནས་བཟུང་། རང་ཞིང་གིས་ཞིང་ཆེན་ཡོངས་སུ 1+9+3 གྱི་སློབ་གསོའི་འགྲོ་གྲོན་འགན་སྲུང་རྐྱེན་སྲོལ་ལག་ཏུ་བསྟར་རྒྱུ་ཡིན།  ད་དུང་ རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་1+9+3སློབ་གསོའི་འགྲོ་གྲོན་ཁ་གསབ་འགན་སྲུང་བྱེད་ཐབས།  བྱེ་བྲག་གི་ཁ་གསབ་ཁྱབ་ཁུངས་དང་ཚད་གཞི།  གཅིག་ནི་སློབ་སྔོན་གྲ་སྒྲིག་འཛིན་གྲྭའི་(བྱིས་གཉོར་ཁང་གི་འཛིན་གྲྭ་མཐོ་པོའམ་སློབ་ཆུང་ནང་དུ་གྲ་སྒྲིག་འཛིན་གྲྭ་ཡོད་པ) ལོ་གཅིག་གི་སློབ་གསོའི་གྲོན་དངུལ་མེད་པར་བཟོ་བ་དང་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་བསྟེར་རྒྱུ་རེད། སློབ་མ་རེ་ལ་ལོ་གཅིག་ལ་སྒོར3700ཁ་གསབ་བྱེད་རྒྱུ་རེད། དེའི་ཁྲོད་ཀྱི་སྒོར2200ནི་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་རོགས་དངུལ་ཡིན། གཙོ་བོ་བྱིས་གསོ་དང་སློབ་གསོའི་འགྲོ་གྲོན་སོགས་སློབ་གསོའི་འགྲོ་སྒོའི་ཇེ་མཐོ་སོང་བའི་ཐད་བཀོལ་དགོས།  འཚོ་བའི་ཁ་གསབ་ནི་སྒོར1500ཡིན།  གཉིས་ནི་ད་ལྟའི་འོས་འགན་སློབ་གསོའི་འགྲོ་གྲོན་ཁ་གསབ་འགན་སྲུང་ཚད་གཞིའི་ཐོག་ཏུ་སློབ་ཆུང་དང་སློབ་འབྲིང་གཉིས་ཀྱི་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་རོགས་དངུལ་ཚད་གཞིའི་ཐོག་སྒོར200ཇེ་མཐོར་བཏང་།  བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་ཡང་བསྐྱར་སྒོར100ཡིས་ཇེ་མཐོར་བཏང་།   འོས་འགན་སློབ་གསོའི་དུས་སྐབས་ཀྱི་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་རོགས་དངུལ་ཚད་གཞི་ཇེ་མཐོར་བཏང་རྗེས། སློབ་མའི་སློབ་ཁྲིད་སྐབས་ཀྱི་ལས་བྱའི་འབྲི་དེབ་སློབ་གྲྭའི་སྤྱིའི་གྲོན་དངུལ་ཁྲོད་ནས་གཏོང་དགོས་པ་ལས་ད་སློབ་མའི་ལག་ནས་བླངས་མི་ཆོག   གསུམ་ནི་འབྲིམ་རིམ་ལས་རིགས་སློབ་གྲྭའི་སློབ་མའི་སློབ་ཡོན་དང་།  ཞག་སྡོད་རིན་པ། དཔེ་ཆའི་རིན། དྲོད་རླངས་རིན་སོགས་ཀྱི་འགྲོ་གྲོན་མེད་པར་བཟོ་བ་དང་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་བསྟེར་རྒྱུ་རེད། སློབ་མ་རེ་ལ་ལོ་གཅིག་ལ་སྒོར་4200(ལོ་རིམ་གསུམ་པའི་སློབ་མར་སྒོར3500ཡིན། དེའི་ཁྲོད་ཀྱི་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་རོགས་དངུལ་ནི་སྒོར2700ཡིན། འཚོ་བའི་ཁ་གསབ་ནི་སྒོར1500ཡིན། (ལོ་རིམ་གསུམ་པའི་སློབ་མར་སྒོར800ཡིན། ) 1+9+3སློབ་གསོའི་འགྲོ་གྲོན་འགན་སྲུང་ལག་བསྟར་བྱེད་རྗེས། སློབ་འབྲིང་དང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་དང་སློབ་ཡོན་མི་དགོས་པའི་སྲིད་ཇུས་བསྐྱར་ཟློས་ཀྱི་སྤྱོད་མི་ཆོག    རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སློབ་མས་ས་ཆ་གཞན་ན་སློབ་གྲྭ་འདོན་བཞིན་པའི་སློབ་མར་ཁ་གསབ་རོགས་དངུལ་བསྟེར་ཐབས།  བྱེ་བྲག་གི་ཁ་གསབ་ཁྱབ་ཁུངས་དང་ཚད་གཞི།  གཅིག་ནི་སློབ་གསོ་སྡེ་ཁག་གིས་གཅིག་གྱུར་སྒོས་དམའ་འབྲིང་དང་མཐོ་འབྲིང་ (འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་འདུས)གི་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལས་ཡུལ་གཞན་ན་སློབ་གྲྭར་འགྲིམས་པའི་སློབ་མ་དང་།  སློབ་གྲྭ   སློབ་གྲྭའི་དེའི་ནང་གི་འཛིན་གྲྭ་བསྒྲུབ་པར་དཔལ་འབྱོར་གྱི་བྱ་དགའི་ཁ་གསབ་བསྟེར་རྒྱུ། གཙོ་བོ་སློབ་ཡོན། ཞག་སྡོད་རིན་པ་མེད་པར་བཟོ་དགོས།  སློབ་མར་འཚོ་བའི་རོགས་དངུལ་ཁ་གསབ་བྱེད་རྒྱུ། སློབ་མ་རེ་ལ་ལོི་གཅིག་ལ་ཁ་གསབ་ཚད་གཞི་ནི། སློབ་འབྲིང་སློབ་མ་ཡིན་ན། སྒོར4500དང་།  དེའི་ནང་དུ་སློབ་གྲྭའམ་ཡང་ན་འཛིན་གྲྭ་དེར་གྲོན་དངུལ་སྒོར2300བསྟེར་རྒྱུ་དང་། སློབ་མ་རེ་ལ་འཚོ་བའི་ཁ་གསབ་སྒོར2200ཡིན།  སྤྱིར་བཏང་གི་མཐོ་འབྲིང་སློབ་མ་ཡིན་ན།  སྒོར5500དང་།  དེའི་ནང་དུ་སློབ་གྲྭའམ་ཡང་ན་འཛིན་གྲྭ་དེར་གྲོན་དངུལ་སྒོར2800བསྟེར་རྒྱུ་དང་། སློབ་མ་རེ་ལ་འཚོ་བའི་ཁ་གསབ་སྒོར2700ཡིན།   འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཡིན་ན། སྒོར6500(ལོ་རིམ་གསུམ་པའི་སློབ་མར་སྒོར5500) དང་། །  དེའི་ནང་དུ་སློབ་གྲྭའམ་ཡང་ན་འཛིན་གྲྭ་དེར་གྲོན་དངུལ་སྒོར3300བསྟེར་རྒྱུ་དང་། སློབ་མ་རེ་ལ་འཚོ་བའི་ཁ་གསབ་སྒོར3200ཡིན།   (ལོ་རིམ་གསུམ་པའི་སློབ་མར་སྒོར2200) གཉིས་ནི་སློབ་ཆེན་ལ་རྒྱུགས་འཕྲོད་པའི་རོང་འབྲོག་ཕྱོགས་ཁྱིམ་ཚང་གི་སློབ་མར་བྱ་དགའ་རོགས་དངུལ་ཐེངས་གཅིག་ལ་བསྟེར་རྒྱུ། བྱ་དགའི་ཚད་གཞི་ནི། སྤྱིར་བཏང་གི་དངོས་གཞི་སློབ་མར་སྒོར་ཁྲི་གཅིག་དང་།  ཆེད་སྦྱོང་སློབ་མར་6000གི་བྱ་དགའ་བསྟེར་རྒྱུ།

བཅོ་བརྒྱད། རོང་འབྲོག་མང་ཚོགས་སྤོར་སྐྱོད་གསོ་སྦྱོང་གི་སྲིད་ཇུས། རོང་འབྲོག་ས་ཁུལ་གྱི་དམའ་འབྲིང་ངམ་མཐོ་འབྲིང་ཡན་ཆད་ཀྱི་སློབ་གཉེར་བརྒྱུད་རིམ་ཡོད་པ་དང༌། མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ཡོང་བའི་ན་གཞོན་ལ། རང་འཐད་ངང་མིང་ཐོ་འགོད་པའི་བྱེད་ཐབས་བཀོད་ནས་གཅིག་གྱུར་གྱིས་ལག་རྩལ་བཟོ་པའི་སློབ་གྲྭ་དང་ལས་རིགས་སློབ་གྲྭར་ལས་རིགས་གསོ་སྦྱོང་དུ་ཞུགས་པར་རྩ་འཛུགས་བྱེད་རྒྱུ། གསོ་སྦྱོང་ཁ་གསབ་གྲོན་དངུལ་ནི་ནོར་སྲིད་ཀྱིས་ལས་ཞུགས་རོགས་དངུལ་ཁྲོད་ནས་བཀོད་སྒྲིག་བྱེད་རྒྱུ། གསོ་སྦྱོང་ལོ་གཅིག་གམ་ལོ་གཉིས་ཞུགས་མཁན་ཡོངས་ལ་ལོ་གཅིག་གི་ཁ་གསབ་རོགས་དངུལ་སྟེར་བ་དང༌། ལོ་གསུམ་ལ་གསོ་སྦྱོང་བྱས་ན་ལོ་གཉིས་ཀྱི་ཁ་གསབ་རོགས་དངུལ་སྟེར་རྒྱུ། དེ་མཚུངས་སུ་རྒྱལ་ཁབ་ཀྱིས་མི་རེ་ཟླ་རེར་སྒོར150 ཡི་སློབ་ཡོན་རོགས་དངུལ་ལོངས་སྤྱོད་བྱེད་ཆོག   རོང་འབྲོག་ཁུལ་ངལ་རྩོལ་པས་ལོ་རེར་དུས་ཡུན་ཐུང་ངུའི་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཆོག    གཙང་གསུམ་འབྱུང་ཁུངས་ཀྱི་རོང་འབྲོག་མང་ཚོགས་དུས་ཡུན་ཐུང་ངུའི་ལག་རྩལ་གསོ་སྦྱོང་ལ་ཞུགས་ན་ཉིན་རེར་སྒོར 20 ཡི་འཚོ་བའི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཆོག་པ་དང༌།  ཁུལ་གཞན་དང་ཡང་ཞིང་ཆེན་གཞན་གྱི་གསོ་སྦྱོང་ལ་ཞུགས་ན་ད་རུང་འགྲིམ་འགྲུལ་དང་འདུག་ཁང་གི་འགྲོ་སྒོ་ཁ་གསབ་བྱེད་རྒྱུ། རོང་འབྲོག་མང་ཚོགས་གིས་རང་ཉིད་རང་འཐད་སྒོས་སློབ་གྲྭ་འདེམ་ནས་ལག་རྩལ་གསོ་སྦྱོང་ལ་ཞུགས་ཆོག་ལ། གསོ་སྦྱོང་སྔོན་གྱི་འགྲོ་སྒོ་རང་ཉིད་ཀྱིས་ཕུད་ནས། གསོ་སྦྱོང་མཇུག་རྫོགས་རྗེས་རང་ཉིད་ཀྱི་ཁྱིམ་ཐོ་ཡོད་སའི་རྫོང་ཁུལ་གྱི་ལས་ཞུགས་དང་ནོར་སྲིད་སྡེ་ཁག་དུ་ཚད་གཞི་ལྟར་གསོ་སྦྱོང་འགྲོ་སྒོ་ཞིབ་བཤེར་རྩིས་ཞུ་བྱས་ཆོག  རོང་འབྲོག་ས་ཁུལ་གྱི་གྲོང་ཁྱེར་དུ་ལས་ཞུགས་འགྲོ་བའི་མི་སྣ་ཐེངས་དང་པོའི་ལས་རིགས་ལག་རྩལ་གསལ་འབྱེད་སྡོམ་ཚིག་ཡོད་པ་མ་ཟད། ད་རུང་ལས་རིགས་ཐོབ་ཐང་དཔང་ཡིག་དང་ཡང་ན་ཆེད་ལས་ལས་རིགས་ནུས་པའི་དཔང་ཡིག་བླངས་ཡོད་ན།  ལོ་རེར་ཐེངས་གཅིག་ཏུ་ལག་རྩལ་གསལ་འབྱེད་ཀྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཆོག   རོང་འབྲོག་དམངས་ཀྱི་གྲོང་ཁྱེར་དུ་ལས་ཞུགས་ལས་བཟོ་མི་སྣས་ལོ་རེར་ཐེངས་གཅིག་གི་ལས་རིགས་འཚམས་སྦྱོར་གྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཆོག

བཅུ་དགུ  མུ་འཐུད་དུ་ཁྱིམ་བཀོལ་གློག་ཆས་དང༌། དབུགས་ཕུད་ཚད་ཆུང་བའི་རླངས་འཁོར་ཆུང་བ། འཕྲུལ་རྟ་བཅས་གཞི་རིམ་དུ་འཚོང་བ་དང་རླངས་འཁོར་རྙིང་བས་གསར་བ་བརྗེ་བའི་ཁ་གསབ་རོགས་དངུལ་སྲིད་ཇུས་ལག་ལེན་བྱེད་རྒྱུ། རོང་འབྲོག་དམངས་ཀྱིས་གློག་སྐྱེལ་གཟུགས་བརྙན་དང་འཁྱག་སྒམ་འཁྱག་སྒྲོམ། ལག་ཁྱེར་ཁ་པར། ལྭ་འཁྲུས་འཕྲུལ་ཆས། གློག་ཀླད། དྲོད་སྙོམ་འཕྲུལ་ཆས། ཆུ་སྲོ་འཕྲུལ་ཆས། ཆུ་གསོག་ཅན་གྱི་ཆུ་སྲོ་འཕྲུལ་ཆས་དང་རླངས་འབར་ཅན་གྱི་ཆུ་སྲོ་འཕྲུལ་ཆས།  ཉི་ནུས་ཆུ་སྲོ་འཕྲུལ་ཆས་བཅས་འདུས། རླབས་ཕྲན་ཐབ་ཀ གློག་སྡུད་ཐབ་ཀ  གློག་ཤུགས་སླ་ང་བཅས་སྣ་བཅུའི་ཁྱིམ་བཀོད་གློག་ཆས་ཉོ་ཚེ། རིན་གོང་གི་བརྒྱ་ཆའི་20་ཁ་གསབ་རོགས་དངུལ་སྟེར་རྒྱུ།    རོང་འབྲོག་དམངས་ཀྱིས་འཕྲུལ་རྟ་ཉོ་ཚེ་རིན་གོང་གི་བརྒྱ་ཆའི13ཁ་གསབ་རོགས་དངུལ་སྟེར་རྒྱུ། སྒོར་སྟོང་ལྔ་ཡན་གྱི་འཕྲུལ་རྟ་ཉོ་ཚེ་ཁ་གསབ་རོགས་དངུལ་གཏན་ཁེལ་བྱས་ནས་འཕྲུལ་རྟ་རེར་སྒོར650ཁ་གསབ་བྱེད་རྒྱུ། རོང་འབྲོག་དམངས་ཀྱིས་ཧྲིན1.6ཡང་ན་དེའི་མན་གྱི་དབུགས་ཕུད་ཚད་ཆུང་བའི་རླངས་འཁོར་ཆུང་བ་ཉོ་ཚེ། འཚོང་གོང་གི་བརྒྱ་ཆའི་བཅུ་ཁ་གསབ་བྱེད་རྒྱུ། ཧྲིན་1.6ཡང་ན་དེའི་མན་གྱི་དབུགས་ཕུད་ཚད་ཆུང་བའི་རླངས་འཁོར་རིན་གོང་སྒོར་ཁྲི་5ཡན་ཡིན་ཚེ། ཁ་གསབ་རོགས་དངུལ་གཏན་ཁེལ་བྱས་ནས་རླངས་འཁོར་རེར་སྒོར་སྟོང500ཁ་གསབ་བྱེད་རྒྱུ།  རླངས་འཁོར་རྙིང་བ་བེག་མེད་ཡར་ཞུ་དང་གཏོར་བཤིག་ཁེ་ལས་ལ་འཚོང་བ་དང་རླངས་འཁོར་གསར་བ་ཉོ་ཚེ། རླངས་འཁོར་རེར་སྒོར་སྟོང 5000˜10000 ཁ་སྣོན་བྱེད་རྒྱུ།

ཉི་ཤུ། སྐྱེ་དངོས་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པ། རྩྭ་སའི་སྐྱེ་དངོས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ། ཕྱུགས་བསྐྱུར་ཁ་གསབ་ཚད་གཞི་ནི་མགོ་ལོག་དང་ཡུལ་ཤུལ་ཁུལ་ལ་མུའུ་རེར་སྒོར5ཡི་ཚད་གཞི་ལྟར་ལག་བསྟར་བྱེད་རྒྱུ་དང༌། མཚོ་ལྷོ་དང་མཚོ་བྱང་ཁུལ་ལ་མུའུ་རེར་སྒོར10དང༌། རྨ་ལྷོ་ཁུལ་ལ་མུའུ་རེར་སྒོར15ཡིན། མཚོ་ནུབ་ཁུལ་ལ་མུའུ་རེར་སྒོར་3ཡིན། རྩྭ་ཕྱུགས་ཆ་སྙོམས་ཡིན་པར་མུའུ་རེལོ་རེར་སྒོར་1.5ལྟར་ལག་བསྟར་བྱེད་རྒྱུ།  ཕྱུགས་ལས་ཐོན་སྐྱེད་ལ་མཁོ་བའི་ནོར་མ།ལུག་ཐུག་སོགས་ཀྱི་རྒྱུད་སྤེལ་ལ་ཁ་གསབ་ལག་བསྟར་བྱེད་པ། རྩྭ་རྒྱུད་ལེགས་བཅོས་བྱེད་པའི་ཁ་གསབ་ལག་བསྟར་བྱེད་རྒྱུ། ལོ་གཅིག་ལ་རྩྭ་སྐྱོང་བྱེད་པར་ལོ་རེར་ས་མུའུ་རེ་ལ་ཁ་གསབ་སྒོར་10ཡོད། ལོ་མང་པོར་རྩྭ་སྐྱོང་བྱེད་པར་ལོ་རེར་ས་མུའུ་རེ་ལ་ཁ་གསབ་སྒོར་50ཡོད། རྩྭ་སར་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་གྱི་འགན་འཁུར་བའིའབྲོག་དམངས་ལ།  རྒྱལ་ཁབ་གྱི་ཁ་གསབ་ཚད་གཞི་ལྟར་ཁྱིམ་རེ་ལ་ལོ་རེར་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་སྒོར500ཡོད།  ནགས་ཚལ་སྐྱེས་ཁམས་ཕན་ནུས་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་ཐད། ཁ་གསབ་ཁོར་ཡུག་དང་བྱེད་ཡུལ་ནི། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་ཁྲོད་ནས་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་སྤྱི་ཕན་ཁ་གསབ་ཐེབས་རྩ་མཐའ་སྐོར་གྱི་ནགས་ཡོད་ས་ཁུལ། ནགས་སོབ་ས་ཁུལ། སྡོང་ཐུང་ནགས་ཚལ་བཅས་ཡིན། དེའི་ནང་གི་ཐུན་མོང་དང་སྒེར་ལ་དབང་བའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་བྱས་རྗེས་ནགས་དབང་གསལ་འབྱེད་དང༌། ཁྱིམ་དུ་འགན་ལེན་བྱས་རྗེས། ཁ་གསབ་མ་དངུལ་ཐད་ཀར་ཁྱིམ་དུ་ཐོན་པ་ཡིན། ཁ་གསབ་ཚད་གཞི་ནི་ཐུན་མོང་དང་སྒེར་ལ་དབང་བའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་སྤྱི་ཕན་ནགས་ཚལ་ས་མུའུ་རེ་ལ་ལོ་རེར་ཁ་གསབ་སྒོར་9.75ཡོད།

རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ཀྱིས་ཧུར་ཐག་གིས་ཏང་ཀྲུང་དབྱང་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང༌། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབོད་སྐུལ་འོགསྲིད་ཇུས་ཀྱི་རྒྱབ་སྐྱོར་གྱིས་ཐོན་སྐྱེད་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པར་བརྟེན་ནས།ཤུགས་ཆེན་གྱིས་མཐོ་སྒང་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་ལྡན་པའི་འཆམ་མཐུན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་བྱས་རྗེས་འཇོག་དགོས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའུ།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང༌། 

 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号